གཞུང་པ་ཚེ་དབང་བསོད་ནམས།
སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་བཅའ་ཁྲིམས་དོན་ཚན་གསུམ་པ་ལ་བསྐྱར་བཅོས་གནང་ནས་མང་གཙོའི་གཞུང་ལུགས་སམ་མང་གཙོའི་ལྟ་གྲུབ་།༼ Democracy Theory ༽ དང་མཐུན་པའི་ཁྲིམས་མཐུན་གྱིས་ཐ་སྙད་། ༼ ཡུལ་མིའི་རྒྱལ་ཁབ་། Republic ༽ ༼ དེ་ཡུལ་མིའི་སྲིད་སྐྱོང་། ༽ ལ་བསྐྱར་བཅོས་གནང་འདུག་པ་ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་དེ་མང་གཙོའི་གཞུང་ལུགས་སམ་མང་གཙོའི་ལྟ་གྲུབ་། ༼ Democracy Theory ༽ དང་མཐུན་མིན་ཐེ་ཚོམ་ཆེན་པོའི་ནང་ལྷག་པ་ནས་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་གང་ཟག་སྒེར་གྱི་བསམ་ཚུལ་འདིར་གསལ་སྟོན་བྱ་འདོད་བྱུང་།
ཡུལ་མིའི་རྒྱལ་ཁབ་གྱི་གོ་དོན་ནི་རྒྱལ་ཁབ་ཀྱིས་དབུ་ཁྲིད་དང་སྲིད་གཞུང་གི་འགོ་ཁྲིད་དེ་གཉིས་མི་མང་གིས་འདམས་པའི་མི་ཞིག་དགོས་པ་ལྟར་།༼Republic means Head of Nation and Head of State is elected by people is called Republic༽༼ཡུལ་མིའི་སྲིད་སྐྱོང་།No meaning in Democracy Theory༽མང་གཙོ་ཟེར་བའི་ཆབ་སྲིད་ཀྱི་ལམ་ལུགས་དེ་ཐོག་མ་ནུབ་ཕྱོགས་རྒྱལ་ཁབ་གྷི་རིས་སི་། ༼ GREECE ༽ ཟེར་བའི་ལུང་པ་དེའི་ནང་བརྒྱ་ཕྲག་དྲུག་པའི་ནང་དར་བ་ནས་རིམ་པས་འཛམ་གླིང་གི་ལུང་པ་མང་པོའི་ནང་དར་ཁྱབ་ཏུ་ཕྱིན་ནས་དེང་སྐབས་འཛམ་གླིང་གི་ཤར་ནུབ་ལུང་པ་མང་ཆེ་བ་མང་གཙོའོ་ལམ་ལུགས་ནང་འགྲོ་བཞིན་པ་དང་། མང་གཙོ་དེ་ཡང་གྲོས་ཚོགས་ལམ་ལུགས་། ༼ Parliamentary System ༽ དང་སྲིད་འཛིན་ལམ་ལུགས་། ༼ Presidential System ༽ བཅས་ལམ་ལུགས་གཉིས་ཡོད་པ་ནས་ང་ཚོའི་མང་གཙོའི་ལམ་ལུགས་དེ་གྲོས་ཚོགས་ལམ་ལུགས་། ༼ Parliamentary System ༽ ཡིན་པ་དང་། མང་གཙོའི་གཞུང་འཛིན་སྐྱོང་བྱ་རྒྱུའི་ལམ་ལུགས་གཉིས་ཡོད་པ་ནས་མང་གཙོ་གཅིག་སྒྲིལ་། ༼ Unitary ༽ དང་མང་གཙོ་མཉམ་འབྲེལ་། ༼ Federation ༽ བཅས་ལམ་ལུགས་འདི་གཉིས་ཀྱིས་འོག་ནས་གཞུང་འཛིན་སྐྱོང་དགོས་པ་ནས་ང་ཚོའི་ལམ་ལུགས་དེ་མང་གཙོ་མཉམ་འབྲེལ་། ༼ Federation ༽ ཡིན་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གསུམ་པ་། ཆབ་སྲིད་ཀྱི་རང་བཞིན་། ཟེར་བའི་ནང་། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང་། སྤྱི་ཚོགས་བདེ་དོན་། ཆོས་སྲིད་ཟུང་འབྲེལ་། མང་གཙོ་མཉམ་འབྲེལ་། ཡུལ་མིའི་རྒྱལ་ཁབ་ཞིག་བྱ་རྒྱུ་ཡིན་གཤིས་། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང་། གཤམ་འཁོད་ལེའུ་བཅུ་གཅིག་པའི་དོ་ཚན་ཁག་གཞིར་བཟུང་མ་གཏོགས་བཅའ་ཁྲིམས་འདི་ལ་བསྒྱུར་བཀོད་གཏོང་རྒྱུ་མིན་། ཅེས་གསལ་འདུག་ན་། སྤྱི་འཐུས་སྐབས་བཅོ་ལྔའི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ནས་མང་གཙོ་སྤྱིའི་གཞུང་ལུགས་སམ་ལྟ་གྲུབ་དང་མཐུན་པའི་ཁྲིམས་མཐུན་གྱིས་ཐ་སྙད་ཡུལ་མིའི་རྒྱལ་ཁབ་། ༼ Republic ༽ དེ་ཡུལ་མིའི་སྲིད་སྐྱོང་ལ་བསྐྱར་བཅོས་གནང་བ་ནས་ང་ཚོའི་མང་གཙོ་དེ་མང་གཙོ་སྤྱིའི་གཞུང་ལུགས་སམ་ལྟ་གྲུབ་དང་མ་མཐུན་པ་ནས་ང་ཚོ་སླར་ཡང་གངས་རིའི་ཁོད་དུ་དེ་སྔོན་ནང་བཞིན་འཛམ་གླིང་དང་ཁ་བྲལ་ནས་ཟུར་འཚོ་བྱ་འདོད་པ་མ་རེད་དམ་། བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་མང་གཙོ་མཉམ་འབྲེལ་། ༼ Federation ༽ བྱ་རྒྱུ་བཤད་ནས་མང་གཙོ་མཉམ་འབྲེལ་གྱི་གོ་དོན་ཡང་དབང་ཆ་ཚང་མ་དབུས་ནས་མ་ཉར་པ་དབང་ཆ་ཆ་བགོས་༼Decentralize༽བྱས་ནས་ས་གནས་མངའ་སྡེ་སོ་སོ་ནས་རྒྱལ་སྲུང་བདེ་འཇགས་༼Defense༽དང་ཕྱི་འབྲེལ་༼External༽གཉིས་མ་གཏོགས་གཞན་དབང་ཆ་ཚང་མ་ས་གནས་མངའ་སྡེ་རང་གི་ལག་ཏུ་ཡོད་པའི་ལམ་ལུགས་དེ་ལ་མང་གཙོ་མཉམ་འབྲེལ་། ༼ Federation ༽ ཟེར་བ་ནས་ང་ཚོའི་བཅའ་ཁྲིམས་ལེའུ་བདུན་པ་། བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས་། དོན་ཚན་དོན་གཅིག་པ་ནས་དོན་ཚན་གོ་ལྔ་བར་ས་གནས་ཀྱིས་ལས་དོན་དང་འབྲེལ་བའི་མང་གཙོ་མཉམ་འབྲེལ་། ༼ Federation ༽ གྱི་ཆ་རྐྱེན་ཡང་དེ་ཡིན་པ་དང་།
བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་རིམ་བཞིན་པར་ཐེངས་དྲུག་པ་། སྤྱི་ལོ་ ༢༠༡༩ འཁོད་པའི་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་མང་གཙོ་ལས་༼མང་གཙོ་མཉམ་འབྲེལ་༽འཁོད་མི་འདུག་ན་པར་སྤྲུན་སྐབས་ཆད་ལྷག་ཤོར་བ་ཡིན་དང་བསྐྱར་བཅོས་གནང་བ་ཡིན་གསལ་པོ་ཤེས་མ་སོང་ན་པར་སྐྲུན་སྐབས་ཆད་ལྷག་ཤོར་བ་ཡིན་ན་པར་ཐེངས་དྲུག་པ་ལ་བཅའ་ཁྲིམས་དེབ་གྲངས་ ༢༥༠༠/ པར་བཏབ་འདུག་པ་དེ་དག་ཚང་མ་ལ་བཟོ་བཅོས་དགོས་པ་དང་། གལ་སྲིད་པར་སྐྲུན་སྐབས་ཆད་ལྷག་ཤོར་བ་མ་ཡིན་པ་བསྐྱར་བཅོས་གནང་བ་ཡིན་བཅའ་ཁྲིམས་ལེའུ་བདུན་པ་ཆ་ཚང་ལ་རང་བཞིན་གྱིས་འགྱུར་བ་འགྲོ་དགོས་པ་ནི་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་མང་གཙོ་ལས་མང་གཙོ་མཉམ་འབྲེལ་། ༼ Federation ༽ གསལ་མེད་པ་ནས་མང་གཙོའི་གཞུང་ལུགས་སམ་ལྟ་གྲུབ་། ༼ Democracy Theory ༽ དང་ཕྱོགས་མཐུན་བྱུང་མེད་པ་དང་།
སྤྱི་ལོ་ ༡༩༦༣ལོར་༧གོང་ས་མཆོག་ནས་གསལ་བསྒྲགས་གནང་བའི་མ་འོངས་བོད་ཀྱིས་རྩ་ཁྲིམས་ཀྱི་དོན་ཚན་གསུམ་པ་། ཆབ་སྲིད་ཀྱི་རང་བཞིན་ཟེར་བའི་ནང་མང་གཙོ་གཅིག་སྒྲིལ་བྱ་རྒྱུ་འཁོད་ཡོད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོ་མཉམ་འབྲེལ་བྱ་རྒྱུ་གསལ་ཡོད་པ་དང་། མང་ཙོ་གཅིག་སྒྲིལ་གྱི་གཞུང་། ༼ Unitary Government ༽ དང་མང་གཙོ་མཉམ་འབྲེལ་གྱི་གཞུང་། ༼ Federation Government ༽ བཅས་ལམ་ལུགས་གཉིས་ཡོད་པ་ནས་ཨ་རི་ལྟབུ་མང་གཙོ་གཅིག་སྒྲིལ་གྱི་གཞུང་། ༼ Unitary Government ༽ དང་རྒྱ་གར་ལྟབུ་མང་གཙོ་མཉམ་འབྲེལ་གྱི་གཞུང་། ༼ Federation Government ༽ བཅས་ང་ཚོའི་མང་གཙོའི་ལམ་ལུགས་དེ་ཆབ་སྲིད་ཀྱི་ཁྲབ་སྟོན་ཙམ་མིན་པ་དོན་དངོས་བོད་མི་མང་ལ་ཁ་ཡོད་ལག་ཡོད་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་འོག་འཚོ་ཐུབ་པའི་ཆེད་དུ་༧ གོང་ས་མཆོག་ནས་སྐུ་ལས་མང་པོ་སྐྱོན་ནས་བོད་མི་རིགས་ལ་ལེགས་སྐྱེས་སུ་གནང་བའི་མང་གཙོའི་སྒྲིག་འཛུགས་འདི་རྒྱལ་སྤྱིའི་མང་གཙོའི་གཞུང་ལུགས་སམ་ལྟ་གྲུབ་དང་མཐུན་པ་ཞིག་དགོས་པ་ལས་ཕྲུ་གུའི་རྩེད་ཆས་ལྟབུ་མར་བཏོན་ཡར་བཅུག་དུས་ནམ་ཡང་བྱ་མི་ཉན་པའི་ཁ་བརྡ་སློབ་གསོ་ཞུ་འདོད་བྱུང་།
གཞུང་པས་།
༢༠༢༣/༦/༡༧