ཁ་སང་གྲོགས་པོ་ཞིག་ལ་གླེང་སློང་ཞུས་སྐབས། “དེང་སང་བོད་ཡིག་གི་ “འབྲེལ་སྒྲ་”ཡི་ནུས་པ་ཉམས་འདུག་ཅེས་གསུངས་བྱུང་། ཁོང་གི་བསམ་ཚུལ་ནི་དཔེར་ན་དབྱིན་ཡིག་ཏུ་ཡོད་པའི་ཚིག་ “according to a Dharamsala-based Tibetan human rights group” ལྟ་བུ་ཞིག་ཡིན་ན། བོད་ཀྱི་གསར་འགྱུར་བརྒྱུད་ལམ་དག་ན། “རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་ལྟར་ན།”ལྟ་བུར་བསྒྱུར་ཏེ། “རྟེན་གཞི་བྱས་པ་”ཞེས་པའི་ཚིག་གསར་ཞིག་ལ་སྐྱབས་བཅོལ་ཞུས་འདུག་གསུངས། འདི་དག་ནི་ངོ་མ་བཤད་ན། འབྲེལ་སྒྲའི་ལས་ཀ་ཞིག་རེད། “རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག” ཟེར་བ་ལྟ་བུས་འགྲིག་པ་རེད་གསུངས།
ངས་བསམ་བློ་ཞིག་བཏང་། ལྷ་སའི་ཇོ་ཁང་དང་། རྒྱ་གར་གྱི་པཎ་ཌི་ཏ། སེ་རའི་རྟ་མགྲིན་ལྷ་ཁང་། ཕ་ཡུལ་གྱི་རྩྭ་ཐང་། འདི་ཚང་མ་འབྲེལ་སྒྲས་བསྡུས་པ་རེད། བོད་ཡིག་གི་འབྲེལ་སྒྲ་འདི་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན་པ་རེད། དེས་ན། བོད་སྐད་ལ་དབྱིན་ཇིའི་སྐད་ཡིག་གི་ཤུགས་རྐྱེན་ཐེབས་ཏེ་བོད་ཀྱི་འབྲེལ་སྒྲ་ཉམས་བཞིན་པ་ཡིན་ནམ།
དྷ་རམ་ལ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཟེར་དུས། རྟེན་གཞི་དེ་ལ་བྱས་པ་མ་གཏོགས། དེའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མིན་པ་ཞིག་གསལ་པོ་གོ་ཐུབ་ཀི་འདུག
“རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག” ཟེར་དུས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་དྷ་རམ་ས་ལ་རང་གི་ཡིན་པ་འདྲ་ཞིག་གོ་གི་འདུག་ག
བཀུར་འོས་ཁང་གསར་ལགས་་་་་་
དྷ་རམ་སའི་བོད་ཀྱི་འགྲོ་བ་མའི་ཐོབ་ཐང་ཟེར་དུས་་་་་་དྷ་ས་ཁོ་ནར་གོ་ན་ཅུང་འགྲིག་གི་མི་འདུག་སྙམ།
འབྲེལ་སྒྲ་འདིས་ཚོགས་པ་འདིའི་རྟེན་གཞི་སྟོན་པ་ཙམ་ལས་དོན་ལ་བོད་སྤྱིའི་ཐོབ་ཐང་ཚོགས་པ་ཡིན་པར་འགྲེལ་དགོས་པ་རེད།
དཔེར་ན་་་་་ལྷ་སའི་་་་ཇོ་བོ་ཟེར་དུས་་་་་ལྷ་ས་རང་གི་ཡིན་པ་ལས་་་་་གཞན་གྱི་མིན་ཚུལ་འགྲེལ་དགོས་ན་ཅུང་ཐལ་ཆེ་བར་འདོད་ཀི་་་་་་འདི་ནི་ངའི་བསམ་ཚུལ་ཡིན་ལགས།
རྟེན་གཞི་བྱས་པའི་ཞེས་ལབ་དགོས་དོན་མི་འདུག དྷ་རམ་ས་ལར་ཡོད་པའི་ལབ་ན་འགྲིག་གི་འདུག
གང་བཙན་བྱོལ་ནང་དུ་དེང་སང་བོད་ཡིག་ཚིག་རྙོག་མང་པོ་ཞིག་འབྲི་གི་འདུག དཔེར་ན། བཙུགས་པ་རེད་ཅེས་པར། འཛུགས་པ་གནང་བ་རེད་ཟེར་བ་ལྟ་བུ་མི་དགོས་པའི་ཚིག་རྙོག་མང་པོ་ཞིག་བེད་སྤྱོད་གཏོང་གི་འདུག ད་དུང་གད་མོ་ཤོར་དགོས་པ་ཞིག་ལ། གར་སྟེགས་ཐོག་ཏུ་ཕེབས་ཤོག་ཅེས་པའི་དོན་དུ། གར་སྟེགས་ཐོག་ཏུ་ཆིབས་བསྒྱུར་གནང་ཤོག་ཟེར་བ་ལྟ་བུ་གང་ལྟར་དེང་སང་བོད་པའི་སྤྱི་ཚོགས་ནང་དུ་བོད་སྐད་དང་བོད་ཡིག་དེ་རྩ་མ་ཚང་བ་ཞིག་ཏུ་འགྱུར་བཞིན་པ་རེད་འདུག
“according to a Dharamsala-based Tibetan human rights group”
“རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་ལྟར་ན།”
“རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་ལྟར་ན།”
“according to a Dharamsala’s Tibetan human rights group”
རབ་གི་ཨིན་བོད་བསྒྱུར་སྟངས་རང་སྦྱོང་གི་ཚུལ་དུ་བྱས།
དགེ་འདུན་རབ་གསལ་ལགས།
ཁ་ས་གུས་པས་དོགས་འདྲིའི་ཚུལ་དུ་བོད་ཡིག་གི་འབྲེལ་སྒྲ་དང་འབྲེལ་བའི་ཚིག་གྲུབ་ཞིག་བཀོད་ནས་དེའི་འབྲེལ་སྒྲ་རྣམས་ཉུང་དུ་གཏོང་ཐབས་ཀྱི་བློ་འདྲིས་ཡོད་པ་དེ་བསུབ་འདུག
རེ་བར་འདི་ཡང་བསྐྱར་འཇོག་ནས་མཁས་དབང་གཞན་རྣམས་ཀྱི་བཀའ་སློབ་ཤིག་ཡོང་བའི་རོགས་པ་གནང་རོགས།
འབྲེལ་སྒྲ་གང་ན་ཉམས་འདུག་གསལ་སྟོན་བྱོས་དང་
ཚངས་དབྱངས་ལགས།
ཁྱེད་ཀྱིས་དྭོགས་འདྲི་ཞིག་བྲིས་ཡོད་གསུངས་པ་དེ་གསུབ་མེད། གང་དུ་ཡོད་ཀྱང་མ་ཤེས། གང་ལྟར་ཉིད་ཀྱིས་ཡང་བསྐྱར་འདིར་འགོད་ཐུབ་བམ།
མེ་ཏོག་དཀར་པོ་ལགས།
ངས་འབྲེལ་སྒྲ་ཉམས་བཞིན་པ་ཞེས་པའི་དཔེ་མཚོན་འགའ་བཀོད་ཡོད། དེ་ཡང་བོད་སྐད་ལ། ལྷ་སའི་ཇོ་ཁང་ཞེས་ཇོ་ཁང་དང་ལྷ་ས་གཉིས་ཀྱི་བར་འབྲེལ་སྒྲ་བཞག་ནས་འབྲི་སྲོལ་དང་བཤད་སྲོལ་ཡོད། ད་ལྷ་སར་རྟེན་གཞི་བྱས་པའི་ཇོ་ཁང་ཞེས་འབྲི་དགོས་པ་ཨེ་འདུག་ཅེས་དྲན་པ་རེད།
རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གིས་བོད་ཀྱི་སྐད་ཡིག་སྐོར་ལ་ཚོགས་འདུ་ཞིག་བསྐོངས་ཞེས་བྲིས་ན་འཐུས་མོད། འོན་ཀྱང་དེང་སང་གི་བོད་ཡིག་ཐོག་འབྲི་བཤད་བྱེད་པའི་གསར་འགྱུར་དག་ན། རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་ཞེས་པ་ལྟ་བུ་བྲིས་ཡོང་གི་འདུག ངས་འདིའི་ཡོང་ཁུངས་བཙལ་བ་ཡིན། དེ་ནི་གསར་འགྱུར་ཞིག་དབྱིན་ཡིག་ཏུ་ཡོད་ཚེ། དེར་ ལས་ཁུངས་དེ་གང་དུ་ཡོད་མེད་སྟོན་ཆེད། ས་ཆ་གང་དུ་གནས་བཅས་པ་དེ་བཤད་སྲོལ་ཞིག་འདུག དེ་དག་བོད་སྐད་དུ་བསྒྱུར་སྐབས་ཧ་ལམ་ཚིག་སྒྱུར་བྱས་ཏེ། འབྲེལ་སྒྲའི་ནུས་པ་ཞིག་ཡོད་པ་དེ་ཉམས་དམས་སུ་བཏང་འདུག་དྲན།
འདི་དང་ཆ་འདྲ་བ་ཞིག་ལ་ལོ་ཟླ་དུས་ཚོད་འགོད་སྟངས་དེ་རེད། བོད་སྐད་ལ་ འདི་དང་དེ་ཞེས་པའི་ཕྲད་འདི་མིང་གི་རྗེས་ལ་འགོད། འོན་ཀྱང་། བཙན་བྱོལ་གསར་འགྱུར་གྱི་དག་ན། ལོ་འདི་ཞེས་པའི་དོད་ལ། འདི་ལོ་ཞེས་འབྲི་སྲོལ་ཞིག་དར་འདུག འདི་ཡང་དབྱིན་ཇིའི་སྒྲ་ཐད་བསྒྱུར་བྱས་པ་ཞིག་རེད།
འབྲེལ་སྒྲ་ཉམས་ཀྱིན་ཡོད་མིན་མི་ཤེས་ཏེ་བྱེད་སྒྲ་ཏན་ཏན་ཉམས་འགྲོ་གིན་འདུག དཔེར་ན། བོད་གཞུང་གིས་ཟེར་བ་ལྟ་བུ་ལ་བོདགཞུང་ནས་ཟེར་བ་དང་། རྒྱལ་བ་རིན་པོ་ཆེས་ཟེར་བ་ལ་རྒྱལ་བ་རིན་པོ་ཆེ་ནས། བདེ་སྲུང་སྐུ་ངོ་གསུངས་ཟེར་བ་ལ་བདེ་སྲུང་སྐུ་ངོ་ནས་གསུངས། མདོར་ན་བྱེད་སྒྲའི་ཚབ་ལ་ནས་ཟེར་བ་ཞིག་བཅུག་ཡོང་གིན་འདུག
བོད་རྒྱལ་ཁབ་རྒྱ་མི་ལ་ཤོར་ཚར་བ་རེད། བོད་ཀྱི་སྐད་ཡིག་གི་རང་བཙན་དབྱིན་ཡིག་ལ་ཤོར་འགྲོ་གི་འདུག འདི་ལོ་ཞེས་ཨིན་ཡིག་གི་འབྲི་ལུགས་རེད། this year ཞེས་པ་ཐད་ཀར་འདི་ལོ་ཞེས་ཕབས་པ་རེད། ཡིག་གཟུགས་ཙམ་ལས་བརྡ་སྤྲོད་ཀྱི་འགྲོ་ལུགས་དབྱིན་ལུགས་རེད། འདི་ནི་བོད་མི་ཡིན་ཡང་རྒྱ་སྐད་བཤད་མཁན་གྱི་བོད་པ་འདྲ་བོ་རེད། དེང་སྐབས་བོད་ཡིག་གིས་ཀྱང་བོད་སྐད་མི་བཤད་པར་དབྱིན་སྐད་སོགས་བཤད་ཀྱི་འདུག དེང་སྐབས་བོད་ཡིག་གིས་ཀྱང་བོད་སྐད་བཤད་ཀྱི་མི་འདུག བྱེད་འབྲེལ་མཉམ་པ་མ་རེད། བོད་ཡིག་གིས་བོད་སྐད་བརྗེད་འགྲོ་ཡོད་པ་རེད། དེང་སྐབས་བོད་པ་མང་པོས་བོད་སྐད་ཤེས་ཀྱི་མེད་ཙང་བོད་ཡིག་གིས་ཀྱང་བོད་པ་ཚོར་བརྡ་འཕྲོད་ཆེད་དབྱིན་སྐད་བརྒྱག་གི་ཡོད་པ་རེད།
ཀི་འདི་གང་ནས་བྱུང་བ་རེད་དམ།
འབྲེལ་སྒྲའི་ཚབ་མཚོན་བྱེད་ཐུབ་བམ། དེང་སྐབས་རང་རང་སོ་སོས་རང་ལུགས་གསར་གཏོད་རེ་བྱས་ཏེ། ཀི་འདིས་ཀྱང་རང་ཉིད་ཀྱི་ཐོབ་ཐང་རྩོད་བཞིན་འདུག
ཀི་སྒྲའི་སྐོར་ལ་སྟག་སྨྱོན་གྱིས་མང་པོ་ཞིག་གསུངས་པ་དྲན།
ཀི་འདི་ཇི་ལྟར་བེད་སྤྱོད་གཏོང་དགོས་སམ།
དང་པོ། སྐྱབས་བཅོལ་ལགས་ཀྱིས་དྲན་གསོས་པ་ལས་གཞན་ངས་སྔར་ལོའི་གླེང་གཞི་རྙིང་པ་དེ་ཡང་བསྐྱར་རྩོད་རྒྱུའི་སེམས་ཤུགས་མི་འདུག ལྷག་པར་དུས་བབ་ཚང་དང་མཉམ་དུ་དབུགས་ཐག་གིས་འདང་གིན་མི་འདུག ད་ནས་ཀི་སྒྲའི་སྐོར་ལ་དུས་བབ་ཚང་གིས་ག་རེ་གསུང་ན་དེ་ག་རང་རེད་མ་གཏོགས། ཁ་ཚོར་ཁ་གཏད་ཆོག་མཁན་གྱི་བུ་རྒོད་དབུགས་ཐག་རིང་པོ་ཞིག་ཡོད་པ་མ་རེད། ང་ལ་འདིའི་སྐོར་ཕན་ངེས་ཀྱི་ལེགས་བཤད་ཡོད་སྲིད་ཀྱང་དུས་བབ་ཚང་དང་མཉམ་དུ་གྲོས་ཆོད་ཅིག་མ་བཞག་པར་བཤད་འདོད་མེད།
གཉིས་པ་། མི་མང་པོ་ཞིག་གིས་བོད་ཡིག་དབྱིན་ཡིག་དམན་པར་ལྟ་གི་འདུག དེ་ཚོ་ཡི་གེ་ལ་གཏན་ནས་རྒྱུས་མེད་པ་དང་རྦད་དེ་ནོར་བ་རེད། ཚན་རིག་པ་སོགས་འཛམ་གླིང་གི་མཁས་པ་གྲགས་ཆེས་མང་པོ་ཞིག་གིས་དབྱིན་ཡིག་བེད་སྤྱོད་བྱེད་ཀྱི་ཡོད་ཙང་དབྱིན་ཡིག་རྩ་ཆེ་མདོག་ཁ་བོ་མཐོང་གི་ཡོད་པ་རེད་མ་གཏོགས། སྐད་ཡིག་རང་གི་ངོས་ནས་གླེང་ན་དབྱིན་ཡིག་གིས་བོད་ཡིག་འགྲན་ཟླ་ཡོང་གི་མ་རེད། དཔེར་ན་གོང་དུ་བཤད་པ་ལྟར་བོད་ཡིག་གཙང་མའི་ནང”ལོ་འདི”ཞེས་འབྲི་གི་རེད། འོན་ཀྱང་དབྱིན་ཡིག་འགྲོ་ལུགས་ལྟར”འདི་ལོ”ཞེས་བྲིས་ནའང་རྦད་དེ་བརྡ་མི་འཕྲོད་པ་དང་། ཡང་ན་འབྲི་ནོར་ཆེན་པོ་ཞིག་ཏུ་མཐོང་གི་རེད། འདི་ཐོག་ནས་བོད་ཡིག་འབྲི་ཀློག་གི་སྐབས་སུ་དབྱིན་ཡུག་ལས་རྦད་དེ་གུ་ཡངས་པོ་ཡོད་པ་མཚོན་པ་རེད། དབྱིན་ཡིག་ནང་This year ཞེས་པ་ཁོ་ན་ལས་བོད་ཡིག་གི་འགྲོ་ལུགས་ལྟར་ year this ཞེས་ཡི་གེ་དེ་གཉིས་གོ་གནས་ཕྲན་བུ་བརྗེ་བ་ཙམ་གྱིས་བརྡ་མི་འཕྲོད་པའི་ཁ་གཞུག་གོ་ལོག་ཆེན་པོ་ཞིག་ཏུ་མཐོང་གི་རེད། འདིའི་ཐོག་ནས་བོད་ཡིག་གི་འགྲོ་ལུགས་དེ་དབྱིན་ལས་གུ་གུ་ཡངས་པོ་ཡོད་མཐོང་གི་འདུག
གསུམ་པ། བོད་ཡིག་འབྲི་དུས་ཚེག་བཞག་ནས་བར་སྟོང་མེད་པར་འབྲི་གི་རེད། འོན་ཀྱང་དབྱིན་ཡིག་ལ་ལད་ཟློས་ཀྱིས་བར་སྟོང་བཞག་ཏེ། དཔེར་ན་ངས་བོད་ཡིག་མི་ཤེས་ཙང་བོད་ཡིག་ཡག་པོ་མི་འདུག ཞེས་པ་བར་སྟོང་བཞག་ནས་ ངས་ བོད་ཡིག་ མི་ཤེས་ ཙང་ བོད་ཡིག་ ཡག་པོ་ མ་རེད། ཞེས་བྲིས་ནའང་བོད་ཡིག་གི་སྤུས་ཚད་ལ་གཏོར་བཤིག་ཆེན་པོ་ཐེབས་པ་ལས་བརྡ་འཕྲོད་འགྲོ་གི་འདུག Tibetan laugauge is not good since i don’t know it. ཞེས་འབྲི་ལུགས་བར་སྟོང་ཅན་འདི་ཁོ་ན་ལས། Tibetan་laugauge་is་not་good་as་i don’t་know་it. ཞེས་བོད་ལུགས་སུ་བྲིས་ན་གཙང་མ་མེད་ཅིང་སྦྱོར་ཀློག་མི་ཐུབ་པའི་ཁ་གཞུག་གོ་ལོག་ཆེན་པོ་ཆགས་འགྲོ་འདུག རྒྱུ་མཚན་འདི་དག་གི་ཐོག་ནས་བོད་ཡིག་རྦད་དེ་དབྱིན་ཡིག་ལས་འབྲི་ཀློག་གུ་ཡངས་པོ་ཡོད་པ་སྟོན་གྱི་ཡོད་པ་རེད། བོད་ཀྱི་སྐད་ཡིག་རང་གི་ནུས་པ་ཆེན་པོ་ཡིན་པ་མཚོན་གྱི་ཡོད་པ་རེད། ད་དུང་ཧམ་པ་བཤད་ན་འདི་འདྲ་རེད། བོད་ཡིག་གིས་དབྱིན་སྐད་མཁྲེགས་མཁྲེགས་བཤད་ཐུབ་ཀྱི་འདུག འོན་ཀྱང་དབྱིན་ཡིག་གིས་བོད་སྐད་བཤད་ཐུབ་ཀྱི་མི་འདུག་ལབ་ཆོག་གི་རེད།
དཔེ་བཞགན་བོད་པའི་ཕོ་སར་ཚོས་དབྱིན་མོ་མགོ་སེར་མ་ལོ་ང་བཅུ་དྲུག་ཅན་ཚོས་དགའ་བོ་སྒྲིག་རྒྱུ་དང་འཆང་ས་བརྒྱག་རྒྱུར་སྤཽབས་པ་བྱེད་ཅིང་། ཁོའི་སྐྱེས་དམན་དབྱིན་ཇི་རེད་གདའ་ཟེར་ནས་ངོམ་སོ་བྱེད་ཅིང་ རྣམ་པ་དང་ལོ་ཚད་གང་ཐད་ནས་གྱོང་མེད་པའི་བོད་པའི་བུ་མོར་མཐོང་ཆུང་བྱེད་པ་གཅིག་མཚུངས་རེད། དེ་ནི་བདེན་པ་མ་ཡིན་པའི་རྒྱུ་མཚན་གཞན་ཞིག་ཡོད་པ་ལས། བོད་པའི་བུ་མོ་ཚོའི་སྟུ་དབྱིན་ཇི་རྒན་མོ་ཚོའི་སྟུ་ལས་ཆེ་བ་དང་རྩུབ་པ་ཡོད་པའི་སྐྱོན་མ་རེད།
ནོར་བཅོས། ་་་་་་་་་་མི་མང་པོ་ཞིག་གིས་བོད་ཡིག་དབྱིན་ཡིག་ལས་དམན་པར་ལྟ་གི་འདུག ་་་་་་་་་་་་
རབ་གསལ་ལགས།
ཐུགས་རྗེ་ཆེ། ཡང་བསྐྱར་བཀོད་ཡོད།
མཁས་དབང་ཚོ་གཤམ་གྱི་ཚིག་གི་བརྗོད་པ་དེ་ལ་འབྲེལ་སྒྲ་མང་སྟབས། ཡིག་ངག་གཉིས་ཀར་མི་བདེ་བས། འདི་ལ་དགོངས་འཆར་གསུངས་རོགས།
“ཡོ་རོབ་ཀྱི་སུད་སིའི་རྒྱལ་ཁབ་ཀྱི་རྒྱལ་ས་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཨེ་ཤ་ཡའི་སྡེ་ཚན་གྱི་ཞིབ་འཇུག་ཚན་པའི་དབུ་འཛིན་ཆེན་མོའི་གསུང་བཤད་ཀྱི་སྒྲ་ཕབ།”
སྟག་སྨྱོན་འདི་བུ་རྒོད་པོ་ཞིག་ཡིན་བསམ་བྱུང་།
དུས་བབ་ཚང་གི་རང་ལུགས་ལ་རྒོལ་དགོས་མི་འདུག་ལ།
རྒོལ་ཀྱང་དོན་མེད་སྟོང་ཟད་རེད། དུས་བབ་གསར་འགོད་པ་ཚོར་ཡང་་ཐུན་མོང་བའི་རང་ལུགས་ཤིག་མེད་པ་འདྲ།
མཚམས་རེ། ད་བ་ས་རྗེས་འཇུག་དང་། ད་ས་གཉིས་ཀྱི་ཡང་འཇུག་ཡོད་སར་ཀྱི་བྲི་གིན་འདུག་ལ།
སྐབས་རེ། ད་བ་ས་ཡི་རྗེས་འཇུག་དང་། ད་ས་གཉིས་ཀྱི་ཡང་འཇུག་ཙམ་མ་ཟད།
ན་མ་ར་ལའི་རྗེས་སུ་ཡང་ཀི་ཁོ་ན་སྤྱོད་བཞིན་འདུག སྐབས་རེ་དུས་ལྟ་བ་སྟོན་པའི་ཚིག་ཀྱིན་དང་གྱིན་ལྟ་བུར་ས་མཚམས་ཤིག་ཀྱང་མི་འདུག།
བོད་སྐད་ཡིག་ཚེ་སྲོག་སྐྱོབ་འདོད་ན།།
ཉིན་འཚོ་བའི་ཁྲོད་ནས་ཐུགས་སྣང་མཛོད།།
ཁ་གང་བདེ་བདེན་པར་བཟུང་གྱུར་ན།།
གཞུང་ལག་ལེན་ཁ་བྲལ་འགྲོ་ཉེན་ཡོད།།
འབྲེལ་སྒྲའི་སྐོར་འདི་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་འདྲ།
ད་བར་འབྲེལ་སྒྲའི་ཕྲད་ཀྱི་སྐོར་རྩོམ་ཡིག་དང་བཀའ་སློབ་རིམ་པར་བྱུང་ཚུལ་འདི་འདྲ་རེད།
དང་པོ། གི་སྒྲའི་བཙན་འཛུལ་སླེབས་འདུག ངག་དབང་རྡོ་རྗེ།
གཉིས་པ། གི་སྒྲའི་རང་བཙན་སླར་གསོ། དོན་གྲུབ་བཀྲ་ཤིས།
གསུམ་པ། གི་སྒྲའི་འཕྲོས་དོན། རཀ་རིན་པོ་ཆེ།
བཞི་པ། གི་སྒྲ་ལས་འཕྲོས་པའི་གཏམ། རིགས་སློབ་ངག་རྣམ།
ལྔ་པ། ཀི་སྒྲ་དང་ཀྱི་སྒྲ་གླེང་བ། ཨ་འབྲུག་དཀོན་མཆོག
དྲུག་པ། ༸གོང་ས་མཆོག་གིས་བོད་ཁྱིམ་དུ་བཀའ་ཆོས་གནང་སྐབས། གི་སྒྲའི་སྐོར་གྱི་འཕྲོས་དོན་དེ་རེད།
བདུན་པ། རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཀྱང་དེའི་སྐོར་ཟུར་ཙམ་སྨྲོས་འདུག
ད་དུང་དྲ་ངོས་ནས་དྲ་གྲོགས་ཚོས་སྤེལ་གནང་བའི་འདི་འབྲེལ་རྩོམ་ཡིག་ཡོད་སྲིད་ལ། འདི་འབྲེལ་གྱི་མཆན་ནི་ཆེས་ཧ་ཅང་མང་ངོ་། །
གནད་དོན་འདི་ནི་སུ་ཞིག་གིས་ཀྱང་གནས་སྐབས་རིང་ཐག་གཅོད་ཐབས་བྲལ་ལ། ཐག་བཅད་ཀྱང་ལག་ལེན་སྟེང་ནས་འབྲི་ལུགས་སྣ་ཚོགས་སུ་མུ་མཐུད་གནས་ངེས་རེད།།
འདི་ནི་མཁྱེན་རྟོགས་སླད་སྨྲོས་པ་ཙམ་ཡིན། །
“ཡོ་རོབ་ཀྱི་སུད་སིའི་རྒྱལ་ཁབ་ཀྱི་རྒྱལ་ས་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཨེ་ཤ་ཡའི་སྡེ་ ཚན་གྱི་ཞིབ་འཇུག་ཚན་པའི་དབུ་འཛིན་ཆེན་མོའི་གསུང་བཤད་ཀྱི་སྒྲ་ཕབ།”
“ཡོ་རོབ་སུད་སི་རྒྱལ་ཁབ་རྒྱལ་ས་ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཨེ་ཤ་ཡའི་སྡེ་ ཚན་ཞིབ་འཇུག་ཚན་པ་དབུ་འཛིན་ཆེན་མོའི་གསུང་བཤད་ཀྱི་སྒྲ་ཕབ།”
འབྲེལ་སྒྲ་༡༠ལས་༦ཉུང་དུ་བཏང་ན་གོ་ནོར་ག་ཚད་ཐེབས་སྲིད་དམ།
འདི་ལོ་ཟེར་བ་དེ་དབྱིན་ཡིག་ནས་བྱུང་བ་ཅང་ཡིན་ས་མ་རེད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཆབ་ཤོག ༸རྒྱལ་མཆོག་ལྔ་པ་ཆེན་པོའི་གསུང་རྩོམ། ༡༩༥༩ ལོའི་གོང་གི་བོད་གཞུང་ལ་ཕུལ་བའི་སྙན་ཞུ་དེ་འདྲའི་ནང་ལའང་འདི་ལོ་ཞེས་གསལ་བ་འདུག དཔེར་ན། འདི་ལོ་ངམ་རིང་དུ་སད་སེར་གྱིས་སྟོན་ཉེས་ཚབས་ཆེན་བྱུང་ཞེས་པ་ལྟ་བུ་རེད།
བོད་ཡིག་གི་དཔེ་རྙིང་དང་སྐད་འགྲོས་ལ་ཐུགས་སྣང་ཅུང་ཟད་ཡོད་པ་ཞིག་ཡིན། འདི་ལོ་དང་མཚུངས་པའི་མིང་ཚིག་མང་དུ་ཡོད་པར་ཐུགས་སྣང་འབྱུང་ངེས། དཔེར་ན། འདི་ཁུལ་དང་དེ་ཁུལ། འདི་ཕྱོགས་དང་དེ་ཕྱོགས། འདི་དུས་དང་དེ་དུས། འདི་གར་དང་དེ་གར། འདི་ཟླ་དང་འཆར་ཟླ། འདི་ཀོ་དང་དེ་ཀོ། འདི་ཉིད་དང་དེ་ཉིད། འདི་ཚོ་དང་དེ་ཚོ། འདི་དག་དང་དེ་དག འདི་པ་དང་དེ་པ། འདི་བཞིན་དང་དེ་བཞིན། འདི་མུར་དང་དེ་མུར། འདི་རིགས་དང་དེ་རིགས་ལྟ་བུ་ཡིན། འདིའི་གྲས་ནས་འདི་ཁུལ་དང་འདི་ཕྱོགས་ལྟ་བུ་ནི། ཁུལ་འདི་དང་ཕྱོགས་འདི་ཞེས་སོགས་སུ་བྲིས་ཀྱང་ཆོག་མོད། འདི་ཚོ་དང་འདི་པ། འདི་བཞིན་སོགས་ནི། ཚོ་འདི་དང་པ་འདི། བཞིན་འདི་སོགས་སུ་བྲིས་ན་མི་འགྲིག་པ་ཤིན་ཏུ་གསལ་བས། དཔྱད་པ་མེད་པར། བོད་ཚིག་འཁྲུལ་མེད་འདི་ཚོར་དབྱིན་ཡིག་གི་ཁྲག་རྒྱུན་ཞུགས་པའི་ཉེས་པ་མི་འགལ་བར་འཚལ་ལོ།། །།
རྩོམ་དང་མཆན་ཚང་མ་ཐེངས་གཅིག་ཀློག་པ་ཡིན། ད་གསར་པ་ཅང་བཤད་རྒྱུ་མེད། ཁང་གསར་རྡོ་རྗེ་ལགས་ཀྱིས། རབ་གསལ་དང་སྟག་སྨྱོན་གཉིས་ཀྱི་ལོག་བཤད་ཀྱི་ལྕེ་བཅད་ནས་ཐང་ལ་གཡུག་འདུག་པར་དཔའ་དར་ཡོད།
བོད་ཡིག་དབྱིན་ཡིག་ལས་དམན་པར་ལྟ་མཁན་ཚོར་ནོར་བ་མིག་མཐོང་ཆེད་བོད་ཡིག་ནང་འདི་ལོ་ཞེས་དབྱིན་ཡིག་གི་འགྲོ་ལུགས་ལྟར་བྲིས་ན་གོ་བ་དང་། དེ་ལས་ལྡོག་ཏེ་ལོ་འདི་ཞེས་བྲིས་ནའང་འགྲིག་གི་རེད། དབྱིན་ཡིག་ནང་this year ཁོ་ན་ལས་འགྱུར་བ་ཕྲན་བཏང་ན་རྦད་དེ་མ་འགྲིག་པ་ཆགས་འགྲོ་གི་རེད། དཔེ་ཆུང་ཆུང་འདིས་སྐད་ཡིག་་རང་གི་ངོས་ནས་བཤད་ན་བོད་ཡིག་དབྱིན་ཡིག་ལས་དམན་པ་མ་ཡིན་པ་མ་ཟད། སྐབས་རེ་བོད་ཡིག་གི་འབྲི་ཀློག་དབྱིན་ཡིག་ལས་གུ་ཡངས་པོ་ཡོད་པ་མཚོན་རེད། ཡིན་ཡང་བོད་ཡིག་ལ་ཚན་རིག་སོགས་དེང་རབས་ཀྱི་ཤེས་བྱའི་མིང་ཚིག་དང་ནང་དོན་དབྱིན་ཡིག་ནང་བཞིན་ཕུན་སུམ་ཚོགས་པོ་ཡོད་མ་རེད། དེ་ནི་བོད་མི་ཚོའི་ཀླད་པའི་ནང་ན་ཚན་རིག་སོགས་དེང་སང་གི་ཤེས་བྱ་མེད་པ་དང་མི་རིགས་རང་གི་ཀླད་པའི་ནང་མེད་པའི་ཤེས་བྱ་དག་གི་མིང་ཚིག་རྣམས་མི་རིགས་དེའི་སྐད་ཡིག་གི་ནང་ལའང་ཡོད་ས་འགྲོ་གི་མ་རེད། རྡོག་རྡོག་བོད་མི་ཚོར་སློབ་སྦྱོང་མེད་ཙང་སྐད་ཡིག་ཕུན་སུམ་ཚོགས་པོ་ཡོད་ནའང་ནུས་པ་ལྡན་པ་བེད་སྤྱོད་གཏོང་ཐུབ་ཀི་མེད་རེད། སྐད་ཡིག་སྐྱོ་བོ་རེད་མདོག་གིས་བཅོས་བསྒྱུར་སྣ་ཚོགས་བྱེད་རྒྱུར་འབད་བཞིན་པ་་དག་གིས་གཏོར་བརླག་གི་ལས་འགུལ་རྣམས་མཚམས་འཇོག་རེས་འདིར་སྐབས་རེ་རྩོད་ཀྱི་ཡོད། དབྱིན་ཡིག་ནང་སྤྱོད་བཞིན་པའི་མཚན་རིག་གི་མིང་ཚིག་རྣམས་ཀྱང་སྐད་ཡིག་རང་འགུལ་གྱིས་བཟོས་ནས་མིའི་ལྐད་པའི་ནང་ཚུར་བཅུག་བཞག་པ་མ་རེད། དེ་ལས་ལྡོག་ཏེ་ཤེས་བྱ་རེ་རེ་བཞིན་གསར་གཏོད་བྱེད་མཁན་གྱི་མི་སྒེར་སོ་སོའི་འདོད་པ་ནང་བཞིན་མིང་བཏགས་ནས་ཚུར་སྐད་ཡིག་གི་ནང་ལ་བསྣན་པ་རེད། དཔེར་ན། Golgi complex ཞེས་པ་ ༡༨༩༨ ལོར་ཨི་ཏྲ་ལིའི་སྨན་པ་Camillo Golgi ལགས་ཀྱིས་གསར་དུ་རྙེད་པའི་མཁལ་མའི་གྲུབ་ཆ་ཞིག་རེད། བྱས་ཙང་ཁོང་གིས་རྙེད་པའི་རིག་པ་དེ་ལའང་ཁོ་རང་གི་མིང་ Golgi ཞེས་བཏགས་ནས་རྒྱལ་སྤྱིའི་ཤེས་བྱའི་ནང་བཅུག་ཡོད་པ་རེད། དེ་ནི་ང་ཚོས་ཕྲུ་གུ་གསར་བ་རེ་སྐྱེས་པ་དང་མིང་གསར་བ་རེ་བཏགས་ནས་མི་གཞན་པ་ཚོར་ངོ་སྤྲོད་བྱེད་སྲོལ་ཡོད་པ་དང་གཅིག་རེད། ཕྲུ་གུ་མེད་མཁན་གྱི་ཕ་མ་ཚོར་ཕྲུ་གུའི་མིང་ཡང་མེད་པ་ནང་བཞིན། བོད་ལ་ཚན་རིག་གི་བུ་ལོ་སྐྱེས་མེད་ཙང་ཚན་རིག་གི་མིང་ཚིག་ཀྱང་ཡོད་པ་མ་རེད། བོད་ཡིག་གི་ནང་ལ་ཚན་རིག་གི་མིང་ཚིག་མེད་པའི་རྐྱེན་གྱིས་བོད་ལ་ཚན་རིག་དར་མ་ཐུབ་པ་མ་རེད། བོད་པ་ཚོས་ཚན་རིག་སོགས་ཤེས་སོང་ན་མིང་སོ་སོའི་འདོད་པ་ནང་བཞིན་བཏགས་ཆོག་གི་རེད། སྨོན་ལམ་ཡིག་གཟུགས་ཟེར་བ་ལྟ་བུ་མི་རང་གིས་འཇོན་ན་མིང་སོགས་ག་རེ་བཏགས་བཏགས་རེད། སྨོན་ལམ་ལགས་ཀྱིས་མིང་འདོགས་སྟངས་འདི་ཚན་པ་ཚོའི་རྒྱུན་ལྡན་གྱི་བྱེད་སྟངས་ཞིག་རེད། ཡང་སྙིང་མིས་མ་འཇོན་པ་ཚང་མ་སྐད་ཡིག་ལ་གཡོག་ནས་སྐད་ཡིག་ལ་བཅོས་བསྒྱར་གང་བྱུང་བྱེད་བཞིན་པ་ནོར་འཁྲུལ་ཡིན་པ་གོ་བརྡ་ཨེ་འཕྲོད་འདོད་ནས་ཁྲག་ཐིག་ནང་བཞིན་གྱི་རྩ་ཆེའི་ཆུ་ཚོད་སྐར་ཆ་འགའ་རེ་འཕང་མེད་ཀྱིས་ཐུང་ཐུང་རེ་བྲིས་པ་ཡིན།
༡༽ མདའ་ཚན་པས་མཆན་ཀློག་པ་ཙམ་ལས་བསམ་བློ་མ་བཏང་བ་འདྲ། ངས་ཁ་སང་༼དབྱིན་ཡིག་འགྲོ་ལུགས་ལྟར”འདི་ལོ”ཞེས་བྲིས་ནའང་རྦད་དེ་བརྡ་མི་འཕྲོད་པ་དང་། ཡང་ན་འབྲི་ནོར་ཆེན་པོ་ཞིག་ཏུ་མཐོང་གི་མ་རེད། ༽ཅེས་བྲིས་ཡོད་ཀྱང་དགག་སྒྲ་མ་དེ་ཁ་སང་ཆད་འདུག ཡང་དེའི་འོག་ཏུ་༼བོད་ཡིག་གིས་དབྱིན་སྐད་མཁྲེགས་མཁྲེགས་བཤད་ཐུབ་ཀྱི་འདུག འོན་ཀྱང་དབྱིན་ཡིག་གིས་བོད་སྐད་བཤད་ཐུབ་ཀྱི་མི་འདུག་ལབ་ཆོག་གི་རེད།༽ཅེས་ཀྱང་བྲིས་ཡོད། ངའི་སྐད་ཆ་འདིའི་དོན་དག་ག་རེ་རེད་ཟེར་ན། བོད་ཡིག་ནང”འདི་ལོ”དང”ལོ་འདི”ག་རེ་བྲིས་ནའང་བརྡ་མཁྲེགས་མཁྲེགས་འཕྲོད་ཀྱི་འདུག འོན་ཀྱང་དབྱིན་ཡིག་ནང་ this year དང་ཡང་ན་ year this ཞེས་གང་བྲིས་བྲིས་རེད་མི་འདུག་ཅེས་པའི་དོན་རེད། བྱས་ཙང་སྐབས་རེར་བོད་ཡིག་གི་འབྲི་ཀློག་དབྱིན་ཡིག་ལས་ཀྱང་གུ་ཡངས་པོ་འདུག་ལབ་པ་དེ་རེད། གུ་ཡངས་པོ་འདུག་ལབ་དུས་བོད་ཡིག་ནང་འབྲི་ལུགས་དེ་གཉིས་ཀ་མ་བདེ་བ་མི་འདུག་ཟེར་བའི་དོན་རེད།
༢༽ འོན་ཀྱང་དེང་སྐབས་བོད་རིགས་བློ་གསར་ཚོས་འབྲི་བཞིན་པའི་འདི་ལོ་ཞེས་པ་དབྱིན་ལུགས་ཀྱི་ལད་ཟློས་ཙམ་ལས་རྒྱལ་བ་ལྔ་བ་སོགས་ལ་དཔེ་ལྟ་གི་ཡོད་བཟོ་མི་འདུག འོན་ཀྱང་ལུགས་གང་ཡིན་ཁ་ཚོད་མི་ཆོད་པས་འབྲི་མཁན་རང་ལ་དྲིས་ན་མ་གཏོགས་བཤད་མི་ཐུབ། འོན་ཀྱང་ངའི་མཐོང་སྣང་ལ་གསར་བརྗེ་བློ་གསར་ཚོས་འདི་ལོ་ཞེས་དཔེ་གསར་ལྟ་བུ་བརྩིས་ནས་ལོ་འདི་ཞེས་པ་ལས་ཀྱང་མང་བ་འབྲི་ལུགས་ལ་ལྟོས་ན་དབྱིན་ཡིག་ལས་བཤུས་པའི་དཔེ་གསར་ཞིག་ལ་བརྩི་གི་ཡོད་བཟོ་འདུག
ད་ཡིན་ན་ཁང་གསར་རྡོ་རྗེས་དོན་མེད་གླེང་བཀལ་ཡོང་གི་འདུག འདི་དག་དང་དེ་དག་སོགས་འདི་ལ་འབྲེལ་བ་ཁྱོན་ནས་མེད་དཱ།
འོན་ཀྱང་རྒྱལ་བའི་ལུང་དྲངས་པ་དེ་དག་ལ་བསམ་བློ་གཏོང་ངེས་ཡིན། འདི་ལོ་ཞེས་པ་དེ་གལ་སྲིད་ཡོད་ན། ད་ལྟའི་དུས་ཚོད་འདིའི་ལོ་ཞེས་པ་སྟོན་ཆེད་བར་གྱི་འབྲེལ་སྒྲ་ཆད་པ་རེད། དེ་མིན། བླ་མ་འདི་དང་བླ་མ་དེ། དགོན་པ་འདི་དང་དགོན་པ་དེ། ལོ་འདི་དང་ལོ་དེ། ཞེས་པ་རྣམས་རིགས་བསྒྲེས་སུ་སྦྱོར་དགོས་པ་ལས། འདི་ལོ་དང་འདི་དགོན་པ། འདི་བླ་མ་ཞེས་འབྲི་སྲོལ་མེད། འདི་དག་དང་དེ་དག་སོགས་ནི་ཚིག་རང་གི་ངོས་ནས་ཕྲད་དུ་གྲུབ་པ་ཞིག་རེད། འོན་ཀྱང་། ལོ་འདི་ཞེས་པའི་སྐབས་ཁྱད་གཞི་དེ་ལོ་རེད། འདི་ཞེས་ངེས་བཟུང་གི་སྒྲ་རེད། ལོ་འདི་ཚོ། ལོ་འདི་དག ལོ་འདི་ཉིད། ལོ་དེ་དག་སོགས་ཀྱིས་མཚོན་ནོ།
འོ་ཛི། རྒན་རབ་གསལ་ལགས་ག་རེ་གནང་པ་རེ། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་དང་འགལ་བའི་ཡི་གེ་འབྲི་ཆོག་མཁན་ཞིག་དང་མི་ཆོག་མཁན་གཉིས་ཡོད་རེད་པེ།
ཨ་མདོ་བས་ར་སྐད་ལུག་སྐད་རྒྱག་ནས་མཆན་བུ་༣༠༠་བརྒལ་ནའང་རྒན་ལགས་ཁུ་སིམ་མེ་བཞུགས་གི་འདུག་ག ཡང་འདི་ལོ་ལྟ་བུ་ལ་དཔྱད་པ་ཞིབ་ཞིབ་གནང་སྟེ་བརྡ་སྤྲོད་ལུགས་དང་མི་མཐུན་ཚུལ་གསུངས་གིན་འདུག
ད་ཨ་མདོ་བའི་ཁ་སྐད་དམིགས་བསལ་ཕུད། གཞན་ཁ་སྐད་རྒྱག་མི་ཆོག
་གསུངས་རྒྱུ་རེད་དམ།
རབ་གསལ་ལགས། ངས་འདི་ལོ་དང་སྦྱོར་ཚུལ་མཚུངས་པའི་མིང་ཚིག་སྐབས་འཕྲལ་གང་དྲན་ཞིག་བཀོད་པ་ཡིན། ཁུལ་འདི་ཞེས་པར་འདི་ཁུལ་ཞེས་བྲིས་ཆོག་ན། འདི་ལོ་ཞེས་བྲིས་མ་ཆོག་པ་ཅི་འདུག སྤྱིར་བཏང་《འདི་》ཞེས་པ་འདི། ཉེ་་རིང་གཉིས་ལས་ཉེ་བ་དང་། དུས་ཀྱི་ཆ་ནས་ད་ལྟ་བ། བདག་གཞན་གཉིས་ལས་བདག བདག་གི་པའི་དོན་སྟོན་བྱེད་སོགས་ལ་འཇུག་པ་འདྲ་ཞིང། དེའི་དབང་གིས། ལོ་འདི་ཞེས་པར་འདི་ལོ་དང་། རང་གནས་སའི་ཁུལ་ལ་འདི་ཁུལ་ཞེས་འབྲི་བ་རེད། ལར་སྐད་ཡིག་ལ་གྲིས་བཅད་པ་ལྟ་བུའི་རིགས་པ་ཞིག་གིས་ཁྱབ་སྙམ་པར་བྱེད་པ་འདི་ཡང་གླེན་རྟགས་ཤིག་ཡིན་འདུག
དེང་སྐབས་ཁ་ཤས་ཀྱིས་ནག་པང་ཞེས་པའི་ཐ་སྙད་འདི་བོད་ཚིག་རྣམ་དག་མ་རེད། བོད་ཚིག་ཡིན་ན། ཁྱད་གཞི་པང་སྔོན་དང་ཁྱད་ཆོས་ནག་རྗེས་སུ་སྦྱར་དགོས་ཟེར། བོད་སྐད་ལ་དེ་འདྲའི་ཁྱབ་པ་ཞིག་གང་ན་ཡོད། དཔེར་ན། རྩི་དཀར་པོ་དང་དམར་པོ། ནག་པོ་ལ། རིམ་པ་བཞིན་དཀར་རྩི་དམར་རྩི་ནག་རྩི་ཟེར་བ་དང་། གཏོར་མ་ལྟ་བུར་མཚོན་ན། དཀར་གཏོར་དང་དམར་གཏོར། རྒྱན་ལྟ་བུར་མཚོན་ན། དཀར་རྒྱན་སོགས་ཀྱིས་མཚོན། ཁྱད་གཞི་མཇུག་དང་ཁྱད་ཆོས་སྔོན་ན་སྦྱར་བའི་བོད་ཚིག་དམིགས་བསལ་བ་ཡོད་པ་འདི་རིགས་མཁྱེན་དགོས། ཚིག་འདི་ཚོ་ངག་ནས་བརྗོད་བདེ་ལ་དོན་མཚོན་ཆེ་བའང་ཡིན། མདོར་ན། འདི་ལོ་དང་འདི་ཟླ། འདི་ཁུལ། འདི་ཕྱོགས་ཟེར་བ་དེ་ཚོ་བོད་ཚིག་འཁྲུལ་མེད་རེད། བོད་མ་ཤོར་གོང་གི་ཡིག་ཆའི་ནང་གསལ་ཡོད་པ་དེ་འདྲ་རེད། ད་བོད་ཕྲུག་ཚོས་འདི་ཚོ་བོད་ཚིག་མ་རེད་ཟེར་གྱི་ཡོད་རེད། མོན་ཡུལ་རྡོར་གཅོད་ཀྱི་དཔེ་ལ་འགྲོ་ས་མ་རེད་དམ།
འདས་ལོ་ལ་གོ་དོན་གཉིས་ལས་དང་པོ་ནི།
འདས་ལོ།
འདི་ལོ།
སང་ལོ།
གཅིག
ཕྱི་ལོ་༢༠༠༨ལོར་བོད་གཞུང་ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་ཚན་པས་རྩོམ་སྒྲིག་གནང་བའི་གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་པའི་བོད་ཡིག་སློབ་དེབ་ཁོངས་ཀྱི།
སློབ་ཚན་དང་པོ། བརྗོད་པ་ལ་དཔྱོད་པ་ཟེར་བ་དེའི་ནང་དུ།
“དཀར་པོའི་སྤྲིན། ནག་པོའི་གཡག་”ཞེས་དཔེར་བརྗོད་འགའ་བཞག་འདུག
སློབ་དེབ་དེའི་རྩོམ་སྒྲིག་འགན་ཁུར་བ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་པ། དགེ་འདུན་དོན་ཡོད།
ཞུ་དག་པ། ཆུང་ཚེ་རིང་། བཀྲ་ཤིས་དོན་གྲུབ། བཅས་རེད་འདུག
གཉིས།
སློབ་དེབ་དེ་ལ་བོད་རིགས་མཁས་བ་ཚོས་བསྐྱར་དུ་བསྐྱར་ཞིབ་ཞིག་གནང་དགོས་འདུག
བོད་ནང་དུ། ལོ་དགུའི་ལམ་ལུགས་དང་ལོ་ལྔའི་ལམ་ལུགས་སོགས་ཀྱི་སློབ་དེབ་གང་ཡིན་རུང་། སློབ་དེབ་སྒྲིག་མཁན་མཁས་བ་མང་པོའི་མཉམ་རུབ་ཀྱི་ལས་ཀ་རེད།
རྒྱ་གར་ཀྱི་སློབ་གྲ་ཁག་ཏུ་དེ་མཚུངས་རེད། ཕྱི་རྒྱལ་དུ་དེ་བཞིན་རེད།
འོན་ཀྱང་། རྡ་ལམ་ས་ལའི་ཤེས་རིག་ལས་ཁུངས་འདིས་ལས་ཁུངས་རང་གི་ལས་བྱེད་རེ་གཉིས་ཀྱིས་འཐུས་བ་བྱས་ཏེ་གཞི་རིམ་གྱི་སློབ་དེབ་དེ་ཚོ་སྒྲིག་གི་འདུག འདི་ཁྱད་མཚར་རེད།
༧གོང་ས་མཆོག་གིས་འདས་བའི་ལོ་ངོ་སུམ་ཅུའི་རིང་གི་བཙན་བྱོལ་གྱི་ཤེས་ཡོན་སློབ་གསོར་འཐུས་ཤོར་ཕྱིན་འདུག་གསུངས་སའི་གནད་འགག་གཅིག་དེ།
སློབ་དེབ་སྒྲིག་མཁན་དང་སློབ་དེབ་བསྒྲིགས་སྟངས་གཉིས་ལ་འབྲེལ་བ་འདུག གནས་སྐབས་ལ་དེ་ཙམ་ཡིན།
དཀར་པོའི་གཡག ནག་པོའི་སྤྲིན་པ་སོགས་ནི་འགྲིག་འདུག་སྟེ། རིག་འབྱུང་དོན་བཀྲས་གསུངས་པ་བཞིན། སློབ་དེབ་གལ་ཆེན་པོ་ཡིན་པས། མཁས་པ་མང་པོ་མཉམ་རུབ་ཀྱིས་རྩོམ་སྒྲིག་དང་ཞུ་དག་བྱེད་དགོས། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལས་ཀ་བྱེད་སྟངས་མང་པོ་ཞིག་ལྐོག་ལྐོག་སུད་སུད་རེད་འདུག དཔེར་ན། ཐ་སྙད་གཏན་འབེབས་དེ་ཡང་བཙན་བྱོལ་གྱི་མཁས་པ་ཚོ་དང་གོ་བསྡུར་གང་ཡང་མེད་པར། མི་ཁ་ཤས་ཁུག་ཁུག་ཅིག་ལ་འཛོམས་ནས་ཐ་མ་གཏན་ལ་ཕབ་པ་ཡིན་ཞེས་ཁྱབ་བསྒྲགས་བྱེད་ཀི་འདུག ཐ་སྙད་གཏན་འབེབས་མ་བྱས་གོང་། སྔོན་ལ་དྲྭ་རྒྱའི་ནང་བཀྲམས་ཏེ་བསམ་འཆར་བསྡུས་ན་ཡག་པོ་འདུག དེ་ནས་མཁས་པ་ཚོ་བསྐོངས་ཏེ་གྲོས་བསྡུར་བྱས། དེ་ནས་གཞུང་གིས་གཏན་འབེབས་གནང་ན་ཡག་པོ་འདུག
འདས་ཟིན་པའི་ལོ་དང་པོ་དེར་བོད་སྐད་དུ། ན་ནིང་ཟེར། ན་ནིང་གི་སྔོན་གྱི་ལོ་དེར་གཞེས་ནིང་ལོ་ཟེར། ཁ་ཤས་ཀྱིས་གཞེས་ཉིང་ལོ་ཞེས་སྦྱར་བའང་འདུག གཞིས་ནིང་ལོའི་སྔོན་གྱི་ལོ་དེར་ཐ་སྙད་ཅིག་འདུག་སྟེ་དྲན་མ་སོང་། རྒུན་ཉིང་ལོ་ལྟ་བུ་ཞིག་ཡིན་ས་ཡོད།
ད་ལྟའི་ལོ་ལ། འདི་ལོ་དང་། ད་ལོ་ཟེར།
འབྱུང་འགྱུར་གྱི་ལོ་དང་པོ་དེར། སང་ཕོད་དང་། སང་ལོ། དུས་སང་གི་ལོ་ཟེར།
འབྱུང་འབྱུང་གྱི་ལོ་གཉིས་པའམ། སང་ལོའི་རྗེས་ཀྱི་ལོ་དེར། གནངས་ལོ་ཟེར། འདི་དག་བོད་དབུས་ཁུལ་དུ་ཡོངས་གྲགས་རེད། ས་ཁུལ་གཞན་ལ་མི་ཤེས།
ཉིན་གྱི་དབང་དུ་བྱས་ཚེ། ད་ལྟའི་ཉིན་ལ། དེ་རིང། ཉིན་གཅིག་གི་སྔོན་ལ། ཁ་སང་ངམ་ཁ་རྩང་། དེའི་སྔོན་དེར། ཁ་ཉིན། དེའི་སྔོན་དེར་ཁ་གཞེས་ཉིན། རྒན་པ་ཚོར་ད་དུང་དེའི་སྒང་ལ་བརྩི་རྒྱུ་འདུག གཞེས་ཀྱི་དག་ཆ་ཏག་ཏག་བསྡད་ཡོད་མེད་མི་ཤེས། འབྱུང་འགྱུར་གྱི་ཉིན་ལ་རིམ་པ་བཞིན། སང་ཉིན། གནངས་ཉིན། གཞེས་ཉིན། རྒུན་ཉིན་༼རྒུན་གྱི་དག་ཆ་མི་ཤེས་༽སོགས་ཟེར། དེའི་མཇུག་ལའང་ཉིན་མིང་འདུག་སྟེ་དྲན་མ་སོང་། འདི་ཚོ་ང་ཚོ་ལ་དམིགས་བསལ་འདྲ་ཞིག་མིན་ནམ་སྙམ
༼དཀར་པོའི་སྤྲིན། ནག་པོའི་གཡག་༽ ཅེས་བྲིས་ན་འགྲིག་གི་མ་རེད། གོ་བརྡ་གསལ་བོ་མི་སྟེར་བའི་གབ་ཚིག་ལྟ་བུ་རེད། འབྲི་སྟངས་འདིའི་བརྡ་སྤྲོད་ཀྱི་ནུས་ཞན་པོ་རེད། དཔེར་ན་དཀར་པོའི་གཡག་ཅེས་འབྲེལ་སྒྲ་ཅན་བྲིས་ན་དཀར་པོ་དེ་གཡག་བདག་ཡིན་པ་དང་། གཡག་དེ་མི་དཀར་པོ་དེའི་ཡིན་པ་འདྲ་བོ་གོ་གི་མི་འདུག་གམ། དེ་ལས་གཡག་དཀར་པོ་ཞེས་ཐད་ཀར་འབྲེལ་སྒྲ་མེད་པ་བྲིས་ན་འབྲུ་ཉུང་བ་དང་ཚད་ལྡན་མཐོང་གི་འདུག འདི་ནི་འབྲེལ་སྒྲའི་ནུས་པ་དང་བེད་སྤྱོད་མ་ཤེས་པའི་སྐྱོན་དུ་མཐོང་སོང་། གཞན་རྣམས་ཀྱང་དེ་བཞིན་ནོ།
དཀར་པོའི་གཡག་ཅེས་དང་ཚེ་རིང་གི་གཡག་ཟེར་བ་གཉིས་ལ་དབྱེ་བ་ག་རེ་འདུག ཚེ་རིང་གི་གཡག་ཟེར་ན་གཡག་ཚེ་རིང་པོ་ལ་ཟེར་གྱི་ཡོད་པ་རེད་དམ། གཡག་བདག་གི་མིང་ལ་ཚེ་རིང་ཡིན་ཕྱིར་ཚེ་རིང་གི་གཡག་ཟེར་གྱི་ཡོད་པ་རེད་དམ། དེ་ལས་གཡག་ཚེ་རིང་ལྟ་བུ་བྲིས་ན་ནོར་ཉེན་མེད་པར་སྤུས་ཚད་མཐོ་བ་མི་འདུག་གམ། ད་ནས་དུས་ཚོད་མེད།
འགྲིག་མ་འགྲིག་ཐག་མ་བཅད་གོང་། ཤེས་རིག་གི་སློབ་དེབ་དེ་ག་རང་ལ་སྐབས་དོན་ག་རེའི་ཐད་ནས་དཀར་པོའི་སྤྲིན་སོགས་བྲིས་མིན་གཅིག་བལྟས་ན་ཡག་པོ་ཡོད་རེད། སློབ་དེབ་དྲྭ་ཐོག་ལ་བཞག་འདུག སྐབས་དོན་ནི། ཁྱད་ཆོས་བརྗོད་པའི་སྒྲའི་སྐོར་རེད། དེ་ལ་སྤྱིར་བཏང་བོད་སྐད་དུ་མིང་རྐྱང་སྔོན་དང་ཁྱད་ཆོས་རྗེས་སུ་སྦྱོར་བ་ཡིན་པ་དཔེར་ན། གཡག་ནག་པོ་དང་སྤྲིན་དཀར་པོ་ལྟ་བུ་རེད་ཅེས་བཤད་རྗེས། འོན་ཀྱང་བྱེ་བྲག་འགའ་ཞིག་ལ་མིང་རྐྱང་གི་སྔོན་དུ་ཡང་ཁྱད་ཆོས་སྦྱོར་ཚུལ་ཡོད། དེ་འདྲའི་སྐབས་སུ་ངེས་པར་ཁྱད་ཆོས་དང་ཁྱད་གཞིའི་དབར་འབྲེལ་སྒྲ་ཡོད་དགོས་གསུངས་ཏེ་དཔེར་བརྗོད་དུ། གོང་གི་དཀར་པོའི་སྤྲིན་དང་མཛེས་པའི་མེ་ཏོག འཇམ་པོའི་གོས་སོགས་བཞག་འདུག འདི་ལ་མ་འགྲིག་པ་ག་རེ་འདུག མ་གཞི་སྐྱོན་རྗོད་བྱེད་དགོས་བྱུང་ན། ང་རང་ཕར་བརྒྱབ། ཁྱེད་ཅག་ཚུར་བརྒྱབ། ཚང་མ་ཆེད་ལས་མཁས་པའམ་རིགས་གཅིག་མཁས་པ་ཤ་སྟག་ཡིན་པཱ།
གོང་དུ་ངས་ཀྱང་རིག་འབྱུང་དོན་བཀྲའི་བཤད་སྟངས་ཀྱི་རྗེས་སུ་མ་བརྟག་མ་དཔྱད་པར་འབྲང་སྟེ། ཤེས་རིག་གི་སློབ་དེབ་དེ་ཚོ་མཁས་པ་གདན་འཛོམས་ནས་བརྩམས་ཀི་མི་འདུག་ཅེས་བཤད་པ་ཡིན་ཏེ། དྲྭ་ཐོག་གི་སློབ་དེབ་ལ་བལྟ་དུས་ང་ནོར་བ་འདྲ། སློབ་དེབ་ཀྱི་བསླབ་གཞི་གཏན་འབེབས་བྱེད་མཁན་དུ་ཝ་ཎ་དང་བོད་ཀྱི་དཔེ་མཛོད་ཁང། ཤེས་རིག་ལས་ཁུངས། ས་རཱ་མཐོ་སློབ། སློབ་གྲྭའི་དགེ་རྒན་སོགས་མང་ཙམ་ཡོད་པ་གསལ་འདུག དེ་ཚོ་ཕལ་ཆེར་ཤེས་རིག་གིས་རྒྱབ་གཉེར་གནང་བ་ལྟར་རྒྱ་གར་གཞུང་གིས་གཏན་འབེབས་གནང་བ་འདྲ་ཞིག་ཡིན་ས་རེད། གླེང་བརྗོད་ནང་ན་དེ་འདྲ་ཞིག་བྲིས་འདུག་ག
ཉིན་གཅིག་གི་སྔོན་ལ། ཁ་སང་ངམ་ཁ་རྩང་། ཞེས་པ་འདི་དག་ཆ་ཙམ་མ་ཟད། དོན་དག་ཏག་ཏག་ཅིག་གནས་པ་ངས་མཐོང་མ་བྱུང་།
མདང་།
དི་རིང་།
སང་ཉིན། ཞེས་བྱུང་ན་ལེགས་སྙམ།
Yesterday ལ་མདང་ཉིད་འཐད་པ་འདུག
Today ལ་དེ་རིང་མི་འཐད་པ་མེད་ཀྱང་། དེའི་རིང་ལ། ཞེས་པའི་བསྡུས་ཚིག་ལའང་བེད་སྤྱད་པེ་ནོར་ཉེན་ཡོད་རེད། དཔེར་ན། ད་ལྟའིརིང་ལ་ད་རིང་བཞིན་ནོ།
ཡང་དེང་དུས་ལས་དིང་དུས་དག་པ་འདུག
སང། གནངས། གཞེས། ཞེས་པའི་དག་ཆའང་འཐད།
སང་ཉིན། གནངས་ཉིན། གཞེས་ཉིན། རྒུ་ཉིན། ཞེས་བྲིས་དགོས་སམ་སྙམ།
ད་ཁང་གསར་ཡང་བསྐྱར་ཕེབས་པར་དགའ་བསུ་ཞུ།
འདི་ལོ་ དང་ ལོ་འདིའི་སྐོར་ལ་ སྔོན་གྱི་ཡིག་ཆ་རྙིང་པ་ཡོད་གསུངས་པ་དེ་ཚོ་ ཤོག་གྲངས་དང་བཅས་གསུངས་ཐུབ་ཚེ། ངེད་ལོ་རྒྱུས་ཡིག་ཆ་དེ་ཚོ་ལ་ལྟ་འདུན་ཆེ། ངས་ བམ་ཀློག་ཅིག་བྱས་པར། ལྕང་སྐྱ་རྣམ་ཐར་ཀན་སུའུ་པར་མ་ན། “ལོ་འདི་དང་ཕྱི་མ་རྣམས་སུ་”ལྟ་བུ་དང་། ད་དུང་ལོ་འདི་དང་ལོ་དེར་ཞེས་པ་གང་སར་ཡོད་པ་ད་ལྟ་བཙལ་བས་མི་ལང་། དེ་བཞིན་ཁུལ་དེ་དང་ཁུལ་འདིར་རམ་ཡང་ན་འདིའི་ཁུལ་དང་དེའི་ཁུལ་ཞེས་སྦྱོར་འོས་པ་ད་དུང་ཡང་དྲན། འོན་ཀྱང་དབྱིན་ཇིའི་ཤུགས་རྐྱེན་མེད་ཚེ་ འདི་ལ་ཨུ་ཚུགས་བྱེད་དགོས་དོན་ཡང་མི་སྣང་།
ད་ནི་ཁྱད་གཞི་ཁྱད་ཆོས་གཉིས་གང་སྔོན་ལ་འཇུག་པའི་སྐོར་དེ་རེད། འདི་ལ་བརྟག་དཔྱད་ནན་མོ་ཞིག་དགོས་པ་འདྲ། དཔེར་ན། “མཐོན་པོའི་མི་ལ་འཕྱོར་པོའི་གོས་དགོས།” ལྟ་བུ་རེད། ད་ངས་ལེགས་སྦྱར་མི་ཤེས་པ་དེས་ནོངས་འདུག ཁ་སང་བོད་སྐད་ཀྱིས་དབྱིན་སྐད་ཤོད་ཀྱི་འདུག་ཅེས་གསུངས་སོང་ང་། ད་ངེད་ཀྱི་བསམ་པར་བོད་སྐད་ཀྱིས་ལེགས་སྦྱར་སྐད་བཤད་ནས་ཡུན་རིང་པོ་ཕྱིན་པ་རེད་དྲན། དེའི་རྐྱེན་གྱིས་ ལེགས་སྦྱར་རམ་ཡང་ན་ཧིན་དཱིའི་ཤན་ཞུགས་ཡོད་པ་རེད་དྲན། ཆེན་པོའི་ཕོ་བྲང་། ཆུང་ཆུང་གི་ལུག ཆུང་ཆུང་རླངས་འཁོར། ལྟ་བུ་རེད།
ད་འདིའི་ཁུངས་འཚོལ་དགོས་བྱུང་ན་ས་སྐྱ་ལེགས་བཤད་ན་མང་ཙམ་ཡོད་དྲན་མོད། དེ་རིང་ཅང་མ་རྙེད།
ཉམ་ཆུང་རྣམས་ཀྱིས་ཆེན་པོའི་མིང་། །བཟུང་བ་ཙམ་ལ་གཞན་གྱིས་བསྲུང་། །
སོར་མོའི་ཕྲེང་བའི་མིང་བཟུང་ན། །ལོག་འདྲེན་ཕལ་གྱིས་བསྲུང་བར་བཤད། ། ཞེས་པའི་ཆེན་པོའི་མིང་དང་། ཡང་།
བྱེ་བ་སྟོང་ཕྲག་གཏེར་ཡོད་ཀྱང་། །སུ་ཞིག་ལ་ཡང་གཏོང་མི་བྱེད། །
དེ་དག་འཇིག་རྟེན་འདི་དབུལ་ཞེས། །ཐོས་མང་རྣམས་ཀྱིས་དེ་སྐད་བཤད། ། ཅེས་པའི་བྱེ་བ་སྟོང་ཕྲག་གཏེར་ལྟ་བུ་རེད།
མདོར་དྲིལ་ཏེ་ཞུས་ན། བོད་སྐད་རང་གི་འགྲོས་ལ། ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་ལ་སྦྱོར་བ་ཀུན་ཤེས་ལྟར་ལགས། འོན་ཀྱང་། འབྲེལ་བ་ཅན་གྱི་རྗོད་པ་ལ། དཔེར་ན། གོས་དཀར་པོ་གྱོན་པའི་བུ་མོ་ལྟ་བུ་དང་། མིག་ཤེལ་གོན་མཁན་གྱི་བུ་དེ་ ལྟ་བུ་ཡོད་མོད། དཀར་པོའི་གཡག་ལྟ་བུ་ནི་ཁང་གསར་ཚང་གི་གཏེར་ན་ཡོད་པ་དེ་དག་གི་འགྲོས་ལགས་སོ་སྐད། ཚིག་མཐའ་མ་འདི་ཀུ་རེ་ཡིན་དཱ།
བསྐྱར་དུ་ཚིག་འགའ་སྣོན་རྒྱུ་ཡོད་མོད། ཅིག་ལ་འགྲོ་དགོས་འཁེལ་སོང་།
དགོང་དྲོར་བསྐྱར་དུ་ཡོང་གི་ཡིན།
གཡག་ནག་པོ། ལ། ནག་པོའི་གཡག་ནི་ནོར་བ་རེད། རླངས་འཁོར་ཆུང་ཆུང་ལ་ཆུང་ཆུང་རླངས་འཁོར་ལབ་ནའང་ནོར། ཆེན་པོའི་ཕོ་བྲང་དང་འཕྱོར་མོའི་གོས་ནི། བདག་སྒྲ་ཤུགས་ཀྱིས་གོ་བས་མི་འཐད་པ་མེད་ཅིང་། སྔོན་དང་མི་འདྲ། “མི་”ནག་པོའི་གཡག་ནི། འཕྱོར་མོའི་རྒྱན་དང་མཚུངས་པས་མི་འཐད་པ་མེད།
དགེ་འདུན་རབ་གསལ་ལགས། ཕྲན་པ་དིང་སང་ཁེ་ཎ་ཌ་རུ་མེད། ཡུལ་གཞན་ཞིག་ན་ཡོད། ཁྱེད་ཀྱིས་ཤོག་གྲངས་དང་བཅས་ཁུངས་དགོས་གསུངས་ཀྱང་། ང་སྡོད་སའི་གནས་ཚང་འདིར་བོད་ཡིག་དཔེ་དེབ་བཞི་ལྔ་ལས་མི་འདུག དེའི་ཁོངས་བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ། 《བར་ཆ་》དེ་འདུག དེ་ལས་ཁུངས་གང་རྙེད་ཅིག་ཐུགས་ཕན་གསོས་རེས་ཕུལ་བ་གཤམ་གསལ།
༡༽ ༸རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་དུ་ཀཱུ་ལའི་གོས་བཟང་གླེགས་བམ་ཀ་པ་ཤོག་གྲངས་ ༧༠ པའི་ལུང་གཡུ་ཡི་ཕྲེང་བ་བར་ཆའི་ཤོག་ངོས་ ༥༩༥ རུ་དྲངས་པ་ལས། ༼༌༌༌སེལ་འཇུག་གི་ཆེད་དུ་ཞུ་ཁྲ་བསྣོལ་ནས་གཏད་ཀྱང་འདི་ལོ་ཞལ་ངོ་ལ་དཔོན་བློན་རྣམས་དགྱེས་པ་ཞིག་བྱུང་སོང་བས་དོན་སྨིན་ཏེ་་་༽ཞེས་གསལ་འདུག
༢༽ དུ་ཀཱུ་ལའི་གོས་བཟང་གླེགས་བམ་ཀ་པ་ཤིང་པར་མའི་ཤོག་ངོས་ ༡༠༨ ཀྱི་ལུང་གཡུ་ཕྲེང་བར་ཆའི་ཤོག་ངོས་ ༥༧༣ དུ་དྲངས་པ་ལས། ༼འདི་རིགས་དམ་ཆོས་སྒྲུབ་པའི་གྲོགས་སུ་ནི་ག་ལ་འགྲོ་༽ ཞེས་གསལ།
༣༽ རྗེ་ཙོང་ཁ་པ་ཆེན་པོའི་གསུང་འཕྲིན་ངོ་མ་《ཙོང་ཁ་པའི་རྣམ་ཐར་ཐུབ་བསྟན་རྒྱན་གཅིག་》དེབ་ངོས་ ༢༩༩ ལ་གསལ་བ་གཡུ་ཕྲེང་བར་ཆའི་ཤོག་ངོས་ ༢༨༤ ལ་དྲངས་པ་ལས། ༼་་་བདག་ཅག་འདི་ཕྱོགས་ན་ཡོད་པའི་་་༽ཞེས་གསལ།
༤༽ ཡང་རྣམ་ཐར་ཐུབ་བསྟན་རྒྱན་གཅིག་དེབ་ངོས་ ༢༩༦ གི་ལུང་གཡུ་ཕྲེང་བར་ཆའི་ཤོག་ངོས་ ༢༧༧ དུ་དྲངས་པ་ལས། ༼འདི་སྐབས་སླར་ཡང་དད་པ་ཆེན་པོས་༌༌༌༽ཞེས་གསལ།
༥༽ རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་དེབ་ངོས་ ༤༤ ཡི་ཚིག་གཡུ་ཕྲེང་བར་ཆའི་ཤོག་གྲངས་ ༢༧༡ དུ་དྲངས་པ་ལས། ༼འཁོར་ལྔ་བརྒྱ་དང་བཅས་པ་ཕོ་བྲང་ཆེན་པོ་ནས་འདི་ལོའི་ཟླ་བ་ལྔ་པའི་ཚེས་བརྒྱད་ལ་ཐེགས་པ་༽ཞེས་གསལ།
ཕྲན་གྱིས་གཡུ་ཕྲེང་དེབ་གཅིག་བམ་ཀློག་བྱས་པས་འདི་ལོ་དང་དེ་མཚུངས་ཀྱི་ཚིག་འདི་ཙམ་རྙེད་དུས། ཁྱེད་ཀྱིས་དཔེ་ཁང་ནང་སྤྱན་རས་གཡོ་ཙམ་མཛད་ན། འདི་ལས་བརྒྱ་འགྱུར་གྱིས་མང་བ་རྙེད་རྒྱུར་ཐེ་ཚོམ་མེད།
དཀར་རྩི་ནག་རྩི་དང་དམར་རྩི་སོགས་ལ་ཁྱེད་ཀྱིས་ཡང་ལེགས་སྦྱར་གྱི་འགྲོས་ཞུགས་པའི་ཞྭ་མོ་ཞིག་གཡོག་འདོད་འདུག་སྟེ། འདི་ཚོ་མང་ཚོགས་དཀྱུས་མའི་ངག་ལ་འཇགས་པའི་ཚིག་རེད། ད་དུང་ཁྱད་ཆོས་སྔོན་ན་ཡོད་པ། དགའ་ལྡན་ཕོ་བྲང་ཡོད་རེད། རྫ་རི་དང་སྤང་རི། ནགས་རི། འདྲེ་ཤིག དུག་སྦྲང་སོགས་མང་དུ་ཡོད་པ་འདི་དག་ཚང་མར། སྐབས་རེ་འབྲེལ་སྒྲ་ཆད་པའི་ཉེས་པ་དང་སྐབས་རེ། ལེགས་སྦྱར་གྱི་ཤན་ཞུགས་པའི་ཉེས་པ། ཡང་སྐབས་རེ་དབྱིན་སྐད་ཀྱི་བཤད་སྟངས་རེད་མདོག་མདོག ཡང་སྐབས་རེ་རྒྱ་སྐད་ཐད་སྒྱུར་རེད་མདོག་མདོག་གསུངས་ངེས་རེད་དེ། འདི་ལོ་ལ་འགྲེལ་བཤད་གནང་བ་ནང་བཞིན་ཡིན་རྒྱུ་ལྷ་ཁང་རྙིང་པ་ལ་གནས་བཤད་གསར་པ་བསྐྱོན་པ་ཙམ་རེད། ཕྱི་མ་འདི་ཀུ་རེ་ཡིན་ཏ་ལོ། །
ཁྱད་ཆོས་སྔོན་ན་ཡོད་པའི་ཚིག་ད་དུང་མང་གི་ཡ། དཔེར་ན། དུག་སྦྲུལ། རུས་སྦལ། གངས་རི། རྒྱུག་ཆུ། སྐྱབས་རྟེན། བསྔོ་རྟེན། སྨོན་ཚིག ཤིས་ཚིག བདར་རྡོ། ཡས་རྡོ། མས་རྡོ། ཡ་མགལ། མ་མགལ། ལྟག་སྒོ། མདུན་སྒོ། གནམ་སྒོ། དུར་སྒོ། བླ་ཤིང་། བླ་གཟའ། སྲོག་གཟའ། བླ་སྐར། སྐྱེ་སྐར། བྱང་སྐར། གནམ་རྡོ། རྭ་མོ་ཆེ་གཙུག་ལག་ཁང་། བསམ་ཡས་གཙུག་ལག་ཁང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་། འུན་ཅང་མདོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གཙུག་ལག་ཁང་། ༼འདི་ཏག་ཏག་རང་དྲན་མ་སོང་།༽ རྫ་ཆུ། རྦབ་རྡོ། ཆུང་སྲིད། འབབ་ཆུ་སོགས་བྲིས་པས་མི་ལང་བ་འདྲ་ཞིག་འདུག་ག དེ་དག་རེ་རེ་ལ་དཔྱད་ན། གྲུབ་ཚུལ་སྣ་ཚོགས་ཤིག་སྣང་ཡང་། ཁྱད་གཞི་རྗེས་དང་ཁྱད་ཆོས་སྔུན་ན་སྦྱར་པ་གཅིག་མཚུངས་འདྲ་ཞིག་རེད་མི་འདུག་གམ།
དང་པོ།
ཁྱད་གཞི་དང་ཁྱད་ཆོས་གཉིས་ནས་གང་སྔོན་ལ་སྦྱར་དགོས་མིན་འདི་ལ་དཔྱད་རྒྱུ་འདུག
དེ་ནས་འབྲེལ་བ་ཅན་གྱི་རྗོད་པ་ལ་ཡ་བལྟ་རྒྱུ་འདུག
དཔེར་ན། ངེད་ཀྱིས་”སྤྱི་ཚོགས་མི་འདྲ་བ་དང་གོམས་སྲོལ་མི་འདྲ་བ་”ཟེར་བ་ལྟ་བུ་མང་ཙམ་མཐོང་།
འོན་ཀྱང་། དགེ་འདུན་ཆོས་འཕེལ་གྱི་”གཏམ་རྒྱུད་གསེར་ཐང”་ན། “མི་འདྲ་བའི་ཡུལ་སྡེ་དང་། མི་འདྲ་བའི་ཆོས་དང་སྤྱོད་ལམ་”ཟེར་བ་སོགས་འདུག
གཉིས།
ཁང་གསར་རྡོ་རྗེས་སློབ་དེབ་དེ་མཁས་བ་གདན་འཛོམས་ཀྱིས་བརྩམས་པ་ཡིན་པའི་་བཟོ་འདྲ་ཞིག་བཤད་འདུག ངས་ཀྱང་སློབ་དེབ་དེ་དྲ་ཐོག་ནས་རྙེད། དྲ་ཐོག་ནས་ྐློག་བཞིན་ཡོད།
བསླབ་གཞི་བསྐྱར་ཞིབ་ཚོགས་ཆུང་གི་མཚན་ཐོའི་ཁོངས་སུ། མི་བརྒྱད་ཀྱི་མཚན་འདུག
དེ་དག་ནི།
༡ བཀྲ་ཤིས་ཚེ་རིང་། (འདི་རིག་གནས་དགེ་རྒན་དེ་ཡིན་དང་གཞན་པ་དེ་ཡིན་ཤེས་མ་སོང་། ལྦ་ནར་དགེ་རྒན་བཀྲ་ཤིས་ཚེ་རིང་ཟེར་མཁན་གཉིས་ཡོད་དྲན།)
༢ ཚེ་རིང་བསམ་འགྲུབ།
༣ ན་ཀ་སངས་རྒྱས་བསྟན་དར།
༤ དགེ་བཤེས་འཇམ་དཔལ་གྲགས་པ།
༥ ཕུན་ཚོགས་ཚེ་རིང་།
༦ ཟླ་བ་ནོར་བུ།
༧ Mrs. Uma Sivarman ED(OL), CBSE
༨ Mr. E. Daniel Raju AEO(P), CBSE
དེ་ཙམ་ཡིན།
༡ངས་ལྟས་ཀྱང་འདི་ལོ་ཟེར་བ་ནི་དབྱིན་ཡིག་གི་ཤན་ཞུགས་དངོས་གནས་ཤིག་མ་རེད་སྙམ། རྒྱུ་མཚན་ནི་ད་ལོ་དང་སང་ལོ། དོ་ཞག་དང་དོ་ཚིགས། དོ་ནུབ་འདི་ག་སོགས་ནི་འདི་ལོ་དང་འདྲ་སྟེ། ཡི་གེ་དང་པོ་ནི་དུས་སྟོན་བྱེད་ཀྱི་སྒྲ་ཡིན་པ་གཅིག་མཚུངས་རེད། ང་ལ་དགེ་ཆོས་ཀྱི་དཔེ་ཆ་མེད་མོད། སེམས་སུ་དྲན་རྒྱུ་་་
ད་ལྟ་དེ་ཚོ་སྡོད་དུ་ཆོག་པ་ལས།།
ན་ནིང་དོ་ཚིགས་ཇེ་མང་ཇེ་མང་རེད།། དགེ་ཆོས་ཀྱི་གསུངས་རྩོམ་ཡོད་མཁན་ཡིན་ཚེ་གཟིགས་ན་ཕན་ཐོགས་ཡོད་པ་སེམས།
མ་ཟད། མི་གཅིག་འདུག དེ་གཟུངས་རིང་ངོ་། དེ་སྐད་ཡག་གོ་ལྟ་བུ་སྟེ། འདི་ནས་ཁང་པ་ཞིག་འདུག འདི་བཟང་ངོ་། འདི་ཁུ་སིམ་མོ། འདི་གཙང་པ་འདུག་སོགས་འདི་སྒྲ་ནི་བོད་སྐད་དུ་དབྱིན་སྐད་ལྟར་མིང་ཚིག་གི་ཐོག་མ་འགྲོ་བ་དོགས་པ་མི་དགོས་པ་ཞིག་རེད།
༢་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞེས་བ་ནི་རྣམ་དབྱེ་བདུན་པ་རྟེན་དང་རྟེན་པའི་དོན་ཅན་ཡིན་ཞིང་དེས་གནས་གཞི་རྟེན་ནང་ཆད་ཁུངས་བསྟན་པས། ཁྱད་གཞི་དང་ཁྱད་ཆོས་སྟོན་པའི་འབྲེལ་སྒྲ་ལྟར་གསར་འགྱུར་ཡོང་ཁུངས་བཤད་ཕྱིན་རྣམ་དབྱེ་བདུན་པ་དང་འབྲེལ་སྒྲ་གཉིས་ཀ་མཉམ་དུ་བཀོད་སྤྱོད་བཏང་ཆོག་པ་འདོད།
༣ སེམས་ཅན་གང་ཞིག་གིས་ལས་དོན་སྒྲུབ་པའི་དོན་ཅན་གཙོ་བོའི་སྟོན་ཚེ་བྱེད་སྒྲ་སྦྱར་དགོས་ཤིང་། བྱ་དངོས་གང་ཞིག་ཐོན་ཁུངས་གཙོ་བའི་སྟོན་ཚེ་འབྱུང་ཁུངས་བེད་སྤྱོད་བྱེད་དགོས་བ་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་ཡིན་ཡང་། ད་ལྟ་ཁ་ཤས་ཤིག་གིས་རྩོམ་ཡིག་བྲིས་ཚེ་བྱེད་སྒྲའི་ཚབ་ཏུ་འབྱུང་ཁུངས་བེད་སྤྱོད་བྱེད་པ་ནི་སུམ་རྟགས་ཀྱི་གཞུང་དང་མཐུན་དཀའ་སྟེ། བྱེད་འབྲེལ་ལས་ཚིག་གི་བྱེད་པ་པོས་རྗེས་སུ་འབྱུང་ཁུངས་ཀྱི་ནས་ལས་འཇུག་ཚུལ་བོད་ཀྱི་སུམ་རྟགས་ནས་གཞུང་མེད། དེ་བརྟེན། མཁས་དབང་དུང་དཀར་རིན་པོ་ཆེས་ཨ་མདོ་པ་ཁ་ཤས་ཀྱིས་བྱེད་པ་པོའི་རྗེས་སུ་བྱེད་སྒྲ་མི་སྦྱར་བར་འབྱུང་ཁུངས་སྦྱོར་བ་ནི་ནོར་འཁྲུལ་ཡིན་ཚུལ་དེ་སྔོན་བོད་རིགས་པའི་ཚོགས་ཆེན་ཞིག་གི་སྟེང་གསུངས་ཤིང་། རྩོད་པའི་མཐར་མ་ཨ་མདོ་པ་ཕམ་ཚུལ་ཕྲན་གྱི་རྒན་བློ་བཟང་རྒྱ་མཚོས་གསུངས་པ་བཞིན་བཀོད་པ་ཡིན། དཔེར་ན་འབྱུང་ཁུངས་གཙོ་བོའི་སྟོན་ཚེ། མི་རིགས་དཔེ་སྐྲུན་ཁང་ནས། བོད་ལྗོངས་དཔེ་སྐྲུན་ཁང་ནས། བྱེད་པ་པོ་སེམས་ལྡན་ཡིན་ཞིང་དེས་དོན་གང་ཞིག་སྒྲུབ་པ་སྟོན་ཚེ་དཔེར་ན། སྦྱིན་པས་ཡི་གེ་བྲིས། སངས་རྒྱས་ཀྱིས་དེབ་ཀློག་ལྟ་བུ་ལས། སངས་རྒྱས་ནས་དེབ་ཀློག སྦྱིན་པ་ནས་ཡི་གེ་བྲིས་ཞེས་ནས་འབྱུང་ཁུངས་ཀྱི་སྒྲ་སྦྱར་ཚེ་བོད་ཀྱི་སུམ་རྟགས་གཞུང་དང་མི་མཐུན་པ་འདོད། དེ་བརྟེན། རྩོམ་ཡིག་ཅིག་བྲིས་ཚེ་འཇུག་ཏུ་བཀྲ་ཤིས་ནས་བྲིས་ཀྱང་ཤུགས་བསྟན་དུ་བྲིས་སམ་བརྩམས་ཞེས་བ་རང་ཤུགས་ཀྱིས་གོ་བས་བྱེད་སྒྲ་སྦྱར་ན་ལེགས་པ་འདོད།
རྣམ་དབྱེ་དྲུག་པ་ཀི་གི་ཀྱི་གྱི་རྣམས་ལ་བྱེད་པ་བསྒྲུབ་བྱེད་ས་ཡི་རྗེས་མཇུག་སྦྱར་ན་བྱེད་སྒྲ་ཆགས་འགྲོ་གི་རེད། དེ་མཚུངས་ན་ཡིག་འདི་ཡང་གནས་གཞིའི་ཕྲད་རེད། ནང་ན་ཡོད་ལྟ་བུ་རེད་མོད། འོན་ཀྱང་ན་ལ་རྗེས་ས་སྦྱར་ན་བྱེད་སྒྲ་ཆགས་འགྲོ་གི་རེད། གནས་གཞིའི་ཕྲད་ན་ཡིག་ལ་བྱེད་སྒྲ་བསྒྲུབ་བྱེད་ས་ཡི་རྗེས་མཇུག་སྦྱར་ན་བྱེད་སྒྲ་ཆགས་འགྲོ་གི་རེད། གནད་འགག་འདི་ཐོན་མིའི་གཞུང་ནང་ཆད་འདུག་པས་ཁ་བསྐང་བ་ཡིན། ད་དུང་དུང་དཀར་ཚང་ང་ལ་མ་ཐུག་པ་རླུང་རྟ་རྒྱུགས་རེད།
འདི་འབྱུང་ཁུངས་ཀྱི་ནས་དེ་མ་རེད། གནས་གཞིའི་ཕྲད་ན་ཡིག་ལ་བྱེད་སྒྲ་བསྒྲུབ་བྱེད་ཀྱི་རྗེས་མཇུག་ས་སྦྱར་ནས་བྱུང་བ་རེད། འདི་ཙམ་ཡང་མི་ཤེས་ན་བོད་ཀྱི་བརྡ་སྤྲོད་སྐོར་ལ་ཁ་བཙུམ་ནས་བཞུགས་ན་བཟང་གི་རེད།
ཤེས་རིག་གི་དྲྭ་རྒྱའི་ཐོག་བཞག་པའི་སློབ་དེབ་དེས་ང་ཡང་མགོ་འཐོམ་སོང་། བསླབ་གཞི་གཏན་འབེབས་ཚོགས་ཆུང་ཟེར་བ་དེས། སློབ་དེབ་རྩོམ་སྒྲིག་བྱས་མིན་གསལ་པོ་མི་འདུག ཁོང་ཚོས་སྒྲོམ་འདྲ་བོ་ཞིག་བསླངས་བཞག་པ་མིན་འགྲོ། རྩོམ་སྒྲིག་བྱེད་མཁན་དང་ཞུ་དག་བྱེད་མཁན་ནི་ལོགས་སུ་འདུག ཡིག་ནོར་ཡང་མང་པོ་འདུག ད་གང་དྲག
ཁྱད་ཆོས་སྔོན་དང་ཁྱད་གཞི་རྗེས་ན་ཡོད་པ་ཞིང་པ་འབྲོག་པའི་ངག་ལའང་ཧ་ཅང་མང་། དཔེར་ན། གཡང་དཀར་ལུག བདོ་བ་རྟ། ཡང་ན་གྱི་ལིང་རྟ། བྲེ་སེར་འབྲོང་། དམར་ཡག་སྟག ཁྱུང་དཀར་མཛོ། ཁ་དཀར་རྐྱང་། ཙེ་ཙེ་ར་སོགས་འབྲོག་སྡེ་ན་ཟེར་ཞིང་། ཞིང་ཁུལ་དུ། ནས་ཞིང་། གྲོ་ཞིང། ནས་རྩམ། སྲན་རྩམ། གྲོ་རྩམ། རྡོ་བཀྱག རྡོ་སྐས། རྡོ་ཁང་། མེ་ཕོར། ཟངས་ལྡིག དངུལ་རྐྱན། ཆང་ཕོར། ནས་ཆང་། འབྲུ་ཆང་། འབྲས་ཆང་སོགས་ཟེར། དེ་མིན། རྒྱུན་ལྡན་འཚོ་བའི་ཉེར་སྤྱད་དུ། གསེར་ཀོང་། དངུལ་ཀོང་། རྒྱག་དབྱུག ཤེལ་ཕྲེང་། རྩྭ་ཁང་། གཟན་ཁང་། གཟིམ་ཁང་། འབྲུ་མཛོད། ཕྱེ་ཟོམ། འོ་ཟོམ། ལྟོ་སྣོད་སོགས་མང་། འདི་ཚོ་ལ་བསམས་ན། ཁྱད་ཆོས་སྔོན་ན་སྦྱོར་བ་འདི་ཡང་བོད་རང་གི་ལུགས་ཤིག་ཡིན་པ་མཐོང་ཐུབ་ཀི་འདུག
འདི་འབྱུང་ཁུངས་ཀྱི་ནས་དེ་མ་རེད། གནས་གཞིའི་ཕྲད་ན་ཡིག་ལ་བྱེད་སྒྲ་བསྒྲུབ་བྱེད་ཀྱི་རྗེས་མཇུག་ས་སྦྱར་ནས་བྱུང་བ་རེད། ཅེས་ཟེར་བ་ནི། ཁ་ཧམ་པ་ཆེ་དྲགས་པ་ཡིན་ཏེ།
༧སྐུ་སྒེར་ཡིག་ཚང་ནས་སྤེལ། ལྟ་བུ་ཡོད་ན། འདི་༧སྐུ་སྒེར་ཡིག་ཚང་པས་བྲིས་ནས་སྤེལ། ཆད་ཁུངས་དང་བྱ་བ་སྟོན་པ་མ་གཏོགས་བྱེད་པོའི་བདག་སྒྲ་དང་བྱེད་ཕྲད་ཤུགས་བསྟན་ལ་བཞག་ཡོད་པས་བོད་ཡིག་བསྡུས་ཚིག་མང་དྲགས་པའི་སྐྱོན་ཙམ་མ་གཏོགས། སྟག་སྨྱོན་ཁྱོད་ཀྱིས་སུམ་རྟགས་ལྷག་པའི་ཧམ་བཤད་དེ་ད་ནས་དྲྭ་རྒྱར་འཁྱེར་ཡོང་རྒྱུ་བཞག་ན་མི་མཛེས་སམ།
དུག་སྦྲུལ། རུས་སྦལ། མིང་རྐྱང་བསྡུས་ཚིག་ཙམ་ལས། ནག་པོ་གཡག ཆུང་ཆུང་རླངས་འཁོར་དང་མི་མཚུངས་ལ།
མདུན་སྒོ་དང་བསམ་ཡས་གཙུག་ལག་ཁང་ལྟ་བུ་ནི། ཁྱད་གཞི་དང་ཁྱད་ཆོས་སྔ་ཕྱི་སྒོ་བཟློག་པའི་ཚིག་དེ་བས་ཀྱང་མིན།
ད་ཡང་ཉོག་གཡོས་ཡོང་གི་འདུག་གཱ གཞན་ཁང་གསར་གྱིས་ འདི་ལོ་ ཞེས་པ་དབྱིན་ཇིའི་ཤན་མ་ཞུགས་པར་ བོད་ཀྱི་གཞུང་ཁུངས་མ་དག་ན་ཡོད་རབས་བཤད་སྐབས་ མཉམ་མ་བཞག་པའི་སྐྱོན་དུ་བརྩིས་ཏེ་ཁས་བླངས་ནས་མགོ་བཏགས་ཞུ་གྲབས་ཡོད། ད་ཡང་ཉོག་བཤད་མང་པོ་ཞིག་དྲངས་འདུག འབྲས་ཆང་དང་ནས་ཞིང་ཟེར་བ་སོགས་ཁྱད་གཞི་དང་ཁྱད་ཆོས་རེད་ཨེ། མིང་ཚིག་སྐོར་ཅིག་བཏུས་ནས་དེ་ཚོ་ཁྱད་གཞི་དང་ཁྱད་ཆོས་རེད་ཟེར་ན་ཨེ་འགྲིག འབྲས་ཆང་ཟེར་ན་རྒྱུ་དང་འབྲས་བུའི་སྐད་ཆ་རེད། ནས་ཞིང་ཟེར་ན་རྟེན་དང་བརྟེན་པའི་སྐད་ཆ་རེད། མ་རེད་དམ།
འདི་ལོའི་ཐད་དུ། ཁྱེད་རང་མགོ་བཏགས་མ་ཞུས་རང་ཞུས་མ་རེད་དམ། འབྲས་ཞིང་། འབྲས་ཀྱི་ཞིང་། གསེར་བུམ། གསེར་གྱི་བུམ་པ། ཁྱད་གཞི་ཁྱད་ཆོས་འདྲ་ཞིག་སྟོན་གྱི་མི་འདུག་གམ། གསེར་གྱི་འཁོར་ལོ། ཁྱད་ཆོས་སྟོན་པར་གྱུར་ན། ནས་ཀྱི་ཆང་། ཁྱད་ཆོས་སྟོན་བྱེད་མ་ཡིན་པའི་རྒྱུ་མཚན་ཅང་འདུག་གམ།
གཟན་པ་བླུགས་ས་ལ་གཟན་ཁང་ཟེར། རྩྭ་ལས་གྲུབ་པའི་ཁང་པ་ལ་རྩྭ་ཁང་དང་རྡོ་ལས་གྲུབ་པའི་ཁང་པ་ལ་རྡོ་ཁང་ཟེར། འདི་ཚོ་ཁྱད་ཆོས་སྔོན་དང་ཁྱད་གཞི་མཇུག་ལ་ཡོད་པ་འདྲ་རེད་མི་འདུག་གམ། འདི་ལ་མགོ་བཏགས་མ་ཞུས་ནའང་འགྲིག་གི་རེད། བོད་ཚིག་རྣམ་དག་ཡིན་པ་ཁས་བླངས་ན་འགྲིག་གི་རེད།
རབ་གསལ་ལགས་ནས་་་་འབྲས་ཆང་ཟེར་ན་རྒྱུ་དང་འབྲས་བུར་འདོད་པ་ལས་་་་་ཁྱད་གཞི་དང་ཁྱད་ཆོས་སུ་ཕལ་ཆེར་འདོད་ཀྱིན་མེད་པ་འདྲ། མེད་ན་ནི་་་་རྒྱུ་འབྲས་ཡིན་ན་ཁྱད་གཞི་དང་ཁྱད་ཆོས་མ་ཡིན་པས་ཁྱབ་པ་ཁས་ལན་ཐུབ་མིན་ལ་བསམ་བློ་ཐོངས།
གཞན་ཡང་ཁང་གསལ་ལགས་ནས་་་་་གསེར་གྱི་བུམ་པ་ཟེར་དུས་་་་ཁྱད་གཞི་དང་ཁྱད་ཆོས་སྟོན་གྱིན་འདུག་བསམ་གྱིན་ཡོད་ཚོད་རེད་་་་་་སྐད་ཆ་འདིའང་བདེན་པ་རེད་དེ་་་་་ཕྱོགས་གཅིག་ནས་བསམ་བློ་བཏང་ན་ཅུང་ཨེ་འགྲིག་སྙམ། དཔེར་ན་་་་ལག་པ་དང་ལག་པའི་སོར་མོ་ཟེར་དུས་་་་ལག་པ་དང་སོར་མོ་ཁ་ཁར་སྟོན་རྒྱུ་ཡོད་པས་ཁྱད་གཞི་ཁྱད་ཆོས་སུ་བཞག་ན་འགྲིག་གིན་རེད་བསམ།
གསེར་ལས་གསེར་བུམ་ལོགས་སུ་འཇོག་རྒྱུ་ཡོད་མེད་ལ་ཅིག་གཟིགས་རོགས། མདོར་ན་་་་་ཁྱད་གཞི་དང་ཁྱད་ཆོས་ཟེར་དུས་་་་་ངེས་པར་དུ་ཆོས་གཉིས་ཐ་དད་པ་ཞིག་དགོས་པ་འདྲ་ཞིག་མིན་ནམ།
རྩམ་དགའ་ལགས།
ཁྱད་གཞི་དང་ཁྱད་ཆོས་ཟེར་བ་ནི་སུམ་རྟོགས་གཞུང་དུ་གཙོ་བོའི་ཁ་དོག་ལ་གོ་དགོས། དཔེར་ན་མེ་ཏོག་གི་མདོག་ལྟ་བུ་ཡིན། ལག་པའི་སོར་མོ་ལྟ་བུ་ནི་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་སྒྲ་རེད་ལགས།
སྟག་སྨྱོན་ལགས། ནས་སྒྲ་བྱེད་སྒྲ་ལ་འཇུག་ཚུལ་གྱི་སུམ་རྟགས་ཀྱི་གཞུང་ཞིག་ཉིད་ཀྱིས་གསར་བཟོ་བྱས་ན་མ་གཏོགས་བོད་ཀྱི་བརྡ་སྤྲོད་དུ་མེད་ཅིང་། ཡོད་ན་ཁུངས་དང་རྒྱུ་མཚན་བཤད་རྒྱུ་ལས་ཧམ་བཤད་ཀྱིད་སྨྱོན་པ་ལྟ་བུ་མ་གསུངས་ན་ལེགས་པ་མ་མཐོང་།
གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། ཞེས་བ་མ་གཏོགས་ནས་སྒྲ་བྱེད་སྒྲ་འཇུགས་ཚུལ་ཞིག་མི་འདུག
ནས་ལས་འབྱུང་ཁུངས་དགར་སྡུད་དེ། །འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག་པའི་དོན་ལ་གཟིགས་པ་ཚལ།
༤༢༽ སྟག་སྨྱོན་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༥ གི་ཆུ་ཚོད་ ༡༧ སྐར་མ་ ༢༠
འདི་འབྱུང་ཁུངས་ཀྱི་ནས་དེ་མ་རེད། གནས་གཞིའི་ཕྲད་ན་ཡིག་ལ་བྱེད་སྒྲ་བསྒྲུབ་བྱེད་ཀྱི་རྗེས་མཇུག་ས་སྦྱར་ནས་བྱུང་བ་རེད། འདི་ཙམ་ཡང་མི་ཤེས་ན་བོད་ཀྱི་བརྡ་སྤྲོད་སྐོར་ལ་ཁ་བཙུམ་ནས་བཞུགས་ན་བཟང་གི་རེད།
གཞན་གསར་བསྒྲིགས་སུ་་་འདི་ཞག་ཟེར་བ་དང་། ཚིག་མཛོད་ཆེན་པོ་རུ་་་འདི་དུས་ཞེས་བ་ཡོད་པས་འདི་ལོ་ཟེར་ན་བོད་ཀྱི་འགྲོས་དང་མཐུན་པ་སྣང་།
སྟག་སྨྱོན་ལགས། ཉིད་ཀྱིས་”རྣམ་དབྱེ་དྲུག་པ་ཀི་གི་ཀྱི་གྱི་རྣམས་ལ་བྱེད་པ་བསྒྲུབ་བྱེད་ས་ཡི་རྗེས་མཇུག་སྦྱར་ན་བྱེད་སྒྲ་ཆགས་འགྲོ་གི་རེད།”གསུངས་ཀྱང་ཀི་བེད་སྤྱོད་བྱེད་སའི་བྱེད་སྒྲ་དང་འབྲེལ་སྒྲ་ཞིག་མེད་པས་ཉིད་ཀྱིས་གསར་རྩོམ་བྱེད་པ་ཡིན་ནམ། ཡང་ན་མོ་རྒྱབ་ནས་ལག་ཏུ་ཐོབ་པ་ཡིན། ཐོབ་ན་ཐོབ་ཚུལ་དང་བརྩམ་ན་རྩམ་ཚུལ་གསུངས་ན་སྙན་པའི་རྒྱུ་རུ་གྱུར་ཞིང་རང་གཞན་ཀུན་ལ་བཞད་གད་སློང་བ་སྨོས་མེད་རེད།
ཨ་ཙི། འདི་ཚོས་འདི་འདྲ་ཉོག་གཏམ་མང་པོ་ཞིག་བྲིས་འདུག དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་༼ཕྱི་དེ་ལོ༽སྐོར་ལ་ཆོས་འཁོར་སྐབས་སུ་རྩོད་པ་ག་ཚོད་ཡོད་པ་རེད། གནའ་རབས་ཀྱི་ཚིག་ན(ཕྱི་དེ་ལོ)བེད་སྤྱོད་བཏང་ཡོད་པ་རེད་པ། འདི་ལོ་ཟེར་ན་ཡང་དེ་དང་འགྲོས་གཅིག་པ་རེད་པྰ།
ཁྱད་ཆོས་དང་ཁྱད་གཞི་གཉིས་ལས་ཁྱད་གཞི་སྔོན་དུ་གསུངས་པ་གྲངས་མེད་པ་ཡོད་ནི་རེད། སངས་རྒྱས་ཀྱི་ཐོག་མའི་གསུངས་ཆོས་གསུངས་སྐབས་ཁྱད་ཆས་སྔོན་ལ་གསུངས་ནས་ཆོས་འཁོར་བསྐོར་ཡོད་པ། (འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། འདི་ནི་འགོག་པ་འཕགས་པའི་བདེན་པའོ། འདི་ནི་ལམ་འཕགས་པའི་བདེན་པའོ) སོགས་ཁྱད་ཆོས་སྔོན་ལ་གསུངས་ནས་ཁྱད་གཞི་རྗེས་སུ་གསུངས་པ་ཁེངས་བསྡད་ཡོད་པ་རེད།
དེར་མ་ཟད་སྟོང་ཉིད་ཁྱད་ཆོས་ལྔ་ལྡན་གསུངས་པའི་སྐབས་སུ་ཡང་། ཁྱད་ཆོས་རྣམས་སྔོན་ལ་གསུངས་ནས་ཁྱད་གཞི་རྗེས་སུ་གསུངས་ཡོད་པ་སྟེ། (སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེ་མ་འགག་ནམ་མཁའི་ངོ་བོ་ཉིད།། སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ) ལྟོས་དང་ཁྱད་ཆོས་ལྔ་བོ་སྔོན་ལ་གསུངས་ནས། ཁྱད་གཞི་ཡུལ་སྟོང་ཉིད་དེ་རྗེས་སུ་གསུངས་འདུག་ཀ
འོན་ཀྱང་རྗེས་སུ་གསུངས་པ་ཡང་ཡོད་དེ། མགོན་པོ་ཀླུ་སྒྲུབ་ཀྱི་རྟེན་འབྲེལ་ཁྱད་ཆོས་བརྒྱད་ལྡན་གསུངས་པའི་སྐབས་སུ་རྩ་ཤེ་ལས། ཁྱད་གཞི་སྔོན་ལ་གསུངས་ནས་ཁྱད་ཆོས་རྗེས་སུ་གསུངས་པ་སྟེ། (གང་གི་རྟེན་ཅིང་འབྲེལ་བར་འབྱུང་།། འགག་པ་མེད་པ་སྐྱེད་མེད་པ།། ཆད་པ་མེད་པ་རྟག་མེད་པ།། འོང་པ་མེད་པ་འགྲོ་མེད་པ།། ཐ་དད་དོན་མེད་དོན་གཅིག་མིན།། སྤྲོས་པ་ཉེར་ཞི་ཞིར་བསྟན་པ།། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།། དམ་པ་དེ་ལ་ཕྱག་འཚལ་ལོ) ཅེས་ཁྱད་གཞི་སྔོན་ལ་གསུངས་ནས་ཁྱད་ཆོས་རྗེས་སུ་གསུངས་འདུག་ཀ
ལུག་ཤ་ཞེས་པའི་ལུག་དེ་ཁྱད་ཆོས་རེད་ཟེར་ན། ཁས་ལེན་བྱེད་མི་འདོད། འོན་ཀྱང་ཁྱད་གཞི་དང་ཁྱད་ཆོས་ཟེར་བའི་ཁྱད་ཆོས་ལ་དབྱིན་ཇིའི་ Adjective ཟེར་བ་དང་གོ་བ་གཅིག་པ་གཅིག་རྐྱང་བླངས་ན་ཨེ་འགྲིག་དྲན་ཡོད་ལ། ཁྱེད་ཀྱིས་དྲངས་པའི་མིང་ཚིག་དེ་ཚོ་ལ་བརྟགས་ན། ཁྱེད་ཀྱིས་དབྱིན་ཡིག་གི་གོ་བ་གཞིར་བཞག་ནས་ལུང་དྲངས་འདུག་དྲན།
ཁྱེད་ལྟར་ན། རྒྱ་མོ་དང་བོད་མོ། རྒྱ་སྐད་དང་བོད་སྐད། ཉི་འོད་དང་ཟླ་འོད། རྒྱ་ཁང་དང་བོད་ཁང་སོགས་ཀྱི་གཅིག་ལ་ཁྱད་གཞི་དང་གཞན་ལ་ཁྱད་ཆོས་ཟེར་དགོས། དེ་ཡང་ཁྱེད་ཀྱིས་འདི་དག་ཁྱད་ཆོས་སྔོན་ལ་འཇུག་པའི་དཔེར་དྲངས་སྟབས། བོད་འདི་ཁྱད་ཆོས་དང་ སྐད་དེ་ཁྱད་གཞི་ལ་འཇོག་དགོས། ང་ལྟར་ན། འདི་ནི་བདག་པོ་བོད་ལ་དང་བདག་པོ་ཅན་སྐད་གཉིས་ཀྱི་འབྲེལ་བ་ཞིག་ཡིན་པ་དང་། དེའི་ཕྲད་བསྡུས་ཏེ་བོད་སྐད་ཅེས་གྲུབ་པ་རེད། ཡང་། ཉི་འོད་ལ། ཉི་མ་དེ་ཁྱད་ཆོས་དང་འོད་དེ་ཁྱད་གཞི་ཡིན་དགོས། དེ་ནི་ཤིན་ཏུ་ནས་མ་འོས་པ་རེད་དྲན། རིགས་པ་འདིས་ཁྱེད་ཀྱིས་དྲངས་པའི་དཔེ་ཚང་མར་རིགས་བསྒྲེས་ནུས་མོད། གནས་སྐབས་ཚིག་བསྐྱུངས།
ད་ ངེད་ཀྱི་ཡིད་ངོ་ལ་འཇགས་པའི་ཁྱད་གཞི་ཁྱད་ཆོས་ནི། མིང་ཚིག་དཔེར་ན། ལུག་ཤ་ ལྟ་བུ་ཞིག་གི་གསར་རྙིང་། བྲོ་བ། མདོག སྤུས་ཀ་ ཆེ་ཆུང་སོགས་བཤད་པའི་ཚིག་ལ་སྦྱོར་ཏེ། ལུག་ཤ་སོས་པ། ལུག་ཤ་རྩེ་གྲས་སོགས་ཀྱིས་མཚོན་ནོ༎
དེ་ཡང་། ང་ད་བར་དུ་མདོ་དབུས་ཁམས་གསུམ་གྱི་བོད་མི་ལ་འབྲེལ་འདྲིས་བྱུང་བ་ཚོའི་ངག་ནས། ལོ་འདི་དང་དེ་ཟེར་བ་ལས་ འདི་ལོ་དང་དེ་ལོ་ལ་འདི་བྱེད་དང་དེ་བྱས་ཀྱི་སྐད་ཆ་ཞིག་གོ་མ་མྱོང་། ད་ཡིག་ཐོག་ན་ཡོད་པ་དེས་ དབྱིན་ཇིའི་ཤན་ཞུགས་པ་མ་ཡིན་པ་ཙམ་ཞིག་ཏུ་སྒྲུབ་ནུས། འོན་ཀྱང་། འདིས་ད་དུང་བོད་སྐད་དག་མོ་ཞིག་ཡིན་པ་ག་ལ་འགྲུབ། དག་མོའི་འགྲོས་ལྟར་ན། ལོ་འདི་དང་ལོ་དེ་ཞེས་སྦྱོར་དགོས། བླ་མ་འདི་དང་དགེ་རྒན་དེ། དགོན་པ་འདི་དང་དགོན་པ་དེ། དུས་ཚོད་འདི་དང་དུས་ཚོད་དེ་ཞེས་པ་སོགས་ཀྱིས་མཚོན། དེ་ལ་ཡང་ཁུངས་ལུང་ཡོད་ཀྱང་གནས་སྐབས་འདི་ཙམ་གྱིས་ཆོག་པ་བྱེད་དོ༎
ཡང་རྣམ་དབྱེ་ཀྱིས་དངོས་སུ་་བསྟན་སྟངས་ལ་བསམ་བློ་བཏང་ན་ཡང་། (སོར་མོའི་ཕྲེང་བ་ཅན། བསྐྱངས་བརྐུམས་ཞབས་ནི་བརྡབ་པ་ཙམ་གྱིས་དཀྱིལ་འཁོར་རི་བཅས་རི་དབང་ཤིག་ཤིག་པོར་འགྱུར་ཞིང་། ཞེས་སྔོན་ལ་དང་། གཡས་བསྐྱངས་གཡོན་བསྐུམས་ཞབས་ཀྱིས་བསྣམས་དེ།། ) འདི་ལྟར་བྱ་བའི་རྣམ་འགྱུར་རམ་ཁྱད་ཆོས་སྔ་རྗེས་སུ་རེས་མོས་བྱེད་པ་ལོས་ཡོད།
ཨ་རོ་ཟླ་མེད། ད་ང་ལས་ཀ་ལ་འགྲོ་རན་སོང་། རིང་པོ་ཞུ་ལོང་མི་འདུག དྲི་བ་ཞིག་གཏོང་། སྡུག་བསྔལ་བདེན་པ་དང་ལུག་ཤ་ཞེས་པ་འདི་གཉིས་ཀྱི་ཁྱད་གཞི་དང་ཁྱད་ཆོས་གང་རེད། ཇི་ལྟར་རེད།
དངོས་གནས་བཤད་ན། ང་རང་བོད་ལ་སྐྱེས་སྟབས་བོད་སྐད་ཤེས་པ་ལས། བོད་ཡིག་གི་རྣམ་གཞག་དེ་ཚོ་ལ་སློབ་སྦྱོང་ཧ་བེ་ཧོབ་བེ་ཙམ་ལས་བྱེད་མ་མྱོང་། ལོ་ཤས་སྔོན་ནས་བོད་ཡིག་གི་དཔེ་དེབ་མང་ཙམ་བཀླགས་པས། མིང་ཚིག་ཕུན་སུམ་ཚོགས་ཙམ་ཡོད། རྒྱ་ནག་ཏུ་སྡོད་སྐབས་མདོ་སྟོད་སྨད་ཀྱི་མི་དང་ཅུང་འདྲིས་པས། སྐད་ཀྱི་ཆོས་ཉིད་ཕྲན་བུ་ཡང་འབྲས་ཀི་ཞོར་ལ་སོག་མའི་དཔེ་ལྟར་ཤེས་འདུག མདོར་ན་ངས་ཁྱད་གཞི་ཁྱད་ཆོས་སྟོན་པའི་ཚིག་གི་དབྱེ་མཚམས་དེ་ཚོ་གསལ་པོ་མི་ཤེས། རབ་གསལ་ལགས་ཀྱིས་སློབ་སྟོན་གནང་རོགས།
རིགས་པས་དཔྱད་ན། ལུག་ཤ་ལྟ་བུར་མཚོན། ལུག་ལ་ལྟོས་ཁྱད་ཚིག་ཡིན་མིན་ལྟ་སྟངས་ཤིག་དང་ཤ་ལ་ལྟོས་ཏེ་ལྟ་སྟངས་ཤིག ལུག་ཤ་རང་ལ་ལྟོས་ཏེ་ལྟ་སྟངས་ཤིག་བཅས་མེད་དམ་དྲན།
འདི་ལོ་ཞེས་པ་འདི་བོད་ཚིག་འཁྲུལ་མེད་རེད། དེ་ཡང་༼འདི་༽ཞེས་པ་དེའི་འཇུག་པ་ཁག་ལ་ཞིབ་ཏུ་དཔྱད་ན་ཤེས། ད་དུང་། ད་ལོ་ཞེས་པ་འདི་བོད་ཚིག་འཁྲུལ་མེད་ཡིན་པར་ཁས་ལེན་ནུས་ས་ན། འདི་ལོ་ཁས་ལེན་མི་ཐུབ་དོན་ཅི་ཡང་མ་མཆིས། དེང་སྐབས་ཀྱི་བོད་མིའི་ཁ་ནས་བརྗོད་སྲོལ་ཡོད་པ་རང་གིས་མ་མཐོང་བའི་ཆ་ནས་བོད་ཚིག་རྣམ་དག་མ་ཡིན་པར་བཤད་ན། རྒྱུ་མཚན་ལྡན་པ་མ་རེད། སྔ་མོའི་སྐད་ཆ་བཤད་སྟངས་མང་པོ་ཞིག་དེང་གི་རྒྱུན་སྐད་ནང་ཡལ་ཟིན་པ་བརྡ་རྙིང་ཁག་ལ་གཟིགས་དང་ཤེས། ད་ཁྱད་མི་འདུག དེ་ཙམ་གྱིས་ཆོག་ཤེས་པར་བྱ། བགྲོ་གླེང་འདི་ནས་མཚམས་བཞག་གི་ཡིན།
འོ་ཡ་རབ་གསལ། བརྡ་སྤྲོད་པའི་ལུགས་ལྟར་འགྲེལ་ན། སྡུག་བསྔལ་འཕགས་པའི་ནི་ཁྱད་ཆོས་ཡིན་ལ། བདེན་པ་ནི་ཁྱད་གཞི་ལོས་ཡིན། འོན་ཀྱང་དོན་སྟེང་ནས་བཤད་ན་འཕགས་པའི་བདེན་པ་ནི་ཁྱད་གཞི་དང་། སྡུག་བསྔལ་ནི་ཁྱད་ཆོས་ཡིན་ཏེ། སྒྲ་བཤད་པའི་སྐབས་སུ། འཕགས་པའི་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཕགས་པས་གཟིགས་པ་ལྟར་གནས་ལ། བྱིས་པ་ཕལ་བས་མཐོང་པ་ལྟར་མི་བདེན་པས་དེ་ལྟར་བརྗོད་པའི་ཕྱིར་དེ། ཉན་ས་ལས། འཕགས་པ་རྣམས་ཀྱིས་བདེན་པ་དེ་དག་དེ་ཁོ་ན་ལྟར་ཡིན་པར། ཞེས་གསུངས་པ་ལྟར་རོ།
དེ་བཞིན་དུ་གཞི་ལ་སྦྱར་ནས་བཤད་ན། གཞོན་ནུ་ཟླ་མེད་ཀྱིས་རང་གི་ཕུང་བོ་ལྟ་བུ་ཁྱད་གཞི་དང་། འདི་ཉིད་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ཕུང་པོར་སྒོམ་སྐབས་དེ་ནི་ཁྱད་ཆོས་རེད།
བདེན་གཞིའི་ཁྱད་ཆོས་དང་ཁྱད་གཞིའི་གོ་རིམ་དེ་ཚོ་གཞི་གང་ཞིག་འཕགས་པའི་གཟིགས་ཚུལ་དེ་ཉིད་སོ་སྐྱེ་ལ་བཤད་པའི་གོ་རིམ་ཞིག་ཡིན་པས་ལུག་ཤ་ལྟར་ལས་སླ་བོའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་ཀྱི་མ་རེད། ལར་ནས་ལུག་ཤ་ནི་ངས་ཁས་ཡོང་མེད་པས་ཁ་མཆུ་འབང་མ་ལེན་རྒྱུ་མེད་ཡ། རྩེ་མོ་ཡིན་ད།
ཚད་མ་རྣམ་འགྲེལ་ན་འདི་འདྲ་ཞིག་ཡོད། གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི། བརྗོད་བྱའི་ཤན་གྱིས་ཁྱད་པར་གྱིས།། ཞེས་གསུངས་པ་ལྟར། སྒྲ་མི་རྟག་པ་དང་། སྒྲའི་མི་རྟག་པ་གསུངས་པའི་སྐབས་སུ། སྔ་མ་དེས་སྒྲ་ཁྱད་གཞིར་བཟུང་ལ། ཕྱི་མ་དེས་མི་རྟག་པ་ཁྱད་གཞིར་བཟུང་ཡོད། དེ་ཡང་སྔ་མ་ལ་དོག་པ་ཡོད་མི་སྲིད་པས་ཕྱི་མ་ལ་འགྲེལ་བཤད་བྱེད། སྔ་རྒོལ་རབ་གསལ་གྱིས་མི་རྟག་པ་ཞེས་བརྗོད་པའི་སྐབས་སུ། ཕྱི་རྒོལ་ཁང་གསར་གྱིས་མི་རྟག་པ་ཟེར་ན་གང་གི་མི་རྟག་པ་ཞེས་དྲིས། རབ་གསལ་ནས་སྒྲ་ཡི། ཞེས་བརྗོད་པའི་སྐབས་སུ། ཁང་གསར་གྱི་མི་རྟག་པ་ཁྱད་གཞིར་བཟུང་ནས་སྒྲ་དེ་ཡི་ཁྱད་ཆོས་སུ་བཟུང་པ་རེད། འོན་ཀྱང་འདི་ནི་གཞུང་ལུགས་རྣམས་སུ་ཚད་མའི་ཁྱད་ཆོས་དང་ཁྱད་གཞིར་བཟུང་སྟངས་རེད་གསུངས་འདུག གཅིག་བྱས་ན་སྒྲ་ཡིས་ཁྱད་ཆོས་ཁྱད་གཞི་དང་ཚད་མས་ཁྱད་ཆོས་ཁྱད་གཞིར་བཟུང་སྟངས་ཅུང་མ་འདྲ་བ་ཡོད་སྲིད་ན་ཡང་། སྤྱིའི་ཆ་གཅིག་པ་རེད་དྲན།
འོ་གོང་གི་དེ་ལ་སྒྲ་བ་ལུགས་ཀྱི་ཁྱད་གཞི་ཁྱད་ཆོས་དང་། ཚད་མ་བ་ལུགས་ཀྱི་ཁྱད་ཆོས་ཁྱད་གཞི་ཞེས་བཅོས་དགོས།
ཡང་༼ལང་ཚོ་རྦབ་ཆུ༽ ཀློག་དང་ཁྱད་ཆོས་སྔོན་དང་ཁྱད་གཞི་རྗེས་སུ་སླེབས་པ་ཁེངས་བསྡད་ཡོད་པ་རེད། དེ་བཞིན་དུ་ཟླ་སྒྲོན་གྱི་གླུ་བཞས་ལ་ཉོན་དང་། ༼དཀར་གསལ་ཟླ་བའི༽ཟེར་ནས་གཏོང་གི་རེད། འབྲེལ་སྒྲ་བསྐུམས་པ་མ་གཏོགས་ཁྱད་ཆོས་སྔོན་དང་ཁྱད་གཞི་རྗེས་སུ་འདུག་ཀ ད་དེང་སང་གི་གསར་བུ་གསར་མོ་ཚོར་གནའ་རབས་ཀྱི་གཞུང་ལུགས་ནས་བཤད་ན་ཐོག་མ་ནས་རྣ་བ་བཀབ་བཞག་གི་རེད། ད་དེང་སང་གི་ཚིག་ཐོག་ནས་བཤད་ཡ།
སུམ་ཅུ་བའི་རྣམ་དབྱེ་དྲུག་པ་དང་། དེ་བཞིན་དུ་སྙན་ངག་མེ་ལོང་སྐབས་ཀྱི་བསྡུས་གཟུགས་དང་མ་བསྡུས་པའི་གཟུགས་ཅན་སོགས་ནས་བསྟན་པ་ནི། རྣམ་དབྱེ་ཙམ་གྱིས་བསྟན་མ་བསྟན་དང་། དེ་མིན་རྣམ་འགྲེལ་སོགས་གཞུང་ལུགས་ནས་བཤད་པ་ནི་ཕྲད་ཙམ་གྱི་མ་ཡིན་པར། བརྗོད་ཚིག་དང་ཤེས་པའི་གོ་རིམ་ལ་ལྟོས་ནས་ཁྱད་ཆོས་དང་ཁྱད་གཞི་སྟོན་པ་སོགས་ཡོད།
སྤྱིར་བཏང་ང་ལ་མཚོན་ན། ཁྱད་ཆོས་ཁྱད་གཞི་སྐོར་ལ་གོང་དུ་དྲང་བའི་རྣམ་འགྲེལ་གྱི་ཚིག གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི།། བརྗོད་བྱའི་ཤན་གྱི་ཁྱད་པར་གྱིས། གསུངས་པ་དེ་ལས་ཟབ་པོ་ཞིག་མཐོང་མ་མྱོང་།།
ད་སྡུག་བདེན་གྱི་སྐོར་དེ་ཡང་བསྐྱར་བཤད་འདོད་ལངས་སོང་། གཞོན་ནུ་ཟླ་མེད་ལ་སྡུག་བསྔལ་བྱུང་བ་ན། སྡུག་བསྔལ་འདི་གང་ལས་བྱུང་སྙམ་ནས་ཡང་ཡང་བསམ་པ་ན་ཐོག་མར་སྡུག་བསྔལ་དེའི་ཁྱད་གཞི་ཕུང་པོ་རྙེད་འགྲོ་གི་རེད། རྣམ་འགྲེལ་ལས། སྡུག་བསྔལ་འཁོར་བ་ཅན་ཕུང་བོ།། གསུངས་པ་ལྟར་རོ། དེ་ནས་ཡང་བསྐྱར་བསམ་བློ་བཏང་ན་དེ་གང་ལས་བྱུང་བའི་རྒྱུ་ ཀུན་འབྱུང་ལ་ཐུག་འགྲོ་གི་རེད། འོན་ཀྱང་དེ་ནི་ཁྱད་ཆོས་དང་ཁྱད་གཞི་འབྲེལ་བ་མ་རེད། རྒྱུ་དང་རྒྱུ་ཅན་གྱི་འབྲེལ་བ་རེད།
སྤྱིར་བཏང་སློབ་ཁྲིད་གནང་སྐབས། འདི་ལྟར་གནང་བ་དྲན་གྱི་འདུག སུམ་རྟགས་ཁྲིད་སྐབས། དེ་ནས་གསུངས་པ་ལྟར་འབྲེལ་སྒྲ་དེ་ཚོ་གཅིག་གཅིག་གཉིས་གཉིས་བྱས་ནས་དཔེར་བརྗོད་འཇོག་དགོས། དེ་བཞིན་དུ་མེ་ལོང་མ་ཁྲིད་སྐབས་ཀྱང་འབྲེལ་སྒྲ་འཇོག་དགོས་ས་དེ་ཚོར་གཅིག་གཅིག་གཉིས་གཉིས་འཇོག་དགོས། འོན་ཀྱང་དཔག་བསམ་འཁྲི་ཤིང་དང་། སྤྲིན་གྱི་ཕོ་ཉ་དེ་ཚོ་ཁྲིད་སྐབས་འབྲེལ་སྒྲ་ཉུང་འཕྲི་བྱེད་དགོས་གསུངས། སྙན་ངག་འབྲི་སྐབས་འབྲེལ་སྒྲ་མང་ན་ཚིག་གི་སྙན་ཆ་དང་བྲོ་བ་སོགས་བརླགས་འགྲོ་གསུངས། འདི་ཚོ་བོད་ཚིག་གི་སྦྱོར་བའི་འགྲོ་སྟངས་རེད།
འདི་ཚོ་བོད་ཀྱི་དགོན་པ་ཁ་ཤས་ན་ད་དུང་ཡང་ཁྲིད་རྒྱུན་མ་ཉམས་པར་ཡོད་པ་རེད། མདོ་སྨད་ན་སྔར་ཚིག་སྦྱོར་སྙན་ངག་སྐོར་ལ་གྲགས་པ་ཆེ་ཤོས་སྒེའུ་སྟེང་བློ་བཟང་རེད། ཁོང་གི་སྤྲིན་གྱི་ཕོ་ཉ་ལ་དཔེ་བླངས་ནས་༼སྙན་ངག་ཕོ་ཉ་དོན་ཀུན་གྲུབ་པ༽ རྩོམ་མྱོང་ཡོད་པ་རེད། དེ་ན་ཕྲད་བསྐུམས་པའི་ཕྱོགས་ལ་འབད་པ་གང་མང་གནང་ཡོད།
དེ་བཞིན་དུ་ང་ཚོ་བོད་གཞུང་གི་སྙན་ཞུ་སྐོར་ལ་ཡང་དེ་འདྲ་རེད། གཞུང་ཡིག་དེ་ཚོ་འབྲེལ་སྒྲ་བསྐུམས་པའི་ཕྱོགས་ལ་འབད་པ་གནང་ཡོད། ནོར་བུ་དོན་ལྡན་ཡིན་ན་རྡ་ས་ན་ཡིག་བསྐུར་རྣམ་བཞག་ཞིག་ཡོད་པ་དེ་ན་ཕྲད་ཉུང་འཕྲི་ཕྱོགས་ལ་བྲིས་ཡོད། འོན་ཀྱང་ཨ་མདོ་ཕྱོགས་ལ་ཡིག་བསྐུར་རྣམ་བཞག་ཁ་ཤས་ཞིག་ཡོད་པ་རྣམས་ན། ཕྲད་ཤིན་ཏུ་མང་བའི་སྐྱོན་ཡོད།
ད་གཞོན་ནུ་ཟླ་མེད་འདིས། བདེན་པ་བཞིའི་རྣམ་དབྱེ་དེ་ཚོ་ཁྱད་གཞི་དང་ཁྱད་ཆོས་ལ་སྦྱར་ནས་ཡོང་གི་འདུག
གཞོན་ནུ་འདི་།
དང་པོ་ཙ་ན། ཤིང་བཟོ་ཉམ་ཆུང་ཞིག བྲི་བྱའི་གནས་ལ་དག་ཆའི་ཕོངས་བ་ཅན་ཞིག
་ བར་དུ། ཚོང་གི་བསམ་བློ་ཡོད་མཁན་ཞིག སྨན་གྱི་ཚོང་ལ་འདུན་པ་ཅན་ཞིག
མཐའ་མར། མ་བྱན་གྱི་ལས་ཀར་རྒྱུན་ཤེས་ཡོད་མཁན་ཞིག
མཇུག་ཏུ། གཞུང་ལ་ཐོས་བསམ་ཡོད་མཁན་ཞིག
ད་གཞུང་གི་ཚིག་རྣམས་དྲུད་ནས་སླེབས་འདུག ཚིག་གི་དག་ཆ་ཡག་པའི་མི་ཚད་གཞན་གྱི་དག་ཆར་ནོར་བཅོས་ཀྱང་ཁ་སྔོན་ནས་མཛད་འགོ་ཚུགས་སོང་།
ད་གཞོན་ནུ་འདིས། ཤིང་བཟོ་དང་མ་བྱན། སྨན་འཚོང་གི་ལས་ཀ་སོགས་གཡུགས་ནས་ཆོས་ཀྱི་ལས་ཀ་ཞིག་གཉེར་འགོ་ཚུགས་ཀྱི་ཡོད་པ་འདྲ།
འདི་ཀུ་རེ་བྱས་ནས་བྲིས་བ་ཡིན།
ཨ་ནུ་བསོད་ནམས་མིང་ཅན་ནས་ང་ལ་ཁུངས་ཤོད་ཟེར་གྱི་འདུག་མོད། ཁུངས་ཡོད་པ་མ་རེད། གནད་འགག་འདི་ཐོན་མིའི་གཞུང་ནང་ཆད་ཡོད་པ་རེད། ཅེས་ངའི་དགེ་རྒན་བློ་བཟང་རྒྱ་མཚོས་གསུངས་བཞིན་བཀོལ་ཡིན། ཧཧཧཧཧཧཧཧཧཧཧཧཧ། ད་ཁྱེད་ལ་ཁུངས་རག་གི་མ་རེད་དོ། མ་གཞི་མདང་དགོང་ང་ལ་ཁུངས་གསར་བ་ཞིག་རག་ཡོད་དེ། ཆང་འཐུང་ནས་བརླག་བཅུག་བཞག ཧཧཧཧཧཧཧཧཧཧཧཧཧ རྗེས་མ་ཏུན་ཧོང་གི་ཡིག་ཆ་ནང་བཙལ་ཆོག རག་ན་ཁྱེར་ཡོང་།
ང་དང་ངའི་རྒན་བློ་བཟང་ལ་ཡིད་ཆེས་ན་དེ་རེད། གལ་སྲིད་ཡིད་མ་ཆེས་ན་ཁུངས་གཞན་ཡོད་པ་མ་རེད། དགོངས་དག།
རིག་འབྱུང་འདིས་ཆི་ཟེར་གི ང་ཡང་ཡར་རྒྱས་ལ་ཅུང་ཟད་ལོས་འགྲོ སྡེ་ཚང་མ་ཡར་རྒྱས་ལ་འགྲོ་བཞིན་པའི་སྐབས་སུ། ང་ཡར་རྒྱས་ལ་མ་སོང་ན་ག་ལ་འགྲིག ད་ཆོས་ཕྱོགས་ལ་བསམ་བློ་ཟིག་མ་བཏང་དུས། ན་ནིང་ད་ལོ་ཟིག་ཀ་དོན་མེད་ལ་སེམས་པ་སྐྱོ་གི མི་རིགས་ལ་བསམ་བློ་བཏང་ན་ཡང་སེམས་པ་སྐྱོ་གི མི་སོ་སོ་སྒེར་ལ་བསམ་བློ་བཏང་ན་ཡང་སེམས་པ་སྐྱོ་གི སེམས་པ་སྐྱོ་ན་ཡང་བྱས་ཡ་གང་ཡང་མེད་ཀི དེ་བས་སེམས་པ་སྐྱོ་དུས་སྐྱོ་དུས་མ་ནི་དབྱངས་ལ་གྱེར་ནས་འཐེན་ན་ཅུང་ཟད་ཕན་གི ཡང་དཔེ་ཆ་རྙིང་བ་དེ་ཚོ་ལ་བསམ་བློ་བཏང་ན་ཅུང་ཟད་ཕན་གི ཁ་བརྡ་ནང་དུ་ཡི་གེ་ཁ་ཤས་འབྲི་བཞིན་པ་ཡང་དེའི་ཆ་ཤས་ཞིག་ཡིན།
དེ་མིན་ཁྱད་ཆོས་དང་ཁྱད་གཞི་འབྲེལ་བའི་སྐོར་འདི་ལ་ཚད་མའི་ཕྱོགས་ན་ཤིན་ཏུ་མང་ནི་རེད། བསྡུས་ར་གཅིག་བུ་ལ་མཚོན་ན། ༼དྲུག་སྒྲའི་རྣམ་བཞག༽ ༼འགལ་འབྲེལ་ཆེ་བ༽༼འགལ་འབྲེལ་ཆུང་བ༽༼རིགས་བརྗོད་དང་ཚོགས་བརྗོད༽ སོགས་དང་ཅུང་ཟད་གཏིང་ཟབ་རུ་བཏང་ན། སེལ་འཇུག་སྒྲུབ་འཇུག གཞན་སེལ་གྱི་རྣམ་བཞག་སོགས་དགོས་པ་རེད་ཡ།
ཡང་རིག་འབྱུང་ལ། ངས་འདི་ན་སྡེ་མཁས་པ་ཚོས་ཇི་ལྟར་འབྲི་བཞིན་པ་དེ་ཚོ་ལ་ལད་མོ་བྱས་ནས་འབྲི་བཞིན་པ་མ་གཏོགས། རང་ཉིད་ཤིང་བཟོ་ཡིན་ཟེར་ནས་བཤད་ཡོད།
ཁྱེད་རྣམས་ཀྱིས་གཞོང་པའི་སྟོང་པའི་གཞོང་རྩེད་ཀྱི་དཔེ་ལྟར་དུ་མིན་རུང་། དེ་འདྲ་བའི་ཕྱོགས་ལ་རྩོད་གླེང་གནང་གི་མེད་དམ་སྙམ་བྱུང་།
བོད་ཀྱི་སྐད་ཀྱི་གཤིས་ཀའི་ངོས་གནས་གླེང་ན། རྒྱུན་ལྡན་སྐད་ཆ་ཤོད་སྐབས་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་སུ་སྦྱོར་བ་ནི་རྩོད་མེད་ཡོངས་གྲགས་དང་།
འོན་ཀྱང་རྩོམ་རིགས་ཀྱི་ཐ་སྙད་བེད་སྤྱོད་གཏོང་བའི་སྐབས་སུ། ཚིག་ཉམས་དང་སྙན་འཇེབས་འདོན་སླད། ཁྱད་ཆོས་སྔོན་དང་ཁྱད་གཞི་རྗེས་སུ་སྦྱོར་བའང་རྩོམ་རིགས་ལ་ནང་བྱན་ཆུབ་པ་ཞིག་ཡིན་ན་ནི། མཁྱེན་འགྱུར་ལ། དེ་གཉིས་ཀྱི་བར་ལ་ཁྱད་པར་ཡོད་པ་མཁྱེན་ན། རྩོད་གླེང་འདི་རིགས་ཅི་ལ་ཡོང་སྟེ་མི་ཡོང་སྙམ།
འོན་ཀྱང་དེང་སྐབས། བོད་མི་མང་པོ་ཞིག་གིས་དབྱིན་ཡིག་གི་བརྡ་སྤྲོད་ནང་ནས་ལེགས་ཆ་ལེན་ཁུལ་གྱིས་ཕ་མེས་ནས་བརྒྱུད་ཡོང་བའི་བརྡ་སྤྲོད་དང་སྐད་ཀྱི་འགྱུར་འགྲོས་ལ་དཔྱད་པ་གཏོང་ཁུལ་དང་མ་འགྲིག་མ་འཐུས་པའི་སྐོར་བབ་ཅོལ་དུ་སྨྲ་མཁན་ཡང་མཆིས་པས། དེ་རིགས་ཀྱིས་གཟབ་དགོས་ལ། དཔྱད་ནས་ངེས་པ་རྙེད་དེ་ལེགས་ཆ་དང་བཟང་ཆ་ནང་འདྲེན་གནང་མཁན་རིགས་ལ་ཅི་ནས་ཀྱང་བཀུར་འོས་ལ་བཀུར་ཡང་ངེས་སོ།།
ད་ཆོག་གི་ཡ། འབྲེལ་སྒྲ་ཞིག་ལ་དེ་འདྲའི་བརྩད་མི་ཚར་བ་བྱ་ཕོ་མགོ་འདྲ་ཞིག་རྩོད་ཀི་མ་འདུག ཕ་ཕྱོགས་འདི་ན་”གཞུང”་ཞིག་བསྙམས་ནས་”སྒྲིག་འཛུགས་”ལ་བསྒྱུར་འདུག འདིའི་ལ་དགོངས་ཚུལ་མང་ཙམ་གསུང་རོགས་ཞུ། ད་ཆར་བ་ཟེར་ནོ་ཟོ་ལས་འབྱོ་བ་ལྟར་འབབ་ཀྱིན་འདུག དུས་ཚོད་ཀྱང་དང་པོ་ཡོལ་སོང་། ད་ང་ཉལ་གི་ཡིན། ཁྱེད་ཚོས་བགྲོ་གླེང་བྱོས་དང་། ང་སང་ཉིན་ཡོང་ཐག་ཆོད་ཡིན་ཡ། ཨ་རེ་བ་ཅན་ཚོ།
སྟག་སྨྱོན་ལགས།
གོ་ཤེས་ཤིང་ཡི་གེ་ལེགས་པ་ཀློག་ཤེས་ན་ངའི་དགེ་རྒན་བློ་རྒྱམ་ལ་ཡིད་ཆེས་བྱེད་པའི་དོན་མ་ཡིན་པར་དེ་ནི་སྒྲུབ་བྱེད་ཀྱི་ཡན་ལག་སྒྲུང་གཏམ་ཙམ་རེད། སྒྲུབ་བྱེད་དངོས་ནི་གོང་དུ་བཀོད་པ་ལྟར་་་་་
དཔེར་ན་འབྱུང་ཁུངས་གཙོ་བོའི་སྟོན་ཚེ། མི་རིགས་དཔེ་སྐྲུན་ཁང་ནས། བོད་ལྗོངས་དཔེ་སྐྲུན་ཁང་ནས། བྱེད་པ་པོ་སེམས་ལྡན་ཡིན་ཞིང་དེས་དོན་གང་ཞིག་སྒྲུབ་པ་སྟོན་ཚེ་དཔེར་ན། སྦྱིན་པས་ཡི་གེ་བྲིས། སངས་རྒྱས་ཀྱིས་དེབ་ཀློག་ལྟ་བུ་ལས། སངས་རྒྱས་ནས་དེབ་ཀློག སྦྱིན་པ་ནས་ཡི་གེ་བྲིས་ཞེས་ནས་འབྱུང་ཁུངས་ཀྱི་སྒྲ་སྦྱར་ཚེ་བོད་ཀྱི་སུམ་རྟགས་གཞུང་དང་མི་མཐུན་པ་འདོད། དེ་བརྟེན། རྩོམ་ཡིག་ཅིག་བྲིས་ཚེ་འཇུག་ཏུ་བཀྲ་ཤིས་ནས་བྲིས་ཀྱང་ཤུགས་བསྟན་དུ་བྲིས་སམ་བརྩམས་ཞེས་བ་རང་ཤུགས་ཀྱིས་གོ་བས་བྱེད་སྒྲ་སྦྱར་ན་ལེགས་པ་འདོད།
འོ་ཁྱད་ཆོས་ལྔ་ལྡན་གསུངས་པའི་མདོ་ནི། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་བུའི་ཆོས་ཞིག་ཁོ་བོས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་ཚལ་ཏུ་གནས་པར་བྱ།། ཟེར་བ་འདི་རེད་ཀོ གོང་གི་སྨྲ་བསམ་བརྗོད་མེས་སོགས་དྲང་ནོར་ཐེབས་འདུག
སྟོན་པའི་བཀའ་ཆོས་སྐོར་རེ་ལ་ལྷ་སྒྲུང་གི་རྒྱབ་ལྗོངས་རེ་ཡོད་པས་ཅིས་ཕྱིར་ཕྲན་གྱིས་ལུང་རིག་གི་རྒྱབ་ལྗོངས་སུ་དངོས་ཡོད་ཀྱི་བྱུང་བ་བགྲང་མི་ཆོག་པ་ཡིན།
ཕྲན་གྱིས་སྒྲུབ་པར་རང་གི་རིག་པ་ཡོད།།
རིག་པའི་རྒྱབ་ལྗོངས་སུམ་རྟགས་གཞུང་ལུགས་ཡོད།།
ལུང་རིག་གཉིས་ཀྱིས་ཕྱུག་པའི་སྒེག་ལྡན་ལུས།།
དངོས་ཡོད་བྱུང་བས་སྤྲུས་ན་ཅིས་མི་ཆོག།
སྟོན་པའི་དགོངས་པ་རེ་ལ་རིག་པ་དང་།།
ལྷ་སྒྲུང་བྱུང་བ་འབུམ་གྱིས་རྒྱབ་ལྗོངས་ཡོད།།
རིག་པ་ལྷ་སྒྲུང་མཉམ་དུ་བསྲེས་ཆོག་ན།།
ཅིས་ཕྱིར་དངོས་ཡོད་བྱུང་འདི་བཀོད་མི་ཆོག།།
ཁོ་བོའི་དགེ་རྒན་དམུ་སྒེའི་སློབ་བུ་ཡིན།།
དམུ་སྒེ་བསམ་གཏན་དུང་དཀར་འགྲན་ཡ་ཡིན།།
འགྲན་བསྡུས་ཕམ་ཁ་མྱོང་བའི་དངོས་ཡོད་བྱུང་།།
རིག་པའི་རྒྱབ་རྟེན་བཀོད་ན་ཅིས་མི་ཆོག།
ཉེར་དུས་མཁས་བརྒྱ་འཛོམས་པའི་གྲལ་འགོ་རུ།།
དུང་དཀར་འཕྲིན་ལས་མཁས་བའི་ཡང་རྩེ་ཡིན།།
མཁས་བརྒྱ་རྩོད་པའི་དབུས་ནས་ཐག་བཅད་པ།།
ཐོན་མིའི་དགོངས་པ་གཉིས་པ་ཅིས་མི་འདོད།།
ཁྱེད་ལ་ལུང་དང་རིག་པའི་རྒྱུ་མཚན་མེད།།
ཐ་ན་རྒྱབ་རྟེན་ལྷ་སྒྲུང་བྱུང་བ་མེད།།
ཅི་ཡང་མེད་པའི་རྒྱ་སྟག་སྨྱོན་པ་ཁྱེད།།
ཉིད་ཀྱིས་གོང་བཀོད་ཇི་བཞིན་བཙུམ་ན་ལེགས།།
ཁྱོད་ཀྱི་དགེ་རྒན་དམུ་སྒེའི་སློབ་བུ་རེད།།
དམུ་སྒེ་དེ་ནི་དམུ་དགེའི་སློབ་བུ་རེད།།
དགེ་སློབ་རིམ་པ་གསུམ་གྱི་བརྒྱུད་ལམ་ནས།།
དམུ་དགེ་ས་མིང་དེ་ཡང་ས་སྒེར་བསྒྱུར།།
དམུ་དགེ་བསམ་གཏམ་རྒྱ་མཚོ་ཞེས་ཁོང་གིས་བྲིས་ཤིང་ཞལ་ནས་ཀྱང་སྒྲ་དག་ཅིང་ཚིག་གསལ་བོར་གསུངས། དམུ་དགེ་ཡི་དགེ་ལ་ས་སྒེ་མ་འབྲི་རོགས། དེ་མིན་གཟན་ཅི་ཞིག་རྩོད་ནའང་རྩོད་ཡ། ཧ་ཧ་ཧ།
དམུ་དགེ་དམུ་སྒེ་དུང་དཀར་དུང་ནག་སོགས།།
འབྲོག་ཕྲུག་སྟག་ལོ་བ་ལ་ཇུས་གཏོགས་མེད།།
གནས་གཞིའི་ན་ལ་ས་ཡི་མཇུག་མ་ཅན།།།
བྱེད་སྒྲ་དྭངས་མར་འགྱུར་ཞེས་བདག་གིས་བཅད།།
སྲོང་བཙན་སྒམ་པོའི་བློན་ཆེན་ཐོན་མི་ཡིས།།
དུས་གསུམ་ཤེས་བྱ་ཐམས་ཅད་མཁྱེན་དོགས་མེད།།
དེ་ཡིས་མ་བཤད་པ་དང་མ་མཁྱེན་པ།།
སུ་ཡིས་བཤད་ན་ཁྲིམས་ཏུ་སྦྱོར་བ་ཅི།།
སྟག་སྨྱོན་མི་སྨྱོན་སུ་ཞིག་ཡིན་ན་ཡང་།།
རིགས་པས་དཔྱད་པའི་རིག་པའི་ལེགས་སྐྱེས་ཁག།
རང་གི་བློ་གྲོས་མཛོད་དུ་ཚུར་བླངས་ཏེ།།
ཡང་ཞིབ་བསྐྱར་ཞིབ་གནང་ཚུལ་ཅིས་མི་ལེགས།།
ཁྱེད་ཅག་རིག་པའི་ཕོ་རྒོད་གྲུང་པོ་ཚོའི།།
གཟུར་གནས་གཏམ་གྱི་ཟིལ་པ་ཕྲ་མོ་ཡང་།།
ཁོ་བོའི་རྣམ་དཔྱོད་ཞིང་སའི་ར་བ་རུ།།
ཡང་ཡང་བབས་པས་རིག་པའི་མྱུ་གུ་འཛུམ།།
ཁ་སང་ཁང་གསར་རྡོ་རྗེ་ལ་ལན་ཞིག་ཆད་ཡོད། དེ་ནི་ཁྱད་གཞི་དང་ཁྱད་ཆོས་ཀྱི་འགྲེལ་བཤད་སྐོར་རེད། གཞོན་ནུ་ཟླ་མེད་ཀྱིས་འབྲེལ་ཡོད་སྡེ་ཚན་འགའ་བསྟན་པ་དེ་དག་ལ་བཙལ་ན་ཞིབ་ཚགས་པ་རེ་རྙེད་སྲིད། ང་ལ་ད་ལྟ་ལག་སྣེ་ན་མེད། སེམས་ངོ་ན་ཡོད་པ་ནི། ཁ་སང་ཞུས་པ་བཞིན། གསེར་བུམ་སྤུས་ལེགས་དང་། གསེར་བུམ་རྙིང་པ། གསེར་བུམ་ཟླུམ་པོ་གསེར་བུམ་ལྟོ་བ་ལྡིར་བ་སོགས་ཀྱི་སྔ་མ་སྔ་མ་ཁྱད་གཞི་དང་ཕྱི་མ་ཕྱི་མ་ཁྱད་ཆོས་རེད།
དེ་ནས། ཁྱེད་ཀྱིས་དྲངས་པའི་ལུག་ཤ་སོགས་ཚིག་གི་ཕྲེང་བ་དེ་དག་ནི་ནས་བཏབ་པའི་ཞིང་ལ་ནས་ཞིང་སོགས་བསྡུས་པའི་མིང་ཚིག་ཤ་སྟག་རེད། དབྱིན་ཇིའི་འགྲོ་ལུགས་ལྟར་བོད་གཞུང་ཞེས་པའི་བོད་འདི་ཁྱད་ཆོས་འགྲོ་དགོས་ན་ཅུང་དཀའ་སེ་བ་ཞིག་རེད།
དེ་ནས་གཞོན་ནུ་ཟླ་མེད་ཀྱིས་མདོ་དང་མདོ་ཡི་ལུང་མང་པོ་དྲངས་ནས་སླེབས་བྱུང་། སྡུག་བསྔལ་བདེན་པ་ལྟ་བུ་ལ་ཁྱད་གཞི་ཁྱད་ཆོས་བརྩི་དགོས་ཤར་ཚེ། ངེད་ཀྱི་སེམས་ངོར་སྡུག་བསྔལ་དེ་ཁྱད་གཞི་རེད། བདེན་པ་དེ་ཁྱད་ཆོས་རེད། དེ་ནས་གང་ཞིག་སྔོན་དུ་ཡོད་དང་ཕྱིས་སུ་ཡོད་ཀྱི་སྐོར་མང་པོ་ཞིག་དྲངས་འདུག ལེགས་སྦྱར་གྱི་འགྲོ་སྟངས་ཕལ་ཆེར་དཀར་གསལ་ཟླ་བ་ལྟ་བུ་ཡིན་རྒྱུ་རེད། བཅུ་བཞིའི་ཟླ་བ་ ཞེས་སྨྲ་སྲོལ་ཡོད་པ་ལྟར་རེད། དེ་ནས། ཁྱེད་ཀྱིས་བཞག་པའི་དཔེ་མཚོན་འགའ་དྲན་མོད་ད་བཙལ་ནས་མ་རྙེད་ཐ། དཔེར་ན། ཆེན་པོའི་མི་ཞེས་པ་དང་། གཟན་ཤམ་གྱོན་པའི་མི་ཞེས་པ་གཉིས་ཅུང་མི་འདྲ་བ་རེད་དྲན། སྔ་མའི་ནང་དུ་བྱ་ཚིག་མེད་པ་རེད། ཕྱི་མའི་ནང་དུ་བྱ་ཚིག་ཡོད་པ་རེད། ཨོ་ཡ། དེ་ནས་དེ་རིང་དེ་ཡིན་དཱ།
མདོར་ན། བ་ལང་ནག་སྒུར་དང་། བ་ལང་གི་ནག་སྒུར་ཞེས་བརྗོད་པའི་སྒྲ་གཉིས་ཀ ཁྱད་གཞི་ཁྱད་ཆོས་བཟུང་སྟངས་མི་འདྲ་བ་ནི། རྣམ་འགྲེལ་ལས། གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི།། བརྗོད་བྱའི་ཤན་གྱི་ཁྱད་པར་གྱིས།། གསུངས་པ་ལྟར། ཚིག་སྔ་ཕྱི་གཉིས་ཀས་ཁྱད་གཞི་ཁྱད་ཆོས་བརྗོད་པར་འདྲ་ན་ཡང་། བརྗོད་བྱའི་ཤན་སྟེ། རྣམ་དབྱེའི་ཕྲད་ཡོད་མེད་ཀྱི་དབང་གིས་ཁྱད་ཆོས་ཁྱད་གཞི་བརྗོད་སྟངས་མི་འདྲ་བ་ཡིན་ནོ། སྔ་མས་ནག་སྒུར་ཁྱས་ཆོས་སུ་བཟུང་ལ། ཕྱི་མས་ནག་སྒུར་ཁྱད་གཞིར་བཟུང་བ་ཡིན་ནོ།
གོང་གི་གླེང་གཞི་ན་འབྲེལ་སྒྲ་འགྲིག་ཡོད་པ་འདྲ།
རྩོད་དོན་ཆེར་མི་འདུག འབྲེལ་སྒྲ་སྦྱར་མེད་པ་མང་པོ་ཙམ་གཞན་ན་འདུག དཔེར་ན། རྩོམ་ཡིག ཨ་མདོ་བག་ལེབ། ཅེས་པར་འབྲེལ་སྒྲ་ཆད་འདུག མི་གཅིག་མ་ཡིན་པར་མང་པོས་དེ་ལྟར་བྲིས་འདུག
གཞན་ཡང་འབྲེལ་སྒྲ་བཤད་སྐབས་ཁྱད་གཞི་དང་ཁྱད་ཆོས་གཙོ་བོ་མ་རེད། དེ་ཡན་ལག་ཙམ་རེད། དེ་ལས་ཀྱང་གལ་ཆེ་བ་འབྲེལ་གཞི་དང་འབྲེལ་ཆོས་ཞེས་གསལ་བཤད་བྱས་ན་འབྲེལ་སྒྲ་ཀུན་ལ་ཁྱབ་ཡོད་ཕྱིར་དོན་ལ་གནས་ཐུབ་ཡོད།
ཡང་ཀརྨ་དགེ་ལེགས་ཀྱིས་རྣོ་མེད་སྟ་རེ་ཁས་ནས་སླེབས་སོང་། སྦམ་བཤད་སྦོམ་བཤད་བྱས་ནས་སླེབས་སོང་། ཨ་མདོ་བག་ལེབ་ལ་འབྲེལ་སྒྲ་ཆད་པ་ཡིན་ན། ཀརྨ་དགེ་ལེགས་ཟེར་ན་འབྲེལ་སྒྲ་ཆད་འདུག་པས། ཀརྨའི་དགེ་ལེགས་ཟེར་དགོས་པ་ཡིན་ས་རེད། དྲིན་ཆེན་པོ།
འབྲེལ་སྒྲ་ལ་རྨོངས་པའི་དྲ་གྲོགས་གཞོན་ནུ་ཟླ་མེད།
ལེགས་པར་ཉོན་ཡིད་ལ་ཟུང་དང་། ངས་ཁྱེད་ལ་ལེགས་པར་བཤད་པར་བྱའོ། །
ཨ་མདོ་བག་ལེབ་ལ་འབྲེལ་སྒྲ་ཆད་མེད་ན། ཨ་མདོ་གོ་རེ། ཨ་མདོ་ཁ་སྐད། ཨ་མདོ་ས་ཆ། ཨ་མདོ་ཟ་མ་སོགས་འདོད་དགོས་པར་ཐལ་བའི་སྐྱོན་ཡོད་པ་དང་། འདི་དང་ཀརྨ་དགེ་ལེགས་གཉིས་མི་འདྲ། ཀརྨ་དང་དགེ་ལེགས་གཉིས་ཕན་ཚུན་འབྲེལ་གཞི་དང་འབྲེལ་ཆོས་གང་མིན་ལ། དེ་གཉིས་གཞི་གཅིག་ཡིན། ཀརྨ་ཡིན་ལ་དགེ་ལེགས་ཀྱང་ཡིན་པས་གཞི་ཐ་དད་པ་མིན། འདི་དང་ཨ་མདོ་བག་ལེབ་གཉིས་འདྲ་དགོས་ན། ཨ་མདོ་ཡིན་ལ་བག་ལེབ་ཡིན་པའང་འདོད་དགོས། བག་ལེབ་ཟ་མ་ཡིན་པས་ཨ་མདོ་ཡང་ཟ་མ་ཞིག་ཡིན་དགོས། ད་ཕྱི་ཆད་ཨུ་ཚུགས་མ་མེད། ཕྲག་དོག་མ་བྱེད། མི་ཤེས་ན་ངས་ཁྱེད་ལ་སུམ་རྟགས་བཤད་ཆོག མི་ཤེས་ཁུལ་གྱི་མཁས་པའི་གྲལ་དུ་འགྲོ་མི་ཐུབ།
གཞན་ཡང་མཁས་པའི་ཡོན་ཏན་ནི་རིག་པ་རྣོ་བ་དང་། དྲང་མོ་ཡིན་པ་གཉིས་ཡིན། རང་ནི་དེ་གཉིས་ཀ་ལས་གོ་ལྡོག་འདུག་པས་འདི་ལ་ཐ་སྙན་སྙན་པོ་གང་ཡང་སྦྱར་རྒྱུ་མི་འདུག
ཁྱེད་ཚོའི་བགྲོ་གླེང་འཁྲུགས་པོ་འདིར་བལྟས་ན་འབྲེལ་སྒྲ་ཉམས་ཀྱི་མེད་པ་འདྲ། འབྲེལ་སྒྲའི་བསྟན་པ་རྒྱས་རྒྱུ་ཡིན་པ་འདྲ། ད་བགྲོ་གླེང་འདི་ལ་སྡོམ་ཞིག་མ་རྒྱབ་ན། མིང་དང་ཚིག་གཉིས་ལ་དབྱེ་བ་ཕྱེ་མ་ཐུབ་པར་བཤད་ཀྱི་ཡོད་པ་འདྲ་བོ། མིང་དང་མིང་གི་ཁྱད་ཆོས་ཀྱང་ངོས་མ་ཟིན་པ་འདྲ་བོ། འབྲེལ་སྒྲའི་འཇུག་ཡུལ་དག་ཀྱང་ཡག་པོ་ཞིག་མགོ་ཚོས་མེད་པ་འདྲ་བོ། དེ་སྒྲ་དང་འདི་སྒྲའི་འཇུག་ཡུལ་ཡང་ཆ་ཚང་ཞིག་ཤེས་ཀྱི་མེད་པ་འདྲ་བོ་འདུག འདིར་འགྲེལ་བཤད་མང་པོ་མེད་པར་ཆེས་མདོར་བསྡུས་ཤིག་ཞུ་གི་ཡིན་ན་གཅིག་ཤེས་ཀུན་གྲོལ་ཡོང་བའི་རེ་བ་ཡོད། འདིར་འགྲེལ་བཤད་ཅིག་མ་བྱས་ན་བློ་གསར་མང་པོ་ཞིག་གི་མགོ་ཤིན་ཏུ་འཐོམས་པར་བྱས་སོང་བསམས།
༡ མིང་།
མིང་ལ་ས་ཆུ་མེ་རླུང་སོགས་འདོད་རྒྱལ་གྱི་མིང་ཞིག་དང་དེ་ནས་འདྲ་བ་དང་འབྲེལ་བ་སོགས་རྒྱུ་མཚན་དུ་བྱས་ནས་བཏགས་པའི་རྗེས་སུ་གྲུབ་པའི་མིང་ཞིག་གཉིས་ཡོད་པ་ལྟར། འདོད་རྒྱལ་བཤད་ཅི་ལ་དགོས། རྗེས་གྲུབ་ནི། གསེར་གྱི་བུམ་པ་ལ་གསེར་བུམ། རྡོ་ཡི་ཁང་པ་ལ་རྡོ་ཁང་། གཡང་དཀར་གྱི་ལུག་ལ་གཡང་དཀར་ལུག། དཀར་ཞིང་གསལ་བའི་ཟླ་བ་ལ་དཀར་གསལ་ཟླ་བ། འབྲས་ཀྱི་ཞིང་ལ་འབྲས་ཞིང་། ད་ལོའི་ལོ་ལ་ད་ལོ་དང་འདི་ལོ་ལྟ་བུ་གྲངས་མང་ལ་དེ་ལ་དབྱེ་བ་ཡང་མང་དུ་ཕྱེ་ཆོག་པའོ། འདི་དག་ནི་མིང་རྐྱང་ཡིན་པས་མིང་གི་ཁྱད་ཆོས་མེད་དོ།
༢ མིང་དང་མིང་གི་ཁྱད་ཆོས།
མིང་ཟེར་བ་ནི་གོང་གསལ་གྱི་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་གང་རུང་ལ་ཟེར། དེ་ལ་མིང་གི་ཁྱད་ཆོས་སྦྱོར་སྐབས་རྗེས་སུ་སྦྱོར། མི་ཆེན་པོ། ལུག་དཀར་པོ། རི་མཐོན་པོ། རྟ་མགྱོགས་པ། རྡོ་མང་པོ། མི་གསུམ། གྲངས་ཀ་བཞི་ལྟ་བུའོ། འདིར་གསལ་བཤད་ཅིག་ནི། འདི་ལའང་དབྱེ་བ་མང་སྟེ་མིང་གི་ཁྱད་ཆོས། མིང་གི་ཁྱད་པར། མིང་གི་རྣམ་པ། མིང་གི་རྣམ་གྲངས་སྟོན་པ་སོགས་མང་ངོ།
༣ འབྲེལ་སྒྲ།
འབྲེལ་སྒྲ་ལ་བོད་ཀྱི་བརྡ་སྤྲོད་རེ་ཟུང་ནང་ནང་གསེས་ཀྱི་འཇུག་ཡུལ་མང་པོ་ཞིག་བསྟན་ཡོད་པ་དེ་ཚོའི་ནང་མ་འདུས་པ་ཡོད་ན་ཁ་གསབ་བྱེད་པར་རིགས། གོང་གསལ་དུ། མགྱོགས་པའི་རྟ་དང་དཀར་པོའི་ལུག་སོགས་མ་འགྲིགས་པ་མདོག་མདོག་བཤད་པ་དེ་ནི་མ་འགྲིགས་པ་མིན་པར་རང་གིས་མ་ཤེས་པ་རེད།
དེ་དག་ནི་ཁྱད་ཆོས་དང་ཁྱད་གཞིའི་འབྲེལ་བ་ཡིན་པ་དང་། བོས་པའི་མགྲོན། འགྲོ་བའི་མི་ཟེར་ན་བྱ་བ་དང་བྱ་བ་ཅན་གྱི་འབྲེལ་བ། ད་རུང་ཡན་ལག་དང་ཡན་ལག་ཅན། བདག་པོ་དང་དངོས་པོ། སྤྱི་དང་བྱེ་བྲག། ཆ་ཤས་དང་ཆ་ཤས་ཅན། ཡུལ་དང་ཡུལ་ཅན་སོགས་མང་དུ་དབྱེ་བ་འབྱེད་རྒྱུ་ཡོད་པ་འདྲ། འབྲེལ་སྒྲའི་ཕྲད་ནི་མཚམས་རེར་ཚིག་རྒྱན་དང་སྟབས་བདེ་བའི་ཆེད་སྐུམ་ཆོག་ལ་བཞག་ཡང་ཆོག་པའོ།
༤ དེ་སྒྲ་དང་འདི་སྒྲ།
དེ་སྒྲ་ལ་འཇུག་ཡུལ་དགུ་ཡོད་པ་དེ་ཡག་པོ་ཞིག་ཤེས་ན་འདི་སྒྲ་ཡང་ཞོར་ལ་ཤེས་པའོ།
ཆེས་མདོར་བསྡུས་ཤིག་བཤད་ན། དེ་སྒྲ་དང་འདི་སྒྲ་ལ་འཇུག་ཡུལ་གཉིས་ཡོད་པ་ལས། དང་པོ་ནི་མིང་ཚབ་ལ་འཇུག་པ་ནི་དངོས་པོའི་མིང་མ་སྨྲོས་པར། དུས་འདས་མ་འདས་དང་བདག་གཞན་ལ་ལྟོས་ནས་དེ་དང་འདི་ཞེས་ཕྲད་གཅིག་པོ་བཀོལ་ནས་འགྲོ་བ་ལྟ་བུའོ།
གཉིས་པ་ནི་མིང་ངོས་བཟུང་བ་ལ་འཇུག་པའོ། མི་དེ། དེབ་དེ། པར་འདི། ཁང་པ་འདི་ལྟ་བུའོ། གོང་གསལ་གྱི་དེ་ལོ་དང་འདི་ལོ་སོགས་ནི་ཕྲད་ཀྱི་འཇུག་ཡུལ་མིན་པར་རྗེས་སུ་གྲུབ་པའི་མིང་གི་ཁོངས་སུ་འགྲོའོ་བདག་སྙམ་མོ།
ཧཧཧ། ཀརྨ་དགེ་ལེགས་འདི་ད་ངོ་ནས་སྦུག་སུ་དོག་པོ་ཞིག་རེད། གླང་ཆེན་དེ་ཚོ་ཙི་ཙི་ཁུང་བུ་ལ་ལྟོས་ནས་ཉིན་མཚན་ཁ་ཤས་བསྡད་བཞག་གི་རེད་ཟེར་བ་བདེན་པ་རེད། ཨ་མོད་སྐད་ཟེར་ན་མི་འགྲིག་ན། རྒྱ་གར་སྐད་ཟེར་ན་ཡང་འགྲིག་རྒྱུ་མ་རེད། ད་སྔར་གྱི་ལོ་ཙྰ་བ་ཚང་མ་ནོར་བསྡད་ཡོད་པ་རེད། བཀའ་འགྱུར་བསྟན་འགྱུར་རེ་རེའི་དབུར་རྒྱ་གར་སྐད་དུ་ཟེར་བ་མ་གཏོགས་རྒྱ་གར་གྱི་སྐད་དུ་ཟེར་མི་འདུག ཀ་ཁ་མ་ཤེས་གོང་ང་བཀའ་འགྱུར་ཞུས་དག་ཟེར་བ་ཅིས་མ་བདེན།
མདའ་ཚན་པ། སྔར་གྱི་ཡིག་རྙིང་རྣམས་ནས་བྱུང་བའི་དེ་ལོའི་དཔེར་་བརྗོད་ནི། སྟོན་པས་ས་ག་ཟླ་བའི་བཅོ་ལྔའི་ཉ་ལ་མངོན་པར་རྗོགས་པར་སངས་རྒྱས་ནས། ཕྱི་དེ་ལོའི་ནག་པ་ཉ་ལ་བྱ་རྒོད་ཕུང་པོའི་རིར་ཤེས་ཕྱིན་གྱི་ཆོས་འཁོར་བསྐོར་བ་དང་མཉམ་དུ་ཤྲི་ངྷ་ན་ཀ་ཊ་ཀར་ཆོས་དབྱངས་གསུངས་གི་དབང་ཕྱུག་གསུངས་སོ། ལྟ་བུ་འདུག་པས། དེའི་སྐབས་སུ་༼ཕྱི་དེ་ལོ༽་ཟེར་བ་འདི་དུས་འཁོར་གྱི་འགྲེལ་ཡོད་མཁན་བོད་ཀྱི་མཁས་པ་མང་པོའི་གསུངས་ན་འདུག དྲི་བ་ནི་འདི་མིང་གི་ཆ་ཤས་འེ་རེད་ཀོ ཚིག་གྲོགས་ལ་བལྟས་ནས་བཤད་ན།
ད་ཡང་བོད་ཡིག་འདི་རྙོག་འདྲ་ཚ་རུ་ཚ་རུ་ལ་གཏོང་གི་འདུག ད་འབྲེལ་སྒྲ་དེའི་ཚབ་ལ་བར་སྟོང་དང་ཚེགས་ཤིག་བཞག་ནས་སྐྱུར་ན། བོད་ཡིག་འདི་ཤེས་སླ་བ་མེད་འགྲོ།
གཞོན་ནུ། ད་ལྟའི་བོད་ཀྱི་སྐད་དང་བརྡ་སྤྲོད་ཀྱི་འགྲོ་ལུགས་ལྟར་བྱས་ན། ཕྱི་ལོ་དེར་ཟེར་དགོས་པ་ལྟ་བུར་མཐོང་། ཕྱི་ལོ་ནི་མིང་དང་དེ་སྒྲ་ངེས་བཟུང་ལ་འཇུག ཕྱི་དེ་ལོ་ཟེར་ན་སྔོན་མའི་སྐད་དང་བརྡ་སྤྲོད་ཀྱི་ལུགས་ཤིག་གམ་ནོར་བ་ཡིན་ཁྱེད་ཚོ་གཞུང་ཆེན་པོར་ལྟ་མཁན་ཚོས་མ་ཤེས་ན་ངས་ཅི་ལ་ཤེས། མ་གཞི་སྔོན་མའི་གཞུང་ཞིག་ཡིན་ཕྱིན་དེ་ནོར་བ་རེད་ཟེར་ས་ཞིག་གྲྭ་མང་འཚོགས་ས་འདིར་ག་ལ་ཡོད་ཉན།
འདི་ལོ་དང་། ལོ་འདི་ཞེས་པའི་ཁྱད་ཆོས་སྦྱོར་སྟངས་ལ་ཁྱེད་ཚོས་དོན་མེད་ཀྱི་རྩོད་གཞི་སློང་གི་མ་འདུག གང་ཡིན་ཡང་ཡོངས་གྲགས་སུ་ཁྱབ་བརྡལ་ཕྱིན་ཚར་བའི་བོད་ཚིག་འཁྲུལ་མེད་ཅིག་རེད།
མཁས་དབང་མང་པོ་ཞིག་གིས་ཁྱད་གཞི་ཁྱད་ཆོས་ཀྱི་སྐོར་བགྲོ་གླེང་གནང་བ་དེ་ཚོ་ཚང་མ་བཀླགས་པ་ཡིན། བགྲོ་གླེང་དེ་ཚོའི་ནང་ལ་ཁྱད་གཞི་ཁྱད་ཆོས་སྐོར་གསལ་པོ་ཞིག་མཐོང་མ་སོང་། ཁྱད་གཞི་ཁྱད་ཆོས་ཀྱི་བགྲོ་གླེང་གནང་དགོས་ན། ཐོག་མར་ཁྱད་གཞི་ཁྱད་ཆོས་ཀྱི་མཚན་ཉིད་དང་དེའི་མཚན་གཞི་བློར་ངེས་དགོས་པ་གལ་ཆེན་པོ་རེད། དེ་བས་སུ་ལ་ཁོམ་པ་ཡོད་ན་ཡང་ཁྱད་གཞི་ཁྱད་ཆོས་ཀྱི་མཚན་ཉིད་དང་དེའི་མཚན་གཞི་སོགས་བཀོད་རོགས། དེ་ལྟར་བྱས་ན་བགྲོ་གླེང་དེ་ཡང་དོན་ལྡན་ཞིག་ཏུ་འགྱུར་ངེས། ད་ལྟའི་བར་དུ་བགྲོ་གླེང་དེ་ཚྭ་མེད་པའི་ཚོད་མ་འདྲ་བོ་ཞིག་ཏུ་ཆགས་འདུག
གོང་དུ་འགའ་ཞིག་གིས་གསེར་གྱི་བུམ་པ་ཟེར་བ་དེ་ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་བར་གསུངས་པར། དྲ་གྲོགས་གཅིག་གིས། གསེར་དང་བུམ་པ་གཉིས་ལ་ལོགས་སུ་ཕྱེ་རྒྱུ་མེད་པས་ཁྱད་གཞི་ཁྱད་ཆོས་མིན་ཞེས་གསུངས་སོང་། དེ་བདེན་པ་རེད། སུམ་རྟགས་ཀྱི་གཞུང་སོགས་སུ་གསེར་གྱི་བུམ་པ་ཞེས་པ་དེ་ངོ་བོ་བདག་གཅིག་གི་འབྲེལ་བའི་དཔེར་བརྗོད་དུ་བཞག་ཡོད་པ་རེད་མ་གཏོགས་ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་བར་བཞག་ཡོད་མ་རེད།