འཛུམ་ཤུལ་ཐབས་མཁས།
བཀྲ་ཤིས་དོན་འགྲུབ་ཉི་མ།།
བདེ་སྐྱིད་དཔལ་ཡོན་ཉི་མ།།
གངས་ཅན་བོད་ཀྱི་ཉི་མ།།
འཛམ་གླིང་ཡོངས་ཀྱི་ཉི་མ།།
མི་རིགས་ཞིག་གི་མགོན་སྐྱབས།།
རིག་གཞུང་ཞིག་གི་ཚེ་སྲོག།
གངས་ལྗོངས་མང་གཙོའི་དབུ་ཁྲིད།།
འཛམ་གླིང་ཞི་བདེ་དེད་དཔོན།།
༧རྒྱལ་བ་བསྟན་འཛིན་རྒྱ་མཚོ།།
ང་ཡི་སེམས་ཀྱི་ཉི་མ།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི།།
སྐྱབས་འཇུག་སྙིང་ནས་ཞུའོ།།
༢༠༢༡/༦/༣ཨོ་གླིང་ནས་བྲིས།