རས་པས་པར་བླངས་ཤིང་། ཡི་གེ་བྲིས།
རྡ་རམ་ས་ལའི་མེག་ལོར་ཁྲོམ་སྲང་གཉིས་ཀྱི་འགོ་སྟོད་ནས་ལག་པ་གཡས་ཕྱོགས་སུ་བསྐྱོད་ཚེ་ལུང་གཞུང་ཆེན་པོའི་ཞིག་ཏུ་ཆུ་ཕྲན་ཞིག་བཞུར་གྱི་ཡོད་པ་དང་། དེ་ལ་རྒྱ་གར་བའི་སྐད་དུ་བྷག་སོའུ་(Bhagsu)ཟེར། བྷག་སོའུ་ལ་འགྲོ་བའི་ལམ་ཟུར་གྱི་གདོང་ཁ་ཞིག་ཏུ་ཉམས་ཆུང་བའི་རྡོ་བསྐོས་རྗེས་དྲན་ཞིག ཁེར་རྐྱང་དང་། སུན་སྣང་ངང་གནས་ཡོད། དེའི་མགོ་བརྗོད་དུ་ “དགེ་འདུན་ཆོས་འཕེལ་ངའི་བརྩེ་བའི་ཁྱོ་ག་”ཞེས་བྲིས་འདུག བརྩེ་བའི་ཁྱོ་ག་དེ་སུ་ཡིན་ནམ། ཁག་ཅིག་གིས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྗེས་དྲན་ཞིག་ལ་ནོར་གྱི་ཡོད།
ལོ་ཤས་སྔོན་གུས་པོ་དང་ལས་གྲོགས་བྱས་མྱོང་བའི་གྲོགས་པོ་ཞིག་གིས་མི་འདིའི་སྐོར་བརྗོད་མྱོང་། ཁོང་ནི་དགེ་ཆོས་སམ་ G.C ཞེས་མིང་སྤྱད་དེ་དབྱིན་ཡིག་གི་སྙན་ངག་འབྲི་མཁན་བོད་པ་ཞིག་ཡིན་པ་མ་ཟད། ནུབ་ཕྱོགས་ཀྱི་རོལ་ཆས་ Guitar གཏོང་མཁས་པོ་ཞིག་ཀྱང་ཡིན་འདུག རྡ་རམ་ས་ལའི་ས་སྲོད་ཀྱི་མཚམས་སུ་སྲང་ལམ་གཡས་གཡོན་གྱི་ཇ་ཁང་མདུན་དུ་ཁོས་Guitar བཏང་ཚེ། ནུབ་ཕྱོགས་ནས་སླེབས་པའི་ཡུལ་སྐོར་བ་རྣམས་ཀྱིས་མཐའ་རུབ་ནས་ཧ་ཅང་འཁྲུགས་ཆ་དོད་པོ་ཆགས་པར་བཤད། དེ་ནི་ཕལ་ཆེར་ཕྱི་ལོ་ ༡༩༨༠ གྲངས་ནང་ཡིན་འདུག ཁོས་དེ་ལྟ་བུའི་སྒྱུ་རྩལ་གྱི་ལོངས་སྤྱོད་ཁྲོད་ནས་རང་ཉིད་གྲོངས་རྗེས་རྡོ་བསྐོས་རྗེས་དྲན་འབྲི་བའི་ཆུང་མ་ཞིག་ཀྱང་བླངས་འདུག
སྟབས་ཉེས་པ་ཞིག་ལ་སྒྱུ་རྩལ་པའི་སྣང་བའི་འཕྱོ་ཕྱོགས་ཤིག་ཡིན་ནམ། ཡང་ན་འཇིག་རྟེན་ལ་ཚིམ་མེད་ཀྱི་ཚོར་བས་བསླུས་པ་ཡིན་ནམ། གང་ལྟར་སྒྱུ་རྩལ་བ་དགེ་ཆོས་ཞུ་བ་ཁོང་ནི་བཟི་སྦྲིད་ཀྱི་སྣང་བ་དང་མཉམ་དུ་འཇིག་རྟེན་དང་ཞལ་གྱེས་འདུག གྱེས་རྗེས་ཁོང་གི་དགའ་མའི་སླངས་པའི་རྡོ་བསྐོས་རྗེས་དྲན་འདི་དང་། དགེ་ཆོས་སམ་ G.C ལགས་རང་ཉིད་ཀྱིས་བྲིས་པའི་སྙན་ངག་དྲུག་དབྱིན་ཡིག་གི་བོད་ཀྱི་རྩོམ་པ་པོའི་དྲ་བ་www.tibetwrites.in རུ་བཀོད་འདུག དེ་དག་ནི་ I wish to be Buddha ༼ང་རང་སངས་རྒྱས་བྱ་འདོད།༽ དང་། Reality and Illusion ༼དངོས་ཡོད་དང་འཁྲུལ་སྣང་། ༽ Visions in Snippets ༼མཐོང་ཚོར་དུམ་བུ།༽ untitled ༼མིང་མེད།༽ Destination ༼དམིགས་ཡུལ།༽ If I Die ༼གལ་སྲིད་ང་ཤི་སོང་ཚེ།༽ བཅས་རེད།
ཁ་བྱང་འདི་དག་ནི་གུས་པའི་དབྱིན་ཡིག་གི་ཆུ་ཚད་ཧ་ཅང་ཞན་པའི་ཐོག་ངོ་སྤྲོད་ཞུས་ཡོད། གཤམ་ནས་སྙན་ངག་གཅིག་ལ་རོལ་མྱོང་གནང་རོགས།
If I Die
By G. C.
If I die my dear ones
Don’t cry for me
For I never cried for anyone
It’s time I part with me …
Your prayers will not hear me
For I have parted with my hearing
Your worries will not affect me
For I will still be looking for compassion …
So be kind and compassionate
While you can be compassionate
Once you go beyond the cold tombs
It’s too cold
And begin my way to another womb …
གལ་ཏེ་ངའི་སྙིང་ཉེ་བའི་མི་ཤི་སོང་ན།
ཁྱོད་ཀྱིས་ངའི་ཆེད་དུ་ངུ་མི་ཉན།
རྒྱུ་མཚན་ནི་ངས་ཐོག་མ་ཉིད་ནས་མི་སུ་ཞིག་གི་ཆེད་དུ་ཡང་ངུ་མ་མྱོང་།
ད་ལྟ་ང་དང་ཁ་གྱེས་པའི་དུས་ལ་སླེབས་སོང་། …
ཁྱོད་ཀྱི་གསོལ་འདེབས་ཀྱིས་ངའི་སྐད་ཆ་ཐོས་མི་སྲིད།
རྒྱུ་མཚན་ནི་ངའི་ཉན་ཤུགས་དང་ཁ་གྱེས་ཟིན།
ཁྱོད་ཀྱི་སེམས་ཁྲལ་གྱིས་ང་ལ་ཤུགས་རྐྱེན་ཐེབས་མི་སྲིད།
གང་ལགས་ཤེ་ན། ངས་ད་དུང་སྙིང་རྗེ་འཚོལ་བཞིན་ཡོད། …
དེ་བས་བྱམས་སེམས་དང་བྱམས་སེམས་ལྡན་དགོས།
ཁྱེད་ཚོས་བྱམས་སེམས་ལྡན་པ་དང་དུས་མཚུངས་སུ།
ཐེངས་ཤིག་ལ་གྲང་ངར་ཆེ་བའི་བང་སོ་ལས་བརྒལ་ཚེ།
གནམ་གཤིས་གྲང་དྲགས་སོང་།
ད་དུང་ང་རང་མངལ་གཞན་ཞིག་ཏུ་འགྲོ་བའི་ལམ་བར་དུ་ …
(དབྱིན་སྒྱུར་མ་ལག་ཅིག་གིས་བསྒྱུར་ཡོད་པས། ནོར་འཁྲུལ་ཡོད་སྲིད། )