ཀུན་གསལ་
———–
དྲ་ཚིགས་ནང་གི་མང་ཆེ་བ་ཏང་གི་དུག་ཆུ་འཐུང་མཁན་རེད། ་འདིའི་ནང་ན་གུང་ཁྲན་ཏང་གི་རྒྱུག་ཁྱི་ཡང་མང་པོ་ཡོད་པ་རེད། ངས་འདི་རྒྱུ་མཚན་མེད་པར་ལབས་པ་མིན། ལོ་འགའ་ཤས་སྔོན་རྒྱ་གཞུང་གིས་ང་ལ་ལས་ཀ་འདི་ལས་དགོས་ཟེར་ནས་བཀའ་བཏང་སོང། ཁོ་ཚོས་བཤད་ན་ཁོ་ཚོ་ལ་རྡ་ས་ན་མི་་མང་པོ་ཡོད་ཟེར། ཕྱི་རྒྱལ་ན་མི་མང་པོ་ཡོད་ཟེར། ང་ལ་རྡ་ས་ནས་བོད་གཞུང་གི་ལས་བྱེད་ཚོའི་བར་གྱི་འབྲེལ་བ་དང་ཁོ་ཚོ་རེེ་ཡི་ལོ་རྒྱུས་རང་ལྗོངས་ཀོ་ནན་ཐེན་ནང་གི་གསང་ལས་ཚན་པ་ལ་ལ་མཁོ་སྤྲོད་བྱེད་དགོས་ཟེར། ཕྱི་སྡོད་བོད་མིའི་སྤྱི་ཚོགས་ཐོག་གི་འགལ་བ་གཞི་ལ་བཞག་ནས་རྩོམ་ཡིག་སྤེལ་དགོས་ཟེར། གནས་ཚུལ་ཞིབ་ཕྲ་དགོས་ན་ད་དུང་བཤད་ཆོག ངས་ཁོ་ཚོ་ ངོ་ལོགས་བྱས་ནས་ཕྱི་་ལ་བྲོས་ཡོང་པ་ཡིན། དྲ་ཚིགས་ནང་གི་་མང་པོ་ཞིག་ནས་སྤྲུལ་སྐུ་མི་དགོས་ཟེར། དེ་་དོན་ནི་་རྒྱལ་བ་རིན་པོ་ཆེ་ཚུད་པའི་བོད་ཀྱི་བླ་མ་ཚོས་བོད་ཡུལ་ནས་སྐྱེས་བ་བླངས་མི་ཆོགས་ཟེར་གིན་ཡོད་ནི་རེད། དོན་དུ་་སྐྱེ་་སྔ་ཕྱི་མི་དགོས་ཟེར་གི་ ཡོད་པ་རེད།
འདི་ཚོ་སྲིད་ལ་དགའ་དྲག་པ་མ་རེད། བླ་མ་ལ་མ་དགའ་བ་རེད། ནང་ཆོས་ལ་མ་དགའ་བ་རེད། རྒྱ་ནག་ལ་མ་དགའ་བ་མ་རེད། ཆུང་དུས་བཟུང་འད་ཚོ་ལ་ཆོས་དང་གྲལ་རིམ་མཐོ་པོ་ལ་མི་དགའ་བའི་རིགས་གཞུང་རྙིང་བ་གཏོར་བའི་གཞུང་ལུགས་་དང་མྱིའི་རིགས་གསོད་པའི་མ་ཁེསུའི་གཞུང་ལུགས་ཀྱི་བག་ཆགས་བཞག་ཡོད་ནི་རེད། དེའི་་ཕྱིར་ཁོ་ཚོ་བླ་མ་ལ་དགའ་ནི་མ་རེད། ཆོས་ལ་དགའ་ནི་མ་རེད། སྐུ་དྲགས་ལ་དགའ་ནི་མ་རེད། ཕྱུག་པོ་ལ་དགའ་ནི་མ་རེད། འདིའི་རིགས་བོད་ཕྱི་ནང་གཉིས་ཀ་ན་ཇེ་མང་ནས་ཇེ་ཡིན་ནི་རེད། བོད་ལ་རེ་བ་ཡོད་ནི་མ་རེད། དཔེར་ན ཁ་བརྡ་དྲ་བའི་ནང་ནའང་རྒྱ་ནག་དང་མ་ལེ་གཞུང་ལུགས་ལ་ངན་བརྗོད་པ་ལས་བླ་མ་དང་ནང་ཆོས་་ལ་ངན་བརྗོད་མཁན་མང་བ་་ཡོད་པ་འདིའི་ཤེས་ཐུབ་པ་རེད། ཁོ་ཚོས་བོད་ཀྱི་སྲིད་བཤད་ཁུལ་བྱེད་ནི་རེད། དོན་དུ་རང་གི་ཆུང་དུས་ཀྱི་བག་ཆགས་བཞག་་ཡོད་པའི་་མ་ལེ་དང་མའོ་ཡི་་ལྟ་བ་་དེ་བཤད་ན་་སེམས་སྐྱིད་པོ་ཞིག་ཡིན་ནི་རེད། ཚོར་བ་དེའི་ཆེད་དུ་ཡིན་པ་ལས་གཞན་ཅང་མ་རེད། ཁྱེད་ཚོ་ལ་དམར་པོའི་ལྟ་བ་་འདུག་ཞེས་ལབས་ན་ཁོ་ཚོ་དགའ་ནི་མ་རེད། རང་དབང་རྒྱལ་ཁབ་ཁག་དུ་་ལོ་བཅོ་ལྔ་་ཉི་ཤུ་་སོགས་ག་ཚོད་འགོར་ཡང་ཆུང་དུས་ཀྱི་བག་ཆགས་ཟེར་བ་དེ་བསྒྱུར་་རྒྱུ་ཁག་པོ་ཡོད་ནི་རེད།
ཆུང་དུས་ཀྱི་བག་ཆགས་ཟེར་བ་དེ་བསྒྱུར་་རྒྱུ་ཁག་པོ་ཡོད་ནི་རེད། ཅེས་ཚིགས་ཐག་བཅད་འདུག་པ་ལ་བལྟས་ན་ཁྱེད་རང་མྱུལ་མ་མ་བྱས་ཀྱང་མྱུལ་མ་མང་བོ་ཞིག་ཤེས་ཀྱི་ཡོད་པ་འདྲ། ཁྱེད་རང་གི་གང་ཤེས་པ་དེ་དག་དྲ་གྲོགས་ཚོ་ལ་ཤོད་དང་ངེད་ཅག་གི་མཉམ་སྤྲེལ་བྱས་དེ་རྒྱ་ནག་གི་རྒྱག་ཁྱི་རེ་ཡོད་ན་དེ་དག་ལ་རྒོལ་ལན་ལོས་སྤྲོད། འོན་ཀྱང་། ཁྱེད་རང་གི་རི་བོང་ཅལ་འདྲོགས་བྱེད་ཀྱི་ཡོད་ན་ཡང་ཐང་། དེ་འདྲ་ཡིན་ན་ནི་དངོས་ནས་དགའ་བསུ་ཞུ་རྒྱུ་ཕར་ཞོག རྒྱ་ནག་སྲིད་གཞུང་གི་སྒོར་མོ་མ་ལངས་པ་བདེན་ཡང་རྒྱ་ནག་སྲིད་གཞུང་གི་ཕྱོགས་ནས་སྐད་ཆ་བཤད་པ་དང་གཅིག་མཚུངས་ཡིན་སྟབས། དང་བོ་ཧོལ་རྒྱུགས་བྱེད་པ་ལས། ཁྱེད་རང་ལ་གནས་ཚུལ་དེ་འདྲ་ཇི་ལྟར་འཕྲད་མིན་བསྐོར་ངེད་ཅག་དྲ་གྲོགས་ཚོ་ལ་གསལ་བོ་ཞིག་བཤད་ན་འགྲིག་གི་རེད་དམ། དེ་མིན་ང་རང་ལ་དེ་འདྲ་བཤད་སོང་ཟེར་བ་ཞིག་གིས་བདེན་དབུང་བྱེད་ཐུབ་ཀྱི་མི་འདུག་གོ
ང་རང་གི་བསམ་ཚུལ་ཡིན་ན་དྲ་ཚིགས་འདིའི་ནང་གི་བོད་ཡིག་སྤྱོད་མཁན་གྱི་བོད་པ་ཡོད་ཚད་ལ་བོད་ལ་ཤ་ཚ་ཡོད་མཁན་རྐྱང་རྐྱང་ཡིན་པར་སྙམ་གྱི་ཡོད་ལ། བཤད་སྟངས་ཀྱི་ཐད་ནད་སྐྱོན་ཆ་རེ་ཟུང་འབྱུང་མི་སྲིད་པ་མ་རེད་སྙམ་བཞིན་ཡོད། དེ་དག་གི་བཤད་སྟངས་ལ་ངེད་ཅག་གི་འགྱུར་བ་གཏོང་ཐུབ་བྱེད་རྒྱུ་དེ་ནི་ངེད་ཅག་གི་ལས་འགན་ཡིན་པ་ལས། བོད་མིས་ནང་ཁུལ་ལ་བཀྲ་མི་ཤིས་པས་སྐད་ཆ་བཤད་རྒྱུ་དེ་དག་ལ་ཅུང་བསམ་བློ་གཏོང་ཐུབ་ན་ཡག་པོ་འདུག་གོ
ག་ལེར་ཞིབ་དཔྱད་བྱེད་དགོས་སར་ཡོད་ན་དུས་ཚོད་གང་ཡོད་ཀྱིས་ཕན་ཚུན་ལ་བསམ་ཤེས་ཡོད་པ་དང་ཀུན་སློབ་ཡག་པོ་སྒོ་ནས་བཤད་རོགས་ཞུ་རྒྱུ་ཡིན།
ཆུང་དུས་ཀྱི་བག་ཆགས་ཟེར་བ་དེ་བསྒྱུར་་རྒྱུ་ཁག་པོ་ཡོད་ནི་རེད། ཅེས་ཚིགས་ཐག་བཅད་འདུག་པ་ལ་བལྟས་ན་ཁྱེད་རང་མྱུལ་མ་མ་བྱས་ཀྱང་མྱུལ་མ་མང་བོ་ཞིག་ཤེས་ཀྱི་ཡོད་པ་འདྲ། ཁྱེད་རང་གི་གང་ཤེས་པ་དེ་དག་དྲ་གྲོགས་ཚོ་ལ་ཤོད་དང་ངེད་ཅག་གི་མཉམ་སྤྲེལ་བྱས་དེ་རྒྱ་ནག་གི་རྒྱག་ཁྱི་རེ་ཡོད་ན་དེ་དག་ལ་རྒོལ་ལན་ལོས་སྤྲོད། འོན་ཀྱང་། ཁྱེད་རང་གི་རི་བོང་ཅལ་འདྲོགས་བྱེད་ཀྱི་ཡོད་ན་ཡང་ཐང་། དེ་འདྲ་ཡིན་ན་ནི་དངོས་ནས་དགའ་བསུ་ཞུ་རྒྱུ་ཕར་ཞོག རྒྱ་ནག་སྲིད་གཞུང་གི་སྒོར་མོ་མ་ལངས་པ་བདེན་ཡང་རྒྱ་ནག་སྲིད་གཞུང་གི་ཕྱོགས་ནས་སྐད་ཆ་བཤད་པ་དང་གཅིག་མཚུངས་ཡིན་སྟབས། དང་བོ་ཧོལ་རྒྱུགས་བྱེད་པ་ལས། ཁྱེད་རང་ལ་གནས་ཚུལ་དེ་འདྲ་ཇི་ལྟར་འཕྲད་མིན་བསྐོར་ངེད་ཅག་དྲ་གྲོགས་ཚོ་ལ་གསལ་བོ་ཞིག་བཤད་ན་འགྲིག་གི་རེད་དམ། དེ་མིན་ང་རང་ལ་དེ་འདྲ་བཤད་སོང་ཟེར་བ་ཞིག་གིས་བདེན་དབུང་བྱེད་ཐུབ་ཀྱི་མི་འདུག་གོ
ང་རང་གི་བསམ་ཚུལ་ཡིན་ན་དྲ་ཚིགས་འདིའི་ནང་གི་བོད་ཡིག་སྤྱོད་མཁན་གྱི་བོད་པ་ཡོད་ཚད་ལ་བོད་ལ་ཤ་ཚ་ཡོད་མཁན་རྐྱང་རྐྱང་ཡིན་པར་སྙམ་གྱི་ཡོད་ལ། བཤད་སྟངས་ཀྱི་ཐད་ནད་སྐྱོན་ཆ་རེ་ཟུང་འབྱུང་མི་སྲིད་པ་མ་རེད་སྙམ་བཞིན་ཡོད། དེ་དག་གི་བཤད་སྟངས་ལ་ངེད་ཅག་གི་འགྱུར་བ་གཏོང་ཐུབ་བྱེད་རྒྱུ་དེ་ནི་ངེད་ཅག་གི་ལས་འགན་ཡིན་པ་ལས། བོད་མིས་ནང་ཁུལ་ལ་བཀྲ་མི་ཤིས་པས་སྐད་ཆ་བཤད་རྒྱུ་དེ་དག་ལ་ཅུང་བསམ་བློ་གཏོང་ཐུབ་ན་ཡག་པོ་འདུག་གོ
ཨ་རོགས་ཀུན་གསལ། ད་ལོའི་དབྱར་གནང་གི་སྐབས་སུ་ཡིན་པ་འདྲ། ང་རྡ་སར་ཡོད་དུས་ཁྱེད་ཀྱིས་ཁ་བརྡའི་ནང་ལ་ཕུ་དཀྲུགས་མདའ་དཀྲུགས་ཅུང་ཙམ་བྱས་སོང་། དེ་ནས་རྒྱུན་རིང་པོར་སླེབས་མ་སོང་། དེ་རིང་ཡང་བསྐྱར་སླེབས་འདུག འོན་ཀྱང་། སླེབས་སྟངས་མ་འདྲ་བ་ཞིག་གི་སྒོ་ནས་སླེབས་འདུག སྔོན་མ་རྒྱ་མིའི་མྱུལ་མ་ཡིན་ཟེར། གུང་ཁྲན་ཏང་ཡིན་ཟེར། དེ་རིང་རྒྱ་མའི་སྒོར་ལེན་གྱི་མེད་ཟེར། བོད་ལ་ཤ་ཞེན་ཡོད་མདོག་གི་ཚིག་ཁ་ཤས་ཀྱང་བཤད་རྒྱུ་འདུག
གང་ལྟར། ཁྱོད་རྒྱ་མིའི་མྱུལ་བ་ཡིནའང་འདྲ། རྒྱ་མི་ཡིན་ནའང་འདྲ། བོད་པའི་གྲོགས་པོ་ཞིག་རེད།
བསམ་བློ་ཡག་པོ་བཏང་ན། ཡིན་གཅིག་མིན་གཅིག་བསམ་ཚུལ་གྱོང་པོ་ཞིག་འཁྱེར་ནས་ཡོང་དགོས་དོན་དེ་ཅི་རེད།
སྐར་ཆེན་ལགས། ཁྱེད་རང་གི་སྤྱོད་བཞིན་པས་ཡིག་གཟུགས་ལ་གནད་དོན་ཡོད་པ་འདྲ། འདི་ནས་ཀློག་ཐུབ་ཀྱི་མི་འདུག ཁྱེད་རང་གི་རྗེས་སུ་མཆན་འདེབས་སྐབས་སུ་འདིའི་ཐད་དུ་དོན་སྣང་གནོང་རོགས་ཞུ།
དགོངས་དག གནས་སྐབས་སུ་འདི་རུ་ངེད་ཀྱིས་ཧི་ཡིག་བེད་སྤྱོད་གཏོང་ཐུབ་ཀྱི་མི་འདུག
རྒྱ་དམར་གཞུང་གིས་བོད་ཕྱི་ནང་དུ་ཏཱ་ལའི་བླ་མ་ལ་སྐྱོན་བརྗོད་བྱེད་པ་གཅིག་ནི། ཏཱ་ལའི་བླ་མས་བོད་རྙིང་བའི་ལམ་ལུགས་བསྐྱར་གསོ་ཡིས་སྐུ་དྲག་རིང་ལུགས་དང་སྤྲུལ་སྐུ་རིང་ལུགས་ཏེ་གཤིབ་གཞོགས་རང་ལུགས་བསྐྱར་གསོ་བྱེད་བསམས་པ་རེད་ཟེར། མི་ལ་ཤེས་ཡོན་དར་ཞིང་འཛམ་གླིང་མང་གཙོ་ལ་ཕྱོགས་པའི་སྐབས་འདིར་རྒྱ་དམར་གྱི་སྐད་ཆ་དེ་ནི་གཞི་འཛིན་ས་མེད་ལ། བོད་མི་སུ་ཡིན་ཀྱང་ལམ་ལུགས་རྙིང་བ་དེ་ངེས་ལེན་བྱེད་མི་སྲིད།
ཧ་ཅང་བློ་ཕངས་བ་ཞིང་ལ་རྒྱ་རི་སྤྲུལ་སྐུ་དང་བུ་སྤྲུལ་སྐུ། ཚ་བོ་སྤྲུལ་སྐུ། ཡང་ཚ་སྤྲུལ་སྐུ་ལ་འགྱུར་བཞིན་པའི་བོད་མཐོ་རིམ་དཔོན་པོས་བྱེད་སྟངས་འདི་དག་གིས་རྒྱ་དམར་གྱི་སྐད་ཆ་དེ་དག་ལ་བསམ་འོས་ཤིག་འདུག་བསམས་སོང་། ཁྱེད་སྤྲུལ་སྐུ་ལ་དགའ་ན་དེ་ལྲྟར་གྱིས་ཤིག
བོད་མཐོ་རིམ་མི་སྣ་ཡི་འབྲེལ་བ་ནི་གསང་བ་ཞིག་ཡིན་ནམ། ཕྱོགས་ཡོངས་ཀྱི་རྩོམ་ཡིག་འགོད་པ་ནི་མི་ལ་བློ་བསྐྱེད་ཙམ་ལས་འགལ་བ་ཕྱིན་ཏེ་ཐོར་འགྲོ་བ་ཞིག་ཡིན་ནམ། སྤྲུལ་སྐུ་རང་དོན་སྒྲུབ་ཅིང་གཅིག་ཀྱང་མི་ཤེས་བའི་སྤྲུལ་སྐུ་འམ་ཁྱི་སྐུ་འདི་ཚོ་་མ་དགའ་བ་ནི་བླ་མ་ལ་མ་དགའ་བ་ཡིན་ནམ། བླ་མ་ནི་དགེ་བཤེས་ལྷ་རམས་དང་སྔགས་རམས་ཀྱི་མཚན་གནས་ཐོབ་པའི་དགེ་བཤེས་ལ་ཟེར་བ་ལས་། བྱིས་བ་སྣ་ལུགས་ཤིག་བླ་མ་ཡིན་ཟེར་ནས་དགའ་དགོས་ན་ཁྱེད་ཅི་འདྲའི་སྙིང་རྗེ་དགོས་བ་ཞིག་རེད་ཨང་།
གཉན་གསུམ། དེ་ལྟར་འགག་རྩ་བཟུང་ན་སེམས་ནས་དགའ་ནི་ཞིག་རེད། བོད་ལ་དགའ་སྟངས་རིགས་འདྲ་མིན་ཡོད། ཆོས་དང་སྤྲུལ་སྐུ་ལ་མ་དགའ་ན་བོད་ལ་མ་དགའ་བ་ག་ལ་ཡིན། འབའ་པ་ཕུན་ཚོགས་དབང་རྒྱལ་ལ་ལྟོས་དང་། གུང་ཁྲན་གཙང་མ་རེད། ཡིན་ནའང་བོད་ཀྱི་ཆེད་དུ་བཙོན་དུ་མི་ལོ་ཉི་ཤུ་མ་ཟིན་ཙམ་བཞུགས་པ་རེད།
གནོང་ཐོག་ལ་སོང་ལ་སྐད་རྒྱག་གིན་འདུག་ག ད་ང་ལ་བྲེལ་བ་ཆེ། སངས ཉིན་གསལ་བཤད་བྱེད་ཆོག
ད་ལོ་ཞིག་ལ་ངའི་ངོ་ཤེས་པ་ཕྱི་གླིང་དུ་འཚར་བ་ཞིག་བོད་ནང་གི་རྒྱ་ཡིག་དྲ་གནས http://www.tibetcul.com ནང་ཕྱིན་འདུག ཁོང་གིས་དྲ་གནས་འདི་གཅིག་པོར་བལྟས་ན་བོད་རང་བཙན་རེད་ཟེར་གྱི་འདུག དྲ་གནས་ཀྱི་ནང་དོན། རྣམ་པ། ངོ་བོ། མཛེས་རིས་སོགས་མང་པོ་ཞིག་ནས་རྒྱ་ནག་གི་དྲ་གནས་ཚོ་དང་རྦད་དེ་ལོགས་ཀ་རེད། རྒྱ་ནག་མིན་པའི་འཇིག་རྟེན་གཞན་ཞིག་རེད་ཟེར་ནས་ཧང་སང་སང་བྱེད་ཀྱི་འདུག
མ་དང མའོའི་སྐྱག་པ་གད་སྙིགས་ཟས་ནས་ཡོང་མཁན་མཁན་ཚོ། ཁྱེད་ཚོ་མིའི་རིགས་ཀྱི་གཤེད་མ་རེད། ཕུན་ཚོགས་དབང་རྒྱུད་ནི་ལག་དམར་གྱི་སྣ་འདྲེན་རེད། ལས་ཡིན་།ཁྱེད་ཚོ་ཁོ་ལ་དགའ་ནི་རེད། ལྟ་བ་གཅིག་པ་རེད། སྤྲུལ་སྐུ་ནི་མྱི་སྒེར་གྱི་དད་མོས་ཀྱི་ཐོབ་ཐང་རེད། གཞུང་གི་མ་སྣའི་ནང་སྤྲུལ་སྐུ་སྐྱེས་མི་ཆོག་ཟེར་བ་ནི། རྒྱ་དམར་གཞུང་གི་མི་སྣས་ཆོས་ལ་དད་པ་བྱེད་མི་ཆོག་ཟེར་བ་དང་གཅིག་མཚུངས་རེད་ལོ།
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འདི་ཕར་གཏུག་ན་བླ་མ་སྐད་གྲགས་ཅན་ཚོའི་དཔལ་འབྱོར་ཡོང་སྒོ་དང་ཆབ་སྲིད་ཀྱི་དབང་ཆ་དེ་རྒྱུན་ཉར་ཡོང་ཆེད་དུ་བླ་བྲང་བདག་པོ་ཚོས་བཟོས་ཡོང་བ་ཙམ་ཞིག་རེད། འདི་རྒྱ་མི་དབང་ཆེན་གསེར་བུམ་དཀྲུགས་ན་འདྲ། བོད་བླ་བྱིན་ཅན་ཚོས་ལུང་བསྟན་གསུངས་ན་ཡང་འདྲ། ཕ་ཡབ་མགོ་བདེ་ཚོ་དང་མ་རྒན་ཁ་བདེ་ཚོས་རྒྱུད་སྐུལ་བྱས་ན་ཡང་འདྲ། དད་པ་ལོང་བ་ཅན་གྱི་མང་ཚོགས་ཀྱིས་རེ་བ་བརྒྱབ་ན་ཡང་འདྲ། མདོར་ན་སངས་རྒྱས་ཀྱི་བསྟན་པ་ལ་དགོས་ཕན་ཡོད་པ་ཞིག་མ་རེད། ད་ལྟོས་དང་། རྒྱ་མིས་ལམ་ལུགས་འདི་བེད་སྤྱོད་གཏོང་གི་འདུག་ག ད་རང་ཕྱོགས་ཆོས་དང་མཐུན་པའི་སྒོ་ནས་མཚམས་འཇོག་གི་ལས་འགུལ་སྤེལ་མ་ཐུབ་ན་མ་འོངས་པར་སྤྲུལ་སྐུའི་ལམ་ལུགས་འདིས་བོད་པ་ཚོར་སྐྱག་པ་ཤོར་ཤོར་མྱང་འཇུག་གི་རེད།
I wish u all will enjoy the UNs human rights declaration day with listening the following linked song! Everybodys Free (to feel good)
http://www.youtube.com/watch?v=9moNN3MBWEo&feature=related
ཀུན་གསལ་ལགས། ཁྱེད་ཀྱིས་བཤད་པའི་སྐད་ཆའི་ངོས་གཅིག་ང་ལ་ཤིན་ཏུ་འཐད། སྤོབས་པས་མཚོན་འདི་དང་འདོད་ཚུལ་མཐུན་པའི་རིགས་ལ། ཁྱེད་རང་ཚོ་སྤྲུལ་སྐུ་ལ་དགའ་མི་དགའ་ཁྱེད་རང་གི་རང་དབང་ལོས་ཡིན། འོན་ཀྱང་བསམ་བློ་བཏང་ནས་སྐད་ཆ་བཤད་མཁན་ཞིག་ཡིན་ན་མི་དགའ་བ་ལ་མི་དགའ་བའི་རྒྱུ་མཚན་འཐད་ལྡན་དང་། དགའ་བ་ལ་དགའ་བའི་རྒྱུ་མཚན་འཐད་ལྡན་དགོས་པ་ཁྱེད་ཚོས་ཤེས་ཚོད་རེད། ཁྲོམ་བསྒྲགས་བྱ་རྒྱུའི་རིགས་ཀྱི་སྐད་ཆ་དེ་རང་ཉིད་ཀྱི་ཚོར་སྣང་གི་དབང་དུ་མ་སོང་བ་ཞིག་དགོས་པ་གལ་ཆེ། ངས་སྐབས་གཞན་དུ་བཤད་པ་ལྟར་སྤྲུལ་སྐུའི་མིང་ཐོགས་པའི་སྤྲུལ་སྐུ་རྫུན་མ་འགའི་བྱས་ཉེས་ཀྱིས་བོད་ཀྱི་ལོ་རྒྱུས་ནང་འདུག་བཟོ་མི་བདེ་བའི་རྙོག་ཟིང་སྣ་མང་བསླངས་ཡོད་པ་ལོ་རྒྱུས་ཀྱི་མིག་ཅུང་ཟད་ཕྱེ་བ་ཚུན་ཆོད་ཀྱིས་རྟོགས་ཐུབ་པར་མ་ཟད། རང་ཉིད་ཀྱི་འདི་སྣང་གི་ཁེ་ཕན་ཕྲན་བུའི་ཆེད་དུ་གཡོ་རྫུས་ཀྱི་ཟློས་གར་འཁྲབ་སྟེ་ངན་གཏམ་རླུང་ལ་བསྐུར་བཞིན་པའི་སྤྲུལ་རྫུན་མི་ཉུང་བ་ང་ཚོ་ལ་ཐུན་མོང་དུ་ཤར་བའི་སྣང་ཚུལ་མངོན་གྱུར་པ་འདི་རེད། འདི་རིགས་ལ་ཁ་རྡུང་གཏོང་གི་ཡོད་ན་ངས་ཀྱང་ཁྱོད་ལ་སྟོང་གདབ་པར་བྱའོ། །འོན་ཀྱང་སྤྲུལ་སྐུ་རྫུན་མ་འདི་དག་གིས་བྱས་ཉེས་ཀྱིས་སྤྲུལ་སྐུའི་ལམ་སྲོལ་རྩ་རྫོགས་བྱ་དགོས་ཟེར་ན་ང་ལ་འཐད་པ་གཏན་ནས་མེད། ངའི་རེ་བ་ལ་དད་ལྡན་གྱི་ཆོས་པ་དང་། བོད་མི་རིགས་དང་རིག་གཞུང་ལ་ཤ་ཞེན་ཡོད་པ་སྟེ། མདོར་ན་བོད་མི་རིགས་ཀྱིས་འགན་བཞེས་ནས་གྲྭ་པ་དང་། སྤྲུལ་སྐུ་དག་རྫུན་དབྱེ་འབྱེད་ཐུབ་པ་དགོས། གཞན་དུ་ཆོས་ཅན་ཞིག་ལ་ཉེས་པའི་ཆ་ཤས་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཡོན་ཏན་ཡང་ཡོད་པའི་ཆོས་ཅན་རྩ་མེད་གཏོང་དགོས་ཟེར་བ་ནི་ཤིན་ཏུ་བསམ་རྒྱ་དོག་མོ་དང་། གཏི་ཐུག་གི་སྐད་ཆ་རེད། ཁྱོད་པ་ལྟར་ན། མིའི་རིགས་འདི་རྩ་རྫོགས་བྱ་དགོས་པའི་སྲོག་ཨང་དང་པོར་ཆགས་ངེས་པ་ཡིན། གང་ཡིན་ཟེར་ན། འཇིག་རྟེན་འདིར་མི་ལེགས་པའི་གཏོར་ཤིག་དང་རྒུད་པ་ཡོད་ཚད་མིའི་འདོད་རྔམ་དང་། ཆོག་མ་ཤེས་པ། ཕ་རོལ་པའི་སྡུག་བསྔལ་གྱི་སྟེང་ན་རང་གི་བདེ་སྐྱིད་ཀྱི་མྱུག་སོ་སྐྱེ་བར་རེ་བའི་སེམས་པ་དང་། དེས་ཀུན་ནས་བསླངས་པའི་ཉེས་སྤྱོད་ལ་བརྟེན་ནས་ཡོང་གི་ཡོད་པ་ཁྱོད་ཀྱིས་ཀྱང་ཤེས་ཐུབ་ཀྱི་ཡོད་ཚོད་རེད། དྲ་ངོས་སུ་མཚར་སྣང་བསླངས་པ་མིན་པར་ཕན་ཐོགས་ཡོད་པའི་སྐད་ཆ་བཤད་ཐུབ་ན་བཟང་། མང་པོ་ཞིག་གིས་མགོ་རྟིང་ལོག་པའི་སྐད་ཆ་མ་གཏོགས། གནད་འགག་ཡོད་པ་དང་ཕན་ཐོགས་ཡོད་པའི་སྐད་བཤད་ཀྱི་མི་འདུག འདི་ལྟར་ཡིན་ན་དྲ་ངོས་སུ་ཡོང་བ་ལ་དགོས་ཕན་གང་ཡང་མི་འདུག
ངས་སྔོན་ལ་བཤད་ཚར་་བ་ཡིན། ཁྱེད་ཚོས་་མའོ་ཙེ་ཏུང་གི་གྲལ་རིམ་འཐབ་རྩོད་དང་ལྷ་འདྲེ་གདོན་དགག་ལ་དགག་པ་རྒྱག་པ་ཟེར་བ་ལས་གཞན་ཅང་བཤད་ཤེས་ནི་མ་རེད། ཁྱེད་ཚོའི་བློ་མིག་གུང་ཁྲན་རིང་ལུགས་ཀྱིས་སྒྲུབ་ཡོད་པས་མང་གཙོ་དང་རང་དབང་གི་གོ་དོན་ཤེས་ཐུབ་ནི་མ་རེད། ེདའི་ཕྱིར་དམར་ལྟ་དེ་མི་བཤད་རང་བཤད་ཡིན་་ནི་རེད།
རེ་མདོའི་སེང་གེར་དྲི་བ་ཚིག་གསུམ་ཡོད།།
སྤྲུལ་སྐུའི་ཚོགས་འདིར་ངོ་རྫུན་ཇི་ལྟར་འབྱེད།།
ངོ་མའི་ངོ་ཐག་རྫུན་མའི་རྫུན་ཐག་དེ།།
མཐོང་ཆོས་མངོན་གྱུར་རྟགས་ལ་ཚད་འཛིན་ནམ།།
འོ་ན་ལྟོ་གོས་ལྐོག་སྒྲུབ་ངོ་མ་དང༌།།
མངོན་སུམ་འཛེམ་པ་སྤང་བ་རྫུན་ཡིན་ནམ།།
འདི་འདྲ་འདི་ནི་ཤིན་ཏུ་མི་འོས་ཞེས།།
སྤམ་པོའི་ཚིག་གིས་ལྕིབས་དགོས་ཅང་མ་མཆིས།།
དེ་རིང་སང་གི་སྤྲུལ་སྐུ་འདི་དག་ནང༌།།
བསྟན་འགྲོའི་གཤེད་དུ་བབས་པའི་གྲངས་རྩིས་དང༌།།
དེ་ནས་དགོས་དང་མི་དགོས་རི་ཐང་མཚམས།།
ལེགས་དང་མི་ལེགས་ཡག་ཉེས་ཚོན་གྱི་མདངས།།
རང་བྱུང་རི་མོའི་ཟོལ་གྱིས་འཆར་བ་ཡིན།།
བྱང་སེམས་དམ་པའི་སྤྲུལ་བ་ཕྱག་གི་ཡུལ།།
འོན་ཏེ་ང་ཚོའི་ལུགས་འདི་འཇིག་རྟེན་ཆོས།།
ལྷ་ཆོས་ཟོལ་དུ་བརྫུས་པའི་ཚུལ་བསམ་ཞིང༌།།
ཡང་སྒོས་དེ་རིང་སང་གི་འགྲོས་བསམ་ན།།
ནམ་རིང་འཁྱོལ་བའི་སྒྲུང་བཟོ་མི་འདུག་ཨང༌།།
༄༅།། ཚིག་གསུམ་གཏམ་གྱིས་འབྲེལ་བའི་གཞི་འཛུགས་པ།།
མ་འདྲིས་རིག་པའི་གྲོགས་པོ་རིག་རྒྱམ་ལགས།།
དྲིས་པའི་ཚིག་ལ་འོས་པའི་ལན་ཞིག་འཆད།།
གཏམ་འདི་ཕན་པའི་ནོར་བུའི་སྐྱེས་ཀྱིས་བརྫངས།།
གང་ཟག་གི་ཚོད་གང་ཟག་གིས་འཛིན་པར་མི་བྱ་བ་སྟོན་པ་བདེ་བར་གཤེགས་པའི་བཀའི་ཐ་ཚིག་ཡིན་པར་མ་ཟད། འོ་ཅག་གིས་དངོས་མྱོང་འཚོ་བའི་ནང་དུ་ཡང་། ལྟར་སྣང་གི་རྒྱུ་མཚན་འགའ་ཤས་ལ་བརྟེན་ནས་བཟང་ཐག་བཅད་པ་དང་། དེ་ལྟར་ངན་ཐག་བཅད་པ་ཡང་བཟང་ངན་མཚན་ཉིད་པར་གྱུར་མེད་པའི་གནས་ཚུལ་རང་གཞན་ཀུན་ལ་ལན་གྲངས་མི་ཉུང་བ་བྱུང་ཡོད་ངེས། གནས་ལུགས་འདིས་ང་ཚོའི་ཤའི་མིག་གིས་མཐོང་ཚུལ་ཙམ་གྱིས་མི་བཟང་ངན་དང་སྤྲུལ་སྐུ་དག་རྫུན་གྱི་ཁྱད་པར་འབྱེད་དཀའ་བ་ར་སྤྲོད་བྱེད་ཀྱི་ཡོད། གནད་འདི་འདྲ་ལ་དགོངས་ནས། སྔོན་གྱི་སྐྱེས་བུ་དམ་པ་ཚོས་མི་མཆོག་དམན་ཀུན་ལ་དག་སྣང་འོ་མས་ཁྱབ་པར་བྱ་དགོས་པ་གདམས་པའི་གནད་དུ་བསྩལ་པ་རེད། འོན་ཀྱང་གདམས་པ་འདི་ཉམས་ལེན་དུ་འཁྱེར་མི་ཐུབ་པ་ང་དང་ང་འདྲ་བ་དག་གིས། བསྟན་པའི་དབང་དུ་བྱས་ནས་སྐྱེ་བོ་ཡོངས་ལ་བཟང་ངན་དུ་གྲགས་པའི་སྣང་ཚུལ་གཞི་ལ་བཞག་ནས་སྤྲུལ་སྐུའི་དག་རྫུན་འབྱེད་དགོས་པ་འདོད། སྐྱེ་འགྲོའི་བདེ་སྐྱིད་དང་སངས་རྒྱས་ཀྱི་བསྟན་དོན་དུ་བྱོན་པའི་སྤྲུལ་སྐུ་ཡིན་པ་བདེན་ན། གང་གི་ཆེད་དུ་བྱོན་པའི་སྐྱེ་འགྲོ་དང་བསྟན་པ་ལ་ཕན་པའི་མཛད་རྗེས་རེ་འཇོག་ལོས་དགོས། དེ་གཉིས་ཀྱི་རྩ་བ་༸ཐྲྤཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོའི་སྟེང་ནས་ཡོང་དགོས། འཁོར་ལོ་འདི་གཉིས་དང་བསྟན་བྲལ་ལྟ་བུར་བྱས་ནས། འཁོར་ལོ་གསུམ་པ་བྱ་བ་ལས་ཀྱི་འཁོར་ལོ་རྐྱང་པ་ལ་འབད་སྐད་བྱེད་པ་དང་། རང་ཉིད་དང་རང་ཉིད་ཀྱི་འཁོར་ཉུང་ཤས་ཤིག་གི་འཚོ་བ་རྒྱས་སྤྲོས་དང་ཚོན་པོ་སྣུམ་པོའི་ཆེད་དུ་གྲོང་འདབས་ཁྱི་ལྟར་མྱུལ་ནས་འགྲོ་བ། མདོ་སྔགས་ཀྱི་ཆོས་ཚུལ་གང་ལ་ཡང་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པའམ། ཚིག་འབྲུ་ཁ་བྱང་དུ་སོང་བ་མ་གཏོགས་རང་གི་རྒྱུད་ཐོག་ཏུ་མྱོང་བ་གཏན་ནས་མེད་པ། རྒྱུ་རྫས་ཀྱི་རྙེད་པ་ཙམ་གྱི་ཆེད་དུ་ཆོས་ཚོང་བྱེད་པའི་སྤྲུལ་སྐུའི་མིང་ཐོགས་པ་རྣམས་སྤྲུལ་སྐུ་རྫུན་མ་ཡིན་པར་ངོས་འཛིན་བྱེད། མདོར་ན། ཆོས་ནས་བཤད་པའི་བླ་མའི་མཚན་ཉིད་རིམ་པ་རྣམས་བླ་སྤྲུལ་དག་རྫུན་གྱི་ཁྱད་པར་འབྱེད་པའི་ཚད་ཐིག་ཏུ་འཛིན་དགོས། ཚུལ་འདི་ལ་གོ་བ་བརྙེས་ན་ལྟོ་གོས་ལྐོག་སྒྲུབ་བྱེད་པ་ངོ་མ་དང་། མངོན་སུམ་འཛེམས་པ་སྤངས་པ་རྫུན་པར་འཇོག་དགོས་པའི་ངེས་པ་མེད་པའི་ར་འཕྲོད་འབྱུང་། ངས་བསྟན་འགྲོའི་ཤེད་དུ་བབས་པའི་དེང་སང་གི་སྤྲུལ་སྐུའི་གྲངས་བགྲངས་མ་མྱོང་ཡང་། བོད་གཞིས་བྱེས་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་དང་། དབེན་པའི་ནགས་ཁྲོད་དག་ཏུ་ཚེ་འདི་སྣང་གི་ལྟོ་གོས་གཏམ་གསུམ་ལ་ཆགས་པའི་ཞེན་ཐག་བཅད་ནས། ཐོས་བསམ་སྒོམ་པ་ཡ་མ་བྲལ་བས་དམ་པའི་རྣམ་ཐར་སྐྱོང་མཁན་ཅི་ཙམ་ཡོད་པ་ཁྱེད་ཀྱིས་གྲངས་བགྲངས་ཡོད་ཚོད་མི་འདུག དེ་རིང་བྲེལ་བས་མ་ཁོམ་པས་དགོས་པ་ཡོད་ན་རྗེས་སུ་རིམ་པས་ཆོག
༄༅།། ཚིག་གསུམ་གཏམ་གྱིས་འབྲེལ་བའི་གཞི་འཛུགས་པ།།
མ་འདྲིས་རིག་པའི་གྲོགས་པོ་རིག་རྒྱམ་ལགས།།
དྲིས་པའི་ཚིག་ལ་འོས་པའི་ལན་ཞིག་འཆད།།
གཏམ་འདི་ཕན་པའི་ནོར་བུའི་སྐྱེས་ཀྱིས་བརྫངས།།
གང་ཟག་གི་ཚོད་གང་ཟག་གིས་འཛིན་པར་མི་བྱ་བ་སྟོན་པ་བདེ་བར་གཤེགས་པའི་བཀའི་ཐ་ཚིག་ཡིན་པར་མ་ཟད། འོ་ཅག་གིས་དངོས་མྱོང་འཚོ་བའི་ནང་དུ་ཡང་། ལྟར་སྣང་གི་རྒྱུ་མཚན་འགའ་ཤས་ལ་བརྟེན་ནས་བཟང་ཐག་བཅད་པ་དང་། དེ་ལྟར་ངན་ཐག་བཅད་པ་ཡང་བཟང་ངན་མཚན་ཉིད་པར་གྱུར་མེད་པའི་གནས་ཚུལ་རང་གཞན་ཀུན་ལ་ལན་གྲངས་མི་ཉུང་བ་བྱུང་ཡོད་ངེས། གནས་ལུགས་འདིས་ང་ཚོའི་ཤའི་མིག་གིས་མཐོང་ཚུལ་ཙམ་གྱིས་མི་བཟང་ངན་དང་སྤྲུལ་སྐུ་དག་རྫུན་གྱི་ཁྱད་པར་འབྱེད་དཀའ་བ་ར་སྤྲོད་བྱེད་ཀྱི་ཡོད། གནད་འདི་འདྲ་ལ་དགོངས་ནས། སྔོན་གྱི་སྐྱེས་བུ་དམ་པ་ཚོས་མི་མཆོག་དམན་ཀུན་ལ་དག་སྣང་འོ་མས་ཁྱབ་པར་བྱ་དགོས་པ་གདམས་པའི་གནད་དུ་བསྩལ་པ་རེད། འོན་ཀྱང་གདམས་པ་འདི་ཉམས་ལེན་དུ་འཁྱེར་མི་ཐུབ་པ་ང་དང་ང་འདྲ་བ་དག་གིས། བསྟན་པའི་དབང་དུ་བྱས་ནས་སྐྱེ་བོ་ཡོངས་ལ་བཟང་ངན་དུ་གྲགས་པའི་སྣང་ཚུལ་གཞི་ལ་བཞག་ནས་སྤྲུལ་སྐུའི་དག་རྫུན་འབྱེད་དགོས་པ་འདོད། སྐྱེ་འགྲོའི་བདེ་སྐྱིད་དང་སངས་རྒྱས་ཀྱི་བསྟན་དོན་དུ་བྱོན་པའི་སྤྲུལ་སྐུ་ཡིན་པ་བདེན་ན། གང་གི་ཆེད་དུ་བྱོན་པའི་སྐྱེ་འགྲོ་དང་བསྟན་པ་ལ་ཕན་པའི་མཛད་རྗེས་རེ་འཇོག་ལོས་དགོས། དེ་གཉིས་ཀྱི་རྩ་བ་༸ཐྲྤཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོའི་སྟེང་ནས་ཡོང་དགོས། འཁོར་ལོ་འདི་གཉིས་དང་བསྟན་བྲལ་ལྟ་བུར་བྱས་ནས། འཁོར་ལོ་གསུམ་པ་བྱ་བ་ལས་ཀྱི་འཁོར་ལོ་རྐྱང་པ་ལ་འབད་སྐད་བྱེད་པ་དང་། རང་ཉིད་དང་རང་ཉིད་ཀྱི་འཁོར་ཉུང་ཤས་ཤིག་གི་འཚོ་བ་རྒྱས་སྤྲོས་དང་ཚོན་པོ་སྣུམ་པོའི་ཆེད་དུ་གྲོང་འདབས་ཁྱི་ལྟར་མྱུལ་ནས་འགྲོ་བ། མདོ་སྔགས་ཀྱི་ཆོས་ཚུལ་གང་ལ་ཡང་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པའམ། ཚིག་འབྲུ་ཁ་བྱང་དུ་སོང་བ་མ་གཏོགས་རང་གི་རྒྱུད་ཐོག་ཏུ་མྱོང་བ་གཏན་ནས་མེད་པ། རྒྱུ་རྫས་ཀྱི་རྙེད་པ་ཙམ་གྱི་ཆེད་དུ་ཆོས་ཚོང་བྱེད་པའི་སྤྲུལ་སྐུའི་མིང་ཐོགས་པ་རྣམས་སྤྲུལ་སྐུ་རྫུན་མ་ཡིན་པར་ངོས་འཛིན་བྱེད། མདོར་ན། ཆོས་ནས་བཤད་པའི་བླ་མའི་མཚན་ཉིད་རིམ་པ་རྣམས་བླ་སྤྲུལ་དག་རྫུན་གྱི་ཁྱད་པར་འབྱེད་པའི་ཚད་ཐིག་ཏུ་འཛིན་དགོས། ཚུལ་འདི་ལ་གོ་བ་བརྙེས་ན་ལྟོ་གོས་ལྐོག་སྒྲུབ་བྱེད་པ་ངོ་མ་དང་། མངོན་སུམ་འཛེམས་པ་སྤངས་པ་རྫུན་པར་འཇོག་དགོས་པའི་ངེས་པ་མེད་པའི་ར་འཕྲོད་འབྱུང་། ངས་བསྟན་འགྲོའི་ཤེད་དུ་བབས་པའི་དེང་སང་གི་སྤྲུལ་སྐུའི་གྲངས་བགྲངས་མ་མྱོང་ཡང་། བོད་གཞིས་བྱེས་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་དང་། དབེན་པའི་ནགས་ཁྲོད་དག་ཏུ་ཚེ་འདི་སྣང་གི་ལྟོ་གོས་གཏམ་གསུམ་ལ་ཆགས་པའི་ཞེན་ཐག་བཅད་ནས། ཐོས་བསམ་སྒོམ་པ་ཡ་མ་བྲལ་བས་དམ་པའི་རྣམ་ཐར་སྐྱོང་མཁན་ཅི་ཙམ་ཡོད་པ་ཁྱེད་ཀྱིས་གྲངས་བགྲངས་ཡོད་ཚོད་མི་འདུག དེ་རིང་བྲེལ་བས་མ་ཁོམ་པས་དགོས་པ་ཡོད་ན་རྗེས་སུ་རིམ་པས་ཆོག ཕྱི་ལོ་ ༢༠༠༨ ༡༢ ༡༡
དྲ་དཔོན་ལ་ཟུར་ཞུ། ངའི་ཐོ་མིང་དེ་རྐང་རྗེན་པ་ཞེས་པ་ཡིན་ནའང་བོད་ཡིག་ཏུ་འབྲི་ཐུབ་མ་སོང་། དགོངས་དག དེ་ནས་རྐང་རྗེན་པ་ཞེས་འགོད་རོགས་གནང་།
(གྲོགས་པོ་ལགས། ཁྱེད་ཀྱིས་ཡིག་གཟུགས་དེ་གཅིག་གྱུར་གསང་རྟགས་ཅན་གྱི་ཡིག་གཟུགས་ Unicode ཟེར་བ་སྤྱོད་རོགས། ཁ་བརྡ་དྲ་དེབ་ཀྱིས།)
ཚིག་གསུམ་གཏམ་གྱིས་འབྲེལ་བའི་གཞི་འཛུགས་པ། །མ་འདྲིས་རིག་པའི་གྲོགས་པོ་རིག་རྒྱམ་ལགས། །དྲིས་པའི་ཚིག་ལ་འོས་པའི་ལན་ཞིག་འཆད། །གཏམ་འདི་ཕན་པའི་ནོར་བུའི་སྐྱེས་ཀྱིས་བརྫངས། །
གང་ཟག་གི་ཚོད་གང་ཟག་གིས་འཛིན་པར་མི་བྱ་བ་སྟོན་པ་བདེ་བར་གཤེགས་པའི་བཀའི་ཐ་ཚིག་ཡིན་པར་མ་ཟད། འོ་ཅག་གིས་དངོས་མྱོང་འཚོ་བའི་ནང་དུ་ཡང་། ལྟར་སྣང་གི་རྒྱུ་མཚན་འགའ་ཤས་ལ་བརྟེན་ནས་བཟང་ཐག་བཅད་པ་དང་། དེ་ལྟར་ངན་ཐག་བཅད་པ་ཡང་བཟང་ངན་མཚན་ཉིད་པར་གྱུར་མེད་པའི་གནས་ཚུལ་རང་གཞན་ཀུན་ལ་ལན་གྲངས་མི་ཉུང་བ་བྱུང་ཡོད་ངེས། གནས་ལུགས་འདིས་ང་ཚོའི་ཤའི་མིག་གིས་མཐོང་ཚུལ་ཙམ་གྱིས་མི་བཟང་ངན་དང་སྤྲུལ་སྐུ་དག་རྫུན་གྱི་ཁྱད་པར་འབྱེད་དཀའ་བ་ར་སྤྲོད་བྱེད་ཀྱི་ཡོད། གནད་འདི་འདྲ་ལ་དགོངས་ནས། སྔོན་གྱི་སྐྱེས་བུ་དམ་པ་ཚོས་མི་མཆོག་དམན་ཀུན་ལ་དག་སྣང་འོ་མས་ཁྱབ་པར་བྱ་དགོས་པ་གདམས་པའི་གནད་དུ་བསྩལ་པ་རེད། འོན་ཀྱང་གདམས་པ་འདི་ཉམས་ལེན་དུ་འཁྱེར་མི་ཐུབ་པ་ང་དང་ང་འདྲ་བ་དག་གིས། བསྟན་པའི་དབང་དུ་བྱས་ནས་སྐྱེ་བོ་ཡོངས་ལ་བཟང་ངན་དུ་གྲགས་པའི་སྣང་ཚུལ་གཞི་ལ་བཞག་ནས་སྤྲུལ་སྐུའི་དག་རྫུན་འབྱེད་དགོས་པ་འདོད། སྐྱེ་འགྲོའི་བདེ་སྐྱིད་དང་སངས་རྒྱས་ཀྱི་བསྟན་དོན་དུ་བྱོན་པའི་སྤྲུལ་སྐུ་ཡིན་པ་བདེན་ན། གང་གི་ཆེད་དུ་བྱོན་པའི་སྐྱེ་འགྲོ་དང་བསྟན་པ་ལ་ཕན་པའི་མཛད་རྗེས་རེ་འཇོག་ལོས་དགོས། དེ་གཉིས་ཀྱི་རྩ་བ་༸ཐྲྤཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོའི་སྟེང་ནས་ཡོང་དགོས། འཁོར་ལོ་འདི་གཉིས་དང་བསྟན་བྲལ་ལྟ་བུར་བྱས་ནས། འཁོར་ལོ་གསུམ་པ་བྱ་བ་ལས་ཀྱི་འཁོར་ལོ་རྐྱང་པ་ལ་འབད་སྐད་བྱེད་པ་དང་། རང་ཉིད་དང་རང་ཉིད་ཀྱི་འཁོར་ཉུང་ཤས་ཤིག་གི་འཚོ་བ་རྒྱས་སྤྲོས་དང་ཚོན་པོ་སྣུམ་པོའི་ཆེད་དུ་གྲོང་འདབས་ཁྱི་ལྟར་མྱུལ་ནས་འགྲོ་བ། མདོ་སྔགས་ཀྱི་ཆོས་ཚུལ་གང་ལ་ཡང་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པའམ། ཚིག་འབྲུ་ཁ་བྱང་དུ་སོང་བ་མ་གཏོགས་རང་གི་རྒྱུད་ཐོག་ཏུ་མྱོང་བ་གཏན་ནས་མེད་པ། རྒྱུ་རྫས་ཀྱི་རྙེད་པ་ཙམ་གྱི་ཆེད་དུ་ཆོས་ཚོང་བྱེད་པའི་སྤྲུལ་སྐུའི་མིང་ཐོགས་པ་རྣམས་སྤྲུལ་སྐུ་རྫུན་མ་ཡིན་པར་ངོས་འཛིན་བྱེད། མདོར་ན། ཆོས་ནས་བཤད་པའི་བླ་མའི་མཚན་ཉིད་རིམ་པ་རྣམས་བླ་སྤྲུལ་དག་རྫུན་གྱི་ཁྱད་པར་འབྱེད་པའི་ཚད་ཐིག་ཏུ་འཛིན་དགོས། ཚུལ་འདི་ལ་གོ་བ་བརྙེས་ན་ལྟོ་གོས་ལྐོག་སྒྲུབ་བྱེད་པ་ངོ་མ་དང་། མངོན་སུམ་འཛེམས་པ་སྤངས་པ་རྫུན་པར་འཇོག་དགོས་པའི་ངེས་པ་མེད་པའི་ར་འཕྲོད་འབྱུང་། ངས་བསྟན་འགྲོའི་ཤེད་དུ་བབས་པའི་དེང་སང་གི་སྤྲུལ་སྐུའི་གྲངས་བགྲངས་མ་མྱོང་ཡང་། བོད་གཞིས་བྱེས་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་དང་། དབེན་པའི་ནགས་ཁྲོད་དག་ཏུ་ཚེ་འདི་སྣང་གི་ལྟོ་གོས་གཏམ་གསུམ་ལ་ཆགས་པའི་ཞེན་ཐག་བཅད་ནས། ཐོས་བསམ་སྒོམ་པ་ཡ་མ་བྲལ་བས་དམ་པའི་རྣམ་ཐར་སྐྱོང་མཁན་ཅི་ཙམ་ཡོད་པ་ཁྱེད་ཀྱིས་གྲངས་བགྲངས་ཡོད་ཚོད་མི་འདུག དེ་རིང་བྲེལ་བས་མ་ཁོམ། དགོས་པ་བྱུང་ན་མུ་མཐུད་བགྲོ་གླེང་བྱས་ཆོག ཕྱི་ལོ་ ༢༠༠༨ ༡༢ ༡༡
(གྲོགས་པོ་ལགས། ཁྱེད་ཀྱིས་ཡིག་གཟུགས་དེ་གཅིག་གྱུར་གསང་རྟགས་ཅན་གྱི་ཡིག་གཟུགས་ Unicode ཟེར་བ་སྤྱོད་རོགས། ཁ་བརྡ་དྲ་དེབ་ཀྱིས།)