བོད ལྷ་ཀླུ་གཉན་གསུམ།
རི་གྲོང་འདི་ནས་དངོས་ནས་ཞེ་ཆགས་ས་ཞིག་ཡོད་པ་དེ་ནི་བྱེས་སུ་ཡུན་རིང་ བསྡོད་མཁན་ང་ལྟ་བུ་མི་ཉུང་བ་ཞིག་ལ་གཅིག་མཚུངས་ཀྱིས་དཀའ་ངལ་འདི་ཡོད་ཤས་ཆེ། འོན་ཀྱང་། རང་གི་འཚོ་བའི་ཆེད་དུ་ཟེར་ན་འགྲིག རང་གི་བུ་མོ་ཆུང་ཆུང་སྙིང་རྗེ་བོ་དེ་ཟེར་ན་འགྲིག རང་ལ་བརྩེ་བའི་མཛའ་མོ་དེ་ཡི་ཆེད་དུ་ཟེར་ན་རེད།
གང་ལྟར། ཟླ་ངོ་གཉིས་ཀྱི་གུང་གསེང་གི་དུས་ཡུན་རྫོགས་ནས། དྲིན་ཆེན་གྱི་ཕ་མ་གཉིས་དང་བརྩེ་བའི་ནུ་མོ། སྙིང་ཉེ་བའི་གྲོགས་དང་གྲོགས་མོ་མང་བོ་ཞིག་བཞག་ནས་གཞན་ཡུལ་གྱི་ལུང་པ་དེར་ འབུད་འགྲོ ང་རང་སོང་ཤུལ་དུ། འདྲིས་ཤིང་གཤིབ་པའི་ཐག་རིང་ཐུང་གི་སྤུན་ཟླ་དང་མཛའ་བརྩེ་ཟབ་མོ་ཡོད་པའི་ གྲོགས་དང་གྲོགས་མོ་ཡོད་ཚད་ཀྱི་བསམ་དོན་འགྲུབ་པ་དང་མ་ཤི་ཚེ་རིང་བྱུང་ན། སླར་ཡང་རི་སྒང་ཆུང་ཆུང་འདི་ནས་མ་མཇལ་ཡང་། རང་ཡུལ་ཁ་བ་ཅན་ནས་མཇལ་ཐུབ་པར་སྨོན།
སྤྱིར་ན་གུང་གསེང་གི་དུས་ཚོད་འདི་ལ་ལྷོད་ལྷོད་དལ་དལ་ཞིག་བསྡད་ནས། དྲ་ཐོག་གི་ཟིན་བྲིས་པ་སྤུན་ཟླ་ཡོངས་དང་གླེང་མོལ་གྱི་གོ་སྐབས་ཤིག་ཀྱང་རེག་ན་ བསམ་ཡང་། དེ་ཡང་རེག་མ་སོང་ལ། རང་ཉིད་ལ་དགོས་འཁོ་ཆེ་བའི་དེབ་ཁ་ཤས་ཀྱང་མ་རེག་པར་འཕངས་སེམས་ཤིག་དང་བཅས་རི་ སྒང་འདི་ན་ཡོད་པའི་སྙིང་ཉེ་བ་ཡོད་ཚད་ལ་སེམས་གཏིང་ནས་བདེ་མོ་ཞིག་མི་ཞུ་ཐབས་ མེད་དུ་གྱུར་སོང་།
གྲོགས་པོ་ལགས།
ང་ཚོ་ཡང་ནས་ཡང་དུ་མཇལ་ཆོག དྲ་ཐོག་འདི་ནས། གངས་རིའི་ལས་དབང་ལ་དཔྱད་བཞིན།
བོད་ཀྱི་སྐད་ཡིག་གི་འཆི་གསོན་གླེང་བཞིན། མཐུན་པའི་སྙིང་གཏམ་རེ་གླེང་བཞིན།
མི་མཐུན་པའི་བགྲོ་གླེང་རེ་བྱེད་བཞིན། ད་དུང་་་་་་་་་་་་་་་་་་་་་་་་་་་་
ཁྱེད་རང་དལ་གྱིས་ཕེབས་ཤུལ་ནས།
ངས་ཁུ་སིམ་མེར་ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་འདེབས།
འབྲོང་བུ་མ་མཇལ་ཡུན་རིང་། སླུ་ཁམས་བཟང་ལགས་སམ།
ལྷ་ཀླུ་ལགས། དེ་ངོས་ནས་ཁྱེད་རང་ལ་ཁག་མེད་། འདས་ཚར་བའི་ལོ་བཅུ་གསུམ་གི་གཡར་ཁའི་དགོང་མི་ཞིག་ང་རི་འབུར་ཆུང་ཆུང་དེ་དང་ཁ་ཡོངས་སུ་བྲལ་། ཀང་རའི་ཞོལ་ནས་འགྲོ་དུས་སུ་སྒོས་ཁུང་ལས་མགོ་ཕྱིར་རུ་བཏོན་ནས་ལྟ་སྐབས་རྡ་སའི་རི་འབུར་ཆུང་ཆུང་དེ་ཅི་ཞིག་གི་ཆེད་དུ་སུ་ཞིག་ལ་རེ་བསྒུགས་བྱས་ཡོད་པ་སྟར་ཆད་སྣང་བཅས་དེ་་མིག་ལམ་རིམ་གྱིས་། འབྲེལ་མི་ཤེས་ཚོར་ལྗིད་མོ་ཞིག་མིག་འཐའ་རླན་ཞིང་སེམས་པ་སྨོང་ནས་། ལོ་ངོ་བདུན་ཀྱི་གོང་གི་དགུན་ཁའི་ཞོག་པ་དེར་ཕ་རྒན་གྱི་ལྷན་པ་ཅན་གྱི་རྩག་རྙིང་ཞིག་གོན་ནས་སུ་ལིང་མེ་མཁོར་འབབ་ཚུགས་སུ་ལང་དེ་ངའི་རྗེསཕྱོགས་སུ་་ལྟས་འདས་དོན་དེ་ཡང་སེམས་ལ་སྐྱར་དྲན་བྱས་།
མེ་ཏོག་དཀར་པོ་ལགས།
བཀྲ་ཤིས་བདེ་ལེགས། ཉི་མ་མང་པོ་ཞིག་ཇི་ལྟར་འགོར་ཚར་བ་ཡང་ཚོར་མ་སོང། ལས་བྲེལ་གྱི་རྐྱེན་ནམ་ལེ་ལོའི་དབང་གིས་དྲ་ཐོག་ལ་རྩོམ་ཡིག་འདྲ་སྤེལ་ཐུབ་མ་སོང། ང་བདེ་མོ་ཡིན།