གཞུང་པ་ཚེ་དབང་བསོད་ནམས།
༡ མང་ནི་གྲངས་ཀྱི་གསལ་འབྱེད་ཡིན་པ་ནས་་མང་པོའི་བཀུར་བའི་མང་བཀུར་གྱི་རྒྱལ་པོ་ལྟ་བུ་དང་།
༢ དམངས་ནི་གྲལ་རིམ་གྱི་གསལ་འབྱེད་ཡིན་པ་ནས་སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་རྒྱ་གར་ནང་རིགས་བཞི་ཡོད་པ།
༡ རྒྱལ་རིགས། ༢ རྗེ་རིགས། ༣ བྲམ་ཟེའི་རིགས།
༤ དམངས་རིགས་བཅས་རིགས་བཞི་ཡོད་པ་ནས་དམངས་རིགས་ནི་རིགས་བཞིའི་ནང་ནས་མཐའ་མ་དེ་ཡིན་པ་དང་། ང་ཚོའི་ཁ་རྒྱུན་ལའང། དམངས་ཙམ་དང་དམངས་ཆང། དམངས་གཞས་དང་དམངས་བྲོ་ལྟབུ་དང་།
༣ གྲངས་མང་འདུས་པའི་སྟོབས་ཤུགས་འོག་གྲངས་ཉུང་ལ་ཕམ་ཉེས་ཕོག་བཞིན་པ་ནི་དེང་སྐབས་འཛམ་གླིང་གི་ལུང་པ་མང་པོའི་ནང་ང་ཚོའི་མཐོང་ཆོས་སུ་ཡོད་པ་ནས་གསལ་པོ་ཤེས་ཐུབ་པ་དང་།
༤ མི་མང་བའི་བསམ་ཚུལ་དང་། མངོན་འདོད། ལངས་ཕྱོགས་ཀྱི་རྗེས་སུ་མི་ཉུང་བ་འགྲོ་བའི་ཆབ་སྲིད་ལམ་ལུགས་ལ་མང་གཙོ་ ( Democracy ) ཟེར་བ་དང་།
༥ མི་ཉུང་བའི་ཁ་ཤུགས་དང་། དཔུང་ཤུག་དང་། དབང་ཤུགས། རྒྱུ་ཤུགས། གནོན་ཤུགས་སོགས་ཀྱིས་འོག་མི་མང་བ་འགྲོ་བའི་ཆབ་སྲིད་ཀྱི་ལམ་ལུགས་ལ་གྲལ་རིམ་དམངས་གཙོ་
( Proletarian ) ཟེར་བ་དང་།
༦ ཨིན་ཇིའི་ཚིག Democracy འདི་བོད་སྐད་ནང། མི་མང་གི་དབང་ཆ་ལ་གོ་དགོས་པ་དང་། དབང་ཆ་ཆ་ཚང་མི་མང་གི་ལག་ཏུ་ཡོད་པ་ནས་མི་མང་ནི་མང་གཙོའི་ཀ་བ་ངོ་མ་དེ་ཡིན་པ། ( Pillar of Democracy )
༧ ཨིན་ཇིའི་ཚིག Proletarian འདི་བོད་སྐད་ནང། གྲལ་རིམ་ལ་གོ་དགོས་པ་དང་། དབང་ཆ་ཆ་ཚང་གྲལ་རིམ་གྱི་ལག་ཏུ་ཡོད་པ་དང་།
༨ མང་གཙོ་ཁྲིམས་ཀྱི་དབང་བསྒྱུར། Democracy is ruled by Law.
༩ དམངས་གཙོ་གྲལ་རིམ་གྱི་དབང་བསྒྱུར། Proletarian is ruled by Class.
༡༠ འཛམ་གླིང་འདིར་མི་གི་འགྲོ་བ་འཕེལ་བའི་བརྒྱུད་རིམ་ལ་ཕྱི་མིག་བལྟ་སྐབས་ང་ཚོའི་བློ་ལ་འཆར་ཐུབ་པ་དང་། ཤེས་ཐུབ་པ་དང་། རྟོགས་ཐུབ་པ་ནི་དུས་སྔ་མོ་གདོད་མའི་སྤྱི་ཚོགས་ནས་རིམ་བཞིན་ཡར་རྒྱས་ཀྱི་ཕྱོགས་སུ་ཁ་ཕྱོགས་ནས་མི་མང་གི་འཚོ་བ་ལ་འགན་འཁུར་ཐུབ་པའི་རྒྱལ་པོ་དང་། བློན་པོ། དཔོན་པོ། དམག་དཔོན་སོགས་མིང་ཚིག་དང་། གོ་གནས་འདྲ་མིན་བེད་དཔྱད་ནས་སྤྱི་ཚོགས་ཀྱི་ཆབ་སྲིད་ལ་འགན་སྲུང་བྱས་པའི་ཆབ་སྲིད་ཀྱི་ལོ་རྒྱུས་མང་པོ་འཛམ་གླིང་གི་ཤར་ནུབ་ལུང་པ་མང་པོའི་རྒྱལ་རབས་དང་ལོ་རྒྱུས་ནང་མཐོང་རྒྱུ་ཡོད་པ་བཞིན་ང་ཚོ་བོད་ཡུལ་འདི་ཡང་འཛམ་གླིང་གི་ལུང་པ་གཞན་ལྟར་རྒྱལ་པོའི་དུས་རབས་ནས་དཔོན་པོའི་དུས་རབས་དང་། དཔོན་པོའི་དུས་རབས་ནས་ཆོས་ལུགས་མི་སྣའི་སྲིད་དབང་འཐབ་རྩོད་འོག་བོད་ཀྱི་ཆབ་སྲིད་འཕེལ་རིམ་ལ་བཀག་རྡོ་མང་པོ་བརྒྱུད་ནས་མཐར་ཕྱིའི་རྒྱལ་ཁབ་སོག་པོའི་དཔུང་རོགས་འོག་ནས་༸གོང་ས་ལྔ་པ་ཆེན་པོའི་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་བའི་གཞུང་བཙུགས་ནས་སྤྱི་ལོ་ ༡༦༤༢ ནས་སྤྱི་ལོ་ ༡༩༦༠ བར་མི་ལོ་ ༣༡༨ རིང་དགའ་ལྡན་ཕོ་བྲང་ནས་གཞུང་སྲིད་སྐྱངས་པ་འདི་ཡང་མང་གཙོ་དང་། དམངས་གཙོ། གང་གི་ལམ་ལུགས་སུ་མ་གཏོགས་པ་བླ་སློབ་ཆོས་ཡོན་གྱིས་ཤུགས་རྐྱེན་འོག་མི་མང་གི་འཚོ་བ་ལ་འགན་སྲུང་གནང་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་གཞུང་ལ་ངོས་འཛིན་བྱེད་ཆོག་པ་དང་།
༡༡ ད་ལྟ་ང་ཚོའི་ལག་ལྟར་བྱེད་བཞིན་པའི་བཙན་བྱོལ་བོད་མིའི་མང་གཙོ་འདི་བཅའ་ཁྲིམས་ཀྱི་ལམ་སྟོན་འོག་མི་མང་གི་འཚོ་བ་ལ་འགན་སྲུང་དགོས་པའི་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ཟེར་བ་དེ་ཡིན་པ་དང་། Rule of Law. མང་གཙོ་ཡང་དག་པ་ཁྲིམས་ཀྱི་དབང་བསྒྱུར་འོག་མི་མང་འཚོ་ཐུབ་པ་ལ་མི་མང་གི་འགོ་འཁྲིད་ལ་ཁྱད་དུ་འཕགས་པའི་རྣམ་སྤྱོད་དང་། ལྷག་བསམ། དྲང་བདེན། བཟོད་སྲན་དང་། སྤྱི་ཚོགས་འཆམ་མཐུན་ལ་ཁོག་ཡངས་ཀྱིས་འགན་འཁུར་ཐུབ་པའི་མི་སྣ་མི་མང་གི་འགོ་འཁྲིད་ལ་སླེབས་དགོས་པ་དེ་མི་མང་རང་གི་ལས་འགན་ཡིན་པ་དང་། གལ་སྲིད་གོང་གི་ཆ་རྐྱེན་ཚང་བའི་མི་སྣ་མི་མང་གི་འགོ་འཁྲིད་ལ་མི་མང་ནས་བསྐོ་མ་ཐུབ་ཚེ་ཕྱོགས་་གཏོགས་དང་། འགོ་འདྲེན། སྐབས་ཚོལ། ཤོག་སྒྲིལ་བརྒྱུད་ནས་མང་གཙོ་དམངས་གཙོ་ལ་ཁ་མི་ཕྱོགས་པའི་ངེས་པ་མེད་པ་དང་།
༡༢ དུས་ཀྱི་འགྱུར་བ་དང་། སྤྱི་ཚོགས་ཀྱི་འཕེལ་རིམ། རྒྱལ་སྤྱིའི་གནས་བབས་སོགས་ལ་འགན་འཁུར་ནས་མང་གཙོ། ( Democracy ) དང་། དམངས་གཙོ། ( Proletarian ) དེ་གཉིས་ནམ་ཡང་ནོར་མི་ཉན་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོ་ལས་དམངས་གཙོ་ཟེར་བའི་ད་སྔོན་འཇུག་དང་ས་ཡང་འཇུག་ཡོད་པའི་ ( དམངས་གཙོ་ ) ཟེར་བའི་ཚིག་གཅིག་མཇལ་རྒྱུ་མེད་པ་ནས་མང་དང་དམངས་ཀྱི་གོ་དོན་གསལ་པོ་ཤེས་ཐུབ་པ་བཅས་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ་འདི་བཞིན་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་བརྒྱུད་ནས་ ( མང་གཙོ་ ) དང་ ( དམངས་གཙོ་ ) གསལ་པོ་ངོ་འཕྲོད་ཐུབ་པའི་ཡིད་ཆེས་དང་བཅས་སྤྱི་ལོ་ ༢༠༢༡ / ༩ / ༢༣ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།
རྒྱ་གར་བས་དམངས་རིགས་ཀྱི་རིགས་དེ་རྒྱ་གར་བ་རང་ལ་རན་ཆེ་། བོད་པའི་དམངས་དེ་དམངས་རིགས་མ་རེད། དམངས་དེ་མང་གི་ལབ་སྲོལ་གཞན་ཞིག་རེད། དེ་ཡང་མང་བའི་ནང་ནས་མང་བ་ལ་གོ་ཆོག། དཔེ་ན་མི་ལྔ་ནས་གཉིས་དེ་མང་ཡང་གསུམ་དེ་དམངས་སུ་མཚོན། བོད་པའི་སྤྱི་ཚོགས་རྙིང་པར་རིགས་མེད་པ་མ་མིན་ཀྱང་འདིར་ཞུ་འདོད་མེད། ལས་གནད་ལས་གྲུབ་པའི་རིགས་དེ་སྤྱི་ཚོགས་གསར་རྗེས་དང་༸གོང་ན་མཆོག་གིས་ཐུགས་འོད་ལས་ཤེས་བྱར་སྦྱང་པ་ཞུ་རྒྱུའི་གོ་སྐབས་སོ་སོས་ནུས་ན་ཚང་མར་གཅིག་མཚུངས་ཡོད་པས་གང་ལ་མཁས་པ་དེ་ལ་གཟེངས་བས་འོད་མེད་དམངས་ཀྱི་གྲིབ་ནག་དེ་མེད་ན་དགའ། གཞིས་ནས་ངས་ཞུ་བའི་མང་ངམ་དམངས་ཀྱིས་དམངས་དེའི་རྗེས་སུ་རིགས་མེད་པའི་རྒྱ་གར་གི་དམངས་རིགས་ཀྱི་འོད་མེད་གྲིབ་ནག་ཕོག་གི་མིན་འདུག
མང་དང་དམངས་གཉིས་བོད་མི་མང་བས་གཅིག་མཚུངས་སུ་གོ་བས་དཔེ།
༡༽Goldstein Eng-Tib Dictionary ནང Democracy ལ་དམངས་གཙོ་རིང་ལུཌ (༧༥)
༢༽དག་ཡིག་གསར་བསྒྲིགས་ནང་ མི་དམངས་ དམངས་གཙོ་སོགས་གོ་ལེན་་(༥༩༧།༥༩༨)
༣༽༸རྒྱལ་བའི་དགོངས་གསལ་ནང་་་་་་་་་སྔ་མོ་རང་རེའི་དམངས་ཁྲོད་ཀྱིི་སྤྱི་ཚོགས་་ (༤༢༦༽
༤༽རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ཚོགས་པའི་སྙན་དེབ་ནང་་་༼བོད་ཀྱི་དྲི་དོན་དང་ཁྲིིམས་ལུཌ༽་་
ཟེར་བ་དང་། ༼ བོད་དང་། རྒྱ་ནག་མི་མང་དམངས་གཙོ་༽ཟེར་བ་གཉིས་་་་་ངོས་ཀྱི་ཡུལ་དང་།
ངོས་ཀྱི་མི་མང་། (ཤོག་གྲངས་ ༣༤༠་དཔར་ཐེངས་ ༨)
༥༽༨༧་ལོར་ཨ་རི་གྲོས་ཚོགས་སུ་ལམ་དབུ་མའི་སྐོར་གསུངས་བཤད་ནང་་་བོད་དེ་ཕྱི་ལོ་ ༡༩༤༩་ནས་
༥༠ ལོར་མི་དམངས་བཅིངས་བཀྲོལ་དམག་གིས་བཙན་འཛུལ་བྱས་སྐབས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན།
༦༽ཞི་བའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་ཡི་གསུམ་པ། ་་་་་༣༽བོད་མི་མང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོའི་རང་དབང་རྣམས་ལ་བརྩི་བཀུར་དགོས་རྒྱུ། སོགས་མང་པོ་ཞུ་རྒྱུ་ཡོད།
དེ་ན་བོད་མི་མང་ལས་ལོགས་སུ་བགར་བའི་དམངས་ཞུ་བའི་རིགས་ཡོད་ན་ལས་དེ་མིན་མང་དང་དམངས་གཉིས་བེད་བདེ་ལམ་དབང་ལས་སྤྱོད་མ་གཏོགས་དོན་གཅིག་མཚུངས་ཡིན་འདུག་སྙམ།
དམངས་ཆང་། དམངས་རྩམ། དམངས་གཞས་དང་དམངས་བྲོ་ཞུ་དུས་རིགས་དམངས་ཀྱི་ཆང་དང་རྩམ། གཞས་དང་བྲོ་ཅེས་ཞུ་ཡི་ཨེ་ཡོད། བོད་པའི་ནང་དམངས་རིགས་ཤིག་ཡོད་དབང་དུ་བཏང་ནའང་ཆང་དང་རྩམ་པ་ཚོང་མཁན་ལ་རིན་དགོངས་ཆེ་ཆུང་ཡོད་ནའང་དམངས་རྩམ་ཅེས་པ་དམིགས་སུ་བཀར་པ་ཤིག་ཡོད་དོག་མེད། སྦྱིན་བདག་གིས་མཆོད་རྩམ་དང་མཆོད་ཆང་དང་ལས་མིའི་ཟ་རྩམ་དང་ཐུང་ཆང་གཉིས་ལྟར་བུ་ནི་རྒྱུ་བཟང་ཉེན་ལས་ཡིན་པ་ལས་གཞན་རིགས་སོགས་ཀྱི་ཁྱད་མེད།
ཕྱི་ལོ་དྲུག་ཅུ་བདུན་ཅུའི་ནང་ཕྱི་ཟླ་ ༩ ཚེས་ ༢ ཉིན་གཏོང་ལམ་གྱི་གཞས་ཀྱི་ཚིགས་སུ། གནམ་སྔོན་པོ་ཁ་མདོག་མཚར་བའི་་་་་་་་བདེ་ལྡན་མང་གཙོ་གཞུང་ལམ་ཐོག་ཏུ་ནས་མཐར་བཀྲ་ཤིས་བདེ་ལེགས་ཞུ།། ཞེས་པའི་གཞས་མིང་ལ་ །དམངས་གཙོ་གསར་བཞད་། ཅེས་མིང་དུ་དམངས་གཙོ་དང་དཀྱིལ་དུ་མང་གཙོ་གཞུང་ཅེས་ཚིག་གཉིས་ཀ་འབྲི་གནང་འདུག གཞས་འདིའི་རྩོམ་པ་པོ་ངས་རྩད་ཞིབ་ཞུས་མེད་ཀྱང་དུས་ཚོད་ལ་ཞིབ་ན་དེ་སྐབས་ཀྱི་གྲགས་པ་ཆེ་བའི་མཁས་པ་ཞིག་ཡིན་དགོས། བསྟོད་གཞས་གངས་ཅན་བོད་ཀྱི་བསྟན་པ་ལྟ་བུ་མི་མང་བའམ་དམངས་ཀྱི་གཏོང་བས་དམངས་གཞས་དང་། བཀྲ་ཤིས་གཞོ་བ་དང་མགར་ཞས་ལྟ་བུ་དུས་དང་ཚེས་ཁྱད་པར་ཅན་ལས་རྟག་ཏུ་འཁྲབ་སྲོལ་མེད་པས་དམངས་བྲོ་མི་ཞུ་བ་ལྟ་བུ་མིན་ནམ་བསམ།།