གཞུང་པ་ཚེ་དབང་བསོད་ནམས།
བོད་རྒྱའི་ཆབ་སྲིད་འཕེལ་རིམ་གྱི་བརྒྱུད་རིམ་ལ་ཕྱི་མིག་བལྟ་སྐབས་ལོ་རབས་བདུན་བཅུའི་འཇུག་ཏུ་རྒྱ་དཔོན་ཏིང་གི་ཆབ་སྲིད་རྣམ་འགྱུར་གྱིས་སྔོན་བརྡའི་འོག་ནས་བོད་མི་གཞིས་བྱེས་གཉིས་དབར་ཕར་འགྲོ་ཚུར་ཡོང་གི་སྒོ་ཆེན་ཕྱེ་ནས་བྱེས་འབྱོར་ཁྲོད་ནས་གནས་མཇལ་དང་གཉེན་འཕྲད་། ཚོང་ལས་སོགས་ལ་ཚང་ཁ་ཤིག་ཤིག་ངང་ཕྱི་་སྡོད་རྒྱ་མིའི་ཡིག་ཆ་བླངས་ནས་བོད་ནང་འགྲོ་མཁན་གྱི་གྲངས་ཚད་དེ་ཉུང་ཉུང་མིན་པ་དང་། བོད་ནང་ནས་བོད་མི་སྟོང་ཚོ་མང་པོ་༸གོང་ས་མཆོག་གིས་མཇལ་ཁ་དང་གསུང་ཆོས་ཞུ་རྒྱུ།
རྒྱ་གར་ནང་གནས་ཆེན་ཁག་ལ་གནས་སྐོར་དང་གཉེན་སྤུན་ཐུག་འཕྲད་། བུ་ཕྲུག་སློབ་འཇུག་སོགས་ལ་ལམ་འཕྲང་ཆུ་རོང་གངས་སེར་དང་རྐུན་ཇག་གིས་ཉེན་ཁ་སོགས་ལ་མ་འཛེམས་པར་རི་ལུང་བརྒྱུད་ནས་རྒྱ་གར་དུ་ལོ་ལྟར་བོད་མི་སྟོང་ཚོ་མང་པོ་འབྱོར་ནས་བོད་མི་གཞིས་བྱེས་དབར་ཕར་འགྲོ་ཚུར་ཡོང་གི་ལམ་ཁ་ཕྱེ་ནས་༸གོང་ས་མཆོག་གི་སྐུ་ཚབ་མི་སྣ་བོད་ནང་གཟིགས་སྐོར་ལ་སྔ་རྗེས་ཕེབས་པའི་རྒྱུད་རིམ་ནས་བོད་རྒྱའི་གནས་བབ་དེ་ཆབ་སྲིད་ཀྱིས་གུ་ཡངས་ལ་ཁ་ཕྱོགས་ནས་བོད་རྒྱའི་དཀའ་སྙོགས་སེལ་རྒྱུའི་ཐབས་ལམ་བཟང་ཤོས༸གོང་ས་མཆོག་གིིས་བླ་ན་མེད་པའི་དགོང་གཞི་གཉིས་སྨན་དབུ་མའི་ལམ་ལ་ཕེབས་རྒྱུའི་གྲོས་ཆོད་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་ལོ་ ༡༩༩༧ སྤྱི་ཟླ་ ༩ པའི་ཚེས་ ༡༨ ཉིན་སྤྱི་མོས་གཏན་འབེབས་གནང་བ་ནས་་བཟུང་བོད་ཕྱི་ནང་གཉིས་དབར་ཕར་འགྲོ་ཚུར་ཡོང་གི་འབྲེལ་ལམ་གྱིས་དུས་རབས་གསར་པ་ཤར་ནས་སྤྱི་ལོ་ ༢༠༠༢ ནས་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་གི་མི་སྣ་ལས་སྒྲུབ་པའི་བོད་རྒྱ་ཞི་འགྲིག་གི་ལས་དོན་དངོས་སུ་བཙུགས་ནས་བོད་རྒྱའི་སྐུ་ཚབ་མི་སྣ་སྤྱི་ལོ་ ༢༠༠༩ བར་མཇལ་འཕྲད་ཐེངས་བཅུ་ཙམ་གནང་བའི་གྲུབ་འབྲས་ནས་བོད་མིའི་རེ་བ་དང་རྒྱ་མིའི་དོགས་པ་སེལ་ཐུབ་པའི་གྲུབ་འབྲས་འདི་ཡིན་སྟོན་རྒྱུ་མེད་ན་ཡང་། གལ་ཆེ་ཤོས་དེ་གཉིས་སྨན་དབུ་མའི་ལམ་གྱི་དགོས་འདུན་དང་དེའི་བོད་རྒྱ་མི་རིགས་གཉིས་ལ་བཀུར་བའི་མ་འོངས་མཁེ་ཕན་དང་འགན་འཁུར་ཇི་ཡོད་སོགས་ངོ་སྤྲོད་གསལ་པོ་བྱུང་ཡོད་པའི་ཡིད་ཆེས་དང་བཅས་ས་འབྲེལ་ཅན་གྱི་བོད་རྒྱ་གཉིས་ཆབ་སྲིད་ཀྱི་སྟོང་ཆ་བསྐོང་ཐུབ་པ་ལ་ཆབ་སྲིད་ལ་གོ་རྟོགས་དང་། ཆབ་སྲིད་ལ་རྒྱུས་ལོན་མཐར་ཕྱིན་པ་ཞིག་མ་བྱུང་བར་ཆབ་སྲིད་ཀྱི་སྟོང་ཆ་བསྐོང་རྒྱུ་ཕར་བཞག་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཙམ་ཡང་སྟོན་རྒྱུ་ནི་དཀའ་ཚེགས་ཆེ་ལ་སྒྲུབ་འབྲས་དམན་པའི་རང་བཞིན་ཙམ་ལ་སོོང་བོད་རྒྱའི་དཀའ་སྙོགས་དེ་རེ་དོགས་གཉིས་ལ་འགན་འཁུར་ནས་སེལ་ཐུབ་པའི་ནུས་པ་དང་གདེང་ཚོད་དེ་བོད་རྒྱ་ཕྱོགས་གཉིས་ཀ་ལ་ཡོད་དགོས་པ་ལས་ཕྱོགས་གཅིག་ལ་ངན་ཁག་དཀྲི་མི་ཉན་པ་དང་། བོད་རྒྱ་གཉིས་ས་འབྲེལ་རྒྱལ་ཁབ་ཀྱི་ངོ་བོ་ལ་རེ་བཅོལ་དང་དོགས་སེལ་རྒྱུད་ནས་མི་དང་མི་ཐུག་ནས་བོད་རྒྱའི་དཀའ་སྙོགས་སེལ་ཐུབ་པའི་ཆབ་སྲིད་ཀྱི་ཐབས་ལམ་ཚོལ་དགོས་པ་དེ་བོད་རྒྱ་མི་རིགས་གཉིས་ལ་བསམ་ན་ཤིན་ཏུ་གལ་ཆེའི་ནང་གི་གལ་ཆེན་ལ་སོང་དུས་ཚོད་ལ་དམ་འཛིན་གནང་ནས་ཉིན་འགྱངས་ཞག་འབུད་དང་། ཟླ་སོང་ལོ་འགོར་མ་ཡིན་པ་དོན་དངོས་བོད་རྒྱ་མི་རིགས་གཉིས་ཀྱི་མ་འོངས་མི་རབས་གསར་པའི་མདུན་ལམ་ལ་བདེ་སྐྱིད་ཀྱི་ཉི་མ་གསར་པ་ཤར་ཐུབ་པའི་འགན་དེ་ད་ལྟའི་བོད་རྒྱའི་འགོ་འཁྲིད་ཚོར་ལོ་རྒྱུས་ཀྱི་ངོ་སྤྲད་པའི་ལས་འགན་ཡོད་ན་གཉིས་སྨན་དབུ་མའི་ལམ་ལ་འགན་འཁུར་ནས་བོད་རྒྱའི་འགོ་འཁྲིད་ཚོ་ཁ་དམག་ཆབ་སྲིད་ལ་དུས་ཚོད་བསྐྱལ་ནས་མ་ཞུགས་པར་དོན་དངོས་མི་དང་མི་ཐུག་་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་བརྒྱུད་ནས་བོད་ཀྱིས་རེ་བ་བསྐོང་དགོས་པ་དང་། རྒྱའི་དོགས་པ་སེལ་ནས་བོད་རྒྱ་མི་རིགས་གཉིས་ས་འབྲེལ་རྒྱལ་ཁབ་ལ་འགན་འཁུར་ནས་འཆམས་མཐུན་གྱི་སྤྱི་ཚོགས་གསར་པ་ཞིག་འཛམ་གླིང་རྒྱལ་སྤྱིའི་མདུན་འཚོ་ཐུབ་པའི་འགན་འཁུར་སྒྲུབ་དགོས་པ་ནི་བོད་རྒྱའི་འབྲེལ་ལམ་གྱི་དམིགས་ཡུལ་ངོ་མ་ཡང་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་ལ་འདས་པའི་བོད་རྒྱའི་འབྲེལ་ལམ་གྱི་བརྒྱུད་རིམ་ལ་ཕྱི་མིག་བལྟ་སྐབས་བོད་ཀྱི་རེ་བ་དང་རྒྱའི་དོགས་པ་དེ་བོད་རྒྱ་ཞི་འགྲིག་གི་འབྲེལ་ལམ་འགག་སའི་རྩ་བ་ཐུགས་ས་དེ་ཡིན་པ་ནས་ཕྱོགས་གཉིས་ངོས་ནས་བོད་རྒྱའི་འབྲེལ་ལམ་ལ་ལྷག་བསམ་གྱི་འགན་འཁུར་དང་ཆོད་སེམས་ཀྱི་རྣམ་འགྱུར་གསལ་སྟོན་མ་ཐུབ་པའི་རྣམ་པ་མངོན་གསལ་དུ་མཐོང་ཐུབ་པ་ནི་ལོ་རྒྱུས་རང་འགུལ་གྱི་འོག་ནས་ཁ་གྲགས་ཡོང་གི་མི་འདུག་གམ་། བོད་མིའི་རེ་བ་དང་། རྒྱ་མིའི་དོགས་པ། རེ་དོགས་གཉིས་ཀྱི་ས་མཚམས་དུ་ལྷག་་པའི་བོད་རྒྱའི་འབྲེལ་ལམ་སྐོར་ལ་དཔྱད་པའི་གཏམ་འདི་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གཉིས་པའི་ནང་གསེས་གཉིས་པ་དང་བཞི་པའི་འོག་འགན་འཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་། བོད་རྒྱ་ཞི་འགྲིག་ཚོགས་ཆུང་གི་ལས་དོན་ལ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཐུབ་པའི་ཀུན་སློང་བཟང་པོའི་རྒྱན་སྟེ་རེ་ཞིག་འདིར་འཇུག་བསྡུས་པའོ།།
གཞུང་པས། ༢༠༢༡ / ༡༢ / ༢༧
གཞུང་པ་ལགས་ཀྱི་རེ་དོགས་གཉིས་དེ་བོད་པའི་ཁ་རྒྱུན་ལ་ཡོད་པའི་བོད་རེ་བའི་ཕུང་དང་རྒྱ་དོག་པའི་ཕུང་ཅེས་པ་གཉིས་དང་མཐུན་སྦྱོར་ཞུས་ཡིན་འདུག ང་ལ་དྲི་བ་ཞིག་ཞུ་རྒྱུ་འདུག་པར་སུས་ལན་གནང་ནའང་ཐུགས་རྗེ་ཆེ། གོང་གི་ཁ་རྒྱུན་ནམ་གཏམ་དཔེ་དེ་རྒྱུ་མཚན་ནམ་རྐྱེན་རྩ་གང་ལས་བྱུང་ངམ། བོད་དང་བོད་མིའི་རྒྱ་ལ་རེ་བ་བྱས་པ་ཕུང་པའི་ ༡༩༥༩ ལོ་རྒྱུས་ལས་སྔོན་དུ་བྱུང་ཡོད་དམ། བོད་པའི་གཏམ་དཔེའམ་ཁ་རྒྱུན་མང་པོ་ཞིག་ངོམས་སུ་ཆོག་པ་ཡོད་ནའང་འགའ་རེ་དཔེ་ན་བོད་རེ་བའི་ཕུང་ལྟ་བུ་ཁྱད་མཚར་མིན་འདུག་གམ། རེ་བའི་ཕུང་མིན་པར་ཕོངས་ཡིན་ན་གོ་རྒྱུ་ཞིག་འདུག གང་གི་ན་རེ་བ་ནི་ཡངས་དག་པའམ་ཕན་ནུས་ལྡན་པའི་ནུས་པ་ཞིག་ཡིན། རེ་བ་ནི་བདེ་ལེགས་ཀུན་གྱི་རྩ་བའམ་འཇུག་སྒོའམ་གཞི་མ་སོགས་ཚོན། དབྱིན་སྐད་ཚིག་མཛོད་ The American Heritage dictionary ནང་དུའང་རེ་བ་ hope ཡི་དོན་འགྲེལ་ often HOPE, The theological virtue defined as the desire and search for a future good, difficult but not impossible to attain (with God’s help) འདིར་གཟིགས་ནའང་རེ་བ་ནི་ཡངས་དག་པའམ་ཕན་ནུས་ལྡན་པའི་ནུས་པ་ཞིག་ཡིན་འདུག with God’s help ཅེས་པའི་བཤད་དེ་ངས་རྒྱབ་པ་ལས་ཚིག་མཛོད་ནང་དེ་ལྟར་བཀོད་མིན་འདུག གང་གིས་ན་ God helps those who help them self ཅེས་ངོས་འཛིིན་པའི་ God Christ གསུངས་དང་འགལ་མཉམ། དེ་ན་དོན་འགྲེལ་ནང་རེ་བ་ནི་ཕན་ནུས་ཆེ་བའི་ཚིག་ཅིག་ཏུ་ངོས་བཞེས། དེ་རེ་བ་སྟོང་པ་གཅིག་གམ་མངོན་འདོད་ཙམ་མིན་པར་བདེ་ལེཌ་སུ་གྱུར་པར་ནུས་འབད་ཅིག་ཀྱང་དགོས་ངེས་ཡིན་གནད་བཀོད་མིན་འདུག་གམ།
བསམ་ཚུལ་གཞན་ཡོད་ན་རྗེས་སུ་ཞུས་ཆོག