ཁྲོ་གཏུམ།
ཉི་འོད་ཀྱི་རྣ་ལུང་ཡ་གཅིག་བཏེགས་པའི་མཚོ་ངོགས་སུ
རླབས་རིས་སྟུད་མར་རྩེན་པའི་ཝུ་བའི་ལ་ཐོད་ཅན
ཉི་འོད་ཀྱི་ཟེར་མ་འོད་དུ་འཚེར་བའི་མུ་མཐའ་ལ
མིག་གིས་ལྟ་བས་མི་མངོན་པའི་ཕ་རོལ་དེར་ལྟ་འདོད
འདོད་པ་ནི་རེ་སྙེགས་ཀྱིས་ཁུར་བའི་གྲོ་ཁུག་ཅིག་སྟེ
མ་སྟོང་བར་དུ་ཟ་འདོད་ཅིང
སྟོང་བར་སྐྲག་སྟེ་འབད་དགོད་པས་ན
བྲེལ་འཚུབ་ཀྱི་གོམ་པ་མཚམས་འཇོག་ག་ལ་ཐུབ
ཕུགས་བསམ་གྱིས་རང་འདུག་བྱེད་མ་ཐུབ་རུང
རྣམ་གཡེང་གི་ཕག་པས་ནམ་ཡང་ཁྱིམ་ཕྱག་ཟ་བས་ན
མདུན་བསྐྱོད་ཀྱི་གོམ་སྒྲ་གཅིག་པུར་ཉན་བསྡད
༢༠༢༡།༩།༢༣ཉིན་བྲིས།