འཇིགས་དབང་གིས།
མདོ་སྟོད་སྨད་དབུས་གཙང་ཆོལ་གསུམ་གྱི་སྤུན་ཟླ།།
རང་སྡོད་སའི་ཡུལ་ལུང་གཅིག་པ་ཞིག་མིན་ཡང་།།
བོད་མེས་པོས་གདུང་རྒྱུད་གཅིག་པ་རང་ཡིན་གཤིས།།
ནང་ཕན་ཚུན་མ་རྩོད་མཐུན་སྒྲིལ་ཞིག་གནང་དགོས།།
ས་དགེ་བཀའ་རྙིང་ཇོ་ནང་བོན་པོ་དང་བཅས་པ།།
རང་ལྟ་བ་གྲུབ་མཐའ་ཕྲན་ཙམ་མི་འདྲ་ཡང་།།
ཕུགས་ཐར་ལམ་འཚོལ་བའི་དམིགས་ཡུལ་དེ་གཅིག་ཡིན་ན།།
ནང་ཕན་ཚུན་མ་རྩོད་མཐུན་སྒྲིལ་ལ་འབད་དགོས།།
མཁས་བའི་དབང་པོ་དགེ་བཤེས་མཁན་པོ་དང་བླ་སྤྲུལ།།
སོ་སོའི་ལྟ་བ་ལངས་ཕྱོགས་ཕྲན་བུ་ཞིག་མི་མཚུངས་ཡང་།།
ཤ་རུས་གདུང་རྒྱུད་གཅིག་ཡིན་ཐུགས་ནང་ལ་བཞག་ནས།།
རང་ཡུལ་བཙན་གྱིས་འཕྲོག་མཁན་དགྲ་བོ་གཅིག་ཡིན་དེ་དྲན།།
ཁེ་ན་ཊ་ཁེལ་གྷ་རི་ནས་འཇིགས་དབང་གིས་ཕུལ།། ༢༠༢༢།༣།༢༩ རེས་གཟའ་སྤེན་པ།
བདེན་པ་རེད། ཆཤག་སྒྲིལ་ནི་མེད་དུ་མི་རུང་བའི་ང་ཚོས།འི་གསོན་ཤུགས་རེད། ཡིན་ནའང་། དེང་སང་བཙན་བྱོལ་ནང་གི་བོད་པ་ཚོ་ཁྱི་སྨྱོན་གྱི་ནད་བྱུང་འདུག སྐད་ཆ་མི་གོ་གི