གསལ་ལེ་རྒྱལ།
ཚང་མས་ཤེས་གསལ་ལྟར་༧གོང་ས་མཆོག་དགུང་ལོ་བཅུ་དྲུག་ཡིན་པའི་སྐབས་སུ། མིང་གི་ལྷག་མར་གྱུར་བའི”བོད་གཞུང་དགའ་ལྡན་ཕྱོགས་ལས་རྣམ་རྒྱལ” ཞེས་པའི་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་དེ་འུ་ཐུག་ནས་༧གོང་ས་མཆོག་གི་གཉའ་ལ་བཙན་གྱིས་བཞག་པ་རེད། ལོ་བཅུ་དྲུག་ཡན་གྱི་མི་ཚང་མས་ལོ་བཅུ་དྲུག་བརྒྱུད་ནས་ཡོང་བ་ཡིན་པས། རང་རང་ལོ་བཅུ་དྲུག་ཡིན་པའི་དུས་ཀྱི་འཚོ་བར་ཕྱིར་འདང་བརྒྱབ་ན་ལོ་བཅུ་དྲུག་ཅན་གྱི་བྱིས་པ་ཞིག་གིས་རྒྱལ་ཁབ་གཞན་གྱི་བཙན་གནོན་འོག་ཏུ་ཤོར་བའི་རྒྱལ་སྲིད་འཁུར་དགོས་ན་དཀའ་ཁག་ཅི་ཙམ་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། དེ་བས་ང་ཚོ་ཚང་མས་བློ་གཟུ་བོར་གནས་ནས་བསམ་བློ་གཏང་དགོས།
དྲང་མོར་ཞུས་ན། ༧་གོང་ས་སྐུ་འཕྲེང་བཅུ་བཞི་བ་མཆོག་གི་གཉའ་ལ་བཙན་གྱིས་བཞག་པའི “བོད་གཞུང་དགའ་ལྡན་ཕྱོགས་ལས་རྣམ་རྒྱལ” གྱི་མིང་གི་ལྷག་མ་དེ། ཆོས་བརྒྱུད་ཕན་ཚུན་གྱིས་འཕྲོག་རེས་བྱས་ནས་མཐའ་མར་དགེ་ལུགས་པས་བཙན་བཟུང་བྱས་
པའི་གཞུང་དེའི་རྔ་མ་རེད། དེའང་ཚང་མས་ཤེས་གསལ་རེད།
༧ གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ལམ་ལུགས་ཀྱི་རྨང་གཞི་འཛུགས་པའི་སྐབས་སུ། རྒྱལ་རབས་ལོ་རྒྱུས་ལྟར་བཤད་ན་མིང་གི་ལྷག་མར་གྱུར་བའི་བོད་གཞུང་དེ་ད་དུང་དགེ་ལུགས་པའི་མིང་ཐོག་ན་ཡོད། དེ་བས་ཆོས་བརྒྱུད་གཞན་པས་བཙན་བྱོལ་བོད་གཞུང་འདི་དགེ་ལུགས་པའི་བོད་གཞུང་རེད་ཅེས་ད་དུང༧གོང་ས་མཆོག་ལ་རྙོག་དྲ་བཤད་པ་རེད། དེ་བས་ཆོས་བརྒྱུད་དབྱེར་མེད་ཀྱི་བོད་གཞུང་ཡིན་པའི་མཚོན་བྱེད་དུ་ཆོས་བརྒྱུད་སྤྱི་འཐུས་ཚོ་གྲོས་ཚོགས་འཐུས་མིའི་གྲས་སུ་བླངས་པ་རེད། དེ་ནས་བཟུང་དགེ་ལུགས་པའི་སྲིད་དབང་ཞེས་པའི་མིང་དེའི་མཇུག་བསྡུས་པ་རེད། དེའང་གསལ་བོར་བཤད་ན་ཆོས་བརྒྱུད་སྤྱི་འཐུས་ཚོ་དེའི་མཚོན་བྱེད་ཙམ་རེད། མཐར་དེད་ན་ཆོས་བརྒྱུད་སྤྱི་འཐུས་ཚོའི་དགེ་བ་རྒྱུ་མཚན་ཡང་དེ་རེད།
ཡིན་ནའང་༢༠༡༡ ལོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མི་དམངས་ཀྱིས་ཐད་ཀར་སྲིད་སྐྱོང་ལ་བདམས་ཤིང་། ཁོང་གིས་༧གོང་ས་མཆོག་གི་མདུན་ནས་བཀའ་ཐམ་སྲིད་ཞི་བདེ་སྐྱིད་རྩིས་ལེན་གནངས་པ་ནས་བཟུང་། བོད་གཞུང་དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ནི་༧སྐུའི་ཕོ་བྲང་དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་དུ་གྱུར་ཞིང་། སྔོན་མའི་བོད་གཞུང་དེ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོར་བསྒྱུར་ཟིན་པས་ཆོས་བརྒྱུད་སྤྱི་འཐུས་ཚོ་ཡང་རང་ཤུགས་ཀྱིས་དགོས་མཁོ་མེད་པར་གྱུར། ཁ་སང་དེ་རིང་གི་ཆོས་བརྒྱུད་སྤྱི་འཐུས་ཚོ་ནི་ཚེ་ཚད་རྫོགས་ཀྱང་འཆི་བ་མ་བསླེབས་པ་ལྟ་བུ་རེད། དེ་བས་ད་ནས་བཟུང་ཆོས་བརྒྱུད་སྤྱི་འཐུས་ཚོ་མི་དགོས། དེ་ནི་མཚོན་བྱ་ཟད་པའི་མཚོན་བྱེད་ཅིག་རེད། དགོན་སྡེ་ཁག་གི་ལས་དོན་ཡོད་ཚད་ཆོས་རིག་བཀའ་བློན་གྱིས་ཕྱོགས་སུ་མ་ལྷུང་བར་བཞེས་བཞིན་འདུག གལ་ཏེ་དགོས་མཁོ་བྱུང་ན་ཆོས་དོན་ལྷན་ཁང་ཡང་གཟུག་ཆོག ད་ནི་ཆོས་བརྒྱུད་སྤྱི་འཐུས་ཚོ་དངོས་གནས་དགོས་མཁོ་མི་འདུག
ཆོས་བརྒྱུད་སྤྱི་འཐུས་ཚོས་རང་ངོས་ནས་མཚོན་བྱ་མེད་པའི་མཚོན་བྱེད་དེ་ནས་དགོངས་པ་ཞུས་ཏེ་ལོ་རྒྱུས་ཀྱི་ཤོག་ངོས་འདི་ལ་རྫོགས་ཚིག་འབྲི་བའི་རེ་བ་སྙིང་ནས་ཞུ་བཞིན་ཡོད།
སྐུ་ཚེ་རིང་། “གཞུ་མཆོག་དཀར་འགུག་གི་ཤེད་ཡོད་ཀྱང་།། མདའ་ལི་མ་འཐེན་སའི་འབེན་མི་འདུག”།
གལཏེ་ཆོས་བརྒྱུད་སྤྱི་འཐུས་ཚོས་རང་ངོས་ནས་དགོངས་པ་ཞུས་ཏེ་རང་ངོས་ནས་ཆོས་བརྒྱུད་སྤྱི་འཐུས་ཀྱི་མཚམས་བཅད་པ་ཡིན་ན། ཁོ་ཚོའི་མཛད་པ་བྱས་རྗེས་དེ་ལོ་རྒྱུས་ཀྱི་ངོས་སུ་གཟི་བརྗིད་ཀྱིས་འབྲི་ཆོག་ལ། གལ་ཏེ་རང་ངོས་ནས་མཚམས་གཅོད་མ་ཐུབ་པར་མི་དམངས་ཀྱིས་བཙན་གྱིས་བཅད་ཚེ། ལོ་རྒྱུས་ཀྱི་ངོས་སུ་རང་རང་གི་མིང་དང་མཉམ་དུ་ནག་ཐིག་རེ་རེ་འབབ་ངེས་རེད། དེ་བས་ཆོས་བརྒྱུད་སྤྱི་འཐུས་ཚོས་བསམ་བློ་གཏོང་རན་རེད། གང་ལྟར་ཚེ་ཚད་རྫོགས་ཚེ་འཆི་བ་ནམ་ཡོང་ལ་སྒུག་ཁོམ་མང་བོ་མེད།
ཡོང་ཡ་མེད་པ་ཞིག་ཞུ་མ་བསྡད་ཆོས་བརྒྱུད་སྤྱི་འཐུས་ཡིན་ན་རྡོ་འཐུས་ཡིན་ན་འདི་ཚོ་རྒོད་པོ་ཐུར་མེད་རང་རེད་འདུག སུ་ལ་ཡང་སྐྲག་མི་དགོས། སུ་ལ་ཡང་འཇིགས་མི་དགོས། ཁོག་ལ་གང་ཤར་བ་ཁ་ནས་སྐད་སང་མཐོ་པོའི་སྒྲོག་ཐུབ་པའི་རྒོད་པོ་ཐུར་མེད་རྐྱང་རྐྱང་རེད། འདིའི་འདྲའི་གཡག་རྒོད་འདྲ་རྐྱང་རྐྱང་མཉམ་གཅིག་ཏུ་སྤྱི་འཐུས་ལ་ཁེལ་བ་ངོ་མ་བོད་པའི་ལས་དབང་ཡིན་རྒྱུ་རེད་པ། གངས་ཅན་སྐྱིད་གཞུང་ནས་གླང་ཆེན་ས་གཤག་བྱས་ན་སྐྱིད་པོ་ཡོད་ས་རེད།
ཡག་གི
སྤྱི་ཚོགས་དཀྲུག་གིད་ཞུ་བའི་འཆད་པ་དེ་ཧ་མ་གོ་ན་རྩོམ་འདི་ལྟ་བུ་ཞིག་ལ་ཟེར་གདའ། རི་བོ་དགའ་ལྡན་པའམ་དགེ་ལུགས་ཆོས་གཉེར་བ་དང་དེ་མིན་བཅའ་ཁྲིམས་ལས་ངོས་བཞེད་ཐོབ་པའི་ཆོས་ལུགས་གཞན་བཞི་བར་དཀྲུགས་མིན་འདུག་གམ། དེ་ཡང་ཤེས་བཞིན་དུ་མི་ལོ་བཞི་བརྒྱའི་ལོ་རྒྱུས་ཡོད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞུ་བའི་མཚན་རྗེས་དེ་བོད་གཞུང་དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཅེས་དགའ་ལྡན་པའམ་དགེ་ལུགས་པ་ཡིན་པའི་འཁྱོག་བཤད་བྱས། གལ་སྲིད་དེ་ལྟར་ཡིན་གྱུར་ནའང་གནད་ཁག་ཆེ་བ་ཨེ་སྙམ། བོད་བསིལ་བུར་ཐོར་ནས་མི་ལོ་ ༣༤༢ བར་རམ་༸རྒྱལ་མཆོག་ལྔ་བ་ཆེན་པོས་ ( ༡༦༤༢) བོད་ཁྱོན་ཡོངས་དབང་མ་བསྒྱུར་བར་བོད་དེ་སྡེ་བ་དང་མི་དཔོན། དགེ་ལུགས་མིན་པའི་ཆོས་བརྒྱུད་ན་རིམ་ནས་དབང་བསྒྱུར་བའི་སྐབས་བྱུང་ཡོད་བརྟེན་གོང་དུ་གནད་ཁག་ཆེ་བ་ཨེ་སྙམ་ཞུས་ཡིན། གོ་སྐབས་སུ་བཟང་རེད་མིན་འདུག་གམ། ངརས་དམིགས་བརྩེ་མ་དང། བསམ་པ་ལྷུན་འགྲུབ་འདོན། བསྟན་པའི་བདག་པ་སྟོན་པ་བཅོམ་ལྡན་དང། གངས་རི་རྭ་བའི་ལྗོངས་ཀྱི་ཕན་བདེ་འབྱུང་ནས་བསྟན་འཛིན་རྒྱ་མཚོ་མཆོག རྗེ་བཙུན་གོང་མ་ལྔ་སོགས་སྐྱེ་ཆེན་དམ་པ་དུ་མ་ཞིག་ལ་གསོལ་འདེབས་ཞུ་ཡི་ཡོད།
ཡིན་ཀྱང་། བོད་མདོ་ཁམས་དབུས་གསུམ་དུ་ངོས་འཛིན་ཡོད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞུ་བའི་མཚན་དེ་རི་བོ་དགེ་ལུགས་སམ་གདན་ས་ཆེན་པོ་དགའ་ལྡན་པའི་ཆོས་བརྒྱུད་ལས་ཐོག་པ་མིན་ལ་ཚང་མས་དེ་ལྟར་ངོས་ལེན་ཀྱང་མི་ཞུ། ༸རྒྱལ་བ་ལྔ་བ་ཆེན་པོའི་གོང་གི་རྒྱལ་བའི་སྐུ་གོང་མ་རྣམས་གདན་ས་དགའ་ལྡན་དུ་བཞུགས་སུ་གསོལ་བའི་བཞུགས་ཁང་ངམ་ཕོ་བྲང་དགའ་ལྡན་ཕོ་བྲང་བཞུགས་སུ་གསོལ་བའི་མཚན་དེ་དག་ ༡༦༤༢ ལོ་ནས་༸གོང་ས་ལྔ་བ་ཆེན་པོ་མཆོག་གིས་བོད་སྤྱི་ལ་ཁྱབ་པའི་ཆོས་སྲིད་གཉིས་ཀྱི་གཞུང་འཛིན་པའི་གཞུང་གི་མཚན་དུ་གསོལ་བ་ལས་དགེ་ལུགས་པའམ་དགའ་ལྡན་པའི་ཡིན་པའི་ཆ་ནས་ཡིན་མིན་འདུག ང་མཁས་པ་གང་ཡང་མིན་ཀྱང་མང་ཙམ་མཐོས་པའི་གོ་སྐབས་ཐོབ་པས་ཞུས།
ཁྱེད་ཀྱི་ལོ་བཅུ་དྲུག་ཅན་གྱི་བྱི་བ་ཞིག་ལ་དཔེ་ཞུས་པའི་བསལ་ཚུལ་དེ་ཡང་སྙིང་རྗེ་རྒྱུ་ཞིག་འདུག་ཞུས་ན་ང་ཁ་ཆེ་རྒྱུ་ཅང་ཨེ་འདུག ཟ་རྒྱུ་བོད་ཟས།་འབྲི་རྒྱུ་བོད་ཡིག ད་བར་འཚོ་རྒྱུ་དེ་ལོ་བཅུ་དྲུག་ཏུ་བཀོད་བྱི་བ་དེའི་མཐུ་ལས་དྲོས་པའི་སྨྲ་ཤེས་དོན་གོ་མཁན་གྱི་མི་ཞིག་ཏུ་སྐྱེས་ནས་ལོ་བཅུ་དྲུག་པས་བྱི་བ་དེ་སུ་ཡིན་ཕལ་ཆེར་ཆ་རྟོགས་མིན་འདུག དེ་ཆུང་ས་ནས་ཞུས་ན་རྒྱའི་དཔོན་རིགས་སྐད་ངན་ཤོར་བཅུགས་མཁན་གྱི་བྱི་བ་དར་རྒྱས་པ་ཁོང་རེད། རྒྱའི་དཔོན་ཆེན་མ་འོ་ཚེ་ཐུང་གིས་རྒྱའིགཞུང་དཔོན་ཚོར་༸ཁོང་བོད་ནས་བཙན་བྱོལ་དུ་ཤོར་བ་དེ་ད་ཆ་ང་ཚོའི་དམིགས་ཡུལ་དེ་་ཕམ་པ་རེད་ཞུ་སའི་བྱི་བ་དེ་རེད། བཟང་ཕྱོགས་ནས་ཞུས་ན་འཛམ་གླིང་བློ་རྣལ་དུ་གནས་པའི་སྐྱེ་འགྲོ་དུ་མའི་འདི་ཕྱི་གཉིས་ཀྱི་བདེ་སྐྱིད་ཀྱི་འབྱུང་གནས། ཁྱེད་དང་ང་ཚུད་པའི་བོད་རིགས་རྩམ་ཟན་ཚོས་བོད་ལ་སྐྱིད་པའི་ཉི་མ་ཤར་པའི་རེ་ཡུལ་ནོར་བུ་དགོས་འདོད་ཕུན་འབྱུང་དེ་ཡང་བྱི་བ་དེ་རེད་མིན་འདུག་གམ། ཆོས་སུ་དད་མོས་ཡོད་མཁན་ཞིག་ཡིན་ན་བྱི་བ་དེ་ཁྱེད་དང་ང་འདྲ་བའི་བྱི་བ་ཕལ་པ་ཞིག་མིན་པས་རྟགས་དང་མཚན་མ་དུ་མ་བྱུང་ཡོད། ཆོས་ཤེས་པའི་དད་ཅན་ཚོས་ཁོང་འཕགས་པ་སྤྱན་རས་གཟིགས་མིའི་ཤ་རུས་སུ་སྐྱེ་བ་བཞེས་པའི་སྐྱེ་འགྲོ་སྤྱི་དང་ལྷག་པར་ཉམ་དག་སྐྱེ་འགྲོ་ཀུན་གྱི་ཕན་བདེའི་བྱེད་པོ་ཉིད་དུ་ཐུགས་བཞེད་པ་ཁོང་ཡིན་པ་ངས་ག་ནས་ཞུ་དགོས།།
མདོ་བསྟོད་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་དང་།
ཨ་དཀྲུག་གཉིས་ཀྱིས་ཚོགས་དྲུང་ལ་བཙན་ཤེད་ཁྲིམས་འགལ་
བྱས་འདུག་ཟེར། ཨེ་ཡིན་ན།
ཆོས་བརྒྱུད་བཞི་དང་བོན་བཅས་པའི་ཆོས་རྒྱུད་ཀྱི་སྤྱི་འཐུས་ཀྱི་བོད་མིའི་གཞུང་འཛིན་ནང་དགོས་མཁོ་རྩ་བ་ནས་མེད་པ་དེ་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་མཁྱེན་གྱི་ཡོད་བཞིན་གནོན་ཤུགས་ཀྱིས་འཇོག་དགོས་བྱུང་ཡོད། ཆོས་རྒྱུད་ཚོ་ཆོས་བྱེད་རྒྱུའི་ཆེད་དུ་འཛུགས་པ་མ་གཏོགས་སྐྱེས་པ་མི་ནག་གི་སྲིད་དོན་གྱི་རྙོག་དྲའི་ནང་འཛུལ་རྒྱུའི་ཆེད་དུ་མིན། གྲ་པ་རྣམས་འཇིག་རྟེན་སྤངས་ནས་བཅོམ་ལྡན་འདས་ཀྱི་གཞུང་ཆེན་རྣམས་སྦྱངས་ཏེ་ཐར་པ་འདོད་པའི་སེམས་ཅན་རྣམས་ཡིན་པས། ཅིའི་ཕྱིར་སྤྱི་འཐུས་ནང་སླེབས་ཏེ་རྙོག་དྲ་བསླང་གི་ཡོད་དམ། དམིགས་ཡུལ་གང་རེད་དམ། སུ་རྒྱབ་ན་ཡོད་དམ། བདུད་དགའ་རབ་དབང་ཕྱུག་གི་རྣམ་ཐར་ཅིའི་ཕྱིར་སྐྱོང་གི་ཡོད་དམ།
སོ་སོའི་གསུང་ཆོས་ཞུ་སའི་བླ་མ་ལ་རྒྱབ་འགལ་བྱེད་ཀྱི་ཡོད་པའི་ཆོས་བྱེད་མིང་འཁུར་པའི་གྲ་པ་རྣམས་ནས་ནང་ཆོས་ཧ་ཅང་གཏིང་ཟབ་རྒྱ་ཆེན་ཤེས་མི་འདུག་གམ། ཁྱེད་རྣམས། བོད་མི་མང་གི་ཞབས་འདྲེན་རེད། གྲ་པ་ཆོས་བྱེད་པའི་ཞབས་འདྲེན་རེད། འཛམ་གླིང་ཡོངས་ཀྱི་ནང་པ་རྣམས་ཀྱི་ཞབས་འདྲེན་རེད། བླ་མ་དང་སློབ་མའི་ཞབས་འདྲེན་རེད། སྐྱེ་བོ་མི་ནག་ལས་ཐབས་སྐྱོ་བ་དང་མ་རབས་ཀྱི་གོང་བུ་ཡིན་པས་ངོ་ཚ་རྒྱུ་ཡོད་ན་ད་གཟོད་ཡིན། དེ་མིན་ལས་རྒྱུ་འབྲས་ཀྱིས་འཕྱུགས་མི་ཡོང་ངོ་།།
བོད་མི་མང་གི་ཐག་གཅོད་དགོས་པའི་གནད་དོན་གལ་ཆེན་ཞིག་ནི། གྲ་པ་ཆོས་བྱེད་སར་འཇོག་སྟེ་སྲིད་དོན་གྱི་རྙོག་གླེང་ནང་ཞུགས་མི་དགོས་པ་བྱ་དགོས། དེ་མིན་གྲ་པས་སྲིད་དོན་མི་ཤེས་ཀྱང་ཤེས་ཀྱི་ཡོད་མདོག་གིས། བོད་སྤྱི་པ་ཆུ་རོང་གི་ནང་དུ་གཡུག་ཉེན་མི་འདུག་གམ། ད་གང་བྱེད་དགོས་སམ་ཞེ་ན། ཆོས་རྒྱུད་ཀྱི་སྤྱི་འཐུས་ཀྱི་དགོས་མཁོ་མིན་འདུག་པས། རྩ་མེད་བཟོས་ཏེ་ཆོལ་ཁའི་སྤྱི་འཐུས་ཀྱི་ཁ་གྲངས་སྤར་རྒྱུ་དང་། བཀའ་བློན་དང་སྤྱི་འཐུས་སུ་སླེབས་པར་ཉུང་མཐར་ཡང་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཐོན་ལག་འཁྱེར་ཡོད་པ་ཞིག་གམ་གྲ་རིགས་ཡིན་ན་འཛིན་རིམ་བཅུ་པ་དང་མཉམ་པའི་དབྱིན་ཇིའི་སྐད་ཡིག་ཤེས་པ་ཞིག་དགོས་པ་དང་། བཀའ་བློན་དང་སྤྱི་འཐུས་སུའང་བོད་པ་སྐྱབས་བཅོལ་བ་ཁོ་ན་ཡིན་དགོས་པ་ངེས་པར་བཟོ་དགོས། དེ་མིན་ད་ལྟ་མཐོང་བཞིན་པའི་སྤྱི་འཐུས་རྣམས་ཀྱི་མདོག་སྐྱ་ད་དུང་མི་ཡོང་བའི་ངེས་པ་རྩ་བ་ནས་མེད། དཔེར་ན། འདྲེ་རྒྱ་རི་ལྟ་བུ་བོད་མི་སྐྱབས་བཅོལ་བ་མིན་ཡང་སྐྱབས་བཅོལ་བའི་ནང་འཛུལ་སྟེ་ཁེ་ཕན་མཐའ་དག་བླངས་ཤིང་མི་སེར་ཡིན་པའི་ཁེ་ཕན་ཡང་ཆ་ཚང་ལེན་བཞིན་ཡོད་པ་ལས་རྟོགས་ཐུབ། མི་ཐ་ཞན་དེ་རིགས་བྱ་ཕ་ཝང་བཞིན་ཕྱོགས་གཉིས་ཀ་ནས་ཁེ་ཕན་ལེན་མཁན་ད་དུང་ཡོང་རྒྱུ་ཡིན་པ་ངེས། ད་ནི། བོད་མི་རྣམས་ཀྱི་སྐྱབས་བཅོལ་ས་༸གོང་ས་མཆོག་མ་གཏོགས་མེད་ཅིང་བོད་མི་རྣམས་ནས་བསོད་ནམས་གསོག་སྟེ་༸ཁོང་༸སྐུ་ཚེ་བརྟན་པ་དང་དགོངས་པ་མི་དཀྲུག་པའི་ཆེད་དུ་བོད་སྤྱི་ལས་དོན་ཕྱིར་འཕྱར་བ་གྲུ་འདེགས་གནང་རྒྱུ་གནད་དུ་དམིགས་དགོས་སོ།།
ཆོལ་ཁ་གཅིག་ལ་རང་བཙན་སྤྲད་་ཡ་རེད་དེ་མ་གཏོགས་ཅང་ལྷག་མ་སོང་།