ཟླ་ཀླུང་།
གྲོགས་མོ་ལགས། སེམས་པ་ནང་མཐུན་གྱི་གྲོགས་པོའི་བར་ཕན་ཚུན་སྐད་ཆ་ལྷུག་པོར་བཤད་པ་ན། མཚམས་མཚམས་རྣམ་དཔྱོད་གོང་འཕེལ་ཡོང་ཐབས་སུ་དངོས་ཡོད་གནས་ཚུལ་གཞི་ལ་བཞག་པའི་ལེགས་སྤེལ་ཉེས་འགོག་གི་བསླབ་བྱ་རྣམས་བཤད། མཚམས་མཚམས་སེམས་པ་སྐྱིད་པོ་ཆགས་བྱེད་དུ་འདྲ་མི་འདྲའི་གནས་ཚུལ་ཁྱད་མཚར་བོ་རྣམས་བཤད། མཚམས་མཚམས་དོགས་པ་རྣམ་རྟོག་སེལ་ཆེད་དུ་དངོས་བྱུང་ལོ་རྒྱུས་བདེན་པ་རྣམས་བཤད་དགོས་པ་ལས། དེ་རིང་ངས་ཁྱོད་རང་ལ་ག་འདྲའི་མཐོང་གི་ཡོད་པ་བདེན་པ་དེ་བཤད་ཀྱི་ཡིན། སྤྱི་བཏང་ང་རང་ཉོན་མོངས་མ་སྤངས་པའི་སོ་སོ་སྐྱེ་བོ་དང་བུའི་ལུས་རྟེན་ཐོབ་པ་ཞིག་ཡིན་སྟབས། བུ་མོ་གཟུགས་བྱད་སྙིང་རྗེ་བོ་དང་གཤིས་སྤྱོད་བཟང་པོ་རྣམས་ལ་དགའི་ཡོད། ལྷག་པར་ངས་ཁྱོད་རང་ལ་ཨ་མ་དང་གྲོགས་མོ་དང་སྲིང་མོ་ཚང་མ་གཅིག་ལ་འདུས་བསྡད་པ་འདྲ་བོ་ཞིག་ཏུ་མཐོང་གི་ཡོད་པ་རེད། ཡིན་ནའང་དེ་འདྲ་མཐོང་དགོས་པའི་རྒྱུ་མཚན་ག་རེ་ཡིན་ང་རང་གིས་ཀྱང་ཤེས་ཀྱི་མི་འདུག །མཐོ་སྟངས་དེ་འདྲ་ཞིག་ཡོད་པ་ལ་བརྟེན་ནས་ངས་ཁྱོད་རང་ལ་ཕྲུག་གུ་གཅེས་ལད་དུ་སོང་བས་ཕ་མར་བྱས་པ་ནང་བཞིན་བྱེད་འདོད་ཀྱི་འདུག །ངས་དེ་འདྲ་བྱེད་འདོད་ས་དེ་ས་ཡི་སྟེང་ན་ཁྱོད་རང་གཅིག་པུ་རེད། མཚམས་མཚམས་དོན་དག་གང་ཡང་མེད་ནའང་ངས་ཁྱོད་རང་ལ་བཟང་ངན་འདྲ་མི་འདྲ་ལབ་ཀྱི་ཡོད། མཚམས་མཚམས་ངས་ཁྱོད་རང་སེམས་པ་སྐྱིད་པོ་བྱས་བསྡད་ཡོད་པ་མཐོང་དུས། དང་པོ་ང་རང་ལ་འདི་དགོས་སྙམ་པ་གང་ཡང་མེད་ནའང་ངས་དེ་རིང་མོ་རང་ལ་རོགས་པ་ག་རེ་གྱིས་ལབ་དགོས་འདུག་ཅེས་བསམ་མནོ་གཏོང་གི་ཡོད། མཚམས་མཚམས་ང་རང་ལ་འདྲ་མི་འདྲ་དགོས་དུས། འོ་འདི་དག་ངས་མོ་རང་ལ་ལབ་དགོས་རེད་བསམ་ནས་ང་ཁྱོད་རང་སར་འགྲོ་བ་ན་ཁྱོད་རང་ལ་རོགས་པ་འདྲ་མིན་ཡོད་པ་དང་། ཁྱོད་རང་སེམས་པ་སྐྱིད་པོ་མེད་པ་མཐོང་བ་ན་ངས་གང་ཡང་མི་ལབ་པར་ལོག་འགྲོ་གི་ཡོད། ང་རང་གཉིས་ལོ་ན་ང་ཆེ་བ་ཡིན་ནའང་ང་རང་ཆུང་ཆུང་རེ་བཅའ་མཁན་དང་། ཁྱོད་རང་ཆེན་པོ་རེ་བཅའ་ས་དང་། ང་རང་ལ་རོགས་པ་བྱེད་མཁན་ཡོད་ན་མེད་ན་དེ་ཁྱོད་རང་ཡིན་པའི་ཚོར་སྣང་རྟག་པར་ཡོང་གི་འདུག །དེར་བརྟེན་ངས་ག་དུས་ཡིན་ནའང་ཁྱོད་རང་ལ་དགའ་ཞེན་བྱས་ནས་ང་རང་ལ་མཁོ་དགོས་བྱུང་ཚད་ལབ་ཀྱི་ཡོད། གལ་སྲིད་རེ་བ་བྱས་པ་མ་གྲུབ་པ་ཡིན་ནའང་མོ་རང་སྟབས་བདེ་མ་བྱུང་བ་ལས་ང་ལ་མ་བྱས་པ་མ་རེད་སྙམ་པའི་ཡིད་ཆེས་ཀྱིས་སེམས་པ་གཏན་ནས་སྐྱོའི་མི་འདུག །ཁྱོད་རང་གིས་ང་ལ་ག་འདྲའི་རླུང་ཆེན་པོ་བསྟན་པ་ཡིན་ནའང་སྙིང་རྗེ་མོ་རང་ན་ཚ་ལ་སོགས་པའི་རྐྱེན་གྱིས་འདི་འདྲ་ཆགས་པ་རེད་མ་གཏོགས་གཤིས་སྤྱོད་དག་དཔེ་ཡག་པོ་ཡོད་པ་རེད་དྲན་ནས་ཁོང་ཁྲོ་ཁྱོན་ནས་ལང་གི་མི་འདུག །ཡིན་ནའང་མཚམས་མཚམས་ཁྱོད་རང་གིས་མ་བྱས་མ་བལྟས་མ་འཇོན་མང་པོ་ལབ་ཀྱི་ཡོད། དེ་ནི་ང་རང་གི་གཤིས་ཀ་ལ་མི་ཚང་མ་ལ་ཆིག་ལབ་འདུག་དགོས་པ་ཞིག་ཡོད། ལྷག་པར་རོགས་པའི་མཉམ་དུ་སྐད་ཆ་མང་པོ་བཤད་དུས་སྐབས་ཤིག་དེ་འདྲ་ཞིག་ལ་རང་བཞིན་གྱིས་སླེབ་འགྲོའི་འདུག །འདི་ཚོ་དངོས་གནས་སྐད་ཆ་བདེན་པ་ཡིན། མངོན་ཤེས་ཡོད་པའི་གང་ཟག་ཅིག་གི་མདུན་དུ་བཤད་ནའང་ང་ངོ་ཚ་ས་མེད། ངས་ཁྱོད་རང་ལ་སེམས་ཅན་གཞན་སུ་གཅིག་དང་མི་འདྲ་བའི་མཐོང་ཚུལ་ཁྱད་མཚར་ཡོད་པ་འདིས་མཚམས་མཚམས་ང་རང་ཡང་ཧ་ལས་ཀྱི་འདུག །
ཆོ་མེད་རྒྱུའི་ཡིག་ཉོག་འདི་འདྲ་རྗེས་ནས་མ་བཀོད་རོག་ཞེས་རེ་བསྐུལ་ཞུ་གི་ཡོད།
རྩོམ་སྒྲིགས་པ་ལ།
ཟླ་ཀླུང་གི་ལེའུ་གསུམ་པའི་ནང་འཇིག་རྟེན་གྱི་བྲོ་བ་ངོ་མ་མྱོང་སྟངས་དེ་གསལ་བཤད་གནང་རྒྱའི་རེ་བ་ཡོད།
ཁ་སང་གི་འབྲེལ་སྒྲའི་འཁྲུག་པ་དེ་འདི་ནས་རོ་ལངས་མི་རྒྱག་པའི་རེ་བ་ཡོད།
ངའི་ཁྱོད་ལ་མཐོང་སྟངས།