གཞུང་པ་ཚེ་དབང་བསོད་ནམས།
སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་འདི་ཚེས་བཅུ་དགུ་ཉིན་དབུ་འཛུགས་གནང་ནས་ཚོགས་དུས་འདིར་འཛིན་སྐྱོང་གིས་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་དང་གཞན་ཡང་ལས་རིམ་ཁག་བཅས་ཉིན་དང་པོར་གདུང་སེམས་མཉམ་སྐྱེད་ཐོག་བགྲོ་གླེང་འགྲོ་བའི་སྐབས་སྤྱི་འཐུས་གཅིག་ནས་གྲོས་ཚོགས་ཀྱིས་ལས་རིམ་དང་འབྲེལ་བ་མེད་པའི་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལ་གཞི་མེད་སྐྱོན་འཛུགས་གཏམ་བཤད་སྤེལ་སྐབས་ཚོགས་གཙོའི་བཏང་འཛིན་མ་གནང་བ་ནས་སྤྱི་འཐུས་གཞན་ཞིག་ནས་ལས་རིམ་རྣམ་བཞག་ལ་འགན་འཁུར་ནས་སྤྱི་འཐུས་དེ་ལ་རྒྱ་མིའི་སོ་པ་འཁྲིད་ནས་ཀ་རྡོར་གང་གསུམ་ལ་འགྲོ་མཁན་དེ་ཁྱོད་མིན་ན་སུ་རེད་ཟེར་བ་ནས་སྤྱི་འཐུས་གཉིས་བར་གཅིག་གི་གཅིག་ལ་ཚིིག་ངན་བེད་སྤྱོད་འོག་ནས་གྲོས་ཚོགས་ལས་རིམ་དེ་སྤྱི་འཐུས་སྒེར་གྱི་ཆབ་སྲིད་འཐབ་རྩོད་ལ་ཁ་ཕྱོགས་ནས་སྤྱི་འཐུས་ནང་ཁུལ་ཕྱོགས་གཏོགས་ལ་འགན་འཁུར་ནས་བདེ་སྲུང་ལས་ཁུང་མར་དྲུད་ནས་འདི་ཚེས་༢༣ ནས་གྲོས་ཚོགས་ཚོགས་མ་ཐུབ་པ་ནི་འདས་པའི་མི་ལོ་དྲུག་བཅུ་ལྷག་ཙམ་རིང་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་པ་མ་ཟད་མཐའ་མ་གྲོས་ཚོགས་འཇུག་བསྡུ་མ་ཐུབ་ནས་ཚོགས་དྲུང་ཡིག་ཚང་ནས་བཅའ་ཁྲིམས་དོན་ཚན་བཞི་དགུ་པའི་ནང་གསེས་གཉིས་པའི་འོག་ཉུང་མཐའི་གྲངས་ཚད་མ་ལོངས་པར་ངོས་འཛིན་གནང་ནས་དུས་ཚོད་ངེས་མེད་བར་གྲོས་ཚོགས་གྲོལ་བརྡ་བཏང་འདུག་པ་དེ་ཡང་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན་ཐེ་ཚོམས་ནང་ལྷག་པ་ནི་གྲོས་ཚོགས་ཚོགས་བཞིན་པའི་སྐབས་ཆོས་ལུགས་དང་མདོ་སྟོད་སྤྱི་འཐུས་བཅས་གྲོས་ཚོགས་ལས་རིམ་ལ་མཉམ་ཞུགས་མ་གནང་བ་ནས་གྲོས་ཚོགས་ཀྱི་ལས་རིམ་མུ་མཐུད་ནས་འགྲོ་མ་ཐུབ་པ་ནི་གཉེན་བྱམས་པས་མཐོང་ན་ངུ་བྲོ། དྭངས་དགྲ་བོའི་གོ་ན་ཡིད་འཚིམ་ཟེར་བ་ལྟར་མ་རེད་དམ། བཅའ་ཁྲིམས་དོན་ཚན་བཞི་དགུ་པའི་ནང་གསེས་གཉིས་པ་ནང་གསལ་བའི་ཉུང་མཐའི་གྲངས་ཚད་མ་ལོངས་པར་ངོས་འཛིན་ག་འདྲ་བྱས་ནས་གནང་བ་རེད་དེ་ཡང་བཅའ་ཁྲིམས་དང་མཐུན་པ་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་ཐུབ་མ་སོང་། གང་ལགས་ཞུས་ན་གྲོས་ཚོགས་ལས་རིམ་འགྲོ་བཞིན་པའི་སྐབས་འཐུས་མི་ཉི་ཤུ་ལྷག་ཙམ་ནས་གྲོས་ཚོགས་ལས་རིམ་ལ་མཉམ་ཞུགས་མ་གནང་བ་དེ་བཅའ་སྒྲིག་གཉིས་དང་འབྲེལ་མེད་གནད་དོན་ཞིག་གྲོས་ཚོགས་ལས་རིམ་ནང་བློ་བུར་དུ་སླེབས་པ་ནས་བཅའ་ཁྲིམས་དོན་ཚན་བཞི་དགུའི་ནང་གསེས་གཉིས་པ་དང་རྩ་བ་ནས་འབྲེལ་བ་མེད་པ་ནས་ཐབས་ལམ་གཞན་པ་བརྒྱུད་ནས་གྲོས་ཚོགས་འཇུག་བསྡུ་དགོས་པའི་ཐབས་ལམ་མ་རྩལ་ནས་བཅའ་ཁྲིམས་དོན་ཚན་བཞི་དགུའི་ནང་གསེས་གཉིས་པ་ལ་འགན་བཀུར་ནས་གྲོས་ཚོགས་འཇུག་བསྡུ་རྒྱུ་དེ་ཁྲིམས་མཐུན་ལ་ནམ་ཡང་ངོས་འཛིན་ཞུ་ཐུབ་མ་སོང་།
ཚོགས་གཙོ་གཉིས་ནས་གྲོས་ཚོགས་མུ་མཐུད་ནས་ཚོགས་ཐབས་དང་མི་མང་གི་ཞུ་འབོད་ལས་འགུལ་བསྐོར་སོགས་གོ་བསྡུར་ཆེད་ཞུགས་མོལ་ཚོགས་འདུ་བསྐོང་ཀྱང་དབུས་གཙང་དང་མདོ་སྨད་ཡུ་རོབ་སྤྱི་འཐུས་སོགས་མཉམ་ཞུགས་མ་གནང་བ་ནས་ཞུགས་མོལ་ཚོགས་འདུ་ཡང་ཚོགས་མ་ཐུབ་པའི་གནས་སྟངས་ལ་བལྟ་སྐབས་ད་ལྟའི་སྤྱི་འཐུས་སྐབས་བཅུ་བདུན་པ་འདི་ཕྱོགས་གཏོགས་ལ་འགན་འཁུར་ནས་ནང་འཁྲུགས་ལ་དུས་ཚོད་བཏང་ནས་ཤོག་ཁག་ཅིག་ཡོང་ན་ཤོག་ཁག་གཞན་མ་ཡོང་བའི་བྱེད་བབས་འདིའི་འོས་འཕེན་རྒྱ་ཆེ་མི་མང་གི་མངོན་འདོད་ནམ་ཡང་འགྲུབ་མི་ཐུབ་པ་གསལ་པོ་ཆགས་པ་ནས་སྐབས་བཅུ་བདུན་གྱི་སྤྱི་འཐུས་བཞི་བཅུ་ཞེ་ལྔ་ཆ་ཚང་བཟང་སྤྱོད་ལ་འགན་འཁུར་ནས་རྩ་དགོང་ཞུ་དགོས་པ་ནི་ཁྱེད་རྣམ་པས་གྲོས་ཚོགས་ཀྱི་ལས་རིམ་ནང་མཉམ་ལས་དང་མཐུན་འབྲེལ་ནམ་ཡང་གནང་མི་ཐུབ་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་ལས་མ་འདས་ན་དགྲ་དགའ་གཉེན་སྡུག་ལ་འགན་འཁུར་མཁན་གྱི་མི་མང་གི་སྐུ་ཚབ་སྤྱི་འཐུས་དུས་ནམ་ཡང་བཙན་བྱོལ་བོད་མིའི་གྲོས་ཚོགས་འཐུས་མིའི་ནང་དགོས་གལ་མ་མཐོང་ངོ་། གཞུང་པས། ༢༠༢༣/༠༩/༣༠
གཞུང་པས། “སྤྱི་འཐུས་གཅིག་ནས་གྲོས་ཚོགས་ཀྱིས་ལས་རིམ་དང་འབྲེལ་བ་མེད་པའི་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལ་གཞི་མེད་སྐྱོན་འཛུགས་གཏམ་བཤད་སྤེལ་སྐབས་ཚོགས་གཙོའི་བཏང་འཛིན་མ་གནང་བ་ནས་” ཟེར་བའི་སྐད་ཆ་དེར། ཕལ་ཆེར་གཅིག་བྱས་ན་གཞུང་པའི་གོ་མེད་ཚོད། གཅིག་བྱས་ན་གོ་ནའང་མ་གོ་ཚུལ་གྱིས་རིན་པོ་ཆེས་མ་གསུང་བའི་རྣམ་པ་ཞིག་སྤྱི་ཚོགས་སུ་སྤེལ་ཐབས་བྱེད་བཞིན་པ་འདི་ཁོང་ཙམ་མ་ཡིན་པར། ཨ་རུ་ན་ཅལ་ལམ་འབོམ་ལར་གནས་བཞུགས་ཕ་ཆེར་འབའ་པའི་དགེ་བཤེས་ཤིག་ནས་དེའི་སྐོར་གླེང་ལྷོང་གནང་འདུག་པར་འདའ་གཅིག་གིས་མིག་འབེན་གཉིས་ཀྱི་ཚུལ་དུ་ཁོང་རྣམ་པ་གཉིས་ཀར་ཞུ་རྒྱུར། སྔར་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་གནང་སྐབས་སྤྱི་འཐུས་གྲོས་ཚོགས་སུ་གནང་བའི་བཀའ་སློབ་དུམ་བུ་ཞིག་གི་ནང་། མང་ཚོགས་ནས་སྤྱི་འཐུས་འདེམས་ཐོན་ཟིན་མཚམས་གྲོས་ཚོགས་ནང་ཆབ་སྲིད་དང་འབྲེལ་བའི་བཀའ་བསྡུར་དང་ཐག་ཆོད་རིགས་འདེམས་ཐོན་སྤྱི་འཐུས་དེ་ཉིད་ལ་ཡོད་པ་ལས་མང་ཚོགས་ལ་མེད་སྐོར་དང་། སྤྱི་འཐུས་གྲོས་ཚོགས་ནས་མང་མོས་སམ་སྤྱི་མོས་ཀྱིས་ཐག་ཆོད་གནང་བ་དེ་མཐའ་མའི་ཐག་ཆོད་ཡིན་སྐོར་དང་། མ་ཟད་གྲོས་ཚོགས་ལ་བཀའ་ཤག་འཕོ་འགྱུར་གཏང་ནའང་གཏོང་ཆོག་པའི་སྐུ་དབང་ཡོད་སྐོར་སོགས་གསུངས་པ་ད་ལྟའང་བརྙན་འཕྲིན་ཁག་ནང་མཇལ་ན་མཇལ་རྒྱུ་ཡོད་པ་དང་། དེ་རྗེས་ལོ་ཤས་སྔོན་ཁྲིམས་བཟོ་ཕྱིར་ཕུད་དང་འབྲེལ་བའི་སྐོར་རིན་པོ་ཆེ་ལ་བཀའ་འདྲི་ཞུས་སྐབས། དེ་ཕུད་ཆོག་པའི་སྐུ་དབང་གསལ་པོ་མེད་སྐོར་སོགས་མདོར་ན་དུས་ཀྱི་དགོས་དབང་དང་བསྟུན་ནས་གསུངས་པ་ཙམ་ལས་བཅའ་ཁྲིམས་ཀྱི་འབྲུ་དོན་ཇི་བཞིན་མ་གསུང་པ་མཐོང་བའི་ཆོད་ན། དེ་དག་ལ་གོང་གསལ་རྣམ་པ་གཉིས་གཙོས་དེ་དང་མཐུན་སྣང་གཅིག་གྱུར་བ་རྣམས་ནས་གཟུགས་མེད་གྲིབ་གཟུགས་སུ་བཤད་པར་བདེན་པ་ཇི་ཙམ་ཡོད་མེད་ཟུར་བལྟས་ལེབ་མཐོང་ལས་གསལ་ཁ་དགོས་པར་མ་མཐོང་།