ཁྲོ་གཏུམ། ༼ཨོ་སི་ཁྲོ་ལི་ཡ།༽
——གནམ་སྔོན་པོའི་འོག་གི་བརྩེ་བ་ཆ་འགྲིག་དང་ཡང་འགྲིག་སྟེ་བུ་དང་བུ་མོའི་སྣང་བ་དར་སྐུད་མདུད་པ།
གངས་ཀྱི་ལས་དབང་སྒུམ་པའི་མཐོ་སྒང་གི་ཡུལ་ལ།།
ལས་ཀྱི་མེ་ཏོག་བཏབ་པའི་མི་ཚེ་ཡི་མདུན་མ།།
བརྩེ་བའི་རྒྱན་ལ་བཏེགས་པའི་གཏམ་བཟང་ཞིག་ཐོས་པས།།
རྒྱང་རིང་གྲོགས་པོའི་དགའ་སྤྲོ་མཚོ་རླབས་སུ་འདྲེས་སོང་།།
མི་ཡུལ་འགྲིམས་རྗེས་རང་ཡུལ་སྐྱེས་ཡུལ་ལ་ལོག་པ།།
ཕ་ས་དྲོན་མོའི་སྟེང་གི་ཚེ་གྲོགས་ཤིག་བཙལ་བ།།
རང་ཡུལ་སྐྱིད་པའི་ལྗོངས་སུ་གཞིས་ཀ་ཞིག་བསྐྲུན་པ།།
དར་ལུང་རྣ་བར་ལྷུང་བས་དགའ་སྤྲོ་ཞིག་སྐྱེས་སོང་།།
ནད་མེད་ཚེ་རིང་ལོ་བརྒྱའི་ཁ་གཡེང་ཞིག་འབོད་འདོད།།
རྒྱུ་འབྱོར་མངའ་ཐང་རྒྱས་པའི་གཡེང་འབོད་ཅིག་བྱེད་འདོད།།
ཁ་ལས་དབང་ཐང་རྒྱས་པའི་རླུང་རྟ་ཞིག་བསྐྱོད་འདོད།།
ཨོ་གླིང་མཚོ་འགྲམ་བརྒྱུད་དེ་གཉེན་གླུ་ཞིག་ལེན་འདོད།།
༢༠༢༡།༠༩།༢༨ཉིན་ཨོ་གླིང་ཞི་བདེ་རྒྱ་མཚོའི་ཁ་ནས་ཕུལ་བ།