དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཙོས་པའི་རྒྱུན་ལས་ལྷན་དྲུང་དུ།
ཆེད་ཞུ། གུས་པ་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་གྲོང་ཨེལ་ ཁང་ཨང་ ༢༩ ནང་སྡོད་གཞུང་པ་ཚེ་དབང་བསོད་ནམས་ནས་ཞུ་གསོལ་འདེབས་སྙིང་། ཉེ་ལམ་སྤྱི་ཟླ་ ༢ པའི་ཚེས་ ༦ ཉིན་དེ་ག་སྤྱི་འཐུས་རྒྱུན་ལས་ཀྱི་མཚན་ཐོག་ཏུ་དོན་ཚན་ལྔ་ཅན་གྱི་སྙན་ཞུ་འདི་དྲ་ལམ་ Email བརྒྱུད་འབུལ་ལམ་ཞུས་པ་དུས་ཡུན་ཟླ་བ་གཅིག་གི་ནང་བཀའ་ལན་དང་ཨ་ལན་བརྡ་ལན་སོགས་འབྱོར་ལན་ཙམ་ཡང་མ་ཕེབས་པ་ནས་སླར་ཡང་ཨུ་ཚུགས་རྒྱབ་ནས་སྙན་འབུལ་ཞུ་གི་ཡོད། མང་གཙོའི་རྒྱལ་ཁབ་སྤྱིའི་ལམ་ལུགས་དང་མཐུན་པའི་བོད་ཀྱི་ཡུལ་མི་ཚང་མར་འདྲ་མཉམ་གྱི་འོས་འཕེན་རྒྱུའི་ཐོབ་ཐང་གཅིག་གྱུར་དགོས་པའི་ཁྲིམས་ལུགས་གཏན་འབེབས་གནང་རྒྱུ་དེ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱི་ཐུགས་འགན་ཡིན་པའི་ངོས་འཛིན་དང་བཅས་རིང་མིན་སྤྱི་ཟླ་གསུམ་པའི་ནང་གྲོས་ཚོགས་འཚོགས་སྐབས་བཅའ་སྒྲིག་གཉིས་ལ་བསྐྱར་བཅོས་དགོས་པའི་གང་ཟག་སྒེར་གྱི་བསམ་ཚུལ་ཞུ་གི་ཡོད་ན་ཡུད་ཙམ་དགོང་པའི་དཔྱད་གཞིར་མངའ་བ་མཁྱེན། མང་གཙོའི་རྒྱལ་ཁབ་༼ Democracy Nation ༽ ནང་མི་མང་གི་ཐོབ་ཐང་ཆེ་ཤོས་དེ་རང་གི་སྐུ་ཚབ་གྲོས་ཚོགས་ཀྱི་འཐུས་མི་བསྐོ་རྒྱུ་དེ་ཡིན་པ་ནས་མང་གཙོ་སྤྱིའི་ལམ་ལུགས་སམ་འགྲོ་སྟངས་དང་
མཐུན་པའི་བོད་ཀྱི་ཡུལ་མི་ཚང་མར་འོས་འཕེན་རྒྱུའི་ཐོབ་ཐང་འདྲ་མཉམ་དགོས་པ་དེ་མང་གཙོ་དང་། དྲང་བདེན་། འདྲ་མཉམ་། ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་ཡིན་པའི་ངོས་འཛིན་དང་བཅས་ད་ལམ་འདིར་གླེང་བར་བྱ་བ་ནི་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་ནང་འདྲ་མཉམ་མེད་པ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ཆོས་སྒར་ཁག་གི་གྲ་བཙུན་ཚོའི་ཆོས་ལུགས་དང་ཆོལ་ཁ་གཉིས་ཀའི་ནང་འོས་འཕེན་གྱི་ཆ་ཤས་བླངས་ནས་རང་གི་སྐུ་ཚབ་སྤྱི་འཐུས་བཅུ་གཉིས་འདེམས་བཞིན་པ་དང་། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ཆོལ་ཁ་སོ་སོའི་མི་སྐྱ་ཕོ་མོ་ཚོའི་རང་གི་སྐུ་ཚབ་སྤྱི་འཐུས་བཅུ་རེ་འདེམས་བཞིན་པ་དང་། ཨ་རི་ལྷོ་བྱང་གཉིས་ནང་ཡོད་པའི་བོད་མི་ཚོའི་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པ་རང་གི་སྐུ་ཚབ་སྤྱི་འཐུས་གཉིས་འདེམས་བཞིན་པ་དང་། ཡུ་རོབ་དང་ལྷོ་ཨབ་རི་ཀའི་ནང་ཡོད་པའི་བོད་མི་ཚོའི་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པ་རང་གི་སྐུ་ཚབ་སྤྱི་འཐུས་གཉིས་འདེམས་བཞིན་པ་དང་། རྒྱ་བལ་འབྲུག་གསུམ་ཕུད་པའི་ཤར་ཨེ་ཤ་དང་ཨོ་སི་ཀྲེ་ལ་ཡ་ནང་ཡོད་པའི་བོད་མི་ཚོའི་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པ་རང་གི་སྐུ་ཚབ་སྤྱི་འཐུས་གཅིག་འདེམས་བཞིན་པ་བཅས་ད་ལྟའི་ང་ཚོའི་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུ་སྟངས་དེ་ཆ་སྙོམས་སམ་འདྲ་མཉམ་མེད་པ་ནི་མང་གཙོ་དང་། དྲང་བདེན་། འདྲ་མཉམ། ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་དང་མ་མཐུན་པ་ནས་བོད་ཀྱི་ཡུལ་མི་ཚང་མར་འདྲ་མཉམ་གྱི་འོས་འཕེན་རྒྱུའི་ཐོབ་ཐང་གཅིག་གྱུར་དགོས་པ་ནས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་སྒྲིག་གཉིས་ལ་བསྐྱར་བཅོས་གནང་ནས་བོད་ཀྱི་ཡུལ་མི་ཚང་མ་ལ་འདྲ་མཉམ་གྱི་འོས་ཤོག་༼ Right of equal Vote ༽ འཕེན་ཆོག་པའི་ཐོབ་ཐང་བཟོ་དགོས་པ་ནི་མང་གཙོ་དང་། དྲང་བདེན། འདྲ་མཉམ་། ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དེ་དོན་ལ་གནས་ཐུབ་པའི་འགན་འཁུར་བཞེས་དགོས་པའི་འབོད་བསྐུལ་ཞུ་གི་ཡོད།
གཉིས་པ་ ༽ སྤྱི་ཚོགས་ཀྱི་འཕེལ་རིམ་ལ་འགན་འཁུར་ནས་མང་གཙོ་སྤྱིའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ལས་རིམ་དང་མཐུན་པ་ད་ལྟའི་སྤྱི་འཐུས་ཀྱི་ཡོང་ཁུངས་སམ་གྲུབ་ཆ་ལ་བསྐྱར་བཅོས་གནང་དགོས་པ་ནི་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་བསམ་ཚུལ་དང་གླེང་གཞི་མང་པོ་འགྲོ་བཞིན་པའི་ནང་ཆོས་ལུགས་སྤྱི་འཐུས་དགོས་མི་འདུག་གསུང་མཁན་དང་ཆོལ་ཁའི་སྤྱི་འཐུས་དགོས་མི་འདུག་གསུང་མཁན་དང་ས་ཁུལ་མི་འབོར་ལ་ཞིག་པའི་ས་ཁུངས་སྤྱི་འཐུས་དགོས་འདུག་གསུང་མཁན་སོགས་མང་གཙོ་དང་རང་དབང་ལ་འགན་འཁུར་ནས་བཙན་བྱོལ་སྤྱི་ཚོགས་ནང་ལབ་གླེང་མང་པོ་འགྲོ་གི་ཡོད་ན་ཡང་ཆོས་ལུགས་ལྔ་དང་ཆོལ་ཁ་གསུམ་བཅས་སྡེ་ཚན་བརྒྱད་དེ་བོད་མི་རིགས་གསོན་གནས་ཐུབ་པའི་བླ་སྲོག་ལ་སོང་ཇི་སྲིད་བོད་མི་རིགས་ནམ་གནས་བར་དེ་སྲིད་དུ་ཆོས་ལུགས་ལྔ་དང་ཆོལ་ཁ་གསུམ་བཅས་སྡེ་ཚན་བརྒྱད་ཀྱིས་སྐུ་ཚབ་གྲངས་ཀ་མང་ཉུང་ལ་མ་ལྟོས་པར་སྤྱི་འཐུས་གྲོས་ཚོགས་ནང་གནས་དགོས་དང་བཅའ་ཁྲིམས་དོན་ཚན་སོ་བདུན་པ། སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། ནང་གསེས་གསུམ་པའི་ནང་། ༼ སྤྱི་འཐུས་ལྷན་ཚོགས་ཀྱི་དགོས་གལ་གཟིགས་མཚམས་ས་ཁུལ་སྤྱི་འཐུས་ཀྱི་ས་ཁུངས་གྲངས་ཚད་སྤར་རྒྱུ་ ༽ གསལ་བ་ལ་འགན་འཁུར་ནས་དེ་སྔོན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་མ་ཐོན་གོང་གི་ལམ་ལུགས་ལྟར་ཆོས་ལུགས་རེ་ནས་སྤྱི་འཐུས་གཅིག་རེ་དང་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་བཅས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ལུང་པ་ཁག་ནང་ཡོད་པའི་བོད་མི་བཙན་བྱོལ་བ་གནས་སྡོད་ས་ཆ་ཚང་མ་ནས་སོ་སོའི་ཆོས་ལུགས་དང་ཆོལ་ཁའི་སྤྱི་འཐུས་འོས་བསྡུའི་ལམ་ནས་བསྐོ་དགོས་པ་དང་། ཆོས་ལུགས་སྤྱི་འཐུས་ནང་གྲ་བཙུན་ལས་མི་སྐྱ་ཕོ་མོ་ཕེབས་མི་ཆོག་པ་བཟོ་དགོས་པ་དང་། ཆོལ་ཁའི་སྤྱི་འཐུས་ནང་མི་སྐྱ་ཕོ་མོ་ལས་གྲ་བཙུན་ཕེབས་མི་ཆོག་པ་བཟོ་དགོས་པ་དང་། དེ་འཕྲོས་སྤྱི་འཐུས་ཇི་དགོས་རྣམས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ལུང་པ་ཁག་ནང་ཡོད་པའི་བོད་མི་བཙན་བྱོལ་བའི་འདུས་སྡོད་གཞིས་ཆགས་སམ་སྡོད་གནས་ས་ཁུལ་ ༼ Constituency ༽ མི་འབོར་ཆ་བགོས་ལ་གཞི་བཅོལ་ནས་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པར་ས་གནས་མི་མང་ནས་འོས་བསྡུའི་ལམ་ནས་རང་གི་སྐུ་ཚབ་ས་ཁུངས་གྲོས་ཚོགས་འཐུས་མི་བསྐོ་དགོས་པ་དང་། གོང་གི་ཆོས་ལུགས་རེ་ནས་སྤྱི་འཐུས་གཅིག་རེ་དང་། ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་བཅས་བསྡོམས་སྤྱི་འཐུས་བཅུ་གཅིག་དེ་རྒྱུན་ལས་གནང་ནས་རྡ་སར་གཏན་འཇགས་བཞུགས་དགོས་པ་དང་དེ་མིན་སྤྱི་འཐུས་རྣམས་རང་རང་ས་གནས་སུ་བཞུགས་ནས་ས་གནས་མི་མང་གི་འཚོ་བའི་ལས་གཞི་དང་འབྲེལ་བའི་བདེ་སྡུག་གནས་སྟངས་ལ་གཟིགས་རྟོགས་དང་རྒྱུས་ལོན་གནང་དགོས་པ་དང་། ལོ་རེའི་ནང་ད་ལྟ་ནང་བཞིན་དབྱར་ཚོགས་དང་དགུན་ཚོགས་བྱས་ནས་འཆར་ཅན་གྱི་གྲོས་ཚོགས་ལས་རིམ་འགྲོ་དགོས་པ་དང་། སྤྱི་འཐུས་ཚོ་ད་མུས་བཞིན་ཕྱོགས་བསྐྱོད་འཚམས་གཟིགས་ལ་ཕེབས་མ་དགོས་པ་ས་གནས་སོ་སོའི་ཕྱོགས་བཞུགས་སྤྱི་འཐུས་ཀྱི་འཐུས་པ་གནང་ནས་གཞུང་གྲོན་བསྲི་ཚགས་ལ་དགོང་པ་བཞེས་དགོས་པའི་འབོད་བསྐུལ་ཡང་ཞུ་འདོད་བྱུང་།
གསུམ་པ་༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པ་བོད་ཀྱི་ཡུལ་མི་། ནང་གསེས་བཞི་པའི་འོག་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་གནང་དགོས་པ་ནི་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཚང་མའི་ནང་ཡུལ་མིའི་ཁྲིམས་ལུགས་དེ་གལ་ཆེན་དོན་ཆེན་ལ་རྩིས་ནས་སྔ་ས་ནས་སྒྲ་སྒྲིག་གཏན་འབེབས་གནང་ལམ་ཡོད་པ་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ནུས་པ་ཐོན་ནས་མི་ལོ་སུམ་བཅུ་ལྷག་འགྲོ་བའི་སྐབས་འདིར་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་བཞི་པའི་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་གནང་དགོས་པ་དེ་བཅའ་ཁྲིམས་ནས་བཀུར་བའི་ཁྲིམས་བཟོའི་ཐུགས་འགན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
བཞི་པ་ ༽ བཅའ་ཁྲིམས་ལེའུ་བདུན་པ། དོན་ཚན་དོན་བརྒྱད་ནང་གསལ་བའི་ས་གནས་འཐུས་མིའི་ཚོགས་འདུའིི་སྒྲིག་འཛུགས་དེ་དག་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ལུང་པ་ཁག་བཙན་བྱོལ་བོད་མིའི་གཞིས་ཆགས་སམ་སྡོད་གནས་ཚང་མའི་ནང་འཛུགས་དགོས་པ་ནི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ལ་འགན་འཁུར་ནས་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་དང་ས་གནས་འཐུས་མིའི་ཚོགས་མི་ཚོར་ལས་བཅར་ཕོགས་ཐོབ་ཡུལ་ཐང་ལ་ཞིག་པའི་སྤར་ཆ་གནང་དགོས་པ་དང་ཕྱོགས་བཞུགས་སྤྱི་འཐུས་ཚོར་ཆེ་མཐོང་གི་དོད་ཟླ་རེར་གསོལ་ཕོགས་སྣེ་སེལ་མིང་ཙམ་ཡོད་པ་བཞིན་ས་གནས་འཐུས་མིའི་ཚོགས་མི་ཚོ་ལའང་མང་ཉུང་ལ་མ་ལྟོས་པའི་ཆེ་མཐོང་གི་དོད་གསོལ་ཕོགས་གནང་དགོས་པ་ནི་ལས་འགན་འདྲ་མཚུངས་ལ་གླ་ཕོགས་འདྲ་མཉམ་གྱི་སྲིད་བྱུས་འཛིན་དགོས་པ་ནི་དྲང་བདེན་དང་། འདྲ་མཉམ། ཕྱི་གསལ་ནང་གསལ། མང་གཙོ། ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་ཐ་སྙད་ལ་ང་ཚོས་འགན་འཁུར་དགོས་པ་དང་།
ལྔ་པ་ ༽ བཅའ་ཁྲིམས་དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན་ཟེར་བའི་ནང་ ༼ ཡུལ་མིའི་རྒྱལ་ཁབ་ ༽ ༼ Republic ༽ ཟེར་བའི་ཁྲིམས་མཐུན་གྱི་ཐ་སྙད་དེ་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་བརྒྱུད་ནས་ ༼ ཡུལ་མིའི་སྲིད་སྐྱོང་ ༽ ཟེར་བའི་ཐ་སྙད་དེ་གསར་འཇུག་གནང་འདུག་པ་དེ་དག་ཚིག་བརྗོད་སྙིང་པ་༼ ཡུལ་མིའི་རྒྱལ་ཁབ་ ༽ Republic ལ་རང་འཇགས་བསྐྱར་བཅོས་དགོས་པ་ནི་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་སམ་ལྟ་གྲུབ་ ༼ Democracy Theory ༽ དང་མཐུན་པ་ཞིག་དགོས་པ་ནི་ ༼ ཡུལ་མིའི་རྒྱལ་ཁབ་ ༽ Republic means Head of Nation and Head of state is being elected by people ༽ རྒྱལ་ཁབ་ཀྱི་དབུ་འཁྲིད་དང་སྲིད་གཞུང་གི་འགོ་འཁྲིད་དེ་མི་མང་གི་འདམས་པའི་མི་ཞིག་དགོས་པ་ལྟར་ལམ་ལུགས་དེ་ལ་ཡུལ་མིའི་རྒྱལ་ཁབ། Republic ཟེར་བ་དང་། དེ་སྔོན་སྤྱི་ལོ་ ༢༠༡༡ ལོར་གོང་ས་མཆོག་ནས་ཆབ་སྲིད་ཀྱིས་སྐུ་དབང་མི་མང་ལ་རྩིས་སྤྲོད་གནང་རྒྱུའི་སྐོར་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ལ་གསུང་འཕྲིན་ཕེབས་པའི་ནང་དུ་ཡང་ང་ཚོའི་བཅའ་ཁྲིམས་ནང་ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཚིག་འཁོད་ཡོད་པ་དེ་དང་ཕྱོགས་མཐུན་དགོས་པའི་སྐོར་སོགས་བཀའ་ཕེབས་ཡོད་ན་ཡང་སྐབས་དེའི་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་མ་གནང་བ་དང་གོང་ས་མཆོག་ནས་ཆབ་སྲིད་ཀྱིས་སྐུ་དབང་མི་མང་ལ་རྩིས་སྤྲོད་གནང་རྗེས་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་གནང་ནས་ ༼ཡུལ་མིའི་རྒྱལ་ཁབ་ ༽ ༼ Republic ༽ ཟེར་བའི་མང་གཙོའི་ལྟ་གྲུབ་དང་མཐུན་པའི་ཁྲིམས་མཐུན་གྱི་ཐ་སྙད་དེ་ཡུལ་མིའི་སྲིད་སྐྱོང་ལ་བསྐྱར་བཅོས་གནང་འདུག་ན་། ༼ ཡུལ་མིའི་སྲིད་སྐྱོང་ ༽ ཟེར་བའི་ཐ་སྙད་དེ་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་སམ་མང་གཙོའི་ལྟ་གྲུབ་དང་མཐུན་མིན་ཐེ་ཚོམ་ཆེན་པོའི་ནང་ལྷག་པ་ནས་མང་གཙོའི་ལྟ་གྲུབ་༼ Democracy Theory ༽དང་མཐུན་པའི་འབྲེལ་བཤད་ག་འདྲ་ཞིག་གནང་གི་ཡོད་དེ་ཡང་ཐེ་ཚོམ་ནང་ལྷག་པ་དང་ང་ཚོའི་མང་གཙོ་དེ་འཛམ་གླིང་གི་རྒྱལ་ཁབ་སྤྱིའི་མང་གཙོའི་ལྟ་གྲུབ་ ༼Democracy Theory ༽ དང་མཐུན་པ་ཞིག་དགོས་པ་ལས་མང་གཙོ་སྤྱིའི་ལྟ་སྒྲུབ་ ༼ Democracy Theory ༽ དང་མ་མཐུན་པའི་མང་གཙོ་ཞིག་ཟུར་དུ་གསོ་སྐྱོང་བྱས་ཚེ་ང་ཚོ་སླར་ཡང་དེ་སྔོན་ནང་བཞིན་གངས་རིའི་ཁྲོད་དུ་འཛམ་གླིང་དང་ཁ་བྲལ་ནས་ཟུར་འཚོ་བྱ་འདོད་པ་མ་རེད་དམ་བཅས་བཅའ་ཁྲིམས་དོན་ཚན་བཅུ་གཉིས་པའི་ནང་གསེས་གཉིས་པ་དང་བཞི་པ་། བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་དོན་ཚན་ལྔ་སྙན་སེང་ཞུས་པ་འདིའི་ཀྱང་མ་འོངས་བོད་ཀྱི་མང་གཙོའི་འཕེལ་རིམ་ནང་དྲང་བདེན་དང་། འདྲ་མཉམ་། འཚེ་བ་མེད་པ། ཕྱི་གསལ་ནང་གསལ། མང་གཙོ། ཁྲིམས་ཀྱི་དབང་བསྒྱུར་འོག་བོད་མི་མང་འཚོ་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་སྟེ་དེ་ག་སྤྱི་འཐུས་རྒྱུན་ལས་ཀྱི་དགོང་པའི་དཔྱད་གཞིར་ཕུལ་ཡོད་ན་ཡུད་ཙམ་དགོང་པར་མངའ་བ་མཁྱེན་ མཁྱེན་ མཁྱེན་ བཅས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཕྲན་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༣ པའི་ཚེས་ ༦ ཉིན་ཕུལ།
ངོ་ཤུས།
༡ དགའ་ལྡན་ཕོ་བྲང་ཡིག་ཚང་།
༢ ཆེས་མཐོའི་ཁྲིམས་ཞིབ་ཁང་།
༣ བཀའ་ཤག་ལྷན་རྒྱས།
༤ དབུས་འོས་བསྡུ་ལས་ཁང་།
དེང་སྐབས་ ར་ཤེ་ཡེ་ འཛམ་གླིང་བདེ་འཇག་ གི་འགན་འཛིན་བྱས་པ་དང་ བོད་མི་མངས་ཀྱི་སྤྱི་འཐུས་ཀྱི་རྒྱུན་ལས་ གྲ་དམར་ཀྱི་གཟུང་བ་དེ་འདྲ་ལ་
འོ་ན་ཁྱེད་ཚོ་ལ་སྤྱི་ཚོགས་དཀྲུག་པའི་ཆ་རྐྱེན་ཚང་དགོས་རེད་པས་
རྒན་གཞུང་པ་ལགས།
ང་ཚོའི་འོས་འཕེན་ལམ་ལུགས་དེས་འོས་འཕེན་ཐོབ་ཐང་འདྲ་མཉམ་ལ་འགལ་འདུ་འགྲོ་གི་མེད་པའི་སྐོར་ལ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བཀའ་སློབ་ཁ་གསལ་ཡོད་པ་དེར་གསན་གཟིགས་གནོངས། བེལ་ཀོབ་བདེ་སླར་ཚོགས་ཁང་དུ་གནང་བ་ཡིན་བཟམ།