བོད ལྷ་ཀླུ་གཉན་གསུམ།
ངས་འདི་ནས་སྐད་ཆ་ཁ་ཤས་ཤིག་འདིི་ལྟར་ཞུ་འདོད་ཀྱིས་ཁ་སེམས་མེད་པར་ཞུ་རྒྱུའི་བློ་ཐག་བཅད་པ་ཡིན། དེ་ཡིན་དུས་ངས་སྐད་ཆ་དེ་བཤད་རྗེས་སུ་མི་མི་ཉུང་བ་རེ་ཡིས་ང་ལ་ཁ་བརྡང་བྱེད་སྲིད་ལ། བྱེད་འོས་པའིི་གནས་ལུགས་རེ་ཟུང་ཡོད་ངེས་ཡིན་ལ། བྱེད་མི་འོས་པའི་རྒྱུ་མཚན་ཡང་རེ་ཟུང་ཞིག་ཡོད་སྲིད་པ་ཡིན།
དེ་དག་ཡོད་ཚད་ཀློག་མཁན་གྱི་བོད་རིགས་སྤུན་ཟླ་དག་གིས་བསམ་བློ་སྔོན་བཏང་གི་སྒོ་ནས་ཞིབ་དུ་ཀློག་རོགས་ཞུ། དེང་སང་བོད་བཙན་བྱོལ་གཞུང་ཟེར་ནས་ལོ་ངོ་ལྔ་བཅུ་སོང་བའི་དེ་རིང་གི་ཉིན་མོ་འདི་ལ་བཙན་བྱོལ་སྒྲིག་འཛུགས་ཟེར་བའི་མིང་ཚིགས་ཤིག་མི་འདོད་ཀྱང་བཙན་གྱིས་བོད་གཞུང་གི་ཆེས་མཐོའི་དབུ་ཁྲིད་བཀའ་བློན་ཁྲི་བ་ནས་གསུངས་དེ་སླེབས་འོང་དུས། མངའ་འོག་སྐྱེ་འབུངས་མི་སེར་ཆེས་མི་ཉུང་བ་ཞིག་སེམས་ཁོང་དུ་དྲི་བ་ཞིག་རང་བཞིན་གྱིས་སླེབས་ཀྱི་ཡོད།
ང་ཚོ་བཙན་བྱོལ་ནས་བོད་གཞིས་བྱེས་མི་མང་གི་ཚབ་མཚོན་ལྡན་པའི་གཞུང་ཞིག་བཙུགས་པའི་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་སྙིང་སྟོབས་དེ་ནི། ཉིན་མ་དེ་རིང་གི་བར་དུ་གནས་ཡོད་ལ། དེ་རིང་བར་དུ་བྱེས་པ་ཚོ་བོད་གཞིས་ལུས་རྒྱ་ཆེ་མི་མང་གི་མགྲིན་ཚབ་པ་དང་བདེ་སྡུག་གི་རེ་འདོད་སྒྲོག་མཁན་གྱི་ཚབ་མཚོན་ཆེས་ཡག་ཤོས་ཤིག་ཆགས་ཡོད་པར་ས་བསྒྲགས་གནམ་བསྒྲགས་བྱས་སྟབས། ཉིན་མ་དེ་རིང་བར་དུ་ཁ་གྲགས་མི་ཤེས་པའི་ས་གནམ་གཉིས་ཀྱིས་ཀྱང་བཙན་བྱོལ་བོད་གཞུང་གཞིས་ལུས་མི་མང་གི་མགྲིན་ཚབ་པ་དང་བོད་མི་ས་ཡ་དྲུག་གི་བདེ་སྡུག་མཚོན་བྱེད་ཀྱི་བཙན་བྱོལ་གཞུང་དུ་ངེས་འཛིན་བྱས་པ་རེད།
བསམ་མི་འཕོད་པའི་གནད་འགག་གི་སྐད་ཆ་ཞིག་གློ་བུར་དུ་བཙན་བྱོལ་སྤྱི་ཚོགས་བརྒྱུད་དེ་རྒྱལ་སྤྱིའི་གདེང་ཆའི་སྒང་དུ་སླེབས་དེ་འོང་དུས། བོད་བཙན་བྱོལ་གཞུང་དེ་ནི་སྒྲིག་འཛུགས་ཤིག་གི་ངོ་བོར་གྱུར་བ་རེད། དེ་འདྲ་ཞིག་ཡིན་ན། སྒྲིག་འཛུགས་ཤིག་ལ་མཚོན་ན་ཚོགས་པ་ཞིག་གི་ལས་རྟགས་ལས་གཞན་གང་ཡང་མི་དགོས་པ་ཡིན་དུས། ད་ནི་བོད་མིའི་རང་དབང་ལག་དེབ་བམ། རང་བཙན་ལག་དེབ་མེ་བསྲེག་བཏང་ན་འོས་ཤིང་འཚམ་ལ། ཉིན་མ་དེ་རིང་ནས་གཞུང་གི་གླེང་ཕྱོགས་ཟེར་ནས་བརྗོད་མཚམས་བཞག་ནས་སྒྲིག་འཛུགས་ཤིག་གི་དགོས་འཁོ་ཟེར་ནས་གླེང་འོས་པ་དང་། སྒྲིག་འཛུགས་དེ་ཡི་དམིགས་ཡུལ་ཡང་སྒྲིག་འཛུགས་རང་བཞིན་ལས་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པ་ཞིག་བྱེད་ཐུབ་མེད་པ་དེར་ཁས་ལེན་བྱེད་དགོས་པའི་དུས་སུ་སླེབས་པ་ཡིན།
དྲང་མོ་བཤད་ན། བཙན་བྱོལ་བ་གཅིག་བུ་ལ་སྒྲིག་འཛུགས་ཤིག་དགོས་དོན་མི་འདུག་ལ། རང་བཙན་ལག་དེབ་དེ་བས་ཀྱང་དགོས་དོན་མི་འདུག ང་ཚོ་བོད་མི་ས་ཡ་དྲུག་གི་ངོ་ཚབ་ཀྱང་དེ་རིང་ནས་མ་ཉན་པ་དེ་ཡང་ཁས་ལེན་བྱེད་རན་ལ་ཐུག་པ་རེད། ཁ་སང་གི་བཙན་བྱོལ་སྒྲིག་འཛུགས་ཟེར་བའི་མིང་ཚིག་དེ་མ་སླེབས་བར་དུ་གཞུང་སྒེར་མི་ཉུང་བ་ཞིག་གིས་ཀྱང་། རང་བཙན་ལག་དེབ་བེད་སྤྱོད་བཏང་བ་དེར་དགོས་པ་ཡོད་ཟེར་ན་འགྲིག་མོད། སྐད་ཆ་དེ་སླེབས་ཉིན་ནས་བཟུང་དེ། རང་བཙན་ལག་དེབ་མེ་བསྲེག་བཏང་ནས་སྒྲིག་འཛུགས་ཤིག་གི་ལས་རྟགས་གསར་བཟོ་བྱོས་ན་འཚམ་པོ་ཡིན།
ལྷག་པར་དུ་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་གྱི་ཚོགས་པ་སྐྱིད་སྡུག་ཁག་གིས་ཀྱང་ང་ཚོ་བོད་མི་གཞིས་ལུས་ཡོངས་ཀྱི་ཚབ་མཚོན་བྱེད་ཐུབ་དགོས་ཀྱི་ཡོད་ཟེར་བའི་སྐད་ཆ་དེ་ཡང་སྐྱག་རྫུན་དང་གཡོ་སྒྱུ་ཞིག་ལས་འགན་ལེན་ཡོད་པའི་སྐད་ཆ་དང་། གཞིས་ལུས་མི་མང་གི་སེམས་པ་དྲོད་ལ་སྒྱུར་བའི་སྐད་ཆ་ཞིག་མིན་པ་དེར་ཁས་ལེན་བྱེད་ཞོར་དུ་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཞུ།
བཀུར་འོས་སྐུ་ཞབས་ལྷ་ཀླུ་གཉན་གསུམ་གྱིས་གསུང་པར་རྒྱབ་སྐྱོར་ཡོད།
ངས་ཀྱང་དེ་སྔོན་(twitter)ཐོག་གི་བཀའ་ལན་དང་། དེ་རྗེས་བཀའ་ཁྲིས་གཏམ་བཤད་སོགས་ལ་ཉན་དུས། བཙན་བྱོལ་བོད་གཞུང་གི་སྒོ་བརྒྱབས་ཚར་འདུག མི་ལོ་༥༡རིང་གི་གྲུབ་འབྲས་ཡོད་ཚད་ནུས་མེད་དུ་བཏང་འདུག དེ་འདྲ་ཡིན་དུས་ང་ཚོར་རང་བཙན་ལག་དེབ་ཀྱི་དགོས་མཁོ་མེད་ལ། བཀའ་ཁྲི་དང་སྤྱི་འཐུས་ཡང་འོས་འདེམས་བྱེད་དགོས་དོན་མེད་པས། ངས་ཀྱང་རང་བཙན་ལག་དེབ་མེར་བསྲེག་གཏོང་འདོད་ཡོད་ལ། ༢༠༡༡ལོའི་བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་ཀྱི་ཆ་ཤས་ཡང་མི་ལེན་ཁོ་ཐག་ཡིན། རྒྱུ་མཚན་ནི། བཙན་བྱོལ་བོད་མི་གཅིག་འབུམ་ཙམ་གྱི་སྐྱིད་སྡིག་སྒྲིག་འཛུགས་ཞིག་ལ་བཀའ་ཁྲི་མི་དགོས་ལ། སྤྱི་འཐུས་དང་ཁྲིམས་ཞིབ་ཁང་མི་དགོས། སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་ཞིག་བསྐོས་ན་དེས་ཆོག
དེ་ཙམ་ཡིན།
ལྷ་ཀླུ་དང་རིག་རྡོ་ཟུང་་ལགས།
ཚིག་གཅིག་གི་དོན་ལ་དེ་འདྲའི་སེམས་འཚབ་དང་འཇིགས་སྣང་སྐྱེས་དགོས་དོན་ཨེ་ཡོད་ལགས།
གཞུང་དང་སྒྲིག་འཛུགས་གཉིས་ལ་ཁྱད་པར་དེ་ཙམ་ཆེན་པོ་རང་ཨེ་འདུག་ལགས།
མ་གཞི་ནས་གཞུང་ནི་སྒྲིག་འཛུགས་ཤིག་མ་ཡིན་ནམ།
བཙན་བྱོལ་བོད་གཞུང་ནི་བཙན་བྱོལ་སྒྲིག་འཛུགས་མ་རེད་པས།
རང་བཙན་ལག་དེབ་སྔ་མོ་ནས་མེར་སྲེག་གཏོང་ན་འགྲིག་པ་ཞིག་རེད། སྔ་མོ་ནས་རང་བཙན་གྱི་ལྟ་བ་ལངས་ཕྱོགས་དོར་ཟིན་པ་རེད།
ད་བར་བཙན་བྱོལ་བོད་གཞུང་ངོས་ལེན་བྱ་མཁན་རྒྱལ་ཁབ་རྡོག་པོ་གཅིག་ཀྱང་མེད་པའི་སྒང་ལ་ད་བཙན་བྱོལ་གཞུང་རང་གིས་རང་མིང་མེད་པ་བྱས་པ་ནི་དཔེར་ན། རང་ཁ་རང་གིས་བསྡམས་ན་དམ་རི་རི། ཟེར་བ་ལྟར་རེད།
ངས་འདི་སྐོར་ཁ་བརྡའི་མཆན་བུ་ཁ་ཤས་ནང་མཐོང་སོང་བར་ཡིད་ཆེས་ཐུབ་མ་སོང་། བཙན་བྱོལ་གཞུང་གིས་གཞུང་འབྲེལ་ཐོག་ཁྱབ་བསྒྲགས་གནང་ཡོད་རེད་དམ། དེ་ལྟར་གནང་མི་སྲིད་པ་རེད།
མདོ་ལྷ་ཁམས་པ་ལགས། ད་ང་ཚོ་ལ་ཕམ་ཚོང་མ་གཏོགས་མིན་འདུག མིང་བརྗེས་པོ་རྒྱག་པ་འདི་ཕམ་ཚོང་གི་ཆ་ཤས་གཅིག་རེད།
ད་ཕྱི་སྡོད་བོད་མི་ཕྱིར་རང་ཡུལ་དུ་ལོག་ཐུབ་ཙམ་ཞིག་འདི་བཙན་བྱོལ་གཞུང་ངམ་སྒྲིག་འཛུག་འདི་ཡི་མཛད་འཆར་དེ་ཡིན་པ་འདྲ།
བོད་བྱོལ་སྒྲིག་འཛུགས་ཚང་གི་རྒྱ་ཡིག་སྡེ་ཚན་ལའང་བཀའ་རྒྱ་ཏེ་ལྟར་དུ་བཏང་འདུག་ལ། བོད་ཡིག་ནང་དུའང་བཙལ་བྱོལ་སྒྲིག་འཛུགས་ཞེས་ཁ་སྔོན་སྐུའི་འཁྲུངས་སྐར་སྐབས་ཀྱི་བཀའ་ཤག་གི་གསུང་བཤད་དུའང་དེ་ལྟར་བཀོད་འདུག་གཱ མིག་གིས་མ་བལྟས་ན་ཅི་ལྟར་རིག་རྒྱུ། རང་བཙན་ལག་དེབ་མེར་བསྲེགས་གཏོང་དགོས་ཞེས་ན་དེར་ཧ་ལས་དགོས་པ་ཅང་མ་རེད། བོད་རྒྱ་དབྱིན་གསུམ་དང་ཡིག་རིགས་སྣ་ཚོགས་སུ་”བོད་གཞུང”ངམ་”བཙན་བྱོལ་བོད་གཞུང།” ཡང་ན་”སྐྱབས་བཙོལ་གཞུང་”ཞེས་པའི་ཚིག་མཇུག་གི་”གཞུང་”ཞེས་པ་འདི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། ཚིག་རྡོག་པོ་གཅིག་པོ་འདི་བོར་སོང་ན་རང་བཙན་ལག་དེབ་ཀྱིས་ཅི་ཕན། རང་བཙན་ལག་དེབ་དེ་མ་གཞི་ནས་(བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དྭང་བླང་དཔྱ་དངུལ་ལག་དེབ།)ཅེས་བྲིས་ཡོད་པ་རེད། “རང་བཙན་ལག་དེབ”ཅེས་པའི་ཐ་སྙད་འདི་སྔོན་མ་ཞིག་ནས་བསྒྱུར་ཟིན་པ་རེད། ད་ནི་ལོ་འགའ་འགོར་ཟིན་པས་རྙིང་པ་ཞིག་ལ་ཡ་བྱེད་མཁན་དཀོན་པོ་རེད། འོན་ཀྱང་”གཞུང་”འདི་”སྒྲིག་འཛུགས”་ལ་བསྒྱུར་བའི་བྱ་སྤྱོད་འདིའང་དབྱིན་ཡིག་དུ་སྔོན་མ་ནས་ཡོད་འདུག་ཀྱང་དོ་སྣང་བྱུང་ཡོད་པ་མ་རེད། ད་གཞི་ནས་རྒྱ་བོད་གཉིས་ལ་བསྒྱུར་ནས་ཅང་འགོར་མེད་པ་འདྲ་པས་གསར་པ་ཞིག་ཡིན་ནམ་སྙམ། ད་བགྲོ་གླེང་ལྷུག་པོར་གནང་རོགས། “གཞུང”འདི་”སྒྲིག་འཛུགས་”ཞིག་ལ་བསྒྱུར་བ་འདིར་ང་ཡང་མི་འཐད་ཀི བཀའ་སྤྱི་གཉིས་ཀྱི་འོས་གཞི་ངས་མི་ལྡུག་རྩིས་བྱེད་ཀི་ཡོད། “དཔྱ་ཁྲལ་ལག་དེབ”དེབ་སྐྱེལ་ཡང་བྱས་མེད།
མེ་ཏོག་དཀར་པོ་ལགས། བཙན་བྱོལ་སྒྲིག་འཛུགས་ཚང་ལ་རྒྱ་ནག་ལ་འགྱུར་བ་རེ་འགྲོ་རྒྱུའི་རེ་སྒུག་དང་། རྒྱ་ནག་ལ་འགྱུར་བ་སོང་སྟེ་བོད་ལ་རང་ཤུགས་ཀྱིས་ཐོབ་ཐང་ཞིག་ཨེ་སྤྲད་ཀྱི་རེ་སྒུག་ཁོ་ན་བྱེད་པ་ལས། གཞན་ལས་ཀ་དང་འཆར་གཞི་དམིགས་བསལ་བ་གང་ཡང་མེད་ཚུལ་ཡང་མཛད་གཙོ་རྣམ་པས་གསུངས་དང་གསུང་བཞིན་པ་ད་ང་ཚོས་གོ་རན་རེད་འདོད་ཀི་ཡ།
1) འདིའི་སྐོར་གྱི་གནས་ཚུལ་ཚང་མར་བརྩད་གཅོད་ཅིག་གཏོང་གི་ཡིན། ཚོད་ཚོད་ལ་བསམ་ཚུལ་ཞུ་ཐུབ་པ་མི་འདུག
འདིའི་སྐོར་གྱི་གནས་ཚུལ་ཁ་གསལ་གང་དུ་ཡོད་ན། འབྲེལ་ཐག་འདི་རུ་འཇོག་རོགས།
དབྱིན་བོད་རྒྱ་གསུམ་གང་དུ་ཡོད་ན་ཡང་འགྲིག་གི་རེད།
ང་ལ་དགོས་རྒྱུ་དེ། བཙན་བྱོལ་བོད་གཞུང་འདི་གཞུང་མིན། གཞུང་ཟེར་བའི་མིང་འདི་དེ་རིང་ནས་སྒྲིག་འཛུགས་ལ་བསྒྱུར་བ་ཡིན་ཟེར་བ་དེ་ཡིན།
2) དེ་ནས་རང་དབང་དཔྱ་ཁྲལ་ལག་དེབ་མེ་བསྲེགས་གཏོང་གི་ཡིན་ཟེར་བ་འདི་ཚོ་ཅུང་ཁྱད་མཚར་རེད་འདོད།
འདིའི་སྐོར་ལ་རྗེས་ནས་ཞུ་གི་ཡིན།
གཅན་ལགས་ཀྱིས་གསུངས་པ་བདེན་སྲིད།
ངས་དེ་སྔོན་དོ་སྣང་བྱུང་བ་ནི་ས་གནས་སོ་སོའི་བདེ་དོན་ཁང་སོགས་རེད། དེར་བཙན་བྱོལ་བོད་ཀྱི་སྒྲིག་འཛུག་ཀྱང་མ་རེད་ཏ་ལའི་བླ་མའི་ལས་ཁུངས་ལྟ་བུ་ཞིག་བྲིས་པ་འདི་རེད།
སྤྱིར་ང་རང་བློ་ཆུང་བས་ཡིན་ནམ་སྔ་མོ་བོད་གཞུང་གིས་རང་བཙན་རྩོད་ཀྱི་ཡོད་མ་རེད་ཟེར་གོ་དུས་ཚྭ་མེད་པའི་ཟས་ལྟར་དྲོ་བ་མེད་པ་ཞིག་ཆགས་སོང་། དེ་སྐབས་འཛམ་གླིང་གི་གནས་ཚུལ་སོགས་ད་ལྟ་ཙམ་མི་ཤེས།
ད་ལྟའང་ཚོར་བ་སྐྱིད་པོ་ཞིག་མིན་འདུག ཁོང་རྣམ་པས་དཔྱད་ཞིབ་སྔོན་དུ་གཏོང་ནས་མིང་བསྒྱུར་གནང་ཡིན་གཡི་རེད་དེ། མི་མང་གི་བསམ་ཚུལ་ཡང་བསྡུ་ན་ཡག་གི་རེད་པ།
ད་ཅི་བྱེད།
གྲོགས་པོ་ཚོ་ རང་བརྩན་ལག་དེབ་མེར་བསྲེག་བཏང་པ་དང་གཅིག་མཚུང་རེད་
གང་ཡིན་ཟེར་ན་དེང་སང་བོད་མི་རྣམས་ཀྱི་རང་བརྩན་ལག་དེབ་ཇི་བཞིན་བཟོ་ཐུབ་གི་མི་འདུག་བ་
བསམ་བློ་ཐང་དང
རིག་འབྱུང་ལགས། ཁྱེད་ཀྱི་དོན་ཚན་དང་པོ་དེ་བདེན།
གཉིས་པ་མེར་སྲེག་གཏོང་གི་ཟེར་བ་ཁྱད་མཚར་གསུངས་འདུག
ཁྱད་མཚར་རྒྱུ་གང་ཡང་ཡོད་མ་རེད།
དེ་ནི་འཁང་རའི་ཚིག་རེད། གལ་ཏེ་ལག་དེབ་མི་དགོས་ན་གད་སྙིགས་ནང་གཡུག་པའམ་ཟུར་དུ་སྣང་མེད་བཞག་ནའང་འགྲིག་གི་རེད། མེར་སྲེག་གཏོང་གི་ཡིན་ཟེར་བ་དེ། ཨ་ཐང་ཆད་པའི་ནང་བསམ་བློའི་ཉམས་ཕྱི་ལ་སྟོན་པ་རེད།
དོན་ལ་གཞུང་མེད་པ་ལ་དཔྱ་ཁྲལ་ལག་དེབ་དགོས་པ་མིན་འདུག ཟེར་བ་རེད།
ཕོ་གསར་ཚོ། ལམ་གསེང་འཚོར་བའི་རྗེས་སུ་མ་རྒྱུག་ཤིག ལས་ག་རེ་ཡིན་ནའང་། དང་པོ་བརྟག དེ་ནས་བརྡར་ཤ་གཅོད། མཐའ་མ་ཐག་གཅོད་བྱེད་དགོས། ཁྱེད་ཚོ་བོད་པ་ལོ་ཆུང་ཚོ། གཞན་གྱི་ག་པར་ཁྲིད་ཁྲིད་ཡིན་པ་མཐོང་དུས་ངོ་མ་རེ་བ་མེད་པ་ཤེས་ཀྱི་འདུག
སྔོན་ལ་ལྷ་ཀླུས་བཤད་པ་འདི་བདེན་པ་རེད་པས་སོམས། དེ་ནས་ཞིབ་མོར་རྣམ་དཔྱོད་སྟོན་ནས་དཔྱོད། བསྡུར། བརྡར་ཤ་གཅད། བགྲོས་བསྡུར་བྱས། གཞི་ནས་སྐད་ཆ་ཤོད་དགོས་རེད། རི་བོང་བཅལ་དྲོག་མ་བྱེད་ཤིག གྱོང་རག་གི་རེད། གལ་ཏེ་རྒྱ་མིའི་གཞུང་གིས་དཀྲུག་ཤིང་རྒྱག་མཁན་ཞིག་ངེད་ཚོའི་དཀྱིལ་ལ་བཏང་ཡོད་ན། ཁོང་ཚོས་ལས་བསླ་པོས་བོད་པའི་སྤྱི་ཚོགས་འདི་གཏོར་གྱི་རེད། ང་ཚོར་གནས་ཚུལ་གང་འཕྲད་ཀྱང་། བརྟག་དཔྱད་བྱེད་པ་དང་། བདེན་བརྡར་བྱེད་རྒྱུ་འདི་ང་ཚོ་གསོན་པོར་གནས་ཐུབ་མིན་གྱི་འགག་རྩ་རེད། བྱས་ཙང་ཞིབ་འཇུག་ཡག་པོ་ཞིག་བྱེད་རོགས།
ང་རང་ཟམ་སྟོང་རིན་པོ་ཆེའི་ཆབ་སྲིད་ཀྱི་དགོངས་པ་བཞེས་སྟངས་ལ་མོས་པ་མེད། ཁོང་གི་འཇིག་བརྟེན་ལྟ་ཚུལ་ལ་ཐད་པ་མེད། ཁོང་གི་སྐད་ཆ་ཁ་ཤས་ཐོག་ལ་གོ་བ་དང་ཁོང་ཁྲོས་མེ་སྦར་ཡོང་གི་འདུག ཡིན་ནའང་། ཁོང་གིས་སྒེར་གྱི་བདེ་སྐྱིད་དང་བོད་ཀྱི་མ་འོངས་པའི་བདེ་རྩ་གདམ་དགོས་བྱུང་ན། བླ་རྒན་འདིས་བོད་ཀྱི་མ་འོངས་པའི་བདེ་རྩའི་ཐོག་ཤོར་གྱི་རེད། དེ་བཞིན་རྒྱལ་བ་རིན་པོ་ཆེ་ཡང་། བོད་ཀྱི་བདེ་རྩ་དང་བོད་མི་དམངས་ཀྱི་ཁེ་ཕན་རྟག་པར་ཕྲག་པར་འཁུར་ནས་ཉིན་ཞག་སྐྱེལ་མཁན་ཞིག་ཡིན་སྟབས། ཁོང་གཉིས་ཀྱི་རྒྱུ་མཚན་དང་། ཐབས་ཤེས་མེད་པར་རང་གར་བཙན་བྱོལ་གཞུང་གི་མིང་སྒྱུར་གྱི་མ་རེད། ང་ཚོ་བོད་པའི་རྒན་རབས་འདི་ཚོ་འདི་ལྟ་བུའི་མགོ་སླ་པོ་མ་རེད།
སྐུ་མཁྱེན། རང་དབང་ནང་བཞུགས་པའི་བོད་པ་ན་གཞོན་ཚོས། བསམ་བློ་གཏོང་རྒྱུ་ཡོད་པའི་མི་ཞིག་བྱེད་རོགས། འདི་བོད་མི་དམངས་ཀྱི་རེ་བ་ཆེ་ཤོས་རེད། ཁྱེད་ཚོས་གཡམ་རྒྱུག་བྱས། སྨྱོ་བཅོར་བྱས། བོད་མི་དམངས་སུ་ལ་རེ་བ་བཅོལ་དགོས་སམ།
ཞོགས་གདུང་དང་རྒྱལ་གཅེས་དཔའ་བོ་ཚོས་ད་ལྟའི་ཁྱོད་ཚོའི་བྱེད་སྟངས་འདི་འདྲ་མཐོང་ན། ངོ་མ་ངུ་ཤོར་གྱི་རེད།
རང་བཙན་ལག་དེབ་མེ་སྲེག་གཏོང་གཏོང་གི་ཟེར་བའི་སྐད་ཆ་འདི་ཞེད་སྣང་ཚ་བོ་ཞིག་འདུག སྐད་ཆ་འདི་བོད་སྤྱི་ལ་བསམ་བློ་མ་བཏང་བའི་ཧ་ཅང་ཐལ་དྲག་པའི་སྐད་ཆ་ཞིག་རེད། ངས་བོད ལྷ་ཀླུ་གཉན་གསུམ་ཁྱེད་རང་རྒྱུན་དུ་རྩོམ་ཡིག་སྤེལ་མཁན་དུ་སོང་ངས་ཁྱེད་རང་ལ་རྒྱུན་དུ་བསྔགས་བརྗོད་བྱེད་བཞིན་ཡོད། ད་ཐེངས་གི་འདི་དངོས་གནས་་་་་་་་་་་་་། བསམ་ཚུལ་འདོན་རྒྱུ་དང་གྲོས་བསྡུར་བྱེད་རྒྱུ་ནི་་་་་་་་་
ད་ཐེངས་ཚངས་དབྱངས་ཀྱིས་མིའི་སྐད་བསྐྱོན་འདུག
རྡ་རམས་ས་ལའི་ཐོག་ངར་ངར་རྫིག་རྫིག་བྱེད་རྒྱུ་འདི་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་སོགས་ཀྱིས་འགོ་བཙུགས་པ་རེད།
ལྷ་ཚེ་ཡིས་རྒྱ་གར་ས་ཐོག་གཅིན་པ་གཏོང་རྒྱུར་ཡང་སེམས་སྣ་ཡོང་གི་འདུག རང་བཙན་མེད་ན་རེ་བ་མེད་སོགས་དཔའ་སྐད་སྟོང་རྒྱག་བྱས་པའི་གཞུག་གོར། རྒྱ་གར་ས་ཐོག་མགྲོན་ཁང་རྫིག་ཐག་ཆོད་ཅིག་བརྒྱབ་ཏེ། ད་ཡིན་ན་བོད་ལ་ལོག་རྒྱུར་མགོ་ན་བཞིན་བཞུགས་ཡོད་རེད།
འཇམ་དབྱངས་ནོར་བུའང་དེ་ག་རང་རེད། རྡ་རམས་ས་ལ་ནས་བསྡད་ཉན་མ་བྲོ་བར། ཨ་རི་ནང་སྐྱབས་བཅོལ་དུ་བཞུགས་ནས། སྐྱེས་དམན་སྨན་ཁང་ལས་ཀར་སྐྱེལ་རྗེས། ཤུལ་དུ་ཨ་རག་འཐུང་ཞོར། རྡ་རམས་ས་ལའི་སྲིད་བྱུས་རྒྱུག་པ་ལེབ་རྡུང་གི་རྩོམ་བྲིས་བྱེད་བཞིན་སྣང་བ་བསིལ་བོ་བྱས་ནས་བསྡད་ཡོད་རེད།
ཁྱོད་རང་ཚོ། རང་བཙན་ལག་དེབ་སྟེང་གི་པར་བཀོག་མཁན་དང་། རང་བཙན་ལག་དེབ་མེ་བཀྲག་གཏོང་ཉན་ཚོ། ད་ཡིན་ན། རང་བཙན་ལག་དེབ་སྐྱག་པ་འཕྱིས་ཡ་ཡིན་ན། རང་བཙན་ལག་དེབ་སྒང་གཅིན་པ་གཏོང་ཡ་ཡིན་ན། སོ་སོས་འདོད་པ་རེད།
ཁྱོད་རང་ཚོ། རང་བཙན་རྩོད་ཀི་ཡིན་ལབ་ན། རང་བཙན་རག་ཡ་ཡོད་རེད་པས། རང་བཙན་རག་རག་བར་སྒུག་ན་ བོད་ནང་གིས་བོད་པ་ཚོས་སྡུག་བསྲན་ཐུབ་ཀི་རེད་པས་ཟེར་ནས་ངོ་རྒོལ་བྱེད། ད་རང་བཙན་རྩོད་ཀི་མིན། མགྱོགས་སེ་བོད་ལ་ལོག་གི་ཡིན་ལབ་ན། རང་བཙན་ལག་དེབ་མེ་བཀྲག་གཏོང་གི་ཡིན་ལབ་ནས་འཇིགས་སྒུལ་རང་ལུགས་པའི་བྱ་སྤྱོད་སྤེལ་མཁན་ཡང་ཁྱོད་ཚོ་རེད།
སྐུ་ངོ་ཟམ་གདོང་འདིས་མཐའ་མ་རྔ་མ་དེར་འདི་འདྲ་ཞིག་བྱེད་ཀི་རེད་བསམ་བསམ་རྨི་ལམ་ལའང་ཡོད་མ་མྱོང་། ཡིན་ནའང་། སྐུ་ངོ་ཟམ་གདོང་དང་། སྐུ་ངོ་རྒྱ་རི། སྐུ་ངོ་སྐལ་རྒྱལ་བཅས་བཀའ་ཤག་ནང་ལྷན་ཚོགས་གནང་ཐེངས་རེ་རེར་འདི་ཚོས་བོད་མི་རིགས་ཀྱི་ངོ་ཚབ་བྱ་རྒྱའི་ཚབ་ལ། རྒྱ་ནག་གཞུང་གི་ངོ་སྲུང་སྟེ་ཚིག་ལ་འགྱུར་བ་གཏོང་དགོས་ཞེས་རྒྱ་གཞུང་གིས་ལབ་ན། ཚིག་ལ་འགྱུར་བ་གཏོང་བར་ཐེ་མི་ཚོམ་པར་རྒྱུག ད་ཆ་བཙན་བྱོལ་བོད་གཞུང་གི་མིང་འདི་ཡང་འགྱུར་བ་བཏང་། རང་བཙན་འཐབ་རྩོད་ཀྱི་སྒྲིག་འཛུགས་དང་མི་ངོ་དག་དགྲ་རུ་རྩིས་ནས་ཕྱག་ལས་གནང་སྟངས་འདིར་བསམ་ན། ད་ནི་ག་ཤེད་ཅིག་ལ་སྣེ་ཆད་གཤོག་པ་ཆད་ནས་ཟགས་འགྲོ་བཞིན་པ་ཞིག་ཆགས་པ་བཟོས་སོང་། སྐུ་ངོ་ཟམ་གདོང་གིས་བཀའ་ཤག་ནང་ནས་ལོ་ངོ་དགུ་བསྐྱལ་བ་དེའི་ཡུན་ལ།་གཞུང་གི་རླངས་འཁོར་ཚོའི་འཁོར་ལོ་ཟད་དུ་བཅུག་མ་སོང་། དཔེ་སྟོན་གྱི་སློབ་གྲྭ་ཞིག་བཙུགས་སོང་། འདི་གཉིས་ཀྱི་ཕན་ནས། དཔལ་འབྱོར་གྱི་རྟེན་གཞི་ཚང་མ་སྒོ་བརྒྱབ་པ་དང་ཁ་ཤར་ལ་བསྐོར་བ་སོགས་བྱས་ནས་རྩ་མེད་ཤུལ་མེད་བཟོས་སོང་། ད་ནི་གཞུང་ཡང་མེད། དཔལ་འབྱོར་ཡོང་ཁུངས་ཀྱི་རྟེན་གཞི་དེ་ཚོ་ཡང་མེད། ད་ཅི་བྱ།
སྐུ་ངོ་ཟམ་གདོང་འདིས་སང་ཉིན་གནངས་ཉིན་ཞིག་ལ་བཀའ་ཤག་གི་སྒོ་བྱང་ནས་སྒོ་བྱང་ཆེ་ཆུང་ཚང་མ་འགྱུར་བ་གཏོང་གི་རེད། བཀའ་བློན་རྗེས་མ་དེ་མང་ཚོགས་ཀྱིས་བཀའ་བློན་དུ་འདེམས་རྒྱུར་ངེས་ནའང་། མཐའ་མ་དེར་སྒྲིག་འཛུགས་ཤིག་གི་འགན་འཛིན་ཆགས་དགོས། གཞེས་ནིང་ལོར། རང་སྐྱོང་སྐོར་གྱི་ཡིག་ཆ་ཟེར་བ་ཞིག་བྲིས་ནས་བོད་རྒྱ་ལག་ལ་བཞག་པ་རེད། ན་ནིང་གི་ལོར། དེར་འགྲེལ་བཤད་བྲིས་ནས་མགོ་འབུལ་ལུས་འབུལ་བྱས་པ་རེད། ད་དུང་ལོ་གཅིག་གི་དུས་ཡུན་ཡོད་པ་རེད། ད་འདིས་ཅི་བྱེད་བསམ་ནས་བསྡད་ཡོད་ཨང་། ད་གཉིད་བསམ་ན་གཉིས་ཡོང་རྒྱུའང་དཀའ་ཚོད་ལ་བསྐྱལ་སོང་། སྐུ་ངོ་ཟམ་གདོང་འདིས་ཅི་ཞིག་བསམ་པ་ཡིན་ནམ།
བསྐྱར་དུ་ཚིག་འགའ་ཞུ་གི་ཡིན། ཡང་ནས་བསྐྱར་དུ་བགྲོ་གླེང་བྱེད་རྒྱུའི་ཡི་ག་དེ་མི་འདུག
དང་པོ།
རྩོམ་འདིས་ངའི་དུས་ཚོད་འཕྲོ་བརླག་ལ་བཏང་སོང་། བརྟག་དཔྱད་ཞིབ་འཇུག་མེད་པའི་རྩོམ་འདི་འདྲའི་རིགས་ལ་རྗེས་མ་ནས་མཆན་རྒྱག་གི་མིན།
དུས་ཚོད་འཕྲོ་བརླག་རང་རེད།
གཉིས།
བཙན་བྱོལ་གཞུང་ཟེར་བའི་མིང་འདི་བཙན་བྱོལ་སྒྲིག་འཛུགས་ཟེར་བའི་མིང་ལ་བསྒྱུར་བའི་ཁུངས་མི་འདུག
བཙན་བྱོལ་གཞུང་གི་ངོས་ནས་འདིའི་སྐོར་ལ་གསལ་བསྒྲགས་མི་འདུག་ལ་གཞུང་འབྲེལ་ཡིག་ཆ་ཁག་ན་ཡང་འདིའི་སྐོར་གསལ་མི་འདུག
ད་ལོའི་སྐུའི་འཁྲུངས་སྐར་ཉིན་གྱི་བཀའ་ཤག་གི་གསུང་བཤད་བོད་དབྱིན་གཉིས་སུ་ཡོད་པ་དེར་བལྟས་བ་ཡིན།
དེ་ན་བཙན་བྱོལ་གཞུང་གི་མིང་དེ་བཙན་བྱོལ་སྒྲིག་འཛུགས་ལ་བསྒྱུར་བའི་གནས་ཚུལ་མི་འདུག
ད་དུང་གསུང་བཤད་ཀྱི་མཇུག་ཏུ། “བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ ༢༠༡༠ལོའི་ཟླ་༧པའི་ཚེས་༦ཉིན་ལ་”ཞེས་བཀོད་འདུག
འབྲེལ་ཐག་འདི་རུ་བཞག་ཡོད། དེ་ནས་གཟིགས་རོགས་གནང་།
1 (http://www.tibetexpress.net/bo/home/2010-02-04-05-35-27/3554-2010-07-06-13-26-14)
2 (http://www.tibet.net/en/index.php)
གསུམ།
ཕྱི་ལོ་༢༠༡༠ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༡པའི་སྐབས་ཀྱི་བཀའ་ཤག་གི་གཏམ་བཤད་བོད་དབྱིན་གཉིས་སུ་ཡོད་པ་དེར་ཡང་བལྟས་བ་ཡིན།
གཏམ་བཤད་དེའི་ནང་དུ། “རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༨ལོར་བོད་ནང་དུ་བྱུང་བའི་ཞི་རྒོལ་དེ་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་སྐུལ་སློང་བྱས་ཚུལ་”ཟེར་བའི་སྐད་ཆ་ཞིག་འདུག
དབྱིན་ཡིག་གི་གཏམ་བཤད་དེའི་ཁོངས་སུ་(His Holiness the Dalai Lama or his exile organisation)ཞེས་བྲིས་འདུག
དེ་གཉིས་གང་ཡང་བཙན་བྱོལ་གཞུང་དེ་བཙན་བྱོལ་སྒྲིག་འཛུགས་ལ་བསྒྱུར་བའི་ཁུངས་སྐྱེལ་ལ་འགྲོ་གི་མི་འདུག
གཏམ་བཤད་དེའི་མཇུག་ཏུ་ཡང་”བཙན་བྱོལ་བོད་གཞུང་བཀའ་ཤག་གིས་སྤྱི་ལོ་༢༠༡༠ལོའི་ཟླ༣ཚེས་༡༠ལ་”ཞེས་བཀོད་འདུག
འབྲེལ་ཐུག་འདི་རུ་བཞག་ཡོད། དེ་ནས་གཟིགས་རོགས་གནང་།
1 (http://www.tibet.net/en/index.php)
2 (http://tibet.net/tb/2010/06/24/%E0%BD%95%E0%BE%B1%E0%BD%B2%E0%BC%8B%E0%BD%A3%E0%BD%BC%E0%BC%8B-%E0%BC%A2%E0%BC%A0%E0%BC%A1%E0%BC%A0-%E0%BD%82%E0%BD%A6%E0%BD%B4%E0%BD%98%E0%BC%8B%E0%BD%96%E0%BD%85%E0%BD%B4%E0%BD%A0%E0%BD%B2/)
བཞི།
བཙན་བྱོལ་བོད་གཞུང་ཟེར་བ་དེ་དབྱིན་ཡིག་ཏུ་། “The Central Tibetan Administration” (CTA)ཟེར་བ་བེད་སྤྱོད་གནང་གི་འདུག དེའི་ཁུངས་ཨ་མ་དེ་(The Central Tibetan Administration of His Holiness the Dalai Lama)རེད་འདུག
གཞན། (Tibetan Government in Exile)ཟེར་བ་འདིསྔ་མོའི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་བེད་སྤྱོད་བྱས་ཡོད་པའི་ཁུངས་སྐྱེལ་དེ་འདྲ་རྙེད་མ་སོང་། སྒེར་གྱི་དྲ་ཚིགས་ཁག་ན་བེད་སྤྱོད་གཏོང་གི་འདུག དཔེར་ན། ཕ་ཡུལ་དྲ་རྒྱ་ལྟ་བུ།
ལྔ་།
དེ་ནས། “རང་བཙན་ལག་དེབ་”ཟེར་བའི་མིང་འདི་རེད།
འདི་ལ་དབྱིན་ཡིག་ཏུ་(Green Book) “ལག་དེབ་ལྗང་ཁུ་”ཞེས་འབོད་གི་འདུག དབྱིན་མིང་ལ་སྔོན་ནས་ད་བར་དུ་འགྱུར་བ་ཕྱིན་མི་འདུག ད་དུང་ཡང་(Green Book) རང་ཟེར་གི་འདུག
༡༩༧༢ལོར། བོད་ཡིག་ཏུ་། “བོད་མིའི་རང་དབང་གཅེས་འཛིན་དང་བླང་སྤྱི་དངུལ་ཕུལ་འཛིན་ལག་དེབ་”ཞེས་བཀོད་འདུག དེ་ཡང་ཕྱི་ལོ་༡༩༧༢ལོའི་ཟླ༨པ་ནས་འགོ་འཛུགས་གནང་འདུག
དེང་སང་”བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དྭང་བླང་དཔྱ་དངུལ་ལག་དེབ།” ཟེར་གི་ཡོད་པ་འདྲ།
གང་ལྟར། “རང་བཙན་ལག་དེབ་”ཟེར་གི་མི་འདུག འདི་ཡང་མཁྱེན་རྟོགས་གི་སླད་དུ་ཡིན།
དེ་ཙམ་ཡིན།
གཡམ་རྒྱུགས་ལ་དགའ་མཁན་ཚོར་རིག་འབྱུང་གིས་ཕུ་འདེད་བཏང་འདུག
དམིགས་བསལ་གྱིས་རིག་འབྱུང་བཀྲ་ཤིས་དོན་འགྲུབ་ལགས་སུ་ཞུ་རྒྱུར་བདག་གིས་གཡམ་རྒྱུགས་བྱས་དེ་བྲིས་པ་ཞིག་མ་ཡིན་པར། དེ་ནི་རིང་བོར་མ་སོང་བའི་བཀའ་བློན་ཁྲི་བ་ཟམ་གདོང་ཉིད་ཀྱིས་གསུངས་བཤད་ཅིག་ཡིན་པ་ང་རང་ལ་བདེན་དཔུང་ཆ་ཚང་་ཡོད་ཀྱང་། ཁ་སང་དེ་རིང་ང་རང་གི་རྐང་བ་ལ་ནད་ཚ་ཞིག་སླེབས་ནས་སྐས་འཛེགས་ཤིག་གི་སྟེང་ནས་ཡར་འགྲོ་མར་འགྲོ་བྱེད་རྒྱུར་ཡང་དཀའ་ངལ་འཕྲད་དེ་བསྡད་ཡོད་པའི་སྐབས་ཡིན་སྟབས། ཉིད་ལ་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གི་ཚིག་ཟིན་ཇི་བཞིན་འདི་རུ་འདྲེན་ཐབས་རེ་ཞིག་རིང་མ་བྱུང་བ་དེར། ཉིད་རང་གཙོ་བའི་དོགས་པ་རྣམ་དོགས་ཀྱི་འཕོང་བའི་སྤུན་ཟླ་དག་ལ་དགོངས་འགལ་མེད་པར་ཞུ།
གལ་སྲིད་ང་རང་རྐང་བ་ན་བའི་ཟུག་རྔུ་འདི་ཇེ་དྲགས་དུ་སོང་བ་ཡིན་ན། གཞི་ནས་ངས་ཟམ་གདོང་བླ་མའི་ཚིག་ཟིན་དེ་ཇི་མ་ཇི་བཞིན་དུ་འདི་རུ་འཁུར་ཡོང་ཁོ་ཐག་ཡིན། དེ་དུས་ཉིད་ནས་བསམ་བློ་ཞིབ་མོ་ཞིག་བཏང་ནས་དགོངས་ཚུལ་ལྷུག་པོར་གསུང་བར་རེ་སྐུལ་ཆེན་པོ་ཞུ།
སྐོར་ཞིག་རི་བོང་ཅལ་འདྲོགས་བྱས་ཏེ་ཁྱི་རྒྱག་སྐར་ཟུག་གི་རྣམ་པ་འདི་ཐབས་སྐྱོ་བོ་ཞིག་རེད། ལེགས་བཤད་ལས། དོན་དང་མཐུན་པའི་གཏམ་སྨྲ་བ། །འཇིག་རྟེན་འདི་ན་ཤིན་ཏུ་དཀོན་ཅེས་པ་ལྟར་རེད། གནས་ལུགས་རྒྱུ་མཚན་ལ་མ་གཞིགས་པར་ངོ་གདོང་གི་ཚིག་ཙམ་ལ་འཐམ་ནས་གཏམ་སྨྲ་བ་ནི་མཁས་རྟགས་ཤིག་མིན། རིག་འབྱུང་དོན་གྲུབ་ཀྱིས་ཞིབ་འཇུག་ཡག་པོ་བྱས་འདུག དེ་ལ་སྒྲུབ་བྱེད་ཀྱི་ནུས་པ་ལྡན།
ངས་ཀྱང་ཞིབ་འཇུག་རོབ་ཙམ་བྱས་པ་ཡིན། དབྱིན་ཡིག་ནང་སྔ་མོ་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་མིའི་འཛིན་སྐྱོང་ལྟེ་གནས་(The Central Tibetan Administration of His Holiness the Dalai Lama)ཞེས་བཀོད་འདུག དེ་༸གོང་ས་མཆོག་གི་མཚན་ཐོག་ལ་འགོད་དགོས་པར་རྒྱུ་མཚན་ཞིག་ཏན་ཏན་ཡོད་རྒྱུ་རེད། རྗེས་སུ་བོད་གཞུང་གི་སྒྲིག་འཛུགས་དག་འབྱུང་གྱུར་བརྟན་པོ་ཡོང་ཆེད་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་ཚོད་ལ། བཙན་བྱོལ་གཞུང་གི་མིང་ཐོག་དེབ་སྐྱེལ་ཇི་ལྟར་བྱེད། དེའི་ཕྱིར་ནང་སྲིད་ལས་ཁུངས་ཀྱང་དབུས་བོད་མིའི་ངལ་སེལ་ལས་ཁུངས་ཞེས་དེབ་སྐྱེལ་བྱས་འདུག འདི་དག་ཕུགས་རྒྱང་གི་བསམ་བློ་ཞིག་ལས་གུང་ཁྲན་ལ་ངོ་དགའ་སྟོན་ཆེད་མིན་པ་གསལ་བོ་རེད། མདོར་ན། རིག་འབྱུང་གིས་གནང་སྟངས་འདི་ཚན་རིག་དང་མཐུན་པ་རེད། དེ་ལ་རྒྱབ་སྐྱོར།
ལར་ནས། གལ་སྲིད་བོད་གཞུང་ཞེས་པའི་མིང་འདི་བརྗེ་བོ་བརྒྱབ་ན་ཡང་༸གོང་ས་མཆོག་གཙོས་པའི་རང་རེའི་དབུ་ཁྲིད་རྣམས་ཀྱིས་དགོས་པ་རྒྱུ་མཚན་ངེས་ཅན་ཞིག་གཟིགས་ཡོད་པ་ལས་གང་དྲན་དྲན་བྱེད་མི་སྼེད་དེ་ལོ་རྒྱུས་ལ་འགན་ཁུར་དགོས་པས་སོ།།
བོད་ལྷ་ཀླུ་གཉན་གསུམ། ད་ཤུགས་རྒྱབ་ནས་ཁུངས་ཤིག་གང་མགྱོགས་དྲ་ཐོག་འཇོག་དགོས་འདུག་གོ
ཁྱོད་ཀྱི་རྐང་པ་ན་བར་ཁག་མེད། འོན་ཀྱང་དྲ་ཐོག་ན་ཁྱོད་ལ་སྒུག་ཁོམ་ཞིག་ཡོད་ཀྱི་མ་རེད། ཚིག་ཟུར་ཙམ་ཡང་མ་ཉམས་པར་ད་ལྟ་རང་འདིར་དྲོངས་ཤོག་ཀྱེ།
རྩོམ་འབྲི་མཁན་འདི།ད་ཐེངས་རྒྱ་ནག་དམར་བྱིན་གྱིས་རླབས་པ་འདྲ།འཁོན་སེམས་དང་སྡང་སེམས་གཉིས་ཀ་འདུག
རང་བཙན་ལག་དེབ་ཅེས་པ་ནི་དང་བླང་དཔྱ་དངུལ་ལག་དེབ་ཀྱི་མིང་ཐོག་མ་དེ་རེད།
དེང་སྐབས་རང་བཙན་ལག་དེབ་ཅེས་ཡོངས་གྲགས་ཆགས་ཟིན་པ་རེད།
ལག་དེབ་དེ་མེར་སྲེག་གཏོང་དགོས་དང་མི་དགོས་ཟེར་བ་དེ་ང་ཚོ་འདིར་ཚོགས་པའི་དྲ་གྲོགས་ཚོས་ཐག་གཅོད་ཐུབ་ཀྱི་མ་རེད། ལག་དེབ་དེ་མེར་སྲེག་གཏོང་དགོས་ན། ཐོག་མར་ལག་དེབ་དེའི་ཉེས་དམིགས་སམ་སྐྱོན་ཆའི་ཕྱོགས་ནས་བོད་མི་མང་ལ་ཕན་གནོད་ཇི་ཡོད་ཐོག་བསམ་བློ་གཏོང་དགོས་པ་ཞིག་རེད།
བར་སྐབས་ཤིག་ལ་ལམ་རིམ་མེར་སྲེག་གཏོང་དགོས་པ་རེད་ཅེས་དང་། སྲིད་དོན་རྒྱལ་རབས་མེར་སྲེག་གཏོང་དགོས་པ་རེད་ཅེས་དང་། སྙན་ངག་མེ་ལོང་མ་མེར་སྲེག་གཏོང་དགོས་པ་ཅེས་རེད་ཅེས་ཟེར་མཁན་ཡང་བྱུང་ཡོད་རབས་འདུག
འདི་ལྟར་བཤད་པ་ནི་སླ་ཡང་སྒྲུབ་པར་དཀའ་བའི་ལས་ཀ་ཤིག་དང་། དེ་ལྟར་མེར་སྲེག་གཏོང་དགོས་པའི་གནས་ལུགས་རྒྱུ་མཚན་འགྲེལ་བརྗོད་བྱེད་མཁན་སུ་ཞིག་འདུག་གམ།
སྐད་ཆ་འདི་དག་ནི་སྲང་ལམ་དུ་རླུང་བུས་ཁུར་ཡོང་བའི་སྐད་ཆ་རེད་ལ། མི་ཁ་ནས་མི་ཁར་བརྒྱུད་ཡོང་བའི་སྐད་ཆ་ཞིག་ཀྱང་རེད། ལྷག་པར་དུ་ཤེས་ཡོན་ཅན་དུ་རློམ་མཁན་གྱི་གྲས་དེ་འདྲ་ཡང་ཡིན་སྲིད་པ་ཞིག་རེད།
དེ་ཚོ་ཁ་བདེའི་ནང་གི་ལྕེ་བདེ་ཙམ་མ་རེད་དམ།།
ཡ་ད། གཞི་ནས་རྣམ་དཔྱོད་བཀྲ་བའི་ན་གཞོན་ཞིག་འདི་ན་ཐོན་བྱུང་། ཐུགས་རྗེ་ཆེ་རིག་འབྱུང་། ཁྱེད་ལྟ་བུའི་རྣམ་དཔྱོད་བཀྲ་བའི་བོད་མིའི་ན་གཞོན་རེ་འདི་ལ་འདོན་དུས། ངེད་ཚོའི་སེམས་ནང་རེ་བ་ཞིག་དང་དགའ་སྣང་ཞིག་ཡོང་གི བོད་མི་དམངས་ཀྱི་རེ་བ་བཅོལ་ས་འདི་བཙན་བྱོལ་གཞུང་མ་རེད། རྒྱལ་བ་རིན་པོ་ཆེ་མ་རེད། འོ་ན་སུ་རེད་ཅེ་ན། བོད་ཀྱི་ན་གཞོན་ཁྱེད་ལྟ་བུ་རེད། ཐུགས་རྗེ་ཆེ།
ངེད་ཚོས་རིགས་པ་དང་། བདེན་པ། རྣམ་དཔྱོད། ཞིབ་འཇུག ད་དུང་ཉམས་མྱོང་བཅས་ཀྱིས་འདྲེན་པའི་རྩོམ་མང་ཙམ་སྤེལ་ནས། རིམ་བཞིན་ཁོང་ཁྲོ་དང་། དྭོགས་པ། འཇིགས་སྣང་། དེ་བཞིན་ཅལ་ཅོལ་ཅན་གྱི་རྩོམ་རྣམས་ཁ་བརྡ་འདི་ན་འདུག་ས་དང་འགྲོ་ས་མེད་པ་བཟོ་ཐུབ་ན། འདི་བོད་མི་དམངས་ལ་ཞབས་འདེགས་ཆེན་པོ་རེད།
ངེད་ཀྱི་ཀྱང་འདི་ལ་འབད་ཀྱི་ཡིན།
དེང་སང་མི་རབས་གསར་པའི་བོད་མིའི་ལས་བྱེད་ཚོས་གཏམ་བཤད་བྱེད་དུས་ངར་ངར་མ་རབས་ཤོད་སྟངས་ཅིག་འདུག འདི་ཡག་རྟགས་ཅིག་མ་རེད་སྙམ།
ཨ་ལགས་ལགས་། ངས་ཁ་ཅིག་གྲག་ན་ཨེ་ཆོག་ལགས། ཁ་ཆུང་དབང་ཆུང་ཡིན་རུང་ཁ་ཞིག་གྲག་ན་འདོད་གི་། བོད་ལྷ་གླུའི་རྩོམ་དེ་ནང་དོན་ལྗིད་མོ་འདུག་། གང་ཟག་ལ་སྦྱར་ནས་བགག་སྒྲུབས་མ་གནང་ན་ཡག། རིགས་འབྱུང་གིས་དོག་དཔྱོད་ནན་པོ་བྱས་འདུག་། ཐུགས་རྗེ་ཆེ་། ཚང་མས་ཁ་ལོགས་མ་རྒྱག་དང་ང་ལ་ཡང་འདི་ཐད་ཐོག་དོག་པ་ཅུང་ཙམ་ཡོད་། ངའི་ཏོག་པ་དེ་ཁར་སྔོན་གོང་ས་མཆོག་འདིར་ཨ་རིར་ཕེབས་ནས་ཧོང་ཀོང་གི་གསར་འགོད་པས་བཅར་འདྲི་སྐབས་དེ་འདྲ་ཞིག་ཐོན་སོང་བསམ། (བརྙན)
ཁར་སང་བཅར་འདྲི་དེ་ཇི་ལྟར་བཙལ་ཡང་རྙེད་མ་སོང་། གང་ལྟར་མིང་དེ་རྗེས་བོ་རྒྱབ་ཚར་བ་འམ་། ཡང་ན་མ་འོང་བར་རྒྱག་གི་ཡིན་ཡང་། རང་བཙན་ལགས་དེབ་མེ་སྲག་གཏོང་གི་མིན། རང་གི་ཁྱིམ་ཕུག་ནས་གཏེར་ལ་སྦས་ནས་མ་འོང་བར་བྱིས་པ་གཉིས་ལ་། ཁྱོད་ཀྱི་ཨ་ཕས་རྨི་ལམ་འདི་འདྲ་བཏང་བ་རེད་ཞེས་བཤད་གི་ཡིན།
རིག་འབ྄ྱུང་ལས་སོགས་ད྄ྼ་ག྄ྲོགས་འགའ་ཞིག་གིས་བོད་ལ྄ྷ་ཀ྄ླུ་གཉན་གསུམ་ལ་ད་ལ྄ྟ་རང་བཙན་བ྄ྱོལ་བོད་ཀ྄ྱི་ས྄ྒ྄ྲིགས་འཛུགས་ཞེས་པའི་ཚིག་རིས་བཀའ་བ྄ློན་ཁ྄ྲི་བ་ཟམ་གདོང་རིན་པོ་ཆེ་ལས་སོགས་བོད་གཞུང་གི་ཡིག་ཆདང་གཏམ་བཤད་སོགས་གང་ནས་གསལ་མིན་ཁ྄ྱེར་ཤོག་ཅེས་བཙན་བཀའ་བཏང་བར་ཁོང་ད་ལ྄ྟ་ཟབས་ཐང་པོ་མེད་ར྄ྐ྄ྱེན་ག྄ྱིས་དེ་དག་ཁུང་ས྄ྐ྄ྱེལ་ངོ་ས྄ྤ྄ྲོད་བ྄ྱེད་ར྄ྒ྄ྱུར་དཀའ་ངལ་འདུག་གསུང་བར།
ངས་ནད་པ་ཁོང་གི་ཚབ་བ྄ྱས་ཏེ་འདིར་ཁ྄ྱེད་ཚོའི་ས྄ྤ྄ྱན་ག྄ྱི་ཡུལ་དུ་བས྄ྟར་འབུལ་ཞུས་ཡོད་པས་ཡག་པོ་བ྄ྱས་ཏེ་གཟིགས་རོགས་གནང་མང་པོ་ཞུག་གི་མིན།
བོད་ལ྄ྷ་ཀ྄ླུ་གཉན་གསུམ་ཞེས་པ་
ཕོ་ལ་ཚོད་མེད་པར།
འབ྄ྲོང་ལ་མདའ་ར྄ྒ྄ྱབ་མཁན་ཞིག་ཡིན་ར྄ྒ྄ྱུ་མ་རེད་ད྄ྲན།
ད་ཆ་རྒྱ་ནག་གི་སྲིད་ཇུས་དེར་ངོ་རྒོལ་བྱ་མཁན་ཇེ་མང་རེད།
འདོན་སྤེལ། ༢༠༡༠/༠༧/༢༤
བསྒྱུར་མཁན། ནགས་ཤོད་སད་མི།
༧གོང་ས་མཆོག་གིས་རྒྱ་ནག་གི་ཊི་ཝེ་ཊར་དྲ་གྲོགས་རྣམས་དང་ལྷན་དུ་དྲི་བ་དྲིས་ལན་ཐེངས་གཉིས་པ་མཛད་པའི་སྐོར་༧གོང་ས་མཆོག་གི་དྲ་ཚིགས་ནས་ཕབ་བསྒྱུར་བྱས་པ་འདིར་བཀོད་ཡོད།
དྲི་བ། ༧སྐྱབས་མགོན་མཆོག་ལ་ཞུ་རྒྱུར། གོང་ས་མཆོག་སྐུ་འཚོ་བཞུགས་རིང་རྒྱ་ནག་གཞུང་དང་ཞི་འགྲིག་ཡོང་རྒྱུར་ཧ་ཅང་དཀའ་མོ་རེད། ཁྱེད་སྐུ་འཚོ་བཞུགས་མེད་ཚེ་ཅུང་ཟད་ཐལ་ཆ་ཅན་གྱི་གཞོན་ནུ་ཚོགས་པས་༧གོང་ས་མཆོག་གི་སྟངས་འཛིན་མེད་པའི་སྐབས་དང་བསྟུན་འཇིགས་སྐུལ་གྱི་ལས་གཞི་རྒྱ་ཆེན་པོ་སྤེལ་སྲིད་པ་རེད། ང་ཚོས་ ༧གོང་ས་མཆོག་ཞི་བདེ་ལ་དགའ་བ་ཧ་གོ་གི་ཡོད། ཡིན་ནའང་། བོད་ཀྱི་གཞོན་ནུ་ཚོགས་པ་ཐལ་སྤྱོད་ལ་འགྲོ་རྒྱུར་ག་འདྲ་བྱས་ནས་འགོག་དགོས་པ་རེད། དེར་ཐབས་ཇུས་འདྲ་ཡོད་དམ།
བཀའ་ལན། སྤྱིའི་ཆ་ནས་བཤད་ན། ཕྲན་མེད་པ་ཆགས་ནའང་བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་དང་། ལྷག་དོན་དུ་སློབ་གསོའི་མ་ལག་སྔར་བཞིན་མུ་མཐུད་གཉེར་སྐྱོང་དང་འཕེལ་རྒྱས་གཏོང་གི་རེད། གལ་ཆེའི་གནད་དོན་གཞན་ཞིག་ནི་ནང་ཆོས་བརྒྱུད་འཛིན་བྱ་རྒྱུ་དེ་རེད། མིག་སྔར་ནང་པའི་ཆོས་བརྒྱུད་ཁག་ཏུ་མི་ལོ་ཉི་ཤུ་དང་སུམ་ཅུ་ཙམ་ནང་ཆོས་ལ་སློབ་གཉེར་བྱས་ནས་ཆོས་ལུགས་དབུ་ཁྲིད་འཁུར་ཐུབ་པའི་མི་སྣ་ཕུལ་བྱུང་ཁག་ཅིག་ཐོན་བཞིན་ཡོད། འཛིན་སྐྱོང་རྩ་འཛུགས་ངོས་ཕྱོགས་ནས་བཤད་པ་ཡིན་ན། འདས་པའི་ལོ་བཅུའི་རིང་ཕྲན་ཕྱེད་རྒན་ཡོལ་བྱས་ནས་བསྡད་ཡོད།
ཡག་པོ་འདུག རྩད་གཅོད་ཐོངས་རོགས། ད་རྒྱལ་བ་རིན་པོ་ཆེའི་གསུང་ངོ་མ་དེ་བཙལ་དགོས་ཀྱི་འདུག ནགས་ཤོད་རིགས་རལ་གྱིས་བསྒྱུར་གཞི་དེའི་ཚིག་དེ་བརྙེད་ན། ཅུང་ཙམ་གསལ་རུ་འགྲོ་ས་རེད།
འདི་ནི་རྒྱལ་བ་རིན་པོ་ཆེ་ཡི་གསུང་ངོ་མ་ཡིན་པའི་ཡིད་ཆེས་ཡོད།
གལ་སྲིད་དེ་ལྟར་རྒྱལ་བ་རིན་པོ་ཆེ་ཡིས་གསུང་མེད་ན།་དེ་བསྒྱུར་བ་པོ་ནགས་ཤོད་སད་མི་སྐྱག་རྫུན་ཆེན་པོ་བཤད་པ་རེད།
ཁ་བརྡའི་ནང་གི་རྩོད་རྙོགས་མཐའ་དག་གི་འགན་དེ་ཁོང་གིས་འཁྱེར་དགོས་ངེས་རེད།
འདི་ནི་བོད་ཀྱི་དུས་བབས་ཀྱི་དྲྭ་ཚིགས་ནས་བཤུས་པ་ཡིན་པས་དེར་ཡག་པོ་བྱེད་ནས་གཟིགས་རོགས།
འགོ་བརྗོད་དུ་འདི་ལྟར་འཁོད་འདུག
རྒྱ་ནག་གི་སྲིད་ཇུས་དེར་ངོ་རྒོལ་བྱ་མཁན་ཇེ་མང་རེད།
ཅེས་པའི་ནང་དུ་གཟིགས་རོགས།
འདོན་སྤེལ་༢༠༡༠་་་་་་༠༧་་་་་་་༢༤
བོད་ལྷ་ཀླུ་གཉན་གསུམ་ལགས་ཐུགས་བདེ་མོ་བྱས་ཏེ་བཞུགས་རོགས།
བུ་རྒོད་འབྲོང་རྒོད་དར་མ་གཡའ་གངས་མཚམས་ན་འགྱིང་ངེར་བསྡད་ཡོད།
ད་ཁྱེད་ཚོས་གང་དྲན་དྲན་དེ་མ་བཤད་རོགས་གནང་།
དང་པོ།
༧གོང་ས་མཆོག་གིས་”བཙན་བྱོལ་སྒྲིག་འཛུགས་དང་ལབ་ན”། དེས་”བཙན་བྱོལ་གཞུང་”ཟེར་བའི་མིང་དེ་”བཙན་བྱོལ་སྒྲིག་འཛུགས་”ཟེར་བའི་མིང་ལ་བསྒྱུར་བའི་ཁུངས་སྐྱེལ་ཐུབ་གི་རེད་དམ།
༧གོང་ས་མཆོག་གི་གསུངས་དེའི་ནང་ན། བཙན་བྱོལ་གཞུང་ཟེར་བའི་མིང་དེ། བཙན་བྱོལ་སྒྲིག་འཛུགས་ཟེར་བའི་མིང་ལ་བསྒྱུར་བ་ཡིན་ཟེར་གི་མི་འདུག
གོང་གི་ནགས་ཤོད་ནག་རལ་གྱིས་བསྒྱུར་བ་དེ་ལྟར། རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་དྲ་བའི་སྟེང་ན་ཡང་འདུག འབྲེལ་ཐག་འདི་ནས་གཟིགས་རོགས།
http://gyalwarinpoche.com/newsdetail.php?recordID=37
གཉིས།
ཁྱེད་ཚོར་ཁུངས་སྐྱེལ་རྒྱུ་ཡོད་ན། གཞུང་འབྲེལ་ཡིག་ཆ་དང་གཞུང་འབྲེལ་གཏམ་བཤད་ཀྱི་ནང་ན།
བཙན་བྱོལ་གཞུང་ཟེར་བའི་མིང་དེ། བཙན་བྱོལ་སྒྲིག་འཛུགས་ཟེར་བའི་མིང་ལ་འགྱུར་བ་བཏང་བའམ་ཡང་ན་བརྗེ་བོ་བརྒྱབ་པ་ཡིན་ཟེར་བའི་ཁུངས་དེ་འཁྱེར་ཤོག
གཞུང་འབྲེལ་ཡིག་ཆ་དང་གཞུང་འབྲེལ་གཏམ་བཤད་ཀྱི་སྒང་ནས་ཁུངས་སྐྱེལ་རོགས།
གསུམ།
གཞུང་འབྲེལ་ཡིག་ཆ་དང་གཞུང་འབྲེལ་གཏམ་བཤད་ཀྱི་སྒང་ནས་ཁུངས་སྐྱེལ་རྒྱུ་མེད་ན།
ངས་བསྐྱར་དུ་མཆན་རྒྱག་གི་མིན། བདེ་མོ་བྱོས།
རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས་དེ་འདྲ་ཡུས་བཤད་དོན་མེད།
ང་ཚོ་ཚང་མས་སོ་སོའི་བསམ་བློ་རེ་བཏང་།
སོ་སོའི་འདོད་ཚུལ་རེ་བཤད།
སོ་སོའི་མཐོང་ཚུལ་རེ་བཤད་པ་རེད།
རྒྱལ་བ་རིན་པོ་ཆེ་ཡི་གསུང་དྲོན་མོ་དེ་ལྟ་བུ་ལས་གཞན་ད་དུང་ཁུངས་ཁྱེར་ཤོག་ཟེར་ན་ཅུང་འགྲིག་གམ།
ང་ཚོས་མགོ་འབུལ་ལུས་འབུལ་བྱེད་ས་ཁོང་ཉག་གཅིག་མ་རེད་དམ།
སྲིད་དོན་པའི་ཚིག་ཐམས་ཆད་དུ་རང་གི་སེམས་ལ་ཡོད་པ་དང་ཁ་ཡི་བཤད་དོན་གཉིས་ཀྱི་དབར་ལ་ཁྱད་པར་ཆེན་པོ་ཡོད་པ་རེད།
བོད་ལྷ་ཀླུ་གཉན་གསུམ་ནས་དེ་ལྟར་བསྒྱུར་འདུག་ཟེར་བ་ཞིག་ངས་མ་གོ།
མ་གཞི་ནས་དུས་རྒྱུན་པར་༧གོང་ས་མཆོག་ནས་བོད་བཙན་བྱོལ་གཞུང་ཞེས་པ་ལས་བཙན་བྱོལ་སྒྲིག་འདུགས་ཞེས་པ་ཞིག་ངས་གོ་མ་མྱོང་ད་ལམ་མ་གཏོགས།
དེ་འདྲ་ཡིན་དུས་གཏན་གཏན་གྱི་༧གོང་ས་མཆོག་གིས་དེ་ལྟར་གསུང་པ་དེ་ལ་རྒྱུ་མཚན་ཡོད་རྒྱུ་རེད་དྲན།
༧གོང་ས་མཆོག་གིས་གསུང་པ་དེ་བཙན་བྱོལ་བོད་ཙམ་དུ་མ་ཟད་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཚབ་བྱེད་ཐུབ་པ་ཞིག་མ་རེད་དམ།
འདི་ཙམ་གྱིས་ཁུངས་སྐྱེལ་ར་སྤྲོད་བྱས་པར་ད་དུང་ཡིད་ཁ་མ་ཚིམས་ན་མཆན་མ་རྒྱབ་ནའང་འགྲིག་གི་རེད།
དེ་རིང་འབྲོང་རྒོད་ཀྱིས་བོད་ལྷ་ཀླུ་གཉན་གསུམ་གྱི་ཚབ་བྱེད་གོ་ཆོད་མ་སོང་།
ང་ནི་རིག་འབྱུང་རྒད་པོ་འདིའི་རྒྱབ་ཏུ་གབ་ནས་ཅི་བྱེད་ལྟ་རྒྱུ་ལས་བྱ་ཐབས་མིན་འདུག
ལྷ་ཀླུ་གཉན་གསུམ་ཕེབས་ཤོག
མེ་ཏོག་དཀར་པོ་ལགས
ངས་བོད་ལྷ་ཀླུ་གཉན་གསུམ་གྱི་ཚབ་བྱེད་ཐུབ་རུང་མ་ཐུབ་རུང་ངས་ཁུངས་སྐྱེལ་ཆ་ཚང་རྩིས་སྤྲད་ཡོད་པས།
བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མགྲིན་ཚབ་༧གོང་ས་མཆོག་གི་གསུང་ཚ་བོ་ཚ་རྐྱང་ཞིག་འདིར་གདན་འདྲེན་ཞུས་ཡོད་པས།
དེ་བོད་གཞུང་གི་ཡིག་ཆ་ཟེར་ནའང་འདྲ་བོད་གཞུང་གི་གཏམ་བཤད་ཟེར་ནའང་འདྲ་དེ་ལྟ་བུ་ཞིག་ལས་དགོས་པ་ཡོད་དམ།
གཞུང་ངམ་སྒྲིག་འདུགས་དེ་ཡི་མགྲིན་ཚབ་པས་གསུངས་པའི་གསུང་དེ་གཞུང་དེ་ཡི་གཏམ་བཤད་དམ་ཡིག་ཆར་ཆ་མི་འཇོག་ན་ད་ང་ཚོས་འདི་དང་འདི་ཞེས་བསྒྱུར་ཡོད་དོ་གསན་ནམ་ཞེས་ས་བསྒྲགས་གནམ་བསྒྲགས་བྱེད་དགོས་པ་རེད་དམ།
དེ་ལྟར་བྱས་ན་མི་དམངས་མང་པོ་ཞིག་ས་འཕག་གནམ་འཕག་བྱེད་དེ་དྲན་མེད་དུ་འགྱེལ་བའི་ཉེན་ཁ་ཡོད་པ་སོགས་ཀྱི་རྒྱུ་མཚན་གྱིས་ཁྱབ་བསྒྲག་མ་བྱས་པ་ཡིན་སྲིད།
མ་གཞི་ནས་གཞུང་གིས་རང་སྐྱོང་ལྗོང་ཞེས་པའི་ཡིག་ཆ་ཁག་ཅིག་རྒྱ་ནག་ལ་སྤྲད་པ་དག་སྤྱི་འཐུས་སུའང་མ་བསྟན་པར་གཞིགས་ན་འདི་ལྟ་བུ་ཞིག་བསྒྱུར་ཡོད་དོ་ཞེས་མི་དམངས་ལ་ཇི་ལྟར་བསྒྲགས་ཀྱི་རེད་དམ།
གཞུང་གི་དབུ་ཁྲིད་ཅིག་གིས་གསུངས་ཡོངས་དུས་གནད་འགག་ཅིག་ལྟ་རེད། ༧གོང་ས་མཆོག་གི་དེ་གསུངས་དུས་གསུངས་ཡུལ་དང་གསུངས་དུས་སོགས་ལ་ལྟ་རྒྱུ་ཡོད་རེད།
གཞུང་ངམ་སྒྲིག་འཛུགས་ཞིག་གི་ཆ་ནས་ལས་དོན་གནད་འགག་ཅན་འདི་འདྲ་ཞིག་གཞུང་གིས་ཁྱེད་ཚོས་གསན་སོང་མ་ཞེས་འདྲི་མི་དགོས་རུང་ས་བསྒྲགས་གནམ་བསྒྲགས་བྱེད་དགོས་ངེས་ལས་ཁུ་སིམ་སིམ་གྱིས་སྡོད་ག་ལ་རུང་།
དབུ་ཁྲིད་ཅིག་གིས་གང་གསུངས་ཁྲིམས་སུ་བརྩི་སྲོལ་འདི་སྔ་མོ་ཨི་རག་གི་སམ་ཧུ་སན། རྒྱ་དམར་གྱི་མའོ་ཀྲུ་ཞི་སོགས་ཀྱི་སྐབས་རེད། དེ་མེད་མི་དམངས་གཞུང་ངམ་དམང་གཙོའི་གཞུང་དུ་ཇི་ལྟར་འགྱུར།
ངས་ཞུས་སྟངས་ནོར་ཡོད་ན་དགོངས་དག
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཐུགས་རྗེ་ཆེ། བུ་རྒོད་པོ། དེ་འདྲར་དཔྱད་དགོས། རྗེས་སུ་མཇལ་ཡོང་།
འདི་ལ་འདྲི་བ་ཞིག་ཡོད། གོང་གི་མཆན་དང་འབྲེལ་བ་ཡོད།
ཨ་རིའི་གསར་འགྱུར་དང་སྲིད་འཛིན། དེ་བཞིན་མི་དམངས་ཀྱིས་ཨ་རིའི་གཞུང་ཟེར་བའི་ཚིག་འདི་སྤྱོད་པ་ཉུང་ཉུང་རེད། དེའི་ཚབ་ལ་གཤམ་གསལ་གྱི་ཚིག་རྣམས་སྤྱོད་པ་རྒྱ་ཆེ། ད་འདི་ལ་རྙོག་འདྲ་བཟོ་མཁན་མིན་འདུག དཔེར་ན།
The White House Spokesperson confirmed that the US would carry out the drill
The White House Administration is still looking for a compromised budget
The State Department confirmed that President Obama will meet the Dalai Lama
ལྷ་ཀླུ་རང་དང་འབྲོང་རྒོད་ཀྱིས་དོ་སྣང་ལེགས་པར་གྱིས་དང་། ཨ་རིའི་སྤྱི་ཚོགས་ནང་། སྲིད་གཞུང་ངམ། “Government”
ཟེར་བའི་ཚིག་འདི་རྒྱུན་སྤྱོད་བྱེད་པ་ཉུང་། དེའི་ཚབ་ལ། the State Department, The Senate, The White House སོགས་བེད་སྤྱོད་བཏང་བ་མང་།
དཔེར་ན། ང་ཚོས་ཨ་རིའི་སྲིད་གཞུང་ཟེར་དུས། དེ་ཨ་རིའི་ཕོ་བྲང་དཀར་པོར་གོ་བའམ། གྲོས་ཚོགས་ལ་གོ་བའམ། ཨ་རིའི་ཁྲིམས་ཁང་ལ་གོ་བའམ།
ཞིབ་འཇུག་ཤིག་གྱིས་དང་།
ཚངས་དབྱངས་ལགས།
ཕོ་བྲང་དཀར་པོ་ནི་ཨ་རིའི་སྲིད་འྫིན་བཞུགས་ས་ཡིན་པས་དེས་ཡི་ཨ་རི་མཚོན་ཐུབ་ཀྱི་རེད།
དཔེར་ན།་གསར་འགོད་པ་སོགས་ཀྱིས།
ཕོ་བྲང་དཀར་པོ་པེ་ཅིང་གཉིས་དབར་བཀའ་བསྡུར་གནང་གི་ཡོད་རེད་ཅེས་དང།
དྷ་རམ་ས་ལ་དང་པེ་ཅིང་གཉིས་ཀྱི་དབར་ཞི་མོལ་གྱི་དབུ་འྫུགས་གནང་ཡོད་རེད་ཅེ་པ་ལྟར་རེད།
དེ་དག་ལ་ཨ་རིའི་གཞུང་ངམ་སྲིད་གཞུང་སོགས་བརྗོད་པ་ལས་ཨ་རིའི་སྒྲིག་འདུགས་ཞེས་བརྗོད་ཀྱིན་མེད།
སྒྲིགས་འདུགས་ཞེས་པ་ནི་ཚོགས་པ་བྱེ་བྲག་པ་ཞིག་གི་སྡེ་ཚན་ལ་བརྗོད་པ་མ་གཏོགས་སྲིད་གཞུང་ལ་ནམ་ཡང་བརྗོད་ཀྱི་མེད།
ཡང་ན་ཚོགས་པའམ་དེ་དག་གི་འཆར་གཞི་ལས་སོགས་ཚགས་ཚུད་དང་མི་ཚུད་སོགས་ཀྱི་བྱ་བཞག་ཅིག་ལ་བརྗོད་པ་རེད།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལས་སོགས་ཁྱེད་རྣམས་ཀྱིས་སྲིད་གཞུང་ལ་སྒྲིག་འདུག་ཅེས་པའི་ཚིག་རྒྱ་བོད་དང་ཕྱི་ནང་རྒྱལ་ཁབ་གང་ལའང་ཡོད་རྒྱུ་མ་རེད་དྲན་ཡོད་ན་འདིར་ལུང་འདྲེན་ཁྱེར་ཤོག
ཀུ་རྩེད་ཞུས་པ་ཡིན།་བོད་ལྷ་ཀླུ་གཉན་གསུམ་ལ་བཤད་པ་ནང་བཞིན་བྱུང་སོང་།
དགོངས་དག
ང་ཡི་གློག་ཀླད་འདི་ཡི་ནང་དུ་ྫ་འབྲིས་ཤེས་ཀྱི་མི་འདུག་ཁྱེད་ལ་ལམ་སྟོན་འདྲ་ན་གནང་རོགས།་ང་ཡི་གློག་ཀླད་དེ་
APPLE་
ཐུགས་རྗེ་ཆེ།
བོད་ལྷ་ཀླུ་གཉན་གསུམ་ཁག་མེད། བོད་ཡིག་གི་ཐ་སྙད་དང་སྐད་ཡིག་གཅིག་པུར་མགོ་བོར་འཐོམས་ནས་ཨུ་བཙུགས་ཀྱི་རང་ཉིད་ཀྱི་གང་ཤེས་པ་དེ་ཁོ་ན་ཉིད་དུ་འཛིན་ནས་སྐད་ཅོར་བྱེད་པ་ནི་གླེན་པའི་རྟགས་སམ་བླུན་པོའི་རྗེས་འབྲངས་ཤིག་ལས་མ་འདས། བོད་ལྷ་ཀླུང་གཉན་གསུམ་ཁྱེད་ཉིད། བོད་ཀྱི་སྐད་ཡིག་དང་བོད་ཡིག་ཐ་སྙད་འདི་ལས་བརྒལ་ནས་འཛམ་གླིང་གི་སྐད་གཞན་དང་གཞན་སོགས་ལ་སློབ་ནས། དཔེ་དེབ་མང་ཙམ་ཀློག བསམ་བློ་མང་ཙམ་གཏོང། དཔྱད་པ་མང་ཙམ་བྱེད་། དེ་ནས་སྐད་རྒྱག་འགོ་བཙུགས་ཨ་་་་་་་་་་་་་ལོ་་་་་་་་
བསམ་བློ་མི་གཏོང་ཁྱི་དང་འདྲ་བའི་ཁྱོད།
རང་གི་གང་ཤེས་དེ་རུ་བདེན་འཛིན་ཅིང།
ཁྲོན་པའི་སྦལ་པ་བཞིན་དུ་མི་བྱེད་པར།
རྒྱ་མཚོ་ཆེན་པོ་བལྟ་བར་ཐོན་པར་གནང།
ད་ལྟ་རང་བོད་ཀྱི་དྲ་བརྙན་ནང་དུ་ཟམ་གདོང་རིན་པོ་ཆེ་ཡིས་༼གཞུང་༽དང་༼སྒྲིག་འཛུགས༽ལ་ཚིག་འགྲེལ་ཡག་པོ་རེ་བསྐྱོན་གྱིན་འདུག ༼དབུ་མའི་ལམ་ལ་འགྲེལ་བཤད་གནང་བ་འདྲ་མཚུངས་སུ་འདུག༽
ཁ་བྱང་འདི་འདྲ་ཞིག་ཡིན་པ་འདྲ།
http://www.tibetonline.tv/live/webcast.html
གཟིགས་རོགས་གནོངས།
གཞིས་ཆགས་བུ་ཞེས་པ་འདི་རྣ་ལམ་དུ་གྲགས་པ་དང་འཛམ་གླིང་གི་གནས་སྟངས་ཕར་ཟད་རང་གི་ལྟོ་གོས་མགོ་ཐོན་ལ་མ་ཐོན་ལ་ཐོག་དབྱིན་ཚིག་ཁ་ཤས་དང་། ཧིན་ཚིག བོད་སྐད་གསུམ་བསྲེས་ནས་ར་མ་ལུག་གི་སྐད་ཆ་བཤད་མཁན་ཞིག་ལོས་ཡིན་སྙམ་པའི་ཚོར་བ་བྱུང་།
བསོད་ནམས་ལགས། རྒྱ་ལ་ཞེ་འཁོན་དང་གཞིས་ཆགས་ལ་ཞེ་འཁོན་གཉིས་ལ་ཁྱད་པར་ཏོག་ཙམ་འདུག་གེ
ཕལ་ཆེར་ཡོད་ས་རེད་བསམ་བསམ་མིན་འདུག
འབྲོང་རྒོད་ལགས།
ཀུ་ཤུའི་གློག་ཀླད་ནང་ཛ་གཏག་སྐབས། འདི་ལྟར་འབྲི་ན་ཡོང་། dz
ཁྱེད་ཀྱི་གསུངས་པ་བཞིན་ཨ་རིའི་ནང་ཨ་རིའི་སྒྲིག་འཛུགས་ཤེས་བརྗོད་ཀྱི་མེད་ན། དབྱིན་ཇིའི་ནང་Administration ཟེར་བའི་ཚིག་འདི་ཇི་ལྟར་སྒྱུར།
ལྷ་བབས་ཤོག
ཀླུ་དོན་ཤོག
གཉན་ཐོན་ཤོག
འོལ་ཚོད་ཡིན་ན་དགོངས་དག་ཞུས།
ཁུངས་ཡོད་ན་སྟོན་ཤོག
ང་ཚོའི་སེམས་དགའ་རབ་དཀྲུག་སོང་།
འདི་ལ་ལྟ་སྟངས་འདི་འདྲ་ཞིག་བྱུང་། དང་པོ་བོད་ལྷ་ཀླུ་གཉན་གྱིས་བྲག་ཆ་ཆེན་པོ་ཞིག་བཟོས། དེའི་རྗེས་ལ་འབྲོང་དང་འགའ་ཤས་ཀྱིས་རྒྱུག་ནས་འཇིགས་སྐད་དེ་ལས་ཆེ་ཙམ་བརྒྱབ། རྗེས་མ་རིག་འབྱུང་གིས་སྒམ་རླིང་ངང་འགྲེལ་བཤད་བརྒྱབ་རྗེས་གཞི་ནས་གནས་ཚུལ་གསལ་དུ་ཕྱིན་སོང་།
རྗེས་མ་འདི་འདྲ་ཁྱོན་ནས་མ་གནང་རོགས། རང་སྡུག་གཞན་སྡུག་རེད་འདུག
ཚངས་དབྱངས་ལགས་ཐུགས་རྗེ་ཆེ་ཁྱེད་ཀྱིས་ལམ་སྟོན་གནང་བར།
ངས་གཞི་ནས་བལྟ་གི་ཡིན་ཡོང་དང་མི་ཡོང།
Administration
ཚངས་དབྱངས་ལགས་གོང་གི་དབྱིན་ཡིག་དེ་ཡི་དོན་ནི་བོད་སྐད་དུ་འཛིན་སྐྱོང་དང།
སྲིད་གཞུང།
རྒྱལ་ཁབ།
ཤུལ་ནོར་འཚོ་འཛིན།
དེ་འདྲ་བ་ཞིག་ལ་གོ་བ་ལས།
སྒྲིགས་འཛུགས་ཞེས་པའི་དོན་མི་འདུག
ཁྱེད་ཀྱིས་གཟིགས་པའི་ཚིག་མཛོད་དེ་དང་ཡང་ན་ཁྱེད་ཀྱིས་དབྱིན་ཡིག་སྦྱོང་ས་དེ་གཞན་པ་ཞིག་ཡིན་སྲིད།
གངས་དཀར་ལྷ་མོ་དང་།
མེ་ཏོག་དཀར་པོ་ལགས།
ཐུགས་སེམས་དཀྲུགས་ཡོད་ན་དགོང་དག་ཞུ་གི་ཡོད།
ཀླད་པ་དཀྲུག་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བས་ངས་ལྟས་ན་དེ་ནི་ཁྱེད་ལ་ཕན་ཐོགས་བྱུང་བ་ཞིག་རེད།
རིག་འབྱུང་གི་གསལ་ཁ་གང་ཡང་སྟོན་མ་བྱུང།
ངས་༸གོང་ས་མཆོག་གི་གསུང་དྲོན་མོ་ཚ་འཐུལ་ལེ་བ་ཞིག་ཕུལ་ཡོད་ཀྱང་ད་དུང་ཡིད་ཚིམས་མེད་ས་རེད།
དེ་བཞིན་གཅན་བཟོད་རྒྱམ་ནས་ཀྱང་དྲྭ་རྒྱ་རུ་དེ་ལྟར་འགྲེལ་བཤད་ཡོད་པའི་དྲྭ་བྱང་ཕུལ་འདུག་མོད་དེ་ཡིས་ཀྱང་ཁྱེད་རྣམས་ཡིད་ཚིམས་མི་འདུག
ད་རང་ལྟ་ལ་ཆགས
གཞན་ལྟ་ལ་སྡང།
རང་གཞན་གཉིས་ལ་རྨོང་ནས་བཞུགས་རྒྱུ་རང་མ་རེད་དམ།
མ་གཞི་ནས་རིག་འབྱུང་དང་བོད་ལྷ་ཀླུ་གཉན་གསུམ་གཉིས་ཀྱི་འགན་དེ་ང་ཚོས་དེ་ཙམ་ཁྱེར་དགོས་ཅི་ལ་ཆགས་པ་རེད་དམ།་་བོད་ལྷ་ཀླུ་གཉན་གསུམ་ཀྱང་ད་ལྟ་སྐུ་གཟུགས་གསལ་དྭངས་ཡོད་བཟོ་རེད།་་་་མཆན་གཞན་གྱི་ནང་དུ་ཁོང་ཕེབས་བཞག།་གལ་སྲིད་ཁྱེད་སྐུ་གཟུགས་གསལ་དྭངས་ཡོད་ན་ལས་དོན་འཇུག་སྐྱོང་གནང་པའི་རེ་པ་ཡོད།་
མེ་ཏོག་དཀར་པོ་ལགས་ཐུགས་འཁྲུག་མི་དགོས་ཐུགས་སེམས་སྐྱིད་པོ་བྱེད་ནས་བཞུགས་རོགས།
དེ་མིན་སྔར་གྱི་ནད་གཞི་རྙིང་པ་དེ་ཚོ་ལང་པའི་ཉེན་ཁ་ཡོད་རེད།
མེ་ཏོག་འདབ་བརྒྱ་གྲོལ་དང།
གཡུ་སྦྲང་ལྡིང་འཁོར་རྒྱབ་ཡོང།
སྦྲང་རྩི་བཅུད་ལས་རོལ་ཏེ།
རང་གཞན་བདེ་ལ་འཁོད་ཤོག
ཚངས་དབྱངས་ལགས། ཐུགས་རྗེ་ཆེ་རྗེས་སུ་ངས་ཚོད་ལྟ་བྱེད་ཀྱི་་ཡིན།
Administration ཟེར་བ་ནི་བོད་སྐད་དུ་བསྒྱུར་ན། འཛིན་སྐྱོང་དང༌། སྲིད་གཞུང༌། རྒྱལ་ཁབ། ཤུལ་ནོར་འཚོ་འཛིན་སགས་ལ་གོ་བ་ལས་སྒྲིགས་འཛུགས་ཞེས་པར་ནམ་ཡང་གོ་གྱི་མི་འདུག
གཅིག་བྱས་ན་ཁྱེད་རང་ལ་དབྱིན་ཇིའི་ཚིག་མཛོད་གསར་པ་ཞིག་དང་བོད་ཀྱི་ཚིག་མཛོད་གསར་པ་ཞིག་ཡོད་ན་མཐོང༌།
མེ་ཏོག་དཀར་པོ་ལགས། ཐུགས་འཁྲུག་མི་དགོས། ཐུགས་ཀྲུགས་པ་དེ་ཡག་པོ་རེད་དྲན་གྱི་འདུག ང་ཚོས་ཞིབ་འཇུག་བྱེད་དུས་ཀླད་པ་འགུལ་བསྐྱོད་བཏང་ན་མ་གཏོགས་ཉ་ལ་ཉོ་ལེ་བྱས་ནས་སྡད་ན་ག་ལ་འགྲིག།
ཐུགས་སེམས་སྤྲོ་བོ་བྱས་ཏེ་བགྲོ་གླེང་གནང་རོགས། དེ་མིན་སྔར་གྱི་ནད་གཞི་རྙིང་པ་དེ་ཚོ་སླང་མདོག་ཁ་བོ་རེད།
མེ་ཏོག་འདབ་བརྒྱ་གྲོལ་ཤོག
གཡུ་སྦྲང་ལྡིང་སྐོར་རྒྱབ་ཡོང༌།
རྩི་བཅུད་སྦྲང་ལ་རོལ་ན།
རང་གཞན་བདེ་ལ་འཁོད་ཡོང༌།
མ་གཞི་ནས་བོད་ལྷ་ཀླུ་གཉན་གསུམ་སྐུ་གཟུགས་བདེ་ཐང་ཡོད་ས་རེད་མཆན་གཞན་དུ་ཁོང་ཕེབས་འདུག
གལ་སྲིད་ཁྱེད་རང་སྐུ་གཟུགས་བདེ་ཐང་ཡོད་ན་སྔར་གྱི་བགྲོ་གླེང་འདི་འཇུག་སྐྱོང་གནང་པའི་རེ་བ་ཡོད།
མ་གཞི་ནས་མེ་ཏོག་དཀར་པོ་དང་ཚངས་དབྱངས་གཞི་ཆགས་བུ་ལས་སོགས་ང་ཚོའི་དབར་གྱི་རྙོག་ཁྲ་མ་རེད་རིག་འབྱུང་དང་བོད་ལྷ་ཀླུ་གཉན་གསུམ་ཁོང་རང་གཉིས་ཀྱི་བགྲོ་གླེང་འདི་འཇུག་སྐྱོང་ཞུ་དགོས་པ་རེད།
ང་ནི་ནད་པ་ལ་སྙིང་རྗེ་སྐྱེས་ནས་སླེབ་པ་ཞིག་ཡིན།
དམག་ཁས་བླངས། མདུང་རྐེད་པར་གཟེར་ཚར་འོངས་དུས་ལྷུ་ཀླུ་གཉན་གསུམ་གྱིས་དཔག་ཚོད་ཀྱི་ཁུངས་ཤིག་སྐྱེལ་རོགས།
འབྲོང་རྒོད་ལགས། ཁྱེད་ཀྱིས་དགོངས་དག་གསུངས་འོང་དུས་ཏོག་ཙམ་མི་བདེ་ཆགས་སོང་། དེ་ནི་ཁྱེད་ཀྱིས་ཉེས་པ་གང་ཡང་མ་བྱས་པས་སོ། །ཀླད་པ་དཀྲུག་དགོས་གསུངས་པ་བདེན་པ་རེད། ལར་ནས་འདིའི་སྐོར་གླེང་སློང་ཞིག་མེད་པར་སྡོད་ཐབས་མེད་པ་ལྟ་བུ་ཞིག་རེད། ཟླ་ཤས་སྔོན་ནས་ཡ་ཧུ་སྐད་སྒམ་ནས་བོད་ནས་ཀྱང་སྐད་ཆ་འདི་དང་ཨ་ན་མ་ན་ཞིག་བཤད་སོང་ཏེ། ངས་མཐའ་གཅིག་ཏུ་དེ་འདྲ་མ་རེད་ཟེར་བཤད་ཡིན། ད་དུང་ཕྱི་སྡོད་བོད་མིས་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་བོད་རང་སྐྱོང་ལྗོངས་རྩོད་ཀྱི་མེད་པར་བོད་རིགས་ས་ཁུལ་གྱི་ཐ་སྙད་སྦྱར་ནས་གཅིག་བཤད་སོང་།
གཞན་ཉེ་ཆར་ཀླུ་སྨྱོན་གྱིས་མཆན་བུ་ཞིག་ནང་ཡང་འདི་སྐོར་བཤད་སོང་། ད་དུང་གསལ་པོ་མི་དྲན་འདུག་འདི་ལྟ་བུ་ཞིག་གཞན་ནས་ཀྱང་ཐོས་སོང་། གང་ལྟར་ངས་ལྷ་ཀླུ་གཉན་གསུམ་ལ་ཐུགས་རྗེ་ཆེ་ཞུ་འོས་པ་ལས་ཁ་རྡུང་གཏོང་ག་ལ་ཉེན། ཡིནའང་ཁུངས་ཞིག་ཏན་ཏན་གཟིགས་ཡོད་ཚོད་རེད། དེ་འདི་ན་གསལ་སྟོན་གནང་ན་ཕན་ཐོགས་ལས་གནོད་དོགས་མིན་འདུག་པས་ངས་སྐད་རྒྱག་ནས་བསྐུལ་མ་བཏང་བ་ཡིན།
གཞུང་སྒྲིག་འཛུགས་ལ་བསྒྱུར་བའི་ཁུངས་འདི་ལྷ་ཀླུས་བཏོན། དེ་ལ་དཔུང་རོགས་འབྲོང་གིས་བྱས། རིག་འབྱུང་གིས་དེ་ལ་དཔྱད་རྒྱུ་བྱས་ན་ལེགས་པས་རིག་འབྱུང་ལ་ཁུངས་སྟོན་རྒྱུ་མིན་འདུག་ཟེར་ནས་འབར་ན་མི་མཛེས་སོ། །
འབྲོང་རྒོད་ལགས། ༧གོང་ས་མཆོག་གི་གསུངས་ཚད་ཚང་མ་གཞུང་གི་མགྲིན་ཚབ་གནང་སྟེ་གསུངས་པའི་ངེས་པ་མེད། དེས་ན་གཞུང་འབྲེལ་གྱིས་གསལ་བསྒྲགས་ཞིག་ཡིག་ཆའམ་ངག་ཐོག་ནས་ངེས་པར་དགོས་ལ་དེ་རྗེས་ད་ལྟ་བཙན་བྱོལ་བོད་གཞུང་ཞེས་པའི་ལས་ཤོག ལས་ཐམ། སྒོ་བྱང་། དྲ་རྒྱ་སོགས་ཡོངས་རྫོགས་མིང་བསྒྱུར་བྱ་དགོས་རེད། ད་ལྟ་བཙན་བྱོུལ་བོད་གཞུང་ཞེས་དྲ་རྒྱ་ནང་ཁྲ་ལམ་མེར་འདུག
ཅུང་བློ་བདེ།
ཡང་ན་ལྷ་ཀླུས་མིང་བརྗེས་རྒྱུའི་འཆར་གཞི་ཞིག་ཡོད་པ་གསང་སྟབས་ཀྱི་ཤེས་པ་ཡིན་སྲིད།
བསོད་ནམས་ལགས། ཁྱེད་ཀྱི་བསམ་ཚུལ་ཕུལ་བར་ཐུགས་རྗེ་ཆེ། ཡིན་ནའང་ངས་བོད་སྐད་རྒྱག་པའི་སྐབས་
དབྱིན་ཡིག་དང་ཧིན་དྷི་ཚིག་སོགས་བཅུག་དགོས་པ་ད་ཕན་མ་བྱུང་ལ། མ་འོངས་པར་ཡང་དེ་ལྟ་བུའི་དཀའ་ངལ་
མི་འཕྲད་པའི་གདེངས་ཚོད་ཀྱང་མཆིས་། ཁྱེད་སེམས་ཁྲེལ་མ་གནང་ཨ།། དབྱིན་ཡིག་དང་ཧིན་དྷི་སོགས་རང་ཉིད་
ཀྱི་མ་སྐད་མིན་པ་རྣམས་རྒྱག་སྐབས་དེ་ལྟའི་དཀའ་ངལ་བྱུང་ནའང་མི་འགྱོད་དེ། རང་ཉིད་ཀྱི་མ་སྐད་མ་ཡིན་པའི་
ཕྱིར། ཁྱེད་བདེ་མོ་བྱོས། ཁྱེད་རང་ཉིད་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་མིན་མེ་ལོང་ནང་ལྟོས་ཨ། །
རྗེས་མར་མཇལ་ཡོང།
མེ་ཏོག་དཀར་པོ་ལགས།
དེ་རང་དགོས་པ་ཨེ་ཡོད།
ད་ལྟའི་སྲིད་འཛིན་གྱིས་སྲིད་ཇུས་ལང་ཕྱོགས་ཕལ་ཆེ་བ་ཞིག་ཁོང་རང་སྲིད་འཛིན་གྱི་ླལས་ཁུང་ལ་སླེབ་གོང་ནས་བཤད་ཟིན་པ་རེད།
འོན་ཀྱང་ད་དུང་ཁོང་རང་གི་དེ་དག་ལག་ལེན་བསྟར་ཡོད་པ་མ་རེད།
ཁོས་ཁས་ལེན་བྱས་པ་དང་འཆར་གཞིར་ཡོད་པ་མཐའ་དག་ས་བསྒྲགས་གནམ་བསྒྲགས་བྱས་པ་གང་ཡང་ཡོད་པ་མ་རེད།
སྲིད་ཇུས་དེ་དག་རིམ་བཞིན་གོམ་པ་སྤོ་དགོས་པ་རེད་མ་གཏོགས་ཧར་རྒྱུག་ཧོལ་རྒྱུགས་བྱས་ཏེ་སྨྱོ་མཆོང་ནམ་ཡང་བྱེད་ཀྱི་མ་རེད།
ཡིན་ནའང་ང་ལ་དེ་ཡི་སྐོར་དེ་ཙམ་གྱི་ཤེས་རྟོགས་མེད།
ངས་ཤེས་རྟོགས་བྱུང་བ་ནི་ལྷ་ཀླུ་གཉན་གསུམ་གྱིས་བསམ་ཚུལ་བཏོན་པ་དང༌། ༸གོང་ས་མཆོག་གིས་དུས་དེ་སྐབས་སུ་གསུངས་པ་གཉིས་དུས་གཅིག་པར་འཁེལ་བར་བརྟེན་ངས་ཁོང་ལ་རྒྱབ་སྐྱོར་ཞུས་པ་ཞིག་ཡིན།
ཁྱེད་རང་ཐུགས་བདེ་བོ་བྱུང་བར་ངོས་རང་དགའ་ཚོར་བྱུང་།
བོད་ཀྱི་གཏམ་དཔེར།
གཏམ་གཅིག་ཡོང་ན་ཚིག་ཟུར་ནས་ཡོང༌།
སྤྱང་གཅིག་བབས་ན་རི་ཟུར་ནས་བབས།
ཟེར་བ་བཞིན་༸གོང་ས་མཆོག་གི་གསུང་གི་དུམ་བུའི་ནང་དུ་འདི་ལྟར་གྱི་ཚིག་གཅིག་སླེབས་པ་དེ་ལ་རྒྱུ་མཚན་ཞིག་གཏན་གཏན་ཞིག་ཡོད་དགོས་པ་ལས་ང་རང་ཚོ་མི་ཕལ་པས་བཤད་པ་དང་ནམ་ཡང་མི་འདྲ།
སངས་རྒྱས་ཀྱི་སྤྱན་འབྱེད་འཛུམ་གཅིག་མཛད་པ་ལའང་དགོས་པ་རྒྱུ་མཚན་མང་པོ་ཞིག་ཡོད་པ་བཤད་པ་ལྟ་བུ་རེད།
ངས་༌གོང་ས་མཆོག་གིས་ཇི་ལྟར་གསུང་པ་ཐམས་ཅད་ལ་ཡིད་ཆེས་དང༌། མོས་མཐུན། རྗེས་སུ་འབྲེང་རྐྱང་ཡིན།
དེ་ང་ཡི་དམ་བཅའ་རེད།
༸གོང་ས་མཆོག་གི་བོད་རྒྱ་ཁོང་རེད་གསུང་ནའང་འདྲ། བོད་རང་བཙན་མེད་གསུང་ནའང་འདྲ།
ད་ལྟ་རང་བོད་ལ་ཕེབས་ཀྱི་ཡིན་གསུང་ནའང་འདྲ་ང་ཡང་ཁོང་གིས་རྗེས་སུ་རྒྱུག་རྐྱང་ཡིན་ནོ།
ང་ཡི་རེ་བར་༸གོང་ས་མཆོག་སྐ྄ུ་འཚོ་བཞུགས་སྐབས་སུ་ཁོང་གིས་ཐུགས་ཐག་གང་བཅད་པ་དེ་ལ་རྒྱབ་སྐྱོར་ཞུས་རྐྱང་ཡིན།
མི་ཡུལ་ཚ་བའི་ཡུལ་དུ་ཡུན་རིང་ཙམ་གནས་ཚེ་འབྲོང་རྒོད་ང་ཡི་སྤུ་ཡོངས་སུ་རྫོགས་པར་གོག་སྟེ་མ་ཧེ་ནང་བཞིན་ཆགས་པའི་ཉེན་ཁའང་འདུག
ནོར་བཅོས།
དེ་འདྲ་རང་དགོས་པ་ཨེ་ཡོད།
ད་ལྟའི་ཨ་རིའི་སྲིད་འཛིན།
ཁོང་རང་སྲིད་འཛིན་གྱི་ལས་ཁུང་ལ་མ་སླེབ་གོང་ནས
༧གོང་ས་མཆོག་གི་ལམ་སྟོན་འོག་ཤར་བསྐྱོད་གནང་བ་ནི་འོས་ཤིང་འཚམས་ལ་ལེགས་སོའོ་བསྔགས་བརྗོད་ཞུ། ཨ་སྙིང་ཡང་སྙིང་ནི་༧གོང་ས་མཆོག་གི་དགོངས་གཞི་ནི་༧ཁོང་ཉིད་བོད་གངས་ཅན་ལྗོངས་ཀྱི་ཤ་ཁྲག་ལས་གྲུབ་པ་ཞིག་ཡིན་སྟབས་སེམས་ཅན་ཐམས་ཅད་ཀྱི་ནང་ནས་བོད་འདི་དང་པོར་བརྩེ་བས་གཟིགས་རྒྱུ་ཉག་གཅིག་ཡིན་པ་རེད། རྩ་བའི་དགོངས་པ་འདི་གཞི་ལ་བཞག་ནས་ང་ཚོས་ཉིན་རེའི་འཚོ་བའི་ནང་ནས་བཟུང་༧གོང་ས་མཆོག་ཡིད་ལ་ཡང་ཡང་དྲན་རྒྱུ་གལ་ཆེ་བ་གཞིར་བཞག་ནས་བོད་དོན་འཐབ་རྩོད་ཀྱི་ལྟ་བ་དང་ལངས་ཕྱོགས། བྱ་སྤྱོད་སོགས་ཀྱི་སྐོར་ལ་༧གོང་ས་མཆོག་ལ་ལྗིད་བཀལ་ནས་བཤད་རྒྱ་ཉུང་ཙམ་བྱེད་ན་ལེགས། ངས་འདི་ནས་ཚིག་ངན་དང་གཏམ་ངན་མིན་ཏེ། ༧གོང་ས་མཆོག་བཞུགས་པ་ལས་མ་བཞུགས་པའི་དུས་ཚོད་དེ་ཧ་ཅང་གི་རིང་གི་རེད།
དེས་ན་འབྲོང་རྒོད་ལགས་ཁྱེད་ཀྱིས་སྙིང་ནང་ཡང་བོད་ཡོད་རེད་ལ་ངའི་སེམས་ནའང་བོད་ཡོད།
ང་གཉིས་ཀྱིས་ག་རེ་བཤད་རུང་། མཐུན་རུང་མ་མཐུན་རུང་དམིགས་ཡུལ་ནི་གཅིག་རེད།
བོད་མིའི་སྐྱིད་སྡུག་མཉམ་མྱོང་འདི་རེད།
འབྲོང་རྒོད་ལགས།
ཁྱེད་ཀྱི་མཆན་༤༤ལན་འདི་ཡིན།
བློ་ལྡན་ཁྱེད་ཀྱིས་གསུངས་པ་ནི་ཤིན་དུ་བདེན་ནོ། Administration ནི་སྲིད་གཞུང། རྒྱལ་ཁབ། འཛིན་སྐྱོང་སོགས་ལ་གོ་བའོ། རིགས་ཀྱི་བུ། དེ་དེ་བཞིན་ནོ། རིགས་ཀྱི་བུ། དེ་ལྟ་བས་ན། སྒྲིག་འཛུགས་ཟེར་བ་ནི་ཟམ་སྟོང་རིན་པོ་ཆེས་མ་གསུངས་ལ། རྒྱལ་དབང་ཐམས་བཅད་མཁྱེད་པས་ཀྱང་མ་གསུངས་སོ། རིགས་ཀྱི་བུ། དེས་ན། སུས་གསུངས་སོ་ཟེར་ན། ཡིག་སྒྱུར་བས་གསུངས་སོ། རིགས་ཀྱི་བུ། འདི་ལྟར་ཟམ་སྟོང་རིན་པོ་ཆེ་དང་རྒྱལ་དབང་གིས་མ་གསུངས་ན་ཅིའི་ཕྱིར་ཁོང་ཚོར་ཉེས་སོ། རིགས་ཀྱི་བུ། དེས་ན། བོད་ལྷ་ཀླུ་གཉན་ལ་འདྲི་བ་འདི་འདྲིའོ། “ཀྱེ་གྲོགས་ལྷ་ཀླུ། ཅིའི་ཕྱིར་གང་གིས་བོད་ཀྱི་དབུ་ཁྲིད་ལ་འཚང་འབྲུ་བ་དང་། ཉེས་པར་བྱས་སོ།
རིགས་ཀྱི་བུ་ཚངས་དབྱངས་ལགས།
ང་ཡིས་བཤད་པར་བདེན་ན་ཉོན་ཅིག
ང་ཡིས་བཤད་པ་ནི་ད྄ྼྭ་རྒྱའི་ནང་དུ་༸ོགོང་ས་མཆོག་གིས་བཀའ་ལན་འདི་ལྟར་བསྩལ་འདུག་ཅེས་བཤད་པས།
དེ་ལྟར་བསྩལ་མི་འདུག་གམ།
ད྄ྼ་རྒྱར་སླར་ཡང་གཟིགས་པར་མཛོད།
ཁྱེད་ཀྱིས་དེ་༸གོང་ས་མཆོག་གིས་མ་གསུང་པ་ཇི་ལྟར་བྱས་ནས་ཤེས་སམ།
དེ་ཡིག་བསྒྱུར་བས་གསུངས་པ་ཡིན་ན་གསུང་པའི་རྒྱུ་མཚན་ཁྱེད་ཀྱིས་འདིར་འགོད་པར་གྱིས།
དེ་མིན་ཅིག་ཅིག་མག་མག་གིས་ཟེར་གྱི་འདུག་ཅེས་བཤད་ན་ག་ལ་འགྲིག།
གལ་ཏེ་དེ་༸གོང་ས་མཆོག་གིས་མ་གསུངས་པ་ཡིན་ན་དེ་ལ་བོད་གཞུང་གིས་གསལ་བཤད་བྱས་འདུག་གམ།
ཡང་ན་ཁྱེད་རང་གིས་རྟོག་བཟོ་ཡིན།
རྟོག་པས་རྟོག་པ་བཟོས་ཏེ་ནམ་ཡང་དག་པར་མི་བྱའོ། རིགས་ཀྱི་བུ་གསན་སོང་ངམ།
དཔེར་ན་ཁྲག་གི་ལག་པ་ཁྲག་གིས་མི་འདག་པ་བཞིན་ནོ།
བློ་ལྡན་ཁྱེད་ཀྱིས་གསུངས་པ་ནི་ཤིན་དུ་བདེན་ནོ། Administration ནི་སྲིད་གཞུང། རྒྱལ་ཁབ། འཛིན་སྐྱོང་སོགས་ལ་གོ་བའོ། རིགས་ཀྱི་བུ། དེ་དེ་བཞིན་ནོ། རིགས་ཀྱི་བུ། དེ་ལྟ་བས་ན། སྒྲིག་འཛུགས་ཟེར་བ་ནི་ཟམ་སྟོང་རིན་པོ་ཆེས་མ་གསུངས་ལ། རྒྱལ་དབང་ཐམས་བཅད་མཁྱེད་པས་ཀྱང་མ་གསུངས་སོ། རིགས་ཀྱི་བུ། དེས་ན། སུས་གསུངས་སོ་ཟེར་ན། ཡིག་སྒྱུར་བས་གསུངས་སོ། རིགས་ཀྱི་བུ། འདི་ལྟར་ཟམ་སྟོང་རིན་པོ་ཆེ་དང་རྒྱལ་དབང་གིས་མ་གསུངས་ན་ཅིའི་ཕྱིར་ཁོང་ཚོར་ཉེས་སོ། རིགས་ཀྱི་བུ། དེས་ན། བོད་ལྷ་ཀླུ་གཉན་ལ་འདྲི་བ་འདི་འདྲིའོ། ”ཀྱེ་གྲོགས་ལྷ་ཀླུ། ཅིའི་ཕྱིར་གང་གིས་བོད་ཀྱི་དབུ་ཁྲིད་ལ་འཚང་འབྲུ་བ་དང་། ཉེས་པར་བྱས་སོ།
གློག་ཀླད་སྨྱོན་པ་འདི་ཡིས་ཡང་བསྣན་སྐོར་ཅིག་ལ་ཤོར་ཟིན་འདུག།
འཇུག་གི་བླ་ལྡན་ཁྱེད་ཀྱིས་གསུངས་པ་ཞེས་པ་ནས་འཇུག་གི་བར་དུ་ཚངས་དབྱངས་ཀྱིས་བྲིས་པ་དེ་ཤོར་འདུག།
དེ་ལ་དགོངས་དག་ཞུ།
་ཟུར་དུ་ཞུ་བར།
ངས་ད་བར་༸གོང་ས་མཆོག་དང་བོད་གཞུང་དང་མཁས་དབང་ཟམ་གདོང་བླ་མ་སོགས་ལ་མ་ཉེས་ཉེས་བཀལ་བྱས་པ་གང་ཡང་མེད་དོ་རིགས་ཀྱི་བུ་བསམ་བློ་ལེགས་པོ་བཏང་ནས་འབྲི་རོགས།
མ་བཤད་པ་ལ་བཤད་འདུག་ཅེས་པ་ནི་མ་ཉེས་པ་ལ་ཉེས་པ་ཁྱེད་ཀྱིས་བཀལ་འདུག་པས་རིགས་ཀྱི་བུ་མ་འོང་པར་འདི་ལྟར་མི་རིགས་སོ།
ངས་འདི་ལྟར་བྲིས་འདུག་ཅེས་པ་ལ་མ་ཉེས་པ་ལ་ཉེས་པ་བཀལ་པར་འདོད་དམ།་ དྲྭ་རྒྱའི་ནང་དུ་དེ་ལྟར་བཀོད་པར་མ་མཁྱེན་ནམ། མངོན་སུམ་ལ་རྒྱང་འཕེན་པས་ཀྱང་ཕུལ་མི་རྒྱབ་པར་རྩོད་རིགས་སྨྲ་བ་རྣམས་ལ་རླུང་ལྟར་བསྒྲགས་སོ།
ཕ་རོལ་འདོད་པའི་ནམ་མ་ལང་པར།
དགག་པའི་ཉི་མ་འཆར་ལ་མི་རེ་བར་བྱའོ་རིགས་ཀྱི་བུ་མཁྱེན་ནམ།
བོད་ལྷ་ཀླུ་གཉན་གསུམ་གྱིས་བྲིས་པ་རེད། འབྲོང་རྒོད་ཀྱིས་རྒྱབ་སྐྱོར་བྱས་པ་རེད། འབྲི་མཁན་དང་རྒྱབ་སྐྱོར་བྱེད་མཁན་གཉིས་ཀ་ཡག་པོ་ཞིག་མཐོང་མ་སོང་། ཁྱེད་རང་ཚོ་རིག་གནས་མཁས་པ་འདི་ཚོས་སྤྱི་ཚོགས་ལ་ཕན་པའི་ལས་ཀ་རེ་བྱེད་ཐུབ་ན་རང་ཕན་སྤྱི་ཕན་རེད། བོད་གཞུང་དང་བོད་གཞུང་གི་སྒྲིག་འཛུགས་ཅེས་སམ་བོད་ཀྱི་སྒྲིག་འཛུགས་ཅེས་པའི་ཚིག་འདི་རྙོག་གཞིར་བཟོས་ཏེ་རང་བཙན་ལག་དེབ་མེར་བསྲེགས་གཏོང་རོགས་ཅེས་ཟེར་ན་ངའི་སྙིང་གཏིང་ནས་ལངས་གི ཁྱོད་རྒྱ་ཕྲུག་ཅིག་དང་གཅིག་པར་སོང་ཁྱོད་རང་སྐུ་གཟུགས་བདེ་ཐང་མེད་ན་འགྲིག་པ། །
༡༽ངས་མཆན་༡༨པ་སྦྱར་ནས་མུ་མཐུད་ཞིབ་འཇུག་བྱས་པ་ཡིན། ༸གོང་ས་མཆོག་གིས་ཉེ་ཆར་རྒྱ་རིགས་ཀྱིས་དྲི་བ་ལ་དྲྭ་ལམ་བརྒྱུད་ནས་བཀའ་ལན་གནང་སྐབས་བཙན་བྱོལ་སྒྲིག་འཛུགས་ཞེས་གསུང་འདུག་པ་བདེན་པ་རེད། དེ་སྐུ་སྒེར་ཡིག་ཚང་གི་བོད་ཡིག་དྲྭ་བར་གསལ། འདི་དང་པོ་རེད་མི་འདུག གོང་ས་མཆོག་གི་དེ་སྔའི་གསུང་བཤད་ཁག་ཏུའང་དེ་ལྟར་གསུངས་འདུག འོན་ཀྱང་བཙན་བྱོལ་སྒྲིག་འཛུགས་གསུངས་པས་བཙན་བྱོལ་གཞུང་མེད་པ་བཟོས་པ་བསྒྲུབ་ག་ལ་ཐུབ། འཛམ་གླིང་ཤེས་བྱའི་གཏེར་མཛོད་Wikipediaནང་། དབྱིན་ཡིག་ཐོག་governmentA དང་རྒྱ་ཡིག་ཐོག་政府གཉིས་གང་བཙལ་ཀྱང་ལན་government is the organization, or agency through which a political unit exercises its authority….དང་政府是一個政治體系,於某個區域訂立、執行法律和管理的一套機構。ཞེས་ཐོན་པར་གཟིགས་དང་། སྲིད་གཞུང་ནི་ཆབ་སྲིད་ཀྱི་སྒྲི་འཛུགས་ཞིག་ཡིན་པ་གསལ་བོ་རེད། དེས་ན་བཙན་བྱོལ་གཞུང་ནི་བཙན་བྱོལ་སྒྲིག་འཛུགས་ལོས་ཡིན།
༢༽ད་ལྟ་བཙན་བྱོལ་བོད་གཞུང་གི་དྲྭ་གནས་http://tibet.net/tb/འདི་ལ་ཕེབས་དང་། བཙན་བྱོལ་བོད་གཞུང་ཞེས་ཡི་གེ་ཆེ་ཐག་ཆོད་དང་། བོད་གཞུང་གི་གཞུང་འབྲེལ་གསར་ཤོག་བོད་མིའི་རང་དབང་༧པའི་༢༡ལ་བཏོན་པའི་ཐོག་་བཙན་བྱོལ་བོད་གཞུང་གི་བདུན་རེའི་ལས་རིམ་གསར་ཤོག་ཞེས་གསལ་ཐག་ཆོད་དང་། དེ་བཞིན་ཁ་སང་ཐོན་པའི་ཤེས་བྱའི་ཐོག་བོད་གཞུང་ཕྱི་དྲིལ་ལས་ཁུངས་སྣར་ཐང་པར་ཁང་ཞེས་རང་འཇགས་ཡོད་འདུག་ན་བོད་གཞུང་གི་མིང་བརྗེ་བོ་བརྒྱབ་འདུག་ཟེར་བ་གཡམ་རྒྱུག་རང་རེད།
༣༽༸གོང་ས་མཆོག་གིས་༡༩༦༠ལོའི་ཟླ་༦ཚེས་༢༠ཉིན་རྒྱ་གར་ཏི་ཛི་པུར་ནས། ང་དང་ངའི་བཀའ་ཤག བཀའ་བློན་གང་ལ་ཡོད་པ་དེ་ངའི་གཞུང་ཡོད་ཅེས་གསུངས་ཡོད། དེའི་ཕྱི་ཉིན་རྒྱ་གར་གཞུང་ནས་བོད་གཞུང་ཞིག་མེད་ཅེས་བཤད་འདུག འདི་ཡང་གལ་གནད་ཅན་གྱི་ལོ་རྒྱུས་ཤིག་རེད།
༤༽དེ་སྔ་ནས་དབྱིན་ཡིག་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བོད་མིའི་འཛིན་སྐྱོང་ལྟེ་གནས་སམ་དབུས་ཞེས་བཀོད་པ་འཕྲལ་ཕུགས་ཀུན་ལ་དགོངས་བཞེས་གནང་པའི་དགོས་པ་ཏན་ཏན་ཡོད་པ་སོགས་མཆན་༡༨ནང་བཀོད་ཟིན། དེས་ན་ལྷ་ཀླུ་དང་འབྲོང་སོགས་བོང་གུ་གྲིབ་འདྲོགས་ལྟ་བུའི་ཧར་རྒྱུག་མི་བྱེད་པ་གལ། རང་བཙན་ལག་དེབ་སྼེག་ན་གཙབ་ན་རལ་ན་འཕོངས་ཕྱིས་རྡོ་བཞིན་གཡུགས་ན་སོ་སོས་རང་དབང་རེད་དོ།།
ཡ་ཡ། ད་ལྷ་ཀླུ་མི་སླེབས་ཐག་ཆོད་རེད། འབྲོང་གིས་མི་འཇོན་ཐག་ཆོད་རེད། རིག་འབྱུང་གིས་བཀར་ཐག་ཆོད་རེད་འདུག
གང་ལྟར་རྩོམ་ཐུང་འདིའི་མིང་རང་བཙན་ལག་དེབ་མེར་སྲེག་གཏོང་རོགས་ཟེར་བ་འདི་ཕྲན་པས་ལྷུ་ཀླུས་ཚབ་བྱས་ཏེ་དགོངས་དག་ཞུ་བ་དང་འབྲེལ། རྩོམ་འདི་གཞུང་འབྲེལ་གྱིས་ཕྱིར་བསྡུ་བྱེད་རྒྱུ་ཡིན་པས། འདི་ཕན་མཆན་བུ་བ་ཉེས་པ་རང་ཁུར་དགོས་རྒྱུ་ལས་མ་རྩོམ་ལ་ཡ་ལག་དཀྲིས་ན་ངོས་ལེན་མེད།
མེ་ཏོ་དཀར་པོ་ལགས
ཁྱེད་ཀྱིས་བོད་ལྷ་ཀླུ་གཉེན་གསུམ་གྱི་ཚབ་བྱས་ཏེ་དགོངས་དག་ཞུ་གི་ཡིན་གསུང་འདུག་དེ་ལ་ངས་ཀྱང་ངོས་ལེན་ཡོད།་ དེ་ལྟར་རུང་ན།
མ་གཞི་མཁྱེན་དགོས་རྒྱུ་ལ་ངས་རང་ཙན་ལག་དེབ་མེར་བསྲེག་གཏོང་དགོས་ལ་ནམ་རྒྱབ་སྐྱོར་བྱས་པ་མེ་ལ་ངོས་ལན་ཀྱང་མེད།
དེ་ཡི་སྐོར་ལ་ངས་ཁས་ལེན་ནམ་ཡང་བྱས་པ་མེད།
ངས་བརྗོད་རྒྱུ་དང་བོད་ལྷ་ཀླུའི་ཚབ་བྱས་ཏེ་བཤད་པ་ནི།
བཙན་བྱོལ་སྒྲིགས་འཛུགས་ཞེས་པའི་ཚིག་དེ་ཡི་སྐོར་ལ་བཤད་པ་མ་གཏོགས་བོད་ལྷ་ཀླུས་ཇི་ལྟར་བཤད་པ་མཐའ་དག་ལ་རྒྱབ་སྐྱོར་དེ་སྔ་ཞུས་པ་མེད་ལ་ད་དུང་ཡང་རྒྱབ་སྐྱོར་ཞུ་དང་མི་ཞུ་དེ་ཡི་ཚེ་དེ་ཡི་དུས་ལྟ་རྒྱུ་རེད།
ང་ཡི་འདོད་པ་ནི་གྲུབ་ཟིན་སོང༌། དྲྭ་རྒྱའི་སྟེང་དུ་༸གོང་ས་མཆོག་གི་གསུང་ཚིག་དེ་འདྲ་ཡོད་པ་ལྡོང་གི་ལྷ་རྩེ་ཡིས་བཤད་འདུག་དེ་ཙམ་གྱིས་ང་ཡི་བསམ་དོན་གྲུབ་པ་ཡིན་ནོ།
དེ་ནས་ཁྱེད་རང་གིས་བོད་ལྷ་ཀླུས་བརྩམས་ཆོས་དེ་བསུབ་དང་མི་བསུབ་ཁྱེད་རང་དགོངས་པར་མཛོད།
ངས་ཀྱང་འདི་ཡི་སྐོར་ལ་འདྲི་བར་མི་བྱའོ།
ང་ཡི་བསམ་དོན་གྲུབ་སོང༌།
ཁྱད་མཚར་ངས་ནི་དེང་སང་རང་བཙན་ལག་དེབ་བཟོ་ཨེ་ཐུབ་བལྟ་ནས་དཀའ་ལས་རྒྱབ་བཞིན་པ་ཡིན།།
ཁ྄ྱད་མཚར་ད་དུང་བཙན་བ྄ྱོལ་བོད་མི་ཤེས་ཡོན་ཡོད་མཁན་དང་ལོ་ན་མཐོ་ཙམ་དུ་ས྄ླེབ་མཁན་ག྄ྱི་རིགས་འགའ་ཞིག་ལ་རང་བཙན་ལག་དེབ་མེད་པར་བས྄ྡད་ཡོད་ས་རེད།
ད་གང་ཤེས།
མཆན་༥༥བའི་དོན་ཚན་གསུམ་པར། ༸གོང་ས་མཆོག་གིས་༡༩༦༠ལོའི་ཟླ་༦ཚེས་༢༠ཉིན་རྒྱ་གར་ཏི་ཛི་པུར་ནས། ཞེས་པ་༸གོང་ས་མཆོག་གིས་༡༩༥༩ལོའི་ཟླ་༦ཚེས་༢༠ཉིན་རྒྱ་གར་མ་སུ་རི་ནས་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་སར། ཞེས་ནོར་བཅོས་བྱ་རྒྱུ་ཡིན། ད་དུང་ཞིབ་འཇུག་བྱེད་བཞིན་ཡོད།
སྤུན་ཟླ་ཚོ། ཉིན་འདི་དག་གི་རིང་དུ་ང་རང་ལ་ཁོམ་པ་མ་བྱུང་བ་དང་བསྟུན་ནས་ཁྱེད་ཅག་གིས་གླེང་མོལ་ཡང་ཆེས་མི་ཉུང་བ་ཞིག་བྱུང་འདུག་པ་མ་ཟད། ཁ་ཤས་ཀྱི་ང་རང་གི་ཚབ་དུ་དགོངས་དག་ཀྱང་ཞུ་བཞིན་འདུག གལ་སྲིད་དངོས་ནས་དགོངས་དག་ཞུ་དགོས་པའི་ལས་དེ་འདྲ་བྱས་ཡོད་ཚེ་ང་རང་སྒེང་ངོས་ནས་ལོས་ཞུ། ཡིན་ཡང་། རེ་ཞིག་རིང་ང་རང་ལ་ཁོམ་པ་ཞེ་དྲགས་མི་འདུག སྤུན་ཟླ་དག་གི་མཆན་པུ་ཞིབ་དུ་བཀླགས་རྗེས་སུ་ངས་རང་ཉེས་འདྲ་བྱས་ཡོད་པ་མཐོང་ན་དེ་དུས་གསལ་འབྲེལ་བྱེད་ཁོ་ཐག་ཡིན། ཉིན་ཁ་ཤས་རིང་དུ་སྒུག་རོགས་ཞུ།
བོད་ལ྄ྷ་ཀ྄ླུ་གཉན་གསུམ་ལགས་བཀ྄ྲ་ཤིས་བདེ་ལེགས།
ཁ྄ྱེད་ས྄ྐུ་ཁམས་གསལ་དྭངས་ཡོད་པར་དགའ་བོ་བ྄ྱུང༌།
དུས་ཚོད་ཁོམས་པ་འད྄ྲ་ཡོད་ཚེ་ཁ་བར྄ྡའི་ལ྄ྡུམ་རར་མཇལ་བའི་རེ་བ་ཡོད།
བཀ྄ྲ་ཤིས་བདེ་ལེགས།
བོད་གཞུང་དགའ་ལྡན་ཕོ་བྲང་ནས་བཙན་བྱོལ་གཞུང་ལ་ཉམས།
བཙན་བྱོལ་གཞུང་ནས་བཙན་བྱོལ་སྒྲིག་འཛུགས་ལ་མིང་བསྒྱུར་བྱས།
བཙན་བྱོལ་སྒྲིག་འཛུགས་ནས་བཙན་བྱོལ་ཚོགས་པར་བརྗེ་ན་ལེགས།
གང་ཡིན་ཞེས་ན།
རྒྱ་མིས་བཤད་པ་བཞིན་ཏཱ་ལའི་རུ་ཚོགས་ཟེར་བ་དོན་ལ་གནས་སོ།།།།
བོད་གཞུང་དགའ་ལྡན་ཕོ་བྲང་ནས་བཙན་བྱོལ་གཞུང་ལ་ཉམས།
བཙན་བྱོལ་གཞུང་ནས་བཙན་བྱོལ་སྒྲིག་འཛུགས་ལ་མིང་བསྒྱུར་བྱས།
བཙན་བྱོལ་སྒྲིག་འཛུགས་ནས་བཙན་བྱོལ་ཚོགས་པར་བརྗེ་ན་ལེགས།
གང་ཡིན་ཞེ་ན།
རྒྱ་མིས་བཤད་པ་བཞིན་ཏཱ་ལའི་རུ་ཚོགས་ཟེར་བ་དོན་ལ་གནས་སོ།།།།
བྱིས་པ་དེ་ཚོ་ཁ་རོགས་ཕྱི་བཤད་དེ་རེད།
བོད་ལྷ་ཀླུ་གཉན་གསུམ་སེམས་འཁྲུགས་ནས་གང་བྱུང་མ་བྱུང་ལབ་ཙམ་ད་ལྟ་ཁོ་རང་གི་འབྱུང་བཞི་ཡང་འཁྲུགས་ཚོད་འདུག ད་ཁྱོད་ཚོས་བཤད་སྟངས་ངོ་གདོང་ལ་ལྟས་ན། མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་འཁོན་སེམས་ཁོག་ཏུ་བཅང་ནས་ཁ་ནས་གཞུང་དང་སྒྲིག་འཛུགས་ཅེས་ཚིག་གཉིས་ཆོས་ཅན་དེ་འཁྱེར་ཡོང་གི་འདུག བོད་ཀྱི་ལྷ་དང་ཀླུ་གཉན་གསུམ་དེ་གནའ་སྔ་མོ་ནས་ངས་ཡག་པོ་ཞིག་མཐོང་གི་མེད། ཐོག་མར་ངར་ངར་ཤུགས་ཤུགས་འདྲ་བྱེད། འགག་རྩ་ལ་ཐུག་དུས་རང་མགོ་གང་ཐོན་མ་གཏོགས་གཞན་མགོ་འདྲེན་པ་ཞིག་གོ་མ་མྱོང་། ལྷ་ཀླུ་གཉན་གསུམ་དེ་ཡང་ས་འོག་ལ་འཛུལ་ཚར་བ་ཡིན་པར་འདྲ། འབྲོང་རྒོད་ར་རིང་མ་དེས་ར་ཁ་ཞིག་རྩེད་འདུག་ཀྱང་ཐལ་བ་རང་གི་མགོ་ལ་ཟག་པ་དེ་ཡང་ཧ་གོ་མི་འདུག མཁས་དབང་ཟམ་གདོང་རིན་པོ་ཆེ་ཆུ་ནང་ཁྲིད་ཐབས་བྱེད་འདུག་སྟེ། ཁྲིད་ཐག་དེ་༧རྒྱལ་དབང་དོན་གྱི་བདག་པོ་རྩ་ཡོད་པ་འབྲོང་རྒོད་ཀྱིས་ལུང་བགྲང་འདུག དེ་ནི་རང་མགོར་ཆུ་འདྲེན་རང་རེད། འབྲོང་རྒོད་དང་འབྲོང་ཕྲུག་མང་པོ་ཞིག་གནའ་སྔ་མོ་ནས་མཁས་དབང་མི་ཡི་སེངྒེ་ཟམ་གདོང་བློ་བཟང་བསྟན་འཛིན་ལ་ར་ཁ་འདྲ་རྩེད་བསྡད་ཡོད་ཀྱང་། སེངྒེ་ཁྲི་ལས་འགྱིང་སྟངས་ཤིག་བྱེད་ནས་གད་རྒྱང་རེ་སྒྲོག་དུས། འབྲོང་རྒོད་དང་འབྲོང་ཕྲུག་ཚང་མ་ཐལ་བ་འཚུབ་འཚུབ་བྲོས་འགྲོ་བ་དེ་ཆོས་ཉིད་གཅིག་རེད། ད་ལྟའི་གླེང་ཕྱོགས་དེ་ཡང་དེ་ལས་མ་འདའ་བ་ཞིག་ཡིན་པ་ང་ཡིད་ཆེས་ཡོད། ཐུགས་ལ་ཕོག་ན་ཕན་པའི་རྟགས་ཡིན་ཟབ་ཟབ་བྱོས་ཤིག
མེ་དང་ཆུ་ཡི་བར་གྱི་སྐད་ཆ་ཞིག།
ས་དང་རྡོ་ལ་མ་འཐམ་རླུང་གི་སྤུན།།
ཡིད་ཀྱི་གཏད་སོ་ཡོད་མེད་དཔྱད་པ་བྱོས།།
རིགས་ཀྱི་སྙིང་ཞེན་ཡོད་ན་བསམ་བློ་ཐོངས།།
སེམས་པ་དམར་པོ་ལགས།
ང་ཡི་སེམས་ལ་ཕོག་དང་མ་ཕོག་མ་རེད། དོན་གྱི་འདོད་ཚུལ་ལ་སྐད་ཆ་བཤད་གོ་ཡི་རེད།
ཁྱེད་རང་དེ་འདྲ་ཐུགས་དྭོགས་གནང་དགོས་ཀྱི་མ་རེད། འདི་ནི་གྲོགས་གླེང་རེད།
འབྲོང་རྒོད་ཀྱི་ནམ་ཡང་མཁས་དབང་ཟམ་གདོང་བླ་མ་ལ་ཉེས་མེད་ཉེས་འཛུགས་དང་ནག་མེད་ལ་ནག་འདོན་བྱས་པ་མེད་པས་ཁྱེད་ཁས་བླང་མེད་པར་ཁས་བླངས་དུ་བརྗོད་པ་ནི་མི་ཧམ་ཆེན་གྱི་སྐད་ཆ་རེད།
སྔ་འདངས་ཕྱི་འདངས་རྒྱབ་སྟེ་སྐད་ཆ་བཤད་དགོས།
གལ་ཏེ་ངས་དེ་ལྟར་བཤད་ཡོད་ན་འཛུབ་མོ་འཛུགས་དགོས་པ་ལས་བྲག་སྐད་སྟོང་པ་རྒྱབ་མ་རྒྱབ་མེད་རེད།། ༸གོང་ས་མཆོག་གིས་དེ་ལྟར་གསུང་མི་འདུག་གམ་མངོན་སུམ་ལ་ཕུལ་རྒྱབ་རྩིས་ཡིན་ནམ།
དང་པོ་༸གོང་ས་མཆོག་གིས་དེ་འདྲ་གསུང་ཡོད་མེད་དག་སྐྱེལ་བྱེད་དགོས།
ལུང་དམར་རྗེན་དྲངས་པ་ལ་ཡིད་མི་ཆེས་ན་ཁ་རྩུམས་ནས་བཞུགས་ན་ལེགས།
བཙན་བྱོལ་བོད་གཞུང་ཞེས་རྒྱ་གར་གྱི་ཁྲིམས་ཐོག་ན་ཡོད་པའམ་དེབ་སྐྱེལ་བྱས་པའི་ཡིག་ཆ་ཞིག་ཁྱེད་ཀྱིས་སྟོན་དང་དེ་མིན་ཅིག་ཅིག་མིག་མིག་ཡོད་རེད་ཟེར་བ་ཙམ་གྱིས་ག་ལ་འགྲིག
ལན་འདེབས་མེད་ན་ཁྱེད་རང་འབྲོང་གི་རུ་བར་ན་ཤོར་ཟིན་པ་ཡིན་པའི་རྟགས་རེད།
ཁས་བླང་མེད་པར་ཁས་བླང་བྱས་སོང་ཞེས།
གནམ་ས་བསྡེབ་པའི་དབྱེན་འཁྲུགས་བྱེད་བསམ་ཀྱང༌།
འབྲོང་རྒོད་དར་མའི་རུ་བར་ཀློང་རུམ་ནས།
ནམ་ཡང་ཐར་པ་མེད་པར་ཚུད་ངེས་ཡིན།
ཐོག་མར་བོད་ལྷ་ཀླུ་གཉན་གསུམ་གྱིས་རང་བཙན་ལག་དེབ་མེ་བསྲེག་གཏང་དགོས་པའི་རྒྱུ་མཚན་དུ།
དེང་སང་བོད་བཙན་བྱོལ་གཞུང་ཟེར་ནས་ལོ་ངོ་ལྔ་བཅུ་སོང་བའི་དེ་རིང་གི་ཉིན་མོ་འདི་ལ་བཙན་བྱོལ་སྒྲིག་འཛུགས་ཟེར་བའི་མིང་ཚིག་མི་འདོད་ཀྱང་བཙན་གྱིས་བོད་གཞུང་གི་ཆེས་མཐོའི་དབུ་ཁྲིད་བཀའ་བློན་ཁྲི་བ་ནས་གསུངས་དེ་སླེབས་འོང་དུས། ཞེས་བྲིས་འདུག
བོད་ལྷ་ཀླུ་གཉན་གསུམ་གྱིས་བཙན་བྱོལ་གཞུང་ཞེས་པའི་མིང་དེ་བཙན་བྱོལ་སྒྲིག་འཛུགས་ཤིག་ཏུ་འགྱུར་ཟིན་པའི་རྒྱུ་མཚན་དེ་བཀའ་བློན་ཁྲི་པས་གསུངས་པའི་ཕྱིར་ཞེས་རྟགས་བཀོད་པ་ནི་རིག་ལམ་མ་ཆགས་པའི་གྲོང་གསེང་ཕ་རྒན་ཞིག་ཡིན་པ་ཁོ་ཐག་ཆོད། རིག་པས་མི་འཇོན་ན་ཀླད་པ་སྟོང་དཀྲུགས་རེད། དཀྲུགས་མ་དཀྲུགས་ཡོད་མ་རེད། ཁྱོད་རང་གིས་བཤད་སྟངས་དེ་ལྟ་ན་བཀའ་བློན་ཁྲི་པ་དེ་བོད་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་གང་རུང་ཡིན་པའི་ཟོ་འདྲ་འདུག བཙན་བྱོལ་གཞུང་དེ་གང་བྱེད་མ་བྱེད་མང་ཚོགས་ལག་པ་ཡོད་རེད་་་མང་ཚོགས་མཚོན་བྱེད་སྤྱི་འཐུས་ལྷན་ཁང་སྒོ་ཕྱེ་དེ་ཡོད་རེད། ཁྲིམས་དང་སྒྲིག་གཞི་ཆ་ཚང་སྤྱི་འཐུས་ལྷན་ཁང་ནས་བཟོ་གི་ཡོད་རེད། བཀའ་བློན་ཁྲི་པས་གསུངས་སྟངས་མི་འགྲིག་ན་མི་འགྲིག་པའི་རྒྱུ་མཚན་བགྲང་ན་ཡང་དག་པ་རེད། གང་ཟག་སྒེར་གཅིག་གིས་གསུངས་པ་དེ་ཁྲིམས་སུ་རྩི་ན་དམངས་གཙོ་མ་རེད། དམར་ཤོག་རེད།
ཡང་་་བསམ་མི་ཕོད་པའི་གནད་འགག་གི་སྐད་ཆ་ཞིག་གློ་བུར་དུ་བཙན་བྱོལ་སྤྱི་ཚོགས་བརྒྱུད་དེ་རྒྱལ་སྤྱིའི་གདེང་ཆའི་སྒང་དུ་སླེབས་དེ་འོང་དུས། བོད་བཙན་བྱོལ་གཞུང་དེ་ནི་སྒྲིག་འཛུགས་ཤིག་གི་བོར་འགྱུར་བ་རེད། ཅེས་བྲིས་འདུག
འདི་ནི་སུ་དང་གང་གིས་མ་མཐོང་བའི་སྐྱག་པའི་དྲི་བ་མ་ཞིག་ཁྱོད་ཀྱི་རྣ་བས་ཚོར་བ་རེད། ཁུངས་དང་ལུང་གང་གིས་མ་ཟིན་པར་རྣམ་རྟོགས་འབའ་ཞིག་གི་ཐོག་ནས་གཏམ་གླེང་ཚབ་ཆེན་ཞིག་བྱེད་པ་ནི་ཁྱོད་ལ་དགོས་པ་ངེས་ཅན་གཅིག་ཡོད་པའི་རྟགས་སུ་སོང་། བོད་བཙན་བྱོལ་གཞུང་དེ་ནི་སྒྲིག་འཛུགས་ཤིག་གི་ངོ་བོར་འགྱུར་བ་རེད་ཅེས་ཁྱོད་རང་གིས་རང་ཐག་རང་གཅོད་ཙམ་ལས་མ་འདས། ཡང་དེའི་འོག་ཏུ་དེ་འདྲ་ཡིན་ན་ཟེར་ནས་རི་བོང་ཅལ་འདྲོག་གི་སྐད་ཆ་མང་དག་གཅིག་བཤད་འདུག གོང་དུ་ཁོ་རང་གིས་ཐག་བཅད་ནས་བཙན་བྱོལ་གཞུང་འདི་བཙན་བྱོལ་སྒྲིག་འཛུགས་ཤིག་གི་ངོ་བོར་འགྱུར་ཚ་བ་རེད་ཟེར་མ་ཉིད་དུ། ་་་་དེ་འདྲ་ཡིན་ན་ཞེས་་་ན་སྒྲ་ཞིག་རྒྱབ་ནས་རྟག་པ་མཐའ་བཟུང་གི་སྐད་ཆ་ཞིག་བཤད་པ་ནི་གོང་དུ་བྲིས་པ་དེ་ཚོ་ཁུང་མི་ཆོད་པའི་གཏམ་ཆལ་ཞིག་ཡིན་པ་འདི་ལ་ལྟས་ནས་རྟོགས་ཐུབ་པ་ཞིག་རེད། ཡིན་ན་ཞེས་ན་སྒྲ་རྒྱབ་ཚར་དུས་དེའི་འོག་ཏུ་བྲིས་པ་ཚང་མ་ཁོ་རང་གི་རྣམ་རྟོགས་ལས་གྲུབ་པ་ཡིན་ཙམ་དཔྱད་པའི་ཡུལ་དུ་མ་གྱུར། དཔེ་ན་ཁོ་རང་གིས་དེའི་འོག་ཏུ་་་་རང་བཙན་ལག་དེབ་མེ་བསྲེག་གཏོང་དགོས་པ།
བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པ་ཞིག་བྱེད་ཐུབ་མེད་པ་དེར་ཁས་ལེན་བྱེད་དགོས་པའི་དུས་སུ་སླེབས་པ་ཡིན། ཟེར་བ་སོགས་གང་བྱུང་མང་བྱུང་ཡར་ལབ་པ་དེ་ཚོ་སྟོང་གཏམ་རང་ལ་ངོས་འཛིན་བྱེད་རྒྱུ་ཡིན། དེ་ལ་ཁྱོད་ཚོས་མགོ་འཁོར་བ་ནི་ཧ་ཀྱང་གི་ཅོལ་ཆུང་ཞིག་ཡིན་པའི་རྟགས་མ་རེད་པས། དེ་འདྲ་ངས་ཀྱང་བཤད་ཤེས། ང་བཀའ་བློན་ཁྲི་པ་ཁེལ་བ་ཡིན་ན་་་་ཨི་ནེ་ངས་་་བོད་ལྷ་ཀླུ་གཉན་གསུམ་དེ་རྡ་རམ་ས་ལ་ཡར་སྐད་གཏང་ནས་སྐྱག་པ་ཤོར་ཤོར་གཅིག་རྫོག་ས་རེད། ཡང་མིན་ན་ངས་ཡར་སྐད་གཏང་ནས་ཤེས་རིག་བཀའ་བློན་ལ་ཐད་སྐོས་བྱ་ས་རེད། ཅེས་ལབ་ན་མི་འགྲིག་པ་གང་ཡང་ཡོད་པ་མ་རེད། གང་ཡིན་ཟེར་ན་རང་གིས་རྟོགས་བཟོ་ཙམ་དུ་ཡིན་པའི་ཕྱིར།
རིག་པའི་རྡོ་རྗེ་ཟེར་མཁན་དེ་་་་་་་དེ་ལས་ཀྱང་འདྲོག་ནས་རྒྱ་མཚོ་ནང་ལ་འཆོམ་ཚར་འདུག་པས་ངས་སྐྱབས་ཐབས་མི་འདུག མདོ་ལྷ་ནས་་་ཚིག་གཅིག་གི་དོན་ལ་དེ་འདྲའི་སེམས་འཚབ་དང་འཇིགས་སྣང་སྐྱེས་དགོས་དོན་ཨེ་ཡོད་ལགས། ཅེས་གསུངས་པ་ནི་དོགས་འདྲི་ཡི་ཚུལ་དུ་བཤད་འདུག དོགས་པ་ཁ་གསལ་གཏང་ན་་་དེ་ནི་ཚིག་གཉིས་ཀྱི་དོན་དུ་མ་རེད་ལ་བཙན་བྱོལ་གཞུང་ལ་ཤ་ཞེན་ཆེ་དྲག་པའང་དེ་བས་མ་རེད། ཆེད་དུ་དམིགས་ས་ནི་བཀའ་བློན་ཁྲི་པ་རེད། མཁས་དབང་ཟམ་གདོང་བླ་མ་ལ་རྐུན་མ་ནི་ལབ་ས་མེད། འཇོན་མ་སོང་ནི་ལབ་ས་མེད། ཤེས་ཡོན་མི་འདུག་ནི་ལབ་ས་མེད། དཀྲུགས་ཤིང་སླང་གི་འདུག་ནི་ལབ་ས་མེད། ད་བདེ་ཐག་ཆོད་བྱེད་ནས་བཀའ་བློན་ཁྲི་ཟུར་ཆགས་གྲབ་བྱེད་དུས་་་སེམས་ཆུང་མ་འགའ་ཤས་སྙིང་ལ་ཚ་བ་རྒྱབ་ནས་ཁ་ནས་གང་བྱུང་མང་བྱུང་ལབ་ཡོང་གི་ཡོད་རེད། མེ་ཏོག་དཀར་པོ་ནས་་་་རང་ཁ་རང་གིས་བསྡམས་ན་དམ་རི་རི་ཞེས་ལབ་འདུག དེ་དངོས་གནས་གཏམ་དཔེ་ཡག་པོ་ཞིག་རེད། གཏམ་དཔེ་བཤད་ཤེས་ན་ཕན་གྱི་མ་རེད་ཁྱོད་རང་ཚོས་ལག་ལེན་ལ་སྟར་ན་་་དམ་རི་རི་ཞིག་ཡོང་ཐག་ཆོད་རེད། གཅན་བཟོད་རྒྱམ་གྱིས་བཀའ་སྤྱི་གཉིས་ཀྱི་འོས་གཞི་ངས་མི་བླུག་རྩིས་བྱེད་ཀི་ཡོད། དཔྱ་ཁྲལ་ལག་དེབ་་་དེབ་སྐྱེལ་ཡང་བྱས་མེད་་་ཅེས་ལབ་འདུག དེ་ནི་ཕོ་རྒོད་གཅིག་གི་རྣམ་པ་མིན་པ་བཙན་རྒོད་གཅིག་གི་རྣམ་པ་དེ་བཏོན་འདུག ཁྱོད་རང་གིས་དཔྱ་ཁྲལ་ལག་དེབ་་དེབ་སྐྱེལ་ཡང་མ་བྱས་པ་དེས་ཁྱོད་རང་ལ་ལྷག་བསམ་དང་བོད་གཞུང་ལ་ཤ་ཞེན་ག་ཚོད་ཡོད་མེད་དེ་བསྟོན་པ་སོང་ཙམ་ངས་ཁ་ཡར་བྱེད་ས་ཞིག་རེད་མི་འདུག དེའི་འོག་ཏུ་མེ་ཏོག་དཀར་པོས་་་་བོད་གཞུང་གིས་རང་བཙན་རྩོད་ཀྱི་ཡོད་མ་རེད་ཟེར་གོ་དུས་ཚྭ་མེད་པའི་ཟས་ལྟར་དྲོ་བ་མེད་པ་ཞིག་ཆགས་སོང་ཞེས་ལབ་འདུག ཟས་ཚྭ་མེད་དེ་ཁྱོད་ལ་བཙན་དབང་བཏང་ནས་ཟ་བཅུག་མཁན་ཡོད་མ་རེད། རང་བཙན་རྩོད་མཁན་་་འཇམ་དབྱངས་ནོར་བུ་དང་ལྷག་བསམ་ཚེ་རིང་གཉིས་ཀྱི་ཞབས་ལ་གཏུགས་དང་། ཁྱོད་རང་ལ་ག་དུས་ཡིན་ན་ཁ་ལག་ཚྭ་ཆུ་དྲོ་དྲོ་ཞིག་སྤྲད་རྐྱང་རེད།
ཡང་མེ་ཏོག་དཀར་པོས་་་་་མེར་སྲེག་གཏོང་གི་ཡིན་ཟེར་བ་དེ་་་ཨ་ཐང་ཆད་པའི་ནང་བསམ་བློའི་ཉམས་ཕྱི་ལ་སྟོན་པ་རེད་་ཟེར། རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ངོས་ནས་བཤད་ན་རྒྱལ་ཁབ་དེའི་རྒྱལ་དར་དང་རང་རྒྱལ་མཚོན་པའི་ལག་དེབ་ཆེས་སྲོག་ལྟར་གཅེས་འཛིན་བྱེད་དགོས་པ་ཞིག་རེད། གལ་ཏེ་ཁྱོད་རང་བོད་གཞུང་ལ་ངོ་ལོག་པ་དང་རྒྱ་མི་ལ་སྤྲེལ་ལད་བྱེད་འདོད་ན་འདི་ལྟར་བཤད་དགོས་ལ་་འདི་ལྟར་བྱེད་ཀྱང་དགོས།
ཚངས་དབྱངས་ལགས་ཀྱིས་སྐད་ཆ་དེ་བདེན་པ་འདྲ་བཤད་འདུག དངོས་གནས་རྟག་དཔྱད་བཏང་་་དེ་ནས་ནང་གྲོས་བྱེད་་་་དེ་ལྟར་འབད་རྩོན་བྱེད་ནས་ད་དུང་རིག་པའི་ལམ་དུ་མི་འགྲོ་ན་་གཞི་ནས་སྐད་ཆ་ཐབས་སྐྱོ་བོ་འདི་ཚོ་མ་བཤད་རང་བཤད་རེད། མགོ་མ་ཚོས་གོང་ནས་ལྩེ་ལེས་མ་འདགས་ཤིག
དེ་ཡི་འོག་ཏུ་་་བོད་ཀྱི་བུ་ནས་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་གཉིས་ཀྱི་ལྟ་སྤྱོད་ལ་འགྲེལ་བཤད་གཅིག་རྒྱབ་འདུག དེ་ལ་ལྟོས་དང་ཁོང་གཉིས་ཀྱི་བཤད་པའི་སྐད་ཆ་ཚང་མ་ཚྭ་ཆུ་རེད་འདུག་ཨ། འཚེ་མེད་ཞི་བའི་ཐབས་ལམ་བེད་སྤྱད་ནས་དབུ་མའི་ལམ་ལ་འགྲོ་འདོད་མེད་མཁན་ཚོ་ཁོ་གཉིས་རྗེས་སུ་རྒྱུག་དང་རྒྱ་མཚོའི་བ་ཚྭ་ལ་ལྩེ་ལེ་ག་ཚོད་རྒྱབ་རྒྱབ་རེད།
གོང་དུ་ངས་ཁྱོད་ཚོས་ཁྱི་སྐད་དང་སྤྱང་ཀིའི་སྐད་རྒྱབ་དགོས་པའི་དམིགས་ཡུལ་དེ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་རེད་ཟེར་དུས་ཀློག་པ་པོ་ཁ་ཤས་ཡིད་ཆེས་ཡོད་ཀྱི་མ་རེད། ད་ལྟོས་དང་འདི་ནས་བཤད་འདུག་ཨ། མི་ནག་མདུང་ཐུང་ནས་་་་་སྐུ་ངོ་ཟམ་གདོང་འདིས་མཐའ་མ་རྔ་མ་དེ་འདི་འདྲ་ཞིག་བྱེད་ཀི་རེད་བསམ་བསམ་རྨི་ལམ་ལའང་ཡོད་མ་མྱོང་ཞེས་་་ལབ་འདུག བོད་ལྷ་ཀླུ་གཉན་གསུམ་གྱིས་བྲིས་པའི་དམིགས་ཡུལ་དེ་རང་བཙན་ལག་མེ་སྲེག་གཏོང་ཡ་རེད་དམ་་་ཟམ་གདོང་རིན་པོ་ཆེའི་མཚན་སྙན་མེ་སྲེག་གཏོང་ཡ་རེད་་་འདི་ནས་ཧ་གསལ་པོ་གོ་སོང་འ། སྐུ་ངོ་ཟམ་གདོང་དང་་སྐུ་ངོ་རྒྱ་རི་་་སྐུ་ངོ་སྐལ་རྒྱལ་བཅས་བཀའ་ཤག་ནང་ལྷན་ཚོགས་གནང་ཐེངས་རེར་རྒྱ་ནག་གཞུང་གི་ངོ་སྲུང་སྟེ་ཚིག་ལ་འགྱུར་བ་གཏོང་དགོས་ཞེས་ལབ་ན་ཚིག་ལ་འགྱུར་བ་གཏོང་པར་ཐེ་མི་ཚོམ་པར་རྒྱུག ཅེས་ལབ་འདུག འདི་ན་ཧ་ཅང་ནས་བློ་ཕམ་ཡོད་པའི་སྐད་ཆ་གཅིག་རེད། འོན་ཀྱང་དེ་ལས་ཚབ་ཆེ་ཞིག་ལ་་་་རྒྱལ་ལོ་དོན་འགྲུབ་ཀྱིས་བོད་ཕྱི་ཀ་རྒྱ་ལ་བཙོང་རྩིས་བྱེད་ཡོད་པ་དེ་ཡང་དྲན་པ་མ་རྗེད་པ་བྱོས་ཤིག ཁྱོད་ཚོས་དངོས་སུ་མགྲིན་ཚབ་པ་གཉིས་དང་བཀའ་བློན་ཁྲི་པ་གསུམ་ལ་ཁ་གཏོང་བའི་ཞོར་དུ་ཕོག་ས་ཞིག་ལ་ཕོག་གི་ཡོད་པ་དེ་ཡང་བརྗེད་མི་ཉན་པ་ཞིག་རེད།
འདིར་ཚིག་ངན་རྩོད་པའི་སྐབས་སུ་ངས་མཚན་དངོས་སུ་འབོད་མི་ཕོད་་་་ཡིན་ན་ཡང་བསམ་བློ་ཞིབ་ཚགས་འཐོངས་་་་རང་ཉིད་འཚོ་ས་དང་རང་ཉིད་སྡོད་ས་ལ་སྐྱག་པ་བཏང་རྒྱུ་མང་དྲག་ན་དྲི་མ་ཁྱོན་ཡོངས་ལ་ཁེངས་ནས་མཐའ་མར་རང་ཉིད་འདུག་མི་ཐུབ་པ་ཞིག་ཆགས་ཡོང་། ངས་མང་པོ་མི་བཤད་་་་ཁྱོད་ཚོས་བཤད་ས་དེ་སུ་ཞིག་ཡིན་མིན་མི་ནག་མདུང་ཐུང་གི་མཆན་ལ་ལྟོས་དང་ཤེས་ངེས་རེད།
བོད་ཤ་ཁྲག་རུས་གསུམ་ནས་གསུངས་སྟངས་ལ་ལྟས་ན་ཁོ་རང་གི་རྐང་པ་ལ་དུག་གཟེར་ལང་ནས་བཀའ་བློན་ཁྲི་པའི་གསུང་བཤད་དེ་བཏོན་རྒྱུ་མེད་པ་ཉིན་འགའ་འགྲོ་ཡོད་ས་རེད། བོད་ཤ་ཁྲག་རུས་གསུམ་དང་བོད་ལྷ་ཀླུ་གཉན་གསུམ་གཉིས་མི་གཅིག་ཡིན་ས་རེད་་་གང་ཡིན་ཟེར་ན་་་་དེ་གཉིས་ཀས་ན་སྒྲ་ཞིག་རྒྱབ་ནས་གཅིག་བཤད་ཞག་དུས་མི་ཚང་མ་མགོ་འཁྲུགས་བཅུག་གི་འདུག བོད་ཤ་ཁྲག་རུས་གསུམ་གྱིས་་་གལ་སྲིད་ང་རང་རྐང་པ་ན་བའི་ཟུག་རྔུ་འདི་ཇེ་དྲག་ཏུ་སོང་བ་ཡིན་ན་་་་ཞེས་ན་གཅིག་རྒྱབ་ནས་དེ་ནས་གཏམ་རྫིག་པོ་ཁ་ཤས་བཤད་འདུག དེ་ནས་ལྡོང་ལྷ་རྩེ་ནས་་་་དཔྱད་པའི་གཏམ་ཞིག་བྲིས་འདུག
ད་མེ་ཏོག་དཀར་པོ་དང་་་་གཅན་བཟོད་རྒྱམ་གཉིས་ཀྱིས་བོད་ལྷ་ཀླུ་གཉན་གསུམ་སྒུག་ཐག་ཆོད་ནས་སྤྱན་འདྲེན་ཞིག་བྱེད་འདུག་ཀྱང་་ལྷ་ཀླུ་མི་ཡུལ་དུ་ཕེབས་ཐུབ་མི་འདུག མྱི་ནས་་་་་་འཁོན་སེམས་དང་སྡང་སེམས་གཉིས་ཀ་འདུག་ཅེས་ལབ་འདུག དེ་ནི་ང་ཡི་མཐོང་ཚུལ་དང་གཅིག་པ་རེད། ཡ་་་ད་འབྲོང་རྒོད་འདིས་ས་ནག་ལ་ར་རྩེད་རྩེད་ཀྱི་ཡོད་པ་འདྲ་་ཀློག་ཀྱང་གོ་བ་ཡང་རག་གི་མི་འདུག རིག་འབྱུང་དོན་འགྲུབ་བཀྲ་ཤིས་ནས་་་་་འབྲོང་རྒོད་ལེན་ཡག་པོ་ཞིག་བྲིས་འདུག
འོན་ཀྱང་འབྲོང་རྒོད་ཀྱིས་་་་་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་་་་༧་གོང་ས་མཆོག་གི་གསུང་བཤད་གཅིག་ལུང་བགྲང་ནས་བཙན་བྱོལ་གཞུང་དེ་བཙན་བྱོལ་སྒྲིག་འཛུགས་སུ་བསྒྱུར་ཟིན་པའི་ཁུངས་སུ་གཏུགས་འདུག ད་དུང་དེའི་རྒྱབ་སྐྱོར་དུ་་་་ང་ཚོ་ཚང་མས་མགོ་འབུལ་ལུས་འབུལ་བྱེད་ས་དེ་ཁོང་རེད་ཅེས་ལབ་འདུག དེ་ལྟ་ཡིན་ན་་་་བཙན་བྱོལ་གཞུང་དེ་བཙན་བྱོལ་སྒྲིག་འཛུགས་སུ་བསྒྱུར་བར་་༧རྒྱལ་དབང་དོན་གྱི་བདག་པོས་དགོངས་པ་ཡིན་་་་་ཁྱོད་ཚོ་མགོ་འབུལ་ལུས་འབུལ་ཡིན་ཟེར་མཁན་ཚོས་ཡིད་མ་རམ་པའི་རྣམ་འགྱུར་བསྟན་ཡ་ལྷག་མི་འདུག་ཨ། བྱེད་ཙམ་ངས་ཁྱོད་ཚོས་རང་མགོར་ཆུ་འདྲེན་མ་བྱེད་ལབ་ཡིན་པ། ད་ཁྱོད་ཚོས་ཁ་ནས་བཤད་པ་དང་ཁོག་ཏུ་བཅངས་པ་གཉིས་གཅིག་པ་རེད་མི་འདུག་ཨ། ཁ་ནས་མགོ་འབུལ་ལུས་འབུལ་ཡིན་ཟེར་ཁོག་ན་མ་རབ་ཀྱི་ལྟ་སྟངས་དེ་ཡག་པོ་མ་རེད། གུར་སྒོ་ཁྱི་ལ་རྡོག་བཤུས་དྲག་ན་གུར་ནང་བླ་མའི་ཐུགས་ལ་ཕོག་ཡོང་་་གཅིག་བྱེད་ན་དེ་ཁྱོད་ཚོའི་དམིགས་ཡུལ་ཡང་ཡིན་མི་སྲིད་པ་ཞིག་མ་རེད།
རིག་པའི་རལ་གྲི་མཁའ་ལ་མ་འཕྱར་བར། །
ལྟ་སྣང་བློ་ཡི་མདུད་པ་གྲོལ་ཐབས་དཀའ། །
བདེན་པའི་ཚིག་གི་འབྲུག་སྒྲ་མ་སྒྲོག་པར། །
ཁྱི་རྒན་རྒྱ་བོས་མུ་ཅོལ་རྫོགས་ཐབས་དཀའ། །
སེམས་པ་དམར་པོ་ལགས། ཉིད་ནས་བསམ་གཞིགས་དང་དཔྱད་ཞིབ་བྱེད་ཀྱིན་སྐད་ཆ་ཞིག་གསུངས་ཡོད་ན་ཅི་མ་རུང་སྙམ་ཡང་། དེ་ལྟར་མིན་པར་བདག་གི་བསམ་བློའི་དམིགས་ཡུལ་གྱི་རྒྱབ་ལྗོངས་ནི་མཁས་དབང་ཟམ་གདོང་ཚང་གི་མཚན་སྙན་ལ་གནོད་པར་བརྩམས་བཞིན་ཡོད་པ་དེ་རེད་ཅེས་གསུངས་དེ་འོང་དུས། ཉིད་ལ་དེ་ཡི་ཁྲོད་ཀྱི་སྐད་ཆ་ཞིག་ཞིབ་དུ་གཏམ་གླེང་བྱེད་རྒྱུ་མེད་པའི་རྟགས་དངོས་དེ་བསྟན་སོང་། གང་ལྟར། ངེད་ཅག་གི་སེམས་ཁོང་དུ་ན་ཟུག་གཅིག་ལས་གཉིས་གཏན་ནས་ཡོད་པ་མ་རེད། དེ་ནི་མི་རིགས་ཤིག་གི་འཆི་གསོན་གྱི་གནད་དོན་དེ་ཁོ་ན་ཡིན། དེ་ཡི་སྐོར་ལ་ཞིབ་མོ་བློ་ཡི་ཕྱོགས་རུས་མེད་པར་གླེང་བར་ཁོ་བོ་རྟག་དུ་དགའ་བསུ་ཡོད་ལགས།
ངས་འདི་ནས་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཞེས་གླེང་དེ་འོང་བའི་རྩོམ་ཡིག་འདིའི་ཁྲོད་ཀྱི་གང་ཞིག་ཉིད་ཀྱི་ཐུགས་འདོད་དང་རྒྱབ་འགལ་དུ་ཕྱིན་ཡོད་པ་དང་། གང་ཞིག་མཁས་དབང་ཟམ་གདོང་ཚང་གི་མཛད་རྗེས་ཀྱི་མཚན་དང་སྙན་གྲགས་བཤིག་པར་བརྩམས་ཚར་འདུག དེ་ཡི་སྐོར་ལ་ཉིད་ནས་གསལ་འགྲེལ་རེ་བྱེད་ཐུབ་པ་ཡིན་ན་དགའ་བོ་ཡོད་ལ། མེད་ཀྱང་ཁོ་བོ་ལ་གཏན་ནས་གང་ཡང་མི་གནོད། རྒྱུ་མཚན་བདག་གི་སེམས་ཀྱི་དམིགས་པ་བདག་གི་སེམས་གཏིང་དུ་གསལ་བོར་དཀྱིལ་དེ་ཡོད་པས་ཡིན་ལགས།
བོད་ལྷ་ཀླུ་གཉན་གསུམ་ལགས།
ངས་ཁྱོད་ལ་དྲི་བ་ཁ་ཤས་འདྲི་ཁྱོད་ཀྱིས་ལེན་གསལ་པོ་གཏབ་རོགས།
ཁྱོད་རང་གིས་ལག་པ་གཡས་པ་དེ་གཡོན་མའི་སྙིང་ཁ་ལ་བཞག་ནས་བསམ་བློ་ཞིག་གཏོང་ཨ།
ཁྱོད་རང་སྐད་སང་མཐོན་པོ་སྒང་ནས་བོད་མི་ཚང་མ་ལ་རང་བཙན་ལག་དེབ་མེ་སྲེག་གཏོང་རོགས་ཞེས་འབུལ་སྐུལ་ཞུ་བ་དེ་་་་་་བོད་མི་རིགས་ཀྱི་འཆི་གསོན་ལ་བསམ་ཞིབ་བྱེད་པའི་སྐད་ཆ་ཞིག་རེད་པས།
བཙན་བྱོལ་གཞུང་གིས་དྲིལ་སྒྲག་གང་ཡང་མེད་པ་་་བོད་བཙན་བྱོལ་གཞུང་དེ་བཙན་བྱོལ་སྒྲིག་འཛུགས་ཤིག་འགྱུར་ཚར་རེད་་་་ཟེར་ནས་བརྒྱ་གྲགས་སྟོང་གྲགས་བྱེད་པ་འདི་་་་བོད་མི་རིགས་ཀྱི་འཆི་གསོན་ལ་བསམ་ཞིབ་བྱེད་པའི་སྐད་ཆ་ཞིག་རེད་པས།
ད་དུང་ཁྱོད་ཀྱིས་་་་་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པ་ཞིག་བྱེད་ཐུབ་མེད་པ་དེར་ཁས་ལེན་བྱེད་དགོས་པའི་དུས་སུ་སླེབས་པ་ཡིན། ཞེས་ལབ་པ་འདི་་་་བོད་མི་རིགས་ཀྱི་འཆི་གསོན་བསམ་ཞིབ་བྱེད་པའི་སྐད་ཆ་ཞིག་རེད་པས། གཏམ་ངན་ལུང་པ་གང་བཟོ་ནས་རླུང་མ་ལ་བསྐུར་འདི་་་་་གལ་ཏེ་ཁྱོད་ཀྱི་གོང་དུ་གསུངས་པ་ནམ་བཞིན་་་་བོད་མི་རིགས་ཀྱི་འཆི་གསོན་ལ་བསམ་ཞིབ་བྱེད་ནས་བཤད་པ་ཞིག་ཡིན་ན། ཁྱོད་རང་གིས་བཤད་ཚར་སོང་་་་་ད་་་འབྲས་བུ་གང་སྨིན་སོང་། དེའི་རྗེས་ལ་ཁྱོད་འདྲ་བའི་བྱིས་པ་ཀླད་མེད་དེ་ཚོ་ཅལ་འདྲོགས་བྱེད་ནས་འཁོར་ཡུག་གི་བདེ་འཇགས་གཏོར་ཞིབ་བཏང་རྒྱུ་ལས་དོན་གང་ཐོན་སོང་།
བྱིས་པ་ཁྱོད་འདྲ་བ་དེ་ཚོ་ལ་ངས་་་དཔེ་བཞག་ནས་མ་བཤད་ན་དོན་གོ་ཐུབ་ས་མ་རེད།
ཁྱོད་རང་གིས་བརྩེ་བའི་ཕ་མ་གཉིས་ཀ་རྒན་ཁོག་ཆགས་ནས་ཁ་རྒྱུག་ལ་བརྟེན་ནས་འགྲོ་བཞིན་པའི་སྐབས་ཤིག་ལ་་་་་ཁྱོད་རང་གིས་་་ཕ་མ་གཅིག་པའི་སྤུན་མཆེད་ཚོ་ལ་་་ད་ང་ཚོའི་རྒན་ཁོག་གཉིས་ཐབས་སྐྱོ་དྲག་ནས་ཁ་རྒྱུག་ལ་མ་བརྟེན་པར་འགྲོ་ཐུབ་ཀྱི་མི་འདུག ངས་ཁ་རྒྱུག་འདི་དུམ་བུ་གཉིས་ལ་གཏང་ནས་གཡུག་མ་བཞག་ན་དུས་ནམ་ཡང་ཁོ་གཉིས་རང་འགྲོས་ཐུབ་ས་མ་རེད་ཅེས་ལབ་ན་་་་འདི་བུ་ཕྲུག་བཟང་པོས་ཕ་མར་དྲིན་ལེན་སྤྲད་སྟངས་རེད་པས། ཕ་མ་འཆི་གསོན་ལ་བསམ་ཞིབ་བྱེད་པའི་སྐད་ཆ་ཞིག་རེད་པས། ཤེས་འཇོན་གཉིས་ཀ་ཚང་མདོག་བྱེད་མཁན་ཁྱོད་འདྲ་བ་མ་གཏོགས་ཀླད་པ་འདི་དཀྲུགས་མཁན་ཡོད་མ་རེད་་་་ཨོ་ལོ་ཆུང་ཆུང་། སྙིང་རྗེ་་་་སྙིང་དེ་ཙམ་ལས་མེད་ན་ཡང་གཅིག་འཕག་མདོག་འདྲ་བྱེད་ཀི་་་་་ད་མ་ངུ་་་མིག་ཆུ་ཕར་ཕྱེས་ནས་རྗེས་མར་ཟབ་ཟབ་བྱོས།
སེམས་པ་དམར་པོ་ལགས། ཁྱེད་རང་གི་སྐད་ཆ་ཚང་མ་བདེན་པ་རེད། ང་རང་ནི་བྱིས་པ་བསམ་མེད་ཅིག་རེད། ཉིད་ཀྱིས་ལམ་སྟོན་ལྟར། རྗེས་ཕྱོགས་རང་ནོར་རང་གིས་ཤེས་པ་བྱེད་ངེས་ཡིན། ཉིད་རང་ལྟ་བུའི་ཤེས་ལྡན་མི་སྣ་མི་ཉུང་བ་ཞིག་མཐོང་དེ་འོང་དུས་ང་ལྟ་བུའི་བྱིས་པ་དག་གི་སྡུག་སྨྲེ་འདོན་དགོས་དོན་ཡོད་ས་མ་རེད་ལགས། ལམ་སྟོན་བྱོས་དང་། ལམ་རྗེས་འགྲེངས་མཁན་མི་ཉུང་བ་ཞིག་ཏན་ཏན་ཡོད་ཁོ་ཐག་ཡིན་ངེས་རེད་ལགས།
སེམས་དཔའ་དམར་པོ་ལགས།
དཔེ་འདྲེན་དགོས་པ་ལ་འདྲེན་མ་ཤེས་ཏེ། བསྟོད་མ་ཤེས་པའི་བསྟོད་པ་ལས་སྨད་པ་དགའ་ཞེས་པ་ལྟ་བུར་བྱུང་ཞག
རང་མགོ་ཆུ་ལུག་དེ་ཁྱོད་རང་རྟག་རྟག་བྱུང་བཞག
ངས་༸གོང་ས་མཆོག་གི་གསུང་དྲོད་འཐུལ་ལེ་བར་ཁྱོད་ཀྱི་མིག་སྔར་བཞག་ཡོད། འོན་ཀྱང་དེ་མ་མཐོང་མདོག་མདོག་བྱེད་པ་ནི། ཨ་ཕོ་ཧོར་གྱི་རྡོབ་དེ་མ་བཤད་ན་དགའ།
ཁྱེད་རང་གི་ཁ་ནས་བོད་ལ་ཤ་ཞེན་ཡོད་མདོག་ཅིག་བཤད།
དོན་དུ་༸གོང་ས་མཆོག་གི་གསུང་པར་ཁས་མི་ལན་པ་ནི་དངོས་གནས་ཡ་མཙན་རེད། ཁྱེད་རང་༸གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་མཁན་ཞིག་དང༌། བོད་ལ་ཤ་ཞེན་དག་གཙང་ཞིག་ཡོད་ན། ཐོག་མར་༸གོང་ས་མཆོག་གི་གསུང་དེ་ཚོར་སློབ་སྦྱོང་བྱེད། དེ་ནས་ཁྱེད་ཀྱི་བོད་དོནསྐོར་ལ་སྐད་ཆ་བཤད་ན་ཡག་པོ་ཡོང༌།
ང་ནི་༸གོང་ས་མཆོག་གི་གསུང་ཇི་མ་ཇི་བཞིན་དུ་ཉམས་སུ་ལེན་པ་ལས་དེ་ལ་ངེས་དོན་དྲང་དོན་གང་ཡང་ལེན་འདོད་མེད་ལ་ལེན་དགོས་ངེས་ཀྱང་ཆགས་མེད།
ངས་༸གོང་ས་མཆོག་གིས་དེ་ལྟར་གསུང་འདུག་ཞུས་པ་ལས་དེ་ལ་ངས་ལྷན་པ་གང་ཡང་རྒྱབ་མེད་པས་མཁྱེན་དགོས། བསྒྲིགས་འདུགས་ལ་བསྒྱུར་འདུག། ཅིག་ཅིག་མག་མག་བཤད་ན་ངོས་ལེན་མེད་དོ།
མང་པོ་ཞིག་གིས་འདྲ་མིན་བཤད་པ་ལ་བསམ་ནས་སྐད་ཆ་འགའ་ཤོད་འདོད་བྱུང་།
ལྷ་སྡེ་གནམ་ལོ་ཡག་གིས། ༼བོད་ཁུལ་རང་སྐྱོང་གི་དགོས་འདུན༽ཐག་གཅོད་ཕར་ཞོག་གྲོས་གཞི་ཙམ་ལའང་ངོས་ལེན་མ་ཐོབ་པའི་ཡར་སྔོན་ནས་ངྷ་རམ་སཱ་ལ་ནས་པེ་ཅིན་ལ༼དབུས་སྲིད་གཞུང༽ཞེས་འབོད་འགོ་བརྩམས་པ་དང་རིམ་བཞིན༼བོད་དོན་དེ་བཞིན་རྒྱ་ནག་གི་ནང་སྲིད་ཡིན༽པར་ངོས་ལེན་ཤོར་བར་མ་ཟད། དེང་སྐབས་ཐ་ན་བཙན་བྱོལ་བོད་གཞུང་ཡང༼ཡུལ་གྱར་སྒྲིག་འཛུགས༽ཞེས་པ་ཞིག་རྒྱ་ཡིག་ནང་འགོད་འགོས་པའི་བཀའ་ཁྲིའི་བཀའ་ཁྱབ་ཕྱི་རྒྱལ་གྱི་དོན་གཅོད་ཁག་ལ་འབྱོར་ཡོད་ཚོད་རེད། དོན་ལ་ངྷ་རམ་སཱ་ལའི་ངོས་ནས༼ཡུལ་གྱར་སྒྲིག་འཛུགས༽དང་དབྱིན་ཡིག་ནང་དེང་བཀོལ་བཞིན་པའི༼ཏཱ་ལའི་བླ་མའི་བོད་མིའི་དབུས་འཛིན་སྐྱོང་ངམ་སྲིད་གཞུང༽(Central Tibetan Administration of His Holiness the Dalai Lama)གཉིས་དོ་མཉམ་མམ་ཆ་མཉམ་དུ་མཐོང་གི་ཡོད་ནའང་། དབྱིན་ཡིག་ནང་གི༼ Administration ༽ལ་འཛིན་སྐྱོང་དང་སྲིད་གཞུང་གཉིས་ཐད་ནས་གོ་བ་ལེན་ཆོག་པ་དང་། དཔེར་ན། ༼ the Obama administration ༽ཞེས་གླེང་སྐབས་རྒྱ་ཡིག་ནང༼ཨོ་བྷ་མའི་སྲིད་གཞུང༽ཞེས་དུས་རྒྱུན་བསྒྱུར་གྱི་ཡོད། རྒྱ་ཡིག་གི་སྒང་ནས༼ཡུལ་གྱར་སྒྲིག་འཛུགས༽ཞེས་འབྲི་སྐབས་ཐད་ཀར༼ཏཱ་ལའི་རུ་ཚོགས༽ཞེས་པ་རྣམ་པ་འགྱུར་བའི་ལམ་ནས་ངོས་ལེན་བྱས་པར་གོ་ཡོང་བར་མ་ཟད། རྒྱ་ནག་མི་དམངས་ཁྲོད་དེང་གི་བར་ཤུགས་ཆེར་ཁྱབ་པའི༼ཏཱ་ལའི་རུ་ཚོགས༽ཀྱིས་གུ་ཡངས་གཏོང་བར་བཟོད་གསོལ་ཞུས་པ་ལྟ་བུའི་དོན་དག་ཅིག་རང་གིར་དུ་ཐོན་ཡོད་ལ། དེར་བརྟེན་ནས་པེ་ཅིན་གཞུང་གིས་མང་ཚོགས་ཁྲོད་རང་ཉིད་བདེན་པ་སྨྲ་མཁན་ཡིན་པར་ར་སྤྲོད་བྱེད་ཐུབ་ཀྱི་ཡོད། དེ་ཕྱོགས་གཅིག་རེད།
དྲ་ཐག་འདི་ལ་གཟིགས། http://www.tibettimes.net/news.php?id=3165
དེས་ན་རྒྱ་ནག་གཞུང་ལ་དབུས་ཞེས་འབོད་ཀྱི་ཡོད་པ་ད་དུང་ཁུངས་མཐོང་བྱུང་། དཱ་དབུས་གཞུང་ཟེར་དུས་བཙན་བྱོལ་གཞུང་ཟེར་བ་ཞིག་མེད་པ་རང་བཞིན་གྱིས་ངོས་ལེན་བྱས་པ་ཞིག་ཆགས་ཀྱི་ཡོད།
དཔྱ་ཁྲལ་ལག་དེབ་མེར་སྲེག་གཏོང་དགོས་ཟེར་བ་ནི་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་འགན་འཁུར་མེད་པའི་སྐད་ཆ་་སྤྱི་ཚོགས་ནང་འགལ་རྐྱེན་བཟོ་ལས་མ་འདས། འགའ་ཞིག་གིས་ལན་གནད་ལ་ཕིགས་པ་གནང་འདུག་པར་ཐུགས་རྗེ་ཆེ། ངས་བསམ་པར་ཁ་བརྡ་འདི་བསམ་ཚུལ་སྤེལ་རེས་བྱེད་ས་ཡག་པོ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་ཀྱང་འདི་ལྟ་བུའི་ཉོག་བཤད་སྤེལ་མཁན་མང་དྲགས་བྱུང་། ད་ནི་ཁ་བརྡ་དྲྭ་ཚིགས་སུ་འཛུལ་རྒྱུར་ཡང་ཡ་ང་བ་ཞིག་འདུག ཁ་བརྡ་དོ་དམ་པས་བཏང་འཛིན་འདྲ་གནང་རྒྱུ་མེད་ན་མ་གཏོགས་གནང་རན་པ་མ་ཟད་འཕྱི་དྲགས་གྲབས་འདུག
གུས་པས་ཁང་གསར་རྡོ་རྗེ་ལགས་ཀྱི་མཆར་སྣང་གི་ཆུ་ཐིགས་བཞི་ཟེར་བའི་རྩོམ་ལ་བཀོད་པའི་མཆན་ཡིན།
དྲ་འབྲེལ་འདི་ལ་གཟིགས། http://www.tibettimes.net/news.php?id=3153&&cp=2
བོད་ཀྱི་ཁྲིམས་མཐུན་གནས་བབ་དེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁ་གསལ་བཟོ་བའི་ལས་དོན་ནས་འགོ་རྩོམ་དགོས་པར་བརྗོད་པ་ཡིན། དེའི་དོན་ནི་བཙན་བྱོལ་བོད་གཞུང་ལ་བོད་ཀྱི་ཁྲིམས་མཐུན་བདག་དབང་ཡོད་པའི་གནས་བབ་དེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་གསལ་པོ་བཟོ་དགོས་ཅེས་པ་དེ་ཡིན། དེ་བཟོ་བ་ལ་དབུ་མའི་ལམ་གྱི་དམ་བཅའ་གནད་འགག་ཆེ་ཤོས་ཏེ། ལོ་རྒྱུས་ལ་བཟོ་བཅོས་བྱེད་ཤེས་ཀྱི་མ་རེད། ཡིན་ནའང་མདུན་དུ་བལྟ་གི་ཡོད་ཅེས་པའི་དགོངས་དོན་བཞིན་མ་འོངས་རྒྱ་བོད་མཉམ་གནས་ཀྱི་གནད་དོན་གླེང་མཁན་གྱི་བཀའ་ཁྲི་ཞིག་ལས། ལོ་རྒྱུས་ཀྱི་ཐོག་ལ་མཁས་མདོག་གིས་འགྲེལ་བཤད་འདྲ་མིན་མི་རྒྱག་མཁན་གྱི་བཀའ་ཁྲི་ཞིག་དགོས་པ་དེ་ཡིན། དེ་ལྟར་མིན་པར་འདས་པའི་ལོ་རྒྱུས་ལ་སྐབས་ཐོག་ཆབས་སྲིད་ཀྱི་དགོས་མཁོ་དང་འཚམས་པའི་འགྲེལ་བཤད་མང་པོ་རྒྱབ་ན། འདས་པའི་ལོ་རྒྱུས་གཞི་རྟེན་དུ་གྱུར་པའི་མ་འོངས་པ་དེ་འཇུ་ལུང་འཆང་གསུམ་བྱེད་ཡུལ་མེད་པ་ཆགས་རྒྱུ་ཡིན་ལ། དེ་ནི་བོད་ཀྱི་བདག་དབང་གི་འཇིགས་སྣང་དེ་ཡིན། དེར་བརྟེན་དོན་ཚན་གསུམ་པོ་དེ་གཅིག་ལ་གཅིག་འབྲེལ་དང་། གཅིག་མེད་ན་གཅིག་ཡོངས་ཐབས་མེད་པར་འདོད་ཀྱི་ཡོད། དེ་འདྲ་ཞིག་ཨེ་རེད་དམ། བོད་རྒྱ་དང་མཉམ་དུ་བསྡད་ཀྱང་ཆོག ལོ་རྒྱུས་ཀྱི་བོད་ཀྱི་བདག་དབང་བློས་མི་གཏོང་བ་དེ་རྩ་བའི་གནད་འགག་ཏུ་སེམས་བཞིན་ཡོད།
ལོ་རྒྱུས་ཀྱི་འགྲེལ་བཤད་འདྲ་མིན་དང་འབྲེལ་ནས་བོད་གཞུང་གི་བདག་དབང་ལ་དོགས་སློང་སླེབས་ཀྱི་ཡོད། དེར་བརྟེན་ལོ་རྒྱུས་དེ་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་འགྲེལ་བཤད་སྣ་ཚོགས་ཡོང་བཞིན་པ་དེ་ཉེན་ཁ་ཞིག་རེད། གང་ཡིན་ཟེར་ན། དེ་ནི་རྒྱ་ནག་གི་བརྗོད་བབ་ལྟ་བ་མཚོན་ངེས་ཀྱི་ཡིག་ཆ་ཁག་དང་གཅིག བོད་གཞུང་གི་ཡིག་ཆ་གལ་ཆེ་ཁག་དཔེར་ན། བོད་རིགས་ཡོངས་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་སྔ་ཕྱི་གཉིས་ཀ དེ་བཞིན་ལྡི་ལི་རུ་སྔ་ལོ་གནང་བའི་གནང་བའི་བོད་ཆེན་པོའི་སྟེང་སྟེགས་སྒོར་མོའི་གཏམ་བཤད་ཟེར་བ། དེ་བཞིན་འདི་ལོའི་གྲོགས་ཚོགས་ཀྱི་ཉན་ཞིབ་འཁོར་ཐག འདི་ལོ་རྡ་སྟེང་བོད་ཁྱིམ་དུ་གནང་བའི་དབུ་མའི་ལམ་གྱི་འགྲེལ་བཤད་དྲིས་ལན། ཉེ་དུས་ཀྱི་རྒྱ་ནག་གི་གསར་འགོད་པ་ལ་གནང་བའི་བཀའ་ཤག་གི་བཀའ་ལན། ད་དུང་མང་པོ་ཡོད་རེད། འདི་དག་གིས་མཚོན་པའི་གལ་ཆེའི་ལོ་རྒྱུས་ཡིག་ཚང་དུ་ལྷག་ངེས་པའི་ཡིག་ཆ་མང་པོ་ཞིག་ལ་བལྟས་ན་མཐོང་རྒྱུ་ཡོད་པ་ཞིག་ཡིན་པ་དེ་རེད། དེ་ནི་བཙན་བྱོལ་བོད་གཞུང་ཟེར་རྒྱུའི་ཚབ་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་དང་འབྲེལ་བ་ཡོད་པ་ཞིག་རེད།
ཡིན་ནའང་གསལ་པོ་བརྗོད་དགོས་པ་ཞིག་ནི། ཡིག་ཆ་ཁག་མང་པོ་ཞིག་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་དང་། བཙན་བྱོལ་བོད་གཞུང་ཟེར་བ་གཉིས་དོན་གཅིག་ཡིན་པའི་ཟོལ་འདྲ་བོ་དེ་འདྲ་ཡོད་པ་རེད། དེ་ནི་ཡུལ་དུས་གནས་བབ་སོགས་ལ་འགྲེལ་གྱི་རེད། ཡིན་ནའང་། དེ་ལྟར་འགྲེལ་ཆོག་ཆོག་གཅིག་ཏུ་བཞག་པ་དེ་གཅིག་པུ་རྒྱུ་མཚན་གཙོ་བོ་དེ་མ་རེད། དེ་ན་རྒྱ་བོད་འབྲེལ་ལམ་ཡོད་པ་རེད།
ཉེ་སྔོན་ཕྱི་ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན་འཁོད་གུས་པའི་ཆེད་རྩོམ་བོད་ཀྱི་ཁྲིམས་མཐུན་བདག་དབང་གླེང་པ་ཟེར་བ་ཞིག་བོད་ཀྱི་དུས་བབ་ཟིན་བྲིས་དང་། བོད་ཀྱི་བང་ཆེན་ཟིན་བྲིས། ཁ་བརྡ་དྲ་ཚིགས། དབུ་མའི་ལམ་གསར་དེབ་བཅས་སུ་བཏོན་པ་ཡིན། བསམ་ཚུལ་ཆེད་རྩོམ་དེའི་ཟུར་ངོས་གཅིག་ཐེངས་འདིའི་བགྲོ་གླེང་གི་གནད་དོན་དང་འབྲེལ་བ་འདུག་པས་འདྲེན་བཀོད་བྱས་ཡོད།
ཉེ་བའི་ལོ་ངོ་འགའི་ནང་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཁག་ཅིག་གིས། བཙན་བྱོལ་བོད་གཞུང་ཞེས་བརྗོད་རྒྱུའི་ཚབ་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་ནས་བེད་སྤྱོད་ཤུགས་ཆེ་བཏང་ཡོད་ལ། བཙན་བྱོལ་བོད་གཞུང་ཟེར་དུས་གོང་དུ་བཤད་པ་ལྟར་བོད་པ་མི་མང་གིས་དབང་བསྐུར་བའི་མི་མང་སྲིད་གཞུང་ཞིག་ལ་ཟེར་གྱི་ཡོད་ཀྱང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་དུས་བཙན་བྱོལ་དུ་ཡོད་པའི་བོད་མི་ཉུང་ཤས་ཀྱི་སྒྲིག་འཛུགས་སམ་ཚོགས་པ་ལ་གོ་བ་ཡིན། ཧ་ཅང་ཉེན་ཚབས་ཆེ་ལ་གནད་ཆེའི་འགྱུར་བ་འདི་དག་ཆབ་སྲིད་པའི་མིང་འཛིན་བག་འཁུམ་པ་ཚོས་ཚིག་རེ་གཉིས་ཀྱི་ལམ་ནས་བཅོས་བསྒྱུར་གཏོང་གི་ཡོད། གནད་དོན་འདིའི་ཐད་བསམ་ཞིབ་བྱེད་རིན་ཡོད་པའི་གལ་ཆེའི་གནས་ཚུལ་འདི་འདྲ་ཞིག་ཡོད་པ་སྟེ། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་མི་དང་འབྲེལ་ཐུག་གྲོས་མོལ་བྱེད་འདོད་ཡོད་ཅེས་བརྗོད་ཀྱི་ཡོད་ལ། ད་བར་རྒྱ་བོད་འབྲེལ་ཐུག་གྲོས་མོལ་བྱས་པའི་རིང་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་དང་། བཀའ་ཤག་ངོས་ལེན་བྱེད་ཀྱི་མེད་སྐོར་གྲོས་ཚོགས་ཀྱི་ཉན་ཞིབ་སྐབས་སྐུ་ཚབ་ཀྱིས་གསལ་པོ་གསུངས་པ་བཞིན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༢༨ ཉིན་བོད་གཞུང་མེད་པ་བཟོས་ཟིན་ཚུལ་བརྗོད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་དུས་རྟག་ཏུ་ཡུལ་གྱར་སྲིད་གཞུང་དེ་ནི་ཁྲིམས་འགལ་གྱི་སྲིད་གཞུང་རྫུས་མ་ཡིན་པ་དང༌། དེ་ནི་ལོག་སྤྱོད་པ་རེ་ཟུང་གིས་རྒྱ་ནག་ཁ་བྲལ་གཏོང་བར་དམིགས་ཏེ་བཙུགས་པའི་ནག་ཚོགས་ཤིག་ཡིན་ཚུལ་བརྗོད་ཀྱི་ཡོད། དེ་ཡང་རྒྱ་ནག་གཞུང་གིས། ཏཱ་ལའི་རུ་ཚོགས་ཀྱིས་བཀྲམ་པའི་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་གྲོས་འགོའི་ནང་བོད་ཡུལ་གྱར་སྲིད་གཞུང་གིས་བོད་མི་དམངས་ཀྱི་ཁེ་ཕན་དང་བོད་མི་དམངས་ཀྱི་ཚབ་མཚོན་ཡིན་ཞེས་བཤད་ཡོད། གྲོས་འགོ་དེ་ཀྲུང་གོའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་སྒོ་ཀུན་ནས་སུན་འབྱིན་བྱས་རྗེས། ཏཱ་ལའི་རུ་ཚོགས་ཀྱིས་ཉེ་ཆར་སླར་ཡང་འཆད་འགྲེལ་ཞིག་བསྐྱར་དུ་བཟོས་ནས། གོང་ས་ཏཱ་ལའི་བླ་མ་ནི་བོད་མི་དམངས་ཀྱི་ཁྲིམས་མཐུན་ཚབ་བྱེད་ཡིན་པའི་གོ་བབ་ནི་དུས་དང་རྣམ་པ་ཀུན་ཏུ་ཐེ་ཚོམ་སྤུ་ཙམ་ཡང་བྱེད་མི་དགོས་པ་ཞིག་ཡིན་ཞེས་བཤད་ཡོད། དོན་དངོས་ཐོག་ཏཱ་ལ་དང་ཡུལ་གྱར་སྲིད་གཞུང་ཟེར་བ་ནི་དོན་གཅིག་ཡིན་པ་དང་། སྲིད་གཞུང་དེའི་དབྱིན་ཡིག་གི་མིང་ཆ་ཚང་ནི་ Central Tibetan Administration of His Holiness the Dalai Lama ཡིན། ཡིག་སྒྱུར་བྱས་ན། གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་བོད་དབུས་སྲིད་གཞུང་། ཟེར་གྱི་ཡོད། འོན་ཏེ་དོན་དངོས་ཐོག་ཡུལ་གྱར་སྲིད་གཞུང་དེ་དང་། དེའི་ཆོས་སྲིད་ཀྱི་གཙོ་འཛིན་ཏཱ་ལ་གཉིས་ནི་མེས་རྒྱལ་ཁ་ཕྲལ་གྱི་བྱེད་སྤྱོད་སྤེལ་བ་དང་། ཕྱི་རྒྱལ་གྱི་ཕྱོགས་གཏོགས་ལ་བརྟེན་ནས་འཚོ་ཐབས་བྱེད་པའི་ཆབ་སྲིད་ཀྱི་རུ་ཚོགས་ཆུང་ཆུང་ཞིག་ཡིན་པ་ལས་ཁྲིམས་མཐུན་རང་བཞིན་སྤུ་ཙམ་ཡང་མེད་པ་རེད། ཅེས་སོགས་བརྗོད་ཀྱི་ཡོད། དེར་བརྟེན་བོད་པ་ཚོས་གསལ་རྟོགས་ངེས་པར་བྱེད་དགོས་པའི་ཕུགས་རྒྱང་གི་རྩ་དོན་ཐད་ཀྱི་རྩ་བའི་གནད་འགག་གཉིས་ནི། རྒྱ་ནག་གི་ལངས་ཕྱོགས་འདིས་བོད་ཀྱི་བདག་དབང་བོད་གཞུང་ལ་ཡོད་པའི་འདས་དང་ད་ལྟའི་བོད་ཀྱི་ལོ་རྒྱུས་ལ་བཙན་གནོན་ཧམ་ཤེད་བྱེད་ཀྱི་ཡོད་པ་དང་གཅིག བཙན་བྱོལ་བོད་གཞུང་ནི་བོད་པ་ཚོ་ལ་གལ་ཆེན་པོ་ཇི་ཙམ་ཡིན་པ་དེ་རིན་ཐང་ཅན་གྱི་དངོས་པོ་གཞན་པ་གང་འདྲ་ཞིག་གིས་ཀྱང་ཚབ་མཚོན་གཏན་ནས་མི་ཐུབ་པ་དང་གཉིས་ཡིན་པས། བོད་པ་ཚོས་བོད་ཀྱི་ཁྲིམས་མཐུན་བདག་དབང་གི་གནས་བབ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁ་གསལ་བཟོ་བའི་ལས་དོན་ནས་འགོ་རྩོམ་རྒྱུ་དེ་བོད་ཀྱི་བྱེད་ཕྱོགས་ཐམས་ཅད་ཀྱི་རྩ་བའི་བྱེད་ཕྱོགས་ཤིག་ཏུ་འཛིན་དགོས་པ་དབུ་མ་དང་རང་བཙན་གྱི་འདོད་ཚུལ་གང་གི་ལམ་དུ་བསྐྱོད་ཀྱང་གལ་གནད་ཆེ་ཤོས་ཀྱི་ལས་དོན་ཉག་ཅིག་ཆགས་ཡོད། སྤྱིར་ན་ཆབ་སྲིད་ཀྱི་འཐབ་རྩོད་ནང་། ཆབ་སྲིད་ཀྱི་ཐ་སྙད་བེད་སྤྱོད་ཀྱི་ས་མཚམས་ཧ་ཅང་གལ་གནད་ཆེན་པོ་ཡིན་པའི་དོན་དངོས་གནས་ཚུལ་འདི་དག་ལ་བརྟེན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་སོགས་ཚིག་དོན་ནུས་མེད་དང་བྱབ་མེད་ཀྱི་ཐ་སྙད་དེ་ཚོ་བེད་སྤྱོད་གཏོང་མཚམས་འཇོག་དགོས།
རང་བཙན་ལག་དེབ་མེ་ལ་བསྲེག་དགོས་ཚུལ་གྱི་སྐད་ཆ་འདི་ལ་སེམས་ཚོར་ཤུགས་ཆེ་འདྲེས་འདུག་མོད། གང་ལྟར་ཀྱང་ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་གནད་འགག་རང་ལ་ཐད་ཀར་ཟུག་གི་འདུག
མཆན་འདེབས་མཁན་དྲ་གྲོགས་མང་པོ་ཞིག་གིས་བཙན་བྱོལ་བོད་གཞུང་ཟེར་བ་རྒྱ་གར་གྱི་ཁྲིམས་ཐོག་དེབ་སྐྱེལ་ཡོད་མེད་བརྗོད་བཞིན་འདུག རྒྱ་གར་དང་འབྲེལ་བའི་བོད་ཀྱི་གནས་སྟངས་སྐོར་ལ་མུ་མཐུད་ཞིབ་འཇུག་གནང་དགོས་པ་དགོས་པ་འདུག སྐད་ཆ་འདི་ཚོ་ཆབ་སྲིད་ལ་རྒྱུས་མངའ་གང་ཡང་མེད་པའི་སྐད་ཆ་རེད།
ཡང་རིག་འབྱུང་སོགས་ཞིབ་འཇུག་པ་ཡིན་མདོག་བྱེད་མཁན་མང་པོ་ཞིག་གིས་བཙན་བྱོལ་བོད་གཞུང་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བའི་འཕྲོས་དོན་གལ་གནད་ཅན་གྱི་སྐད་ཆ་འདི་བདག་སྤྲོད་བྱེད་རིན་མེད་ཚུལ་བསྟན་འདུག དེས་ན་ང་ཚོས་དགག་སྒྲུབ་ཀྱི་རོལ་རྩེད་གཅིག་རྩེས་ན་གང་འདྲ་འདུག བཀའ་ཁྲི་ཟམ་གདོང་ཟེར་ནས་ཞུ་རྒྱུ་གང་ཡང་ཡོད་མ་རེད། ཟམ་གདོང་རིན་པོ་ཆེ་མི་གཅིག་གིས་བྱ་སྤྱོད་ལ་ངོས་བཟུང་ན་འགྲིག་གི་མ་རེད།
རིག་འབྱུང་མིང་ཅན་དོན་གྲུབ་བཀྲ་ཤིས་ལགས། ཁྱོད་ཀྱིས་མཆན་སྤེལ་དོན། ང་ལ་དགོས་རྒྱུ་དེ། བཙན་བྱོལ་བོད་གཞུང་འདི་གཞུང་མིན། གཞུང་ཟེར་བའི་མིང་འདི་དེ་རིང་ནས་སྒྲིག་འཛུགས་ལ་བསྒྱུར་བ་ཡིན་ཟེར་བ་དེ་ཡིན། ཅེས་བརྗོད་འདུག ད་ལྟའི་དུས་ཚོད་ལ་མི་རྣམས་ཚོར་བ་རྣོན་པོ་ཞེ་དྲག་རེད་ལ། རྙོག་དྲ་ཡང་ཚ་པོ་ཞེ་དྲག་རེད། གནས་སྟངས་དེ་འདྲ་ཞིག་གི་ནང་དུ་ཁྱོད་ལ་དགོས་པའི་ཚིག་དམར་རྗེན་མ་དེ་འདྲ་ནམ་ཡང་ཐོབ་ཀྱི་མ་རེད། རྒྱུ་མཚན་ནི་རིམ་འགྱུར་ཆབ་སྲིད་ཟེར་བ་ཞིག་མི་མངོན་པའི་ཚུལ་དུ་ཡོད་པ་རེད། དེ་མ་ཤེས་ན་དཔྱད་གཏམ་བཏང་ཡང་དོན་སྟོང་རེད། དེ་ཡང་།
༡ རྒྱ་ནག་གཞུང་ལ་དབུས་གཞུང་ཟེར་བ་དང་གཅིག
༢ ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཟེར་བ་དང་གཉིས།
༣ བར་སྐབས་ནས་མདོ་ཁམས་གཉིས་ལ་རང་བཙན་རྩོད་པའི་གནས་བབ་ཐད་དཀའ་ངལ་ཡོད་སྐོར་གྱི་གཏམ་བཤད་ཁག་དང་གསུམ།
༤ བཙན་བྱོལ་སྒྲིག་འཛུགས་ཟེར་བའི་ཚིག་འགྱིག་བྱེ་རིལ་ལྟ་བུ་འདི་དང་བཞི།
༥ བོད་རྒྱ་འབྲེལ་མོལ་གྱི་འཕེལ་རིམ་ནང་བོད་གཞུང་ངོས་ལེན་མེད་བཞིན་འབྲེལ་མོལ་འགྲོ་བཞིན་པའི་འཕེལ་རིམ་དང་ལྡ།
༦ རྒྱ་ནག་གཞུང་འབྲེལ་གྱི་ཆབ་སྲིད་ཀྱི་ལྟ་ཚུལ་མཚོན་ངེས་ནས་མཐོང་བའི་གནས་སྟངས་དང་དྲུག
འདི་འདྲའི་རིགས་དེ་ཚོ་གཅིག་ལ་གཅིག་འབྲེལ་ལམ། ཁ་བྲལ་ཐབས་མེད་པའི་དོན་དངོས་ཤ་སྟག་རེད། གལ་སྲིད་རྒྱ་ནག་གཞུང་དེ་བོད་མིའི་དབུས་གཞུང་ཡིན་ན་བཙན་བྱོལ་བོད་མིའི་གཞུང་ཞིག་ནམ་ཡང་ཡོང་ཤེས་ཐབས་ཡོད་མ་རེད། དེ་བས་གནས་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་འདི་ཁྱབ་ཤུགས་ཇེ་ཆེར་གཏོང་གི་ཡོད་པ་རེད། དེའི་གནད་འགག་དེ་བདག་དབང་ལ་ཐུག་གི་རེད། དེ་འདྲ་ཞིག་རེད་གྲོགས་པོ་ལོ་ལོ།
རང་བཙན་དགོས་ན་རིག་པའི་གནས་ལ་སློབ།།
རང་བཙན་དགོས་ན་ལྡོག་རྩ་གཅིག་བསྒྲིལ་བྱོས།།
རང་བཙན་དགོས་ན་རང་རིགས་ལྷ་བསམ་དགོས།།
རང་བཙན་དགོས་ན་རྒྱལ་བའི་བཀའ་དགོངས་སྒྲུབ།།
རང་བཙན་དགོས་རང་གཞུང་གོང་དུ་བསྐུར།།
རང་བཙན་དགོས་ན་རང་བཙན་ལག་དེབ་ཉོར།།
རང་བཙན་དགོས་ན་བཀའ་ཁྲི་མ་ནོར་དགོས།།
རང་བཙན་དགོས་ན་རང་ལྟ་ཆོག་འཛིན་སྤོངས།།
རང་བཙན་དགོས་ན་སྲིདཀྱི་་གར་བསྟིགས་ལོང།།
རང་བཙན་དགོས་རྒྱཾ་་དམར་བོད་ནས་ཕུད།།
རང་བཙན་དགོས་ན་རང་བྱུང་ཡིན་ཀྱང་ལོངས།།
རང་བཙན་དགོས་ན་རང་དོན་སྒྲུབ་རྒྱུ་སྤོངས།།
དུས་ཚོད་ཉི་ཤུ་ལྷག་ཕྱིན་སོང་། ཁ་བརྡ་དྲ་ཚིགས་ཀྱི་མཆན་འདེབས་པ་དག་གང་དུ་ཕྱིན་པ་ཡིན་ནམ།
རང་བཙན་ནས་ལོ་རྒྱུའི་ནང་གསལ་གཞི། དུས་འགྱུར་ནས་བྱུང་རབ་ཡི་ལས་དབང་དུ་། བོད་མི་ནས་དངོམ་ཆེ་རིགས་འཛིན་ཡིན། འདི་རྣམས་དཔྱད་ཞིབ་གཏམ་གཞི་བརྗོད་ན་ཅི་མ་རུང་།
གོང་གསལ་ཁྱེད་རྣམས་གཏམ་ལ་ཇི་གཞིར་ཕན།།
མཆན་བུ་ ༨༡ ལ་མཚམས་བཞག་པར་གྲངས་ངན་དུ་མཐོང་ནས་མཆན་བུ་འདི་དགོས་དབང་གིས་བཏགས་པའོ། །
རྣམ་དོགས་སེམས་ལ་ཞུགས་དེ་ལོ་མང་ཞིག་བྱིན་ཐལ།།
ལས་དོན་བྱས་རྗེས་མེད་པར་ལོ་མང་ཞིག་འདས་ཐལ།།
ནང་ལ་ཞིབ་དཔྱོད་མེད་པར་ལོ་མང་ཞིག་རྫོགས་ཐལ།།
ཁ་ནི་གྲགས་དབང་མེད་པར་ལོ་མང་ཞིག་ཚར་ཐལ།།
མི་རིགས་ལས་ངན་ཚང་གི་རང་གཤིས་འདི་སྐྱོ་ཐལ།།
ད་ལྟའི་ལས་དབང་གང་ལ་ཐུབ། འབྱུང་འགྱུར་ལས་དབང་གང་ལ་བསྒྱུར། གངས་སྲིད་པའི་ཆག་སྒོ་རྣམ་དཔྱོད་ཞིབ། སྤྱོད་དེ་རྣམས་མཛངས་པའི་ལེགས་བྱང་གཞི།།
རང་བཙན་ལག་དེབ་མེ་བསྲེག་གཏོང་མིན་དང་།།
རང་བཙན་གཙང་མ་དགོས་མིན་གླེང་བ་སོགས།།
ད་ལྟའི་བོད་མིའི་ཉེག་ཁྲའི་ལས་དབང་ཅིག།
ཆགས་དེ་ཡོད་པ་ཀུན་གྱིས་མ་བརྗེད་ཅིག།
བརྩད་ན་རྩོད་ལུགས་ཀུན་གྱི་གླེང་ཤེས་ཀྱང་།།
བརྩད་དུ་འགྲོ་བར་ཚོགས་པ་གཏན་ཚིག་ཅན།།
ད་ལྟའི་བར་དུ་བྱེས་སུ་མ་བྱུང་སྟབས།།
ཁ་ནས་གང་ཐོན་བཤད་མཁན་མང་དུ་གྱུར།།
མེད་ལས་མང་བ་ང་ཚོ་དགོས་ན་ཡང་།།
ལག་ལེན་རྒྱུན་བསྲིངས་མེད་པའི་ནད་ཚ་འདི།།
སངས་དྲགས་མ་བྱུང་སྡུག་དུ་བྱིན་པ་འདིས།།
མིང་ཚིག་སྐམ་པོར་འཐམ་ནས་ཤི་ལ་ཡོད།།
རང་སེམས་མ་དག་རྣམ་རྟོག་དགྲ་རུ་ལངས་ཐལ།།
རང་གིས་མ་བྱས་གཞན་བྱས་སྐྱོན་དུ་མཐོང་ཐལ།།
ཞིབ་དཔྱོད་རང་ལ་མ་བྱས་གཞན་སྐྱོན་འཚོལ་ཐལ།།
སྐྱག་ཟོས་ཁ་དྲི་མ་བཀག་ལོ་མང་ཞིག་ཕྱིན་ཐལ།།
ཕན་མེད་སྤྱི་ཚོགས་དཀྲུག་པའི་གཏམ་ངན་འདི་མང་ཐལ།།
མིག་དམར་རྡོ་རྗེ་ལགས་ཀྱི་ཚིག་བརྗོད་ཀྱི་ནང་དུ།།
དོན་གྱི་བོད་མིའི་སྐྱིད་སྡུག་འགན་འཁུར་གྱི་གཏམ་རེ།།
ཡོད་པར་སྙིང་ནས་རེ་ཡང་དེ་ཙམ་ཞིག་དཀའ་སྟབས།།
རིགས་རུས་ས་ལ་བརྡབས་པའི་སྐད་ཆ་ནི་མི་བཤད།།
སྤུན་ཟླའི་ནང་འཁྲུག་བྱེད་པའི་ཚིག་ངན་དང་ཁྲ་མ།།
གསོན་པའི་སྐབས་སུ་བཤད་རྒྱུ་རྨི་ལམ་དུ་མེད་ལ།།
ཤི་ཡང་ཕྱི་མའི་ཡུལ་ནས་མི་བཤད་རང་ཁོ་ཐག།
དེ་ལྟར་སེམས་སུ་བཟུང་ལ་མི་རིགས་འདིའི་ལས་དབང་།།
གླེང་བར་ཕེབས་དང་བསྐལ་བའི་བར་དུ་རང་ངས་བཀུར།།
རྣམ་དག་ཅིང་ཡང་པདྨའི་མཆོག་མངའ་བ། མཁྱེན་པའི་འོད་ཟེར་ཉིན་ཟླའི་ཕར་མཐར་ཅིང་།
གང་གིས་གཞལ་ཚད་སུ་ཞིག་མི་ནུས་ཅིང་། རྒྱལ་མཆོག་རིམ་བྱོན་དག་ལ་ཕྱག་འཚལ་ལོ།
བཀའ་དྲིན་འབུམ་འཚོ་གངས་རིའི་བློན་ཆེན་དག། གངས་དཀར་སྲིད་པའི་བདེ་ཐབས་སྐུ་ངལ་མཛད་།
ཡིན་བཞིན་ནོར་ལས་ལྷག་པའི་བསྟན་སྲིད་སྐྱོང་། ཡང་ཅིང་ངོ་ཚར་བཀའ་དྲིན་སྙིང་བསམ་ཅིང་།
གོང་གི་ཚིགས་བཅད་འདི་སྨར་ཁམས་ཀྱི་སྐད་ནང་དུ་བྲིས་པ་ཡིན་ས་རེད། ངས་ལྕེ་ཐོག་ནས་མི་ཡོང་གི ཧ་ཧ་ཧ། རྩེད་མོ་ཡིན། ཚིག་དོན་གཉིས་ཐད་ནས་དཀའ་སེ་འདུག་གཱ
བྲག་རི་མཐོ་པོ་བརྗིད་ཉམས་ཡུལ་དུ་མཛེས། མཁས་པའི་དབང་པོ་གླིང་བཞི་ཡུལ་དུ་མཛེས། མཛེས་མཛེས་མཁས་པའི་གཏང་བཤད་སྙན་འདོད་ན། ཀུན་ཁྱབ་མཐུན་པོའི་གྲོགས་སུ་གུས་ཞིག་ཅིང་།
གཅན་བཟོད་རྒྱམ་ནས་བཀྲིས་བདེ་ལེགས་ཞུ་།
ཁྱེད་ཀྱི་བཤད་པ་བདེན་ནོ། སྨར་ཁམས་སྐད་ཀྱི་ནང་དུ་འབྲེལ་ཐབ་མེད་ཀྱང་། ངའི་ཤེས་ཚད་ལ་སྐྱོན་ཡོད་པ་ངོས་འཛིན་དགོས་པ་གལ་ཆེན་ཡིན། རང་སྐྱོན་ངོས་འཛིན་མ་བྱས་ན་གཞན་དགྲ་བོ་འགྲོ་ས་མེད་།ཧཧཧ།
རྩེད་མོ་ཞུ།། བཟང་པོ་བསླབས་བྱ་གནང་བ་བཀའ་དྲིན་ཆེད་།
སྐྱོན་གྱིས་མ་་གོས་མི་བུ་སུ་ཡང་མེད།།
འོན་ཀྱང་རང་སྐྱོན་མཐོང་བ་རེ་གཉིས་ཡིན།།
སྨར་ཁམས་ཁྱོད་ལ་རྩེད་མོའི་ཚིག་སྨྲས་པ།།
ནོངས་པ་ཅི་ཡོད་ངས་ཀྱང་གཟོད་གསོལ་ཞུ།།
ངས་ཁྱོད་ལ་རྩེད་མོ་བརྩེས་པ་ཡིན། ཁྱོད་དཀྱེལ་ཡངས་ཤིག་རེད་ཡ། བཟང་གི་བཟང་གི དེང་སང་དྲ་ཐོག་ན་བློ་དཀྱེལ་ཡངས་པོ་ཅན་ཉུང་ཉུང་རེད།
༼བྲག་རི་མཐོ་པོ་བརྗིད་ཉམས་ ཡུལ་དུ་མཛེས། །
མཁས་པའི་དབང་པོ་གླིང་བཞི་ཡུལ་དུ་མཛེས། །༽
ཚིགས་བཅད་རྗེས་མའི་ཚིག་རྐང་དང་པོ་གཉིས་ཡག་པོ་འདུག་ཡ། ཧ་ཧ་ཧ།
རིགས་རུས་དར་རྒུད་རྒོད་པའི་ལམ་བར་དུ།།
རིགས་རུས་གཅིག་དུ་སྐྱེ་བའི་ཆོལ་གསུམ་སྤུན།།
ཡུལ་གྱི་སྐད་ཀྱི་གདངས་རེ་སླེབས་སྲིད་ཀྱང་།།
དོན་གྱི་སྙིང་བོ་གཅིག་ལ་སྒྲིལ་བ་སྨད།།
བཀྲ་ཤིས་བདེ་ལེགས་རང་རེའི་སྤུན་ཟླ་རྣམས།
གཅན་བཟོད་རྒྱམ་ལགས་ཁྱེད་ཀྱི་ཚིགས་བཅད་རྗེས་མའི་ཚིག་རྐང་དང་པོ་གཉིས་ཡག་པོ་འདུག་གསུང་པར་ཐུགས་རྗེས་ཆེད་ཞུ། ངའི་བསམ་པ་ང་རང་ཚོས་དྲ་ཐོག་ལ་ཚིགས་བཅད་འབུལ་བ་མ་ཏོག་ཞལ་མཇལ་མ་མྱོངས་ཡང་དེ་འདྲའི་བརྗོད་ཚིགས་ལམ་ནས་མཇལ་བ་ང་ནས་དགའ་པོ་བྱུང་།
རང་གི་སྤུན་ཟླ་མ་རྒྱད་སྙིང་ལ་བསམ། རྩི་ཆེན་རིག་གཞུང་མ་རྒྱད་བློ་རེ་སྦྱོང་།
གང་གི་བཀའ་དྲིན་མ་རྒྱད་འཇལ་ཐབས་བཅས། འདི་བསམ་འཆི་ནི་བློ་འཕམ་ག་ནས་ཡོངས།
བརྩད་རྩོད་རྨད་བྱུང་གདོང་དམར་སྤྱུན་ཟླ་རྣམས།
ཀུན་གྱི་སྒྲིང་བ་རང་རེའི་ལྷག་བསམ་ཡིན།
དེ་འདྲ་བསམ་བཞིན་རྣམས་འཕང་མ་དཔྱད་ན།
ལས་དབང་ཁ་རུ་གཡོགས་ཀྱང་དོན་སྙིང་འཆོར་།
རྩེད་མོ་ཞུ་པས་དགོངས་འགལ་མེད་པ་གནང་རོགས།།
འཕན་པོ་བསྟན་དར།
ལྷ་ཀླུ་གཉན་གསུམ་ཁྱེད་གང་བྱུང་མ་གསུང་། ད་ལྟ་ཁྱེད་རྐང་པ་ན་པ་མ་ཏོག་ཉེན་ཁ་ཆེ་བ་ཡོད་ས་མ་རེད། འཕྱ་སྨོད་ཟུར་ཟའི་འཆལ་གཏམ་མ་གླེང་མ་ཏོག་་་་་་་་་་་་་་་ལྷ་ཀླུ་གཉན་གསུམ་གྱི་གནོད་པས་ཟིན་ཏེ་དཀའ་ངལ་འཕྲད་ཡོང་། མ་གཞི་ཁྱེད་ཀྱི་མིང་དེ་ལ་བལྟ་ནའང་གནོད་པ་བསྐྱེལ་དོག་ཁ་པོ་འདུག ཡིན་ཡང་ངས་ཁྱེད་རྒྱུད་མེད་ཀྱང་། རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཞེས་པའི་ཆིག་དེ་། མཐོང་བས་ངའི་སྙིང་ཁམ་ལ་ན་གཟུགས་ཞིག་རྒྱབ་བྱུང་ཡང་། ངས་བློ་རྩ་འགྲིམ་ཏེ་ལྷག་བསམ་ཟོད་མེད་ཀྱིས་ཁྱེད་ལ་ཟབས་ནན་གནང་རོག་ཞུ་བར་འདི་ཐལ་སོང་།། རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཞེས་པའི་འཆལརྩོམ་འདི་ཆ་ཚང་ཀློག་པ་ཡིན་ཡིད་སྐྱོ་བ་ལ།།
འཕན་པོ་བསྟན་དར་པས།། །།
སྒྱུ་རྩལ་གཅིག་གྱུར་གངས་ཕྲུག་ཕོ་གསར་རྣམས།
གངས་རྒྱལ་གཅིག་དུ་སྐྱེ་བའི་ཆོས་རྒྱལ་འོག།
ལ་ལུང་གནས་པའི་ཅུང་ཟན་མི་གཅིག་ཡང་།
རང་རིགས་ཡུན་གནས་དགོས་པ་འཚོ་སྣང་གཅིག།
བོད་ལྷ་ཀླུ་གཉན་གསུམ་ལགས། གཏམ་བྲིས་ནོ་ལན་ཞིག་མེད་ནོ་ཅི་རེད།
རང་བྱུང་བཀོད་པ་སྣོད་བཅུ་ཡིད་དབང་འཕྲོགས།
བརྗིད་མཉམས་སྤྲོ་བའི་ཁྱོལ་གསུམ་སྣོད་བཅུའི་ཞིང་།
ཡང་མཚན་ཅན་དང་སྤུར་རྒྱལ་གདུང་རབས་བོད་།
རིགས་རུས་གཅིག་དུ་སྒྲི་བའི་སྣང་བ་མཛོད་།
ལྷ་ཀླུ་གཉན་གསུམ་ལགས། རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཞེས་པའི་འབོད་བསྐུལ་གྱི་ཚིག་འདི། ཁྱེད་བོད་མི་ཞིག་ཡིན་ན་ངེས་པར་དུ་བསུབ་རོག་གནང་། རྒྱུ་མཚན་དང་ལན་གང་ཡང་མི་དགོས། ཤ་ཚའི་ཁ་ནས་གཏམ་སྙན་མེད་ཟེར་པ་ཡིན་སྲིད་ཀྱང་། ཚིག་འདི་ཧ་ཅང་གི་ཐལ་ཆ་ཞིག་རེད་སྙམ།། ཁྱེད་ཀྱིས་སྨ་བརྗོད་ཀྱི་རང་དབང་དེ་བསམ་བློ་ཞིབས་མོར་བཏང་ནས་བེད་སྤྱོད་གནང་རོག་ཞུ།།
འཕན་པོ་བསྟན་དར་པས།།
འཕན་པོ་བསྟན་འཛིན་དར་རྒྱས་ལགས། ཉིད་ནས་གསུངས་པའི་སྐད་ཆ་དེ་ལ་ཡང་སྐུ་ཉིད་ལ་རྒྱུ་མཚན་ཞིག་ཡོད་ངེས་ཡིན་ལ། བདག་གིས་ཀྱང་རང་ཉིད་ཀྱི་བཤད་བཞིན་པའི་སྐད་ཆ་དེ་དག་ལ་རྒྱབ་སྐྱོར་གང་ཙམ་ཞིག་ཡོད་པའི་ཁུལ་ཡིན། ཉིད་ལ་དེ་ཡི་ཐད་དུ་མ་འགྲིག་པའི་བསམ་ཚུལ་འདྲ་ཡོད་ན་ཞིབ་དུ་གསུང་དང་། རང་ཉིད་ཀྱིས་གང་ཤེས་པ་དེ་དག་ལན་འདེབས་གང་ཐུབ་བྱེད་ངེས་ཡིན་ལགས།
ལྷ་ཀླུ་གཉན་གསུམ་ལགས། རྒྱུ་མཚན་ལོས་ཡོད། གལ་སྲིད་་་་་་་་་བོད་གཞུང་གི་ཐ་སྙད་སྤྱོད་སྟང་སྒྲིག་གི་མེད་ན་་་་་་་་་་་་་་་་་་་་ ཁྱེད་ནས་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཟེར་བ་དེས། སོ་སོའི་རྣམས་སྤྱོད་ཀྱི་མ་དཔྱད་པར་ཁྱེད་ནས་ཀྱང་རྩ་མེད་བཟོ་རོག་བྱེད་པ་མཐོང་བས། ནོར་འཁྲུལ་ཡོ་གསང་བྱེད་རྒྱུའི་ཚབ་མཉམ་རྒྱུག་བྱེད་ཀྱི་ཡོད་པ་མཐོང་། ཡིན་ཀྱང་ཐ་སྙད་ཅིག་པོར་མ་བལྟ་བར་དོན་ལ་དགོང་པ་བཞེས་ནས་གསུང་རྒྱུ་དེ་གལ་ཆེན་པོ་མཐོང་།། གང་ལྟར་ཁྱེད་ནས་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཟེར་བའི་ཚིག་དེ་ནོར་འཁྲུལ་རེད། མཁས་ལེན་གནང་ན་ཡག་པོ་རེད། ཤ་ཆ་བའི་བསམ་ཚུལ་ཞིག་ཡིན་ནོ།། །།
གུས་པ་འཕན་པོ་བསྟན་དར་གྱིས།།
ལྷ་ཀླུ་གཉན་གསུམ་ལགས། རྒྱུ་མཚན་ལོས་ཡོད། གལ་སྲིད་་་་་་་་་བོད་གཞུང་གི་ཐ་སྙད་སྤྱོད་སྟང་སྒྲིག་གི་མེད་ན་་་་་་་་་་་་་་་་་་་་ ཁྱེད་ནས་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཟེར་བ་དེས། སོ་སོའི་རྣམས་སྤྱོད་ཀྱི་མ་དཔྱད་པར་ཁྱེད་ནས་ཀྱང་རྩ་མེད་བཟོ་རོག་བྱེད་པ་མཐོང་བས། ནོར་འཁྲུལ་ཡོ་གསང་བྱེད་རྒྱུའི་ཚབ་མཉམ་རྒྱུག་བྱེད་ཀྱི་ཡོད་པ་མཐོང་། ཡིན་ཀྱང་ཐ་སྙད་ཅིག་པོར་མ་བལྟ་བར་དོན་ལ་དགོང་པ་བཞེས་ནས་གསུང་རྒྱུ་དེ་གལ་ཆེན་པོ་མཐོང་།། གང་ལྟར་ཁྱེད་ནས་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཟེར་བའི་ཚིག་དེ་ནོར་འཁྲུལ་རེད། མཁས་ལེན་གནང་ན་ཡག་པོ་རེད། ཤ་ཆ་བའི་བསམ་ཚུལ་ཞིག་ཡིན་ནོ།། །།
གུས་པ་འཕན་པོ་བསྟན་དར་གྱིས།།ལྷ་ཀླུ་གཉན་གསུམ་ལགས། རྒྱུ་མཚན་ལོས་ཡོད། གལ་སྲིད་་་་་་་་་བོད་གཞུང་གི་ཐ་སྙད་སྤྱོད་སྟང་སྒྲིག་གི་མེད་ན་་་་་་་་་་་་་་་་་་་་ ཁྱེད་ནས་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཟེར་བ་དེས། སོ་སོའི་རྣམས་སྤྱོད་ཀྱི་མ་དཔྱད་པར་ཁྱེད་ནས་ཀྱང་རྩ་མེད་བཟོ་རོག་བྱེད་པ་མཐོང་བས། ནོར་འཁྲུལ་ཡོ་གསང་བྱེད་རྒྱུའི་ཚབ་མཉམ་རྒྱུག་བྱེད་ཀྱི་ཡོད་པ་མཐོང་། ཡིན་ཀྱང་ཐ་སྙད་ཅིག་པོར་མ་བལྟ་བར་དོན་ལ་དགོང་པ་བཞེས་ནས་གསུང་རྒྱུ་དེ་གལ་ཆེན་པོ་མཐོང་།། གང་ལྟར་ཁྱེད་ནས་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཟེར་བའི་ཚིག་དེ་ནོར་འཁྲུལ་རེད། མཁས་ལེན་གནང་ན་ཡག་པོ་རེད། ཤ་ཆ་བའི་བསམ་ཚུལ་ཞིག་ཡིན་ནོ།། །།
གུས་པ་འཕན་པོ་བསྟན་དར་གྱིས།།
ལྷ་ཀླུ་གཉན་གསུམ་ལགས། གལ་སྲིད་་་་་་་་་བོད་གཞུང་གི་ཐ་སྙད་སྤྱོད་སྟང་སྒྲིག་གི་མེད་པའི་མེད་རབ་གསལ་བཤད་དེ་ཤ་ཚ་ཡིན་བཟོ་འདུག་ཏེ་་་་་་་་་ གང་ལྟར་ཁྱེད་ནས་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཟེར་བའི་ཚིག་དེས། ཁྱེད་ཀྱི་ཤ་ཚའི་གཏམ་གྱི་ངོ་གདོང་ཚང་མ་རྫབ་འདུག་ཞུ་རྒྱུ་ཡིན། ཁྱེད་དགོང་པ་ཟབས་མོ་ཞེས་དང་། གཏོར་གཤིགས་གཏོང་རྒྱུ་ནི་ལས་སླ་ཤོས་དེ་རེད།་་་་་་་་་་མ་རེད་པས་་་་ གང་ལྟར་ཁྱེད་ནས་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཟེར་བའི་ཚིག་དེ་ནོར་འཁྲུལ་རེད། མཁས་ལེན་གནང་ན་ཡག་པོ་རེད། ཤ་ཆ་བའི་བསམ་ཚུལ་ཞིག་ཡིན།།
།རང་བཙན་ལག་དེབ་མེ་བསྲེག་གཏོང་ཟེར་མཁན།།
བོད་མི་ཁྱེད་ལས་མེད་པ་ཐག་གི་ཆོད།།
རང་བཙན་གཙང་མ་རྩོད་གླེང་བྱེད་མཁན་ནི།།
བླུན་པོ་བདག་འདྲ་སེབ་ལ་ཁེང་ནས་ཡོད།།
འཕན་པོ་བསྟན་དར་ནས།།
།རང་བཙན་ལག་དེབ་མེ་བསྲེག་གཏོང་ཟེར་མཁན།།
བོད་མི་ཁྱེད་ལས་མེད་པ་ཐག་གི་ཆོད།།
རང་བཙན་གཙང་མ་རྩོད་གླེང་བྱེད་མཁན་ནི།།
བླུན་པོ་བདག་འདྲ་སེབ་ལ་ཁེང་ནས་ཡོད།།
འཕན་པོ་བསྟན་དར་ནས།།
བསྟན་འཛིན་དར་རྒྱས་ལགས། ཉིད་ནས་ཉི་མ་འདི་དག་གི་རིང་དུ་ངས་བཤད་མ་ཐག་པའི་ཚིག རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཟེར་ན་དེ་ནོར་འཁྲུལ་ཆེན་པོ་ཤོར་ཡོད་ཚུལ་ཚིག་ཟིན་དེ་གཅིག་བུ་ལ་དེད་ནས་ཉིན་མ་ཁ་ཤས་ཤིག་འགྲོ་སོང་། དེ་ཡིན་ན་་ངས་ཀྱང་ཉིད་ལ་བསམ་ཚུལ་ཐུང་ཐུང་ཞིག་ཞུ། ད་སྔ་བར་དུ་དོན་དངོས་ཐོག ངེད་ཅག་ལ་བྱེས་སུ་བཅར་བ་ནས་བཟུང་དེ་རང་བཙན་ལག་དེབ་ཀྱི་སྟེང་ནས་བོད་གཞུང་གི་ལས་བྱེད་ཀྱི་ཁུངས་སུ་འཛུལ་རྒྱུར་ཕན་ཐོག་གཞུང་ཡོད་དམ། རྒྱ་དམར་དང་རྒྱལ་ཁབ་གཞན་གྱི་ཁས་ལེན་ཡོད་མེད་ཕར་གཡུགས་ཤོག དེ་ལྟར་ཕན་ཐོག་མེད་པ་ཞིག་གིས་བོད་ཀྱི་རང་ཉིད་བདག་དབང་སྲུང་སྐྱོབ་བྱེད་པར་ཕྱི་ལོག་སུ་གནས་པའི་ད་ལྟའི་འཆར་རང་དབང་གི་བཙན་བྱོལ་སྒྲིག་འཛུགས་སམ་ཉེ་དུས་བར་དུ་བཙན་བྱོལ་འདི་ལ་ཡང་ཕན་ཐོག་གི་མེད་ན། ད་ནི་ལྷག་དུ་་བཙན་བྱོལ་སྒྲིག་འཛུགས་མི་འབོར་ཉུང་ཉུང་མ་གཏོགས་མེད་པ་འདི་ལ་འཕྱ་ཁྲལ་ལག་དེབ་ཀྱི་མིང་བསྐྱུར་ན་རང་བཙན་ལག་དེབ་དུ་འབོད་པ་དེ་ཡི་ཕན་ཐོག་གང་ཡོད་དམ། ང་ཚོ་ལ་དགོས་པ་དེ་ནི་སྒྲིག་འཛུགས་ཤིག་གཏན་ནས་མིན། གལ་་སྲིད་སྐུ་ཉིད་ལྟ་བུ་རེ་ཟུང་ལ་སྒྲིག་འཛུགས་ཤིག་དགོས་ཀྱི་ཡོད་ན། མི་རིགས་ཀྱི་འཆི་གསོན་གྱི་གཏིང་འོག་འདས་གསུམ་ལ་འགན་མི་ཐེག་པའི་བྱེས་ཀྱི་བཀའ་བློན་ཁྲི་བའམ། སྒྲིག་འཛུགས་དེ་ཡི་སྲིད་སྟེགས་སྲུང་མཁན་དེ་ཁྱེད་ཅག་ལ་དངོས་ནས་མཁོ་ན། ང་རང་བོད་མི་སྒེར་བ་ཞིག་དང་ནང་དགོས་སུ་མིང་དང་སྙན་གྲགས། ཁེ་དབང་སོགས་ལ་རྩོད་ལེན་བྱེད་འདོད་མེད་མཁན་ཉམ་ཆུང་སྡར་མ་ཞིག་ལ་དེ་བས་ཀྱང་གནོད་དོན། བྱུང་མ་མྱོང་བའི་རང་བཙན་ལག་དེབ་དངོས་དང་། མིང་སྒྱུར་གྱི་བོད་ཀྱི་རང་དབང་འཕྱ་ཁྲལ་ལག་དེབ་མེ་བསྲེག་བཏང་དང་མ་བཏང་དེ་ཁྱད་པར་ཅི་ཡོད་ལགས། ཞིབ་དུ་སོམས། གང་འདོད་འདོད་དུ་སྐད་ཆ་བཤད་རྒྱུར་ང་རང་གཏན་ནས་མི་དགའ་ལ། རང་རིགས་བོད་ལ་འགན་ལེན་མེད་པའི་སྐད་ཆ་བཤད་རྒྱུར་བདག་ཀྱང་གཏན་ནས་དགའ་བོ་མེད་ལགས། སེམས་སུ་འཛིན་རོགས་ཞུ།
སྣང་གསལ་ལགས། ཉིད་ནས་བོད་མིའི་རང་དབང་གཅེས་འཛིན་དྭང་བླང་སྤྱི་དངུལ་ཕུལ་འཛིན་ལག་དེབ་བམ། ཡང་ན་རང་བཙན་ལག་དེབ་གང་དུ་ངེས་འཛིན་བྱེད་ཀྱི་ཡོད། ལག་དེབ་སྒང་དུ་འདི་ལྟར་བྲིས་ཡོད། བོད་མིའི་རང་དབང་གཅེས་འཛིན་དྭང་བླང་སྤྱི་དངུལ་ཕུལ་འཛིན་དེབ། དེ་ཡི་ཤོག་ངོས་དང་བོའི་ངེས་ཀྱི་འབྲི་དོན་འདི་རེད། ང་རང་གི་གསར་བཟོ་བྱས་གང་ཡང་མེད། སྔོན་ནས་གསལ་བོ་བྲིས་འདུག
ཕྱི་ལོ་༡༩༧༢ཟླ་༧ཚེས་༣༠ཉིན་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་ཆེན་དུ་ཐག་བཅད་གྲོས་ཆོད་གཞིར་བཞག་གིས་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ནས་བོད་རྒྱལ་ལོ་༢༡༡༩ཕྱི་ལོ་༡༩༩༢ཟླ་༤ཚེས་༡ལ་བཙན་བྱོལ་བོད་མིའི་དྭང་བླངས་འཔྱ་དངུལ་དང་། བསྡུ་དངུལ་འབུབ་འབབ་ཀྱི་ཁྲིམས་ཡིག་གཏན་འདེབས་བསྐྱངས་དོན་ལྟར་བོད་ཀྱི་ཡུལ་མི་རྣམས་ཀྱིས་རང་མོས་དྭང་བླངས་ཀྱིས་བསྟར་ཆགས་འབུལ་རྒྱུ་ཁས་ལེན་ཞུས་པའི་དངུལ་འབབ་བྱུང་དེབ།
སྐུ་ཉིད་དང་བཅས་པའི་དྲ་ཐོག་གི་སྤུན་ཟླ་ཚང་མས་གོང་གི་འབྲི་དོན་འདི་དག་བཙན་བྱོལ་བོད་གཞུང་གིས་ག་རེ་གཏན་འབེབས་བྱས་ཡོད་མེད་དང་། གོང་གི་ཁྱེད་ཅག་ལ་ངོ་སྤྲོད་བྱས་མ་ཐག་པའི་དྭང་བླངས་འཕྱ་དངུལ་ལག་དེབ་ཀྱི་འབྲི་དོན་བཅས་ལ་ཞིབ་དུ་ཐུགས་བསམ་ལེགས་པོ་ཞིག་བཞེས་ནས་རང་རང་གི་བསམ་ཚུལ་ལྷུག་པོར་གསུང་རོགས་ཞུ། འདི་ལོ་ངོ་ཕལ་ཆེར་བཞི་བཅུ་མ་ཟིན་གོང་དུ། ང་རང་མ་སྐྱེས་པའི་ཡར་སྔོན་དེར་བོད་བཙན་བྱོལ་བའི་གཏན་འབེབས་བྱས་པའི་དྭང་བླངས་འཕྱ་དངུལ་ཕུལ་འཛིན་ལག་དེབ་སྟེང་གི་བརྗོད་དོན་རེད། དེ་ཡི་སྐོར་ལ་བསམ་ཚུལ་ལྷུག་པོར་གསུང་རོགས། དེ་ནས་བོད་ཀྱི་བྱེས་སུ་རང་བཙན་ལག་དེབ་ཟེར་ནས་ཚིག་འབྲི་གཞན་ལ་བོད་མི་བྱེས་པ་དག་གིས་བརྗོད་དོན་སོགས་ཀྱི་འགོ་འབུས་སྟངས་གང་ནས་ཡིན་མིན་ཐད་དུ་བསམ་ཚུལ་ཞིབ་མོ་དགོས། བོད་ཀྱི་བདག་དབང་ལ་འགན་ལེན་དང་། དྲ་གྲོགས་ཕན་ཚུན་ལ་སྤུན་ཟླའི་འདུ་ཤེས་མ་བརླག་པའི་སྒོ་ནས། སྒུག་ནས་འདུག ཁྱེད་ཅག་གི་གང་འདོད་པ་དེ་དག་ལ་དངོས་ནས་ཉན་འདོད་འདུག་ལགས།
ཚིག་ལ་བདག་པོ་མི་རྒྱག་པ་འདི་ནི་བོད་པ་དག་གི་ལུགས་སྲོལ་བཟང་བོ་ཞིག་ཆགས་ཡོད་པ་འདི་ནི་དངོས་ནས་དགོད་བྲོ་བ་ཞིག་རེད་ལ། བསམ་བློ་ཞིབ་དུ་བཏང་ན་ཡིད་སྐྱོ་བ་ཞིག་ཀྱང་རེད། སྤྱིར་ང་ལྟ་བུ་མི་དཀྱིས་མ་དག་གི་སྐད་ཆ་རླུང་ནང་གི་སྤུ་ལྟ་བུ་གར་སོང་ཆ་མེད་ཡིན་ཡང་། མགོ་ནས་སྣེ་ཁྲིད་མཁན་གྱི་མི་རྗེ་ཡི་མཚན་ཡོད་མཁན་དག་གི་སྐད་ཆ་ནི་བོད་ཀྱི་ལོ་རྒྱུས་མ་འཇིགས་པར་བསྡོད་པ་ཞིག་ཡིན་དུས་ཚིག་ལ་བདག་པོ་རྒྱོབས་ཤིག བོད་ཀྱི་མི་དམངས་ཚོ། སྤུན་ཟླ་ཚོ། ཤ་གསེང་དུ་་རུས་པ་ཡོད་པ་ཞིག་གནོངས་རོགས།