ཁྲོ་གཏུམ།
མཁའ་དབྱིངས་སུ་ཅེར་བ་དག
གནས་མལ་དུ་བཏང་སྟེ
ཤོག་ཐོག་ཏུ་ཡོད་པ་དག་གད་སྙིགས་སུ་ལྡུགས་ཞོར
ཤེས་ཡོན་པའི་ཀླད་པ་རྐང་རྩེད་སྤོ་ལོ་བྱེད
མཐའ་མཇུག་གི་མཚེར་ས་ནི
གྲུ་སྒོ་འགོག་མཁན་གྱི་ལག་ཏུ་མ་ཤོར་བའི་ཕར་ཕྱོགས་ཀྱི་དྲ་ཐག་ལ་བརྡབ་པ་དེའོ
མདུན་དུ་ཅེར་བའི་བློ་གྲོས་དག
ཤོག་སྒམ་དུ་བཅུག་སྟེ
རྡོ་ལ་བརྐོས་པའི་བསམ་བློ་རྣམས་འགད་རྫས་སུ་གཅུད་ཞོར
རིག་པའི་བྱ་དངོས་དག
ལག་རྩེད་སྤོ་ལོ་བྱེད
མཐའ་མའི་དུར་ས་ནི
ཡར་ཁའི་མཁའ་ཡི་ཨུ་ཁུང་གོར་མོ་བརྒྱུད་དེ་ཕྱིར་ས་ལ་ལྷུང་བའོ
ཕྱི་ལོ་༢༠༢༢ ཟླ་ ༡༠ ཚེས་ ༤ཉིན།