འཇིགས་མེད་རྡོ་རྗེ།
འཛིན་གྲྭ་དང་པོའི་ཀློག་སྒྲུང་། སློབ་ཚན་བརྒྱད་པ།
ན་ནིང་ཕྱི་ཟླ་བདུན་པའི་ནང་ང་དང་ཨ་མ་གཉིས་གུང་གསེང་ལ་ཕྱིན་པ་ཡིན། བདུན་ཕྲག་གཉིས་ཀྱི་སྔོན་ནས་གྲ་སྒྲིག་བྱས། ཚོང་ཁང་ཆེན་པོ་ཞིག་ནས་ངེད་གཉིས་ལ་མཁོ་བའི་ཅ་ལག་ཚང་མ་ཉོས།ངས་ཨ་མ་ལགས་ལ། ངེད་གཉིས་གནམ་གྲུར་བསྡད་དེ་འགྲོ་ཨ་ལབ་པར། ཨ་མ་ལགས་ཀྱིས།གཅེས་ཕྲུག གནམ་གྲུར་སྡོད་དགོས་མ་རེད། ཐག་ཉེ་བོ་ཡིན་སྟབས། གནམ་གྲུར་སྡོད་པ་ལས་མེ་འཁོར་ལ་བསྡད་ན་སྟབས་བདེ་བོ་ཡོད། གནམ་ཐང་གི་འགོག་སྒོ་ནས་ཞིབ་བཤེར་བྱ་དགོས་པ་དང་། ཆུ་ཚོད་གཉིས་ཙམ་སྔོན་ནས་བང་སྒྲིག་དགོས་སྟབས། དེ་ལས་མེ་འཁོར་ལ་བསྡད་ན་ལེགས། ཞེས་ཟེར། ངས་ཀྱང་ཨ་མས་བཤད་པར་མོས་མཐུན་བྱས་པ་ཡིན། བདུན་པའི་ཚེས་གཅིག་གི་ཞོགས་པ་སྔ་བོ་ལངས་ནས་སོ་དང་གདོང་པ་གཙང་མར་བཀྲུས་རྗེས། ང་ཚོའི་ནང་མི་མཉམ་འཛོམས་ཀྱིས་ཞོགས་ཟལ་ལ་རོལ། པ་ལགས་ཀྱིས་ང་ལ། ལམ་ཁ་ནས་གཟབ་གཟབ་བྱོས། ཨ་མ་ལགས་ཀྱི་ཁ་ལ་ཉོན་ཨ་ཟེར་བས། ངས་ལགས་སོ་ཞུས་པ་ཡིན།
ངེད་གཉིས་ལ་ཅ་ལག་མང་པོ་མེད། རྒྱབ་ཁུང་ཆེ་ཆུང་གཉིས་མ་གཏོགས་མེད། ཆུང་བ་དེ་ངས་འཁུར་ཞིང་ཆེ་བ་དེ་ཨ་མ་ལགས་ཀྱིས་འཁུར་ནས། ང་ཚོའི་ཉེ་འཁྲིས་ཀྱི་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ལ་ཕྱིན། ཅུང་ཙམ་ནས་སྤྱི་སྤྱོད་རླངས་འཁོར་ཀྱང་སླེབས་བྱུང་། ང་ཡར་འཛུལ་སྐབས། གཟུགས་སྟོབས་ཆེ་བའི་ཁ་ལོ་བ་དེས་འཛུམ་ཞིག་སྟོན་བཞིན་ཞོགས་པ་བདེ་ལེགས། ཞེས་འཚམ་འདྲི་བྱས་བྱུང་། ངས་ཀྱང་ལན་དུ་ཞོགས་པ་བདེ་ལེགས། ཞུས་པ་ཡིན། སྲང་ལམ་ཀྱ་ཀྱོག་མང་པོ་ཞིག་སྐོར་རྗེས། མེ་འཁོར་འབབ་ཚུགས་ཀྱི་ཐང་ལ་སླེབས་སོང་།
མི་ཚོགས་ཧ་ཅང་ཆེ་ལ་ཚང་མ་བྲེལ་བ་ཟིང་ཟིང་རེད། མེ་འཁོར་ལ་འདུག་མཁན་ཧ་ཅང་མང་། ཅུང་ཟད་ནས་མེ་འཁོར་ག་ལེར་འགྲོ་མགོ་བཙུགས། ངེད་གཉིས་འདུག་སའི་འཁྲིས་ན་ལོ་ན་ལྔ་བཅུ་ཙམ་གྱི་ཨ་ཁུ་ཞིག་འདུག ཁོང་གིས་འཛུམ་མདངས་དང་བཅས་སྐད་ཆ་བཤད་བྱུང་། ངེད་གཉིས་ཁ་བརྡ་མང་པོ་བྱས་ཡིན། ཁོང་སྨན་པ་ཞིག་རེད། སྨན་ཁང་ཆེན་པོ་ཞིག་ཏུ་ཕྱག་ལས་གནང་གི་འདུག ཁོང་གིས་ནད་པ་མང་པོར་སྨན་བཅོས་བྱས་འདུག ང་ཡང་རྗེས་མ་སྨན་པ་བྱེད་རྒྱུ་ཡིན།
འཛིན་གྲྭ་དང་པོའི་ཀློག་སྒྲུང་། སློབ་ཚན་བརྒྱད་པ།
སྦྲག་ཁང་ཟེར་ན་ཡི་གེ་དང་ཅ་ལག་སྐུར་ས་རེད། ཡི་གེ་སྐྱེལ་མཁན་ལ་སྦྲག་པ་ཟེར།
སྨན་ཁང་ཟེར་ན་ནད་པ་འདུག་ས་རེད། སྨན་པས་ནད་པར་སྨན་བཅོས་བྱེད་པ་དང། སྨན་ཞབས་པས་ནད་པར་རོགས་པ་བྱེད་པ་རེད།
སློབ་གྲྭ་ཟེར་ན་ཡི་གེ་སྦྱོང་ས་རེད། དགེ་རྒན་གྱིས་ཡི་གེ་སློབ་པ་དང་། སློབ་མ་ཚོས་ཡི་གེ་སྦྱོང་དགོས་རེད། ང་སློབ་མ་ཡག་པོ་ཞིག་ཡིན། ངས་ནང་སྦྱོང་རྟག་པར་འབྲི་བཞིན་ཡོད།
བཟོ་གྲྭ་ཟེར་ན་ཅ་ལག་བཟོ་ས་རེད། བཟོ་གྲྭ་རུ་བཟོ་པ་མང་པོས་ལས་ཀ་བྱེད་བཞིན་ཡོད། ངའི་ཨ་ཕ་ཡང་བཟོ་པ་ཞིག་ཡིན།
དགོན་པ་ཟེར་ན་གྲྭ་པ་སྡོད་ས་རེད། བོད་ལ་དགོན་པ་མང་པོ་ཡོད། གྲྭ་པ་ཚོས་དགོན་པ་རུ་ཆོས་སྦྱོང་གི་ཡོད།
གནམ་ཐང་ནི་གནམ་གྲུ་འབབ་ས་རེད། གནམ་ཐང་ན་གནམ་གྲུ་མང་པོ་ཡོད། གནམ་གྲུ་གནམ་ལ་འཕུར་ཐུབ། འགྲུལ་བ་ཚོ་གནམ་གྲུའི་ནང་བསྡད་དེ་ས་ཐག་རིང་བོར་གུང་གསེང་ལ་འགྲོ་བཞིན་ཡོད།
ཚོང་ཁང་ནི་ཅ་ལག་དང་ཟ་མ་བཙོང་ས་རེད། ཚོང་ཁང་རིགས་མང་པོ་ཡོད། ཁྱོད་ལ་རྩེད་ཆས་དང་ཡང་ན། འཁྱག་པ་མངར་མོ་དགོས་ན། ཁྱོད་ཀྱིས་དངུལ་སྤྲད་ནས་ཚོང་པའི་ལག་ནས་ཉོ་དགོས།
འགྲུལ་འཁོར་འབབ་ཚུགས་ནི་སྤྱི་སྤྱོད་རླངས་འཁོར་ལ་སྒུག་ས་རེད། དེ་ལ་སྤྱི་སྤྱོད་རླངས་འཁོར་བཀག་གི་རེད། ཁ་ལོ་བ་ཡག་པོ་ཡོད་ན། དུས་ཚོད་ཏག་ཏག་ལ་སླེབས་ཀྱི་རེད།
མེ་འཁོར་འབབ་ཚུགས་ནི་མེ་འཁོར་ནང་ལ་འཛུལ་ས་རེད། ལྕགས་ལམ་རིང་པོའི་ཐོག་ན་མེ་འཁོར་མང་པོ་ཡོད། མེ་འཁོར་ཧ་ཅང་མགྱོགས་པོ་ཡོད། མེ་འཁོར་ནི་ཐག་རིང་པོར་འགྲོ མེ་འཁོར་ལ་སྡོད་སའི་ཁང་མིག་བསྟར་ཕྲེང་མང་པོ་ཡོད། མེ་འཁོར་རིང་པོ་ཡོད།
ཡིག་སྐྱོན་དང་། ཕྲད་སྦྱོར་སྟངས། དུས་གསུམ་གྱི་དབང་གིས་བྱ་ཚིག་བཀོལ་སྤྱོད་བྱེད་སྟངས་སོགས་ཁ་ཁེར་མ་གཏོགས། གོ་བདེ་ཞིང་ཚིག་སྦྱོར་ལེགས་པོ་ཞིག་འདུག