གསལ་ལེ་རྒྱལ།
ཁ་སང་དེ་རིང་མགོ་སེར་ཚོས་ཀྱང་ང་ཚོའི་འོས་བསྡུ་དང་འབྲེལ་བའི་གནད་དོན་འདི་དག་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་མ་ཟད་དྲི་བ་མང་བོ་ཡོང་གིན་འདུག ལྷག་པར་ཏུ་ཆོས་རྒྱུད་སྤྱི་འཐུས་ཚོའི་སྐོར་ལ་དྲི་བ་མང་བོ་འདུག ངས་ཁོ་ཚོ་ཚང་མར་འདི་ལྟར་བཤད་པ་ཡིན།
ཕྱི་རོལ་བ་ལ་དཀོན་མཆོག་གཅིག་ལས་མེད་ནའང་། བན་བོན་གཉིས་ལ་དཀོན་མཆོག་གསུམ་རེ་ཡོད། དཀོན་ནི་ཉུང་ཞིང་མཆོག་ནི་གཞན་ལས་འཕགས་པའི་དོན་ཡིན།
དེ་བས་དཀོན་མཆོག་གསུམ་ལས་དགེ་འདུན་དཀོན་མཆོག་ནི་བན་བོན་གཉིས་ཀའི་ཚབ་མཚོན་མི་སྣ་ཡིན་ཞིང་། ཆབ་སྲིད་ཀྱི་བཤད་སྟངས་ལྟར་བྱས་ན་ཁོ་ཚོའི་མིང་ལ་ཆོས་རྒྱུད་སྤྱི་འཐུས་ཟེར། ཆོས་རྒྱུད་སྤྱི་འཐུས་ནི་ང་ཚོས་མིག་དཔེར་བལྟ་ས་དང་ང་ཚོར་མིག་དཔེ་སྟོན་
མཁན་ཡིན། ཁོང་ཚོ་ནི་དགེ་འདུན་དཀོན་མཆོག་ལས་ཀྱང་མཆོག་ཏུ་གྱུར་བས་ན། དགེ་འདུན་དཀོན་མཆོག་རྣམ་པས་མང་མོས་སམ་མང་བཀུར་གྱིས་ཆོས་རྒྱུད་སྤྱི་འཐུས་སམ་དགེ་འདུན་དཀོན་མཆོག་གི་ཚབ་མཚོན་མི་སྣར་བདམས་པ་ཡིན། ང་ཚོས་ཁོང་རྣམ་པར་བརྩི་བཀུར་བྱེད་དགོས། ཁོང་རྣམ་པས་ང་ཚོ་རྗེས་སུ་འཛིན་ངེས་ཡིན། དཀོན་མཆོག་གསུམ་ནི་མི་བསླུ་བ་ཡིན། “ ཞེས་བཤད།
མགོ་སེར་ཚོས” ནོ་ནོ་ནོ “ ཟེར་བཞིན་མགོ་ཐད་དུ་གཡུག་གིན་འདུག
མགོ་སེར་མ་ཞིག་གིས “ དགེ་འདུན་དཀོན་མཆོག་ལ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དགོས་སམ། ཧེ་ཧེ ”ཟེར།
ངས་མོ་ལ “ཅ་པ་ཟ”ལབས་ཡིན།
ཡིན་ནའང་མོས་དེ་ནི་དགེ་འདུན་དཀོན་མཆོག་གི་ལན་རྒྱག་སྟངས་ཡིན་པ་ཤེས་མི་འདུག
སྙན་པོ་ཞིག་བྲིས་འདུག
དངོས་ནས་དེ་ནས་མགོ་སེར་དེ་ཡ་མཚན་རྒྱུ་ཡིན་པ་ཐག་ཆོད། ཁྱེད་ཀྱི་ལབ་པའི་ཚིག་འདི་དག་དངོས་སུ་ན་ཆོས་རྒྱུད་སྤྱི་འཐུས་ཕལ་མོ་ཆེ་ལ་འཇུག་པོ་ཞེ་དྲགས་འདུག དེ་རྣམས་སངས་རྒྱས་བསྟན་པའི་ཞབས་འདྲེན་ཡིན་པ་ངོས་བོད་མི་ཙམ་ནས་མ་ཡིན་པར་ནང་པའི་ཆོས་ལ་དོ་སྣང་ཡོད་མཁན་གྱི་བོད་མི་མ་ཡིན་པ་རྣམས་ནས་ཤེས་ཚོད་རེད། བལྟ་རྒྱུ་དེ་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་ལ་བལྟ། བཤད་རྒྱུ་དེ་ལས་རྒྱུ་འབྲས་བཤད། རྣམ་འགྱུར་དེ་མཁས་པ་དང་མི་རིགས་ལ་ཞེན་ཁོག་ཡོད་མདོག་བྱས། འོན་ཀྱང་། རང་མདོག་དངོས་གནས་དེ་དེ་རྣམས་ཀྱི་བྱེད་སྟངས་ལས་ཤེས་ཐུབ། ཁྱེད་རྣམས་ལ་བོད་དང་བོད་མིའི་ཆོས་དང་རིག་གཞུང་ལ་བརྩེ་སེམས་མེད་ཅིང་ཆོལ་ཁའི་ཞེན་ཁོག་སྐམ་པོའི་རྗེས་དེད་བྱས་ཏེ། བཙན་བྱོལ་སྤྱི་ཚོགས་ལ་གཏོར་བཅོམ་དང་གཞིས་སུ་བོད་མི་རྣམས་ལ་སེམས་ངལ་བཟོས་རྐྱང་བྱས་དང་བྱེད་བཞིན་ཡོད། བོད་མི་ཚོ། ང་ཚོར་ཆོས་རྒྱུད་ཀྱི་སྤྱི་འཐུས་ཀྱི་དགོས་མཁོ་རྩ་བ་ནས་མིན་འདུག མགོ་རིལ་དེ་རྣམས་ཁྱིམ་དང་འཇིག་རྟེན་སྤངས་ནས་ཆོས་ལ་ཞུགས་པ་ཡིན་པ་ལས། སྲིད་དོན་འཛོར་པོ་དེ་རྩེ་མཁན་དུ་སླེབས་པ་མིན་པས། ཆོས་རྒྱུད་རྣམས་ཀྱི་བླ་མ་འགོ་འཁྲིད་རྣམས་གཉིད་ལས་སད་དེ་ཐ་ཤལ་དེ་དག་འཁྱིག་སྡོམ་མམ་དམ་ལ་བཏགས་པའི་དུས་ཚོད་རན་འདུག་གོ།
ཁྱོས་ང་ལ་”ཅ་པ་ཟ་”ལབ་ན།
ངས་ཁྱོ་”དུག་ཤུ་རྒྱོབ་”ལབ་ཡ་ཡིན།
ཁྱོས་ང་ལ་”ཕ་རི་ཟ་རྒྱུ་”ལབ་ན།
ང་དབྱིན་སྐད་ལ་མཁས་པ་དེ་འངྲ་གང་ཡང་མིན་རུང་ངས་ཁྱོད་ལ་”F-you “ལབ་ཡ་ཡིན།
ཧ་ཧ་ཧ།