ཁྲོ་གཏུམ།
- གྲོགས་སྙན་ངག་པ་ལྷ་ཆབ་ཀྱི་སྙན་ངག་ཅིག་ཀློག་ཞོར་སེམས་པའི་ཟབ་ས་ནས་ལྷུང་བའི་ཚིག་གི་མར་ལོ་ཁ་ཤས།
བལྟས་ཚེ་བྲལ་བའི་ཡུལ་དེའི་ཚེར་ས་མི་མཐོང་།།
བསམ་ཚེ་བྲལ་བའི་དུས་ཀྱི་སྣང་བ་གཅིག་པུ།།
ལོ་ཟླའི་ས་མཐའ་འདི་ཡི་སྣང་བ་སྡོམ་པོ།།
ཡུལ་ལ་ཕྱོགས་པའི་རྟ་རྒོད་སྲབ་ཀྱིས་མི་བཏུབ།།
གཉོམ་ལག་རྒྱས་པའི་སྐབས་ཀྱི་དུས་ཐུང་གཅིག་པུ།།
ཕ་མའི་བྲང་ཁར་རླན་པའི་ཚོར་བ་དྲོན་མོ།།
གྱ་ཙེ་གོམ་ཙེ་བསླབས་པའི་ཤེས་བྱ་ཐོག་མ།།
དྲིན་ཆེན་གཉིས་ཀྱིས་ངག་གི་གཉོམ་ཤས་བསྐྱངས་པ།།
གོམ་ཁའི་སྤོ་སྲོལ་བསྟན་པོ་ཀ་བཞིན་བཏང་བ།།
བཤད་པའི་ཡུལ་སྐད་ཤར་རྒྱགས་ཆུ་ཡི་ཉག་མ།།
སྣང་བའི་སྣ་ལ་སྤུ་ཡང་འཁོར་མ་མྱོང་བའི།།
ཕོ་སར་མོ་སར་སེམས་པ་རྒྱང་ལ་ཆས་ཡོད།།
རྒྱང་རིང་རྒྱང་རིང་ཡུལ་ལུང་བཅོ་བརྒྱད་འགྲིམས་དུས།།
དྲན་པ་དྲན་པ་སེམས་པའི་ཐུག་སར་ལྷུང་ན།།
སྣང་བ་སྣང་བ་རྒྱང་ལ་འཁོར་མཚམས་འཇོག་པས།།
ཕ་མ་ཕ་མ་རྒས་སའི་ལོ་མཚམས་ཐོན་ཐལ།།
ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༡ ཞོགས་པ་ཨོ་གླིང་དུ།