ཁྲོ་གཏུམ། [ཨོ་གླིང་།]
ང་ཚོའི་མགོ་ཐོག་ན་གནམ་ཡོད་རེད
ང་ཚོའི་རྐང་འོག་ཏུ་ས་ཡོད་རེད
འདི་ནི་དཔེ་ཆེ་ས་ནས་བཤད་ཡིན
ང་ཚོས་ཡར་བླ་མ་ལ་མཆོད་པ་འབུད་པ་རེད
མར་སྤྲང་པོ་ལ་སྦྱིན་པ་གཏོང་གི་རེད
འདི་དཔེ་འབྲིང་ས་ནས་བཤད་ཡིན
ང་ཚོས་མགོ་ལ་བླ་མ་འཇོག་གི་རེད
རྐང་འོག་ལ་ཁྱིམ་ཕྱགས་འཇོག་གི་རེད
འདི་དཔེ་ཆུང་ས་ནས་བཤད་ཡིན
ད་ལྟ
ང་ཚོས་སྟེང་གང་ཡིན་པ་ནོར་རེད
འོག་གང་མིན་པ་ནོར་རེད
འདི་དཔེ་དམན་ས་ནས་བཤད་ཡིན
ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༩ ཉིན་ཞོགས་པར་གཉིད་སད་མ་ཐག་ཤར་མར་བྲིས།