སྨན་རམས་པ་བསྟན་འཛིན་ཆོས་སྒྲུ བ།
(འོག་གི་པར་རིས་འདིར་དགོས་ན་ལེ གས)
1.English term=Pancrease.
2.English meaning=The pancreas is an organ of the digestive system and endocrine system of vertebrates.
3.English source=wikipedia
4.རང་ལུགས་ཐ་སྙད་་་་་་་ཤ་ཤ་རྨེ ན་བུ།
5 ཐ་སྙད་འབྱུང་ཁུངས་བསྟན་པ།
མན་རྒྱུད་བྱང་ཁོག་རྨ་ལས་་བསམ་སེ ་རྩ་ཡི་མདུད་པ་ཤ་རྨེན་འདྲ།།ཞེས་ གསུངས་པ་དེ་ལ་མེས་ཞལ་བཤད་རྒྱུད་ གནས་ལུགས་ཤོག༡༥༦ཡིག༢༡ལས་་ཕོ་མོ་ གཉིས་ཀའི་ལྟེ་འོག་ཏུ་རྩ་གསུམ་ འདུས་མདོའི་རྩ་མདུད་ཤ་ཤ་རྨེན་བུ ་ལྟར་ཆགས་པ་ལ་བསམ་སེའུ་ཞེས་མིང་ གིས་བཏགས།། ཞེས་གསུངས་དང་གསོ་དཔྱད་རྒྱལ་པོ་ དཀོར་མཛོད་ཀྱི་ལེའུ༡(དཔེ་རིམ་མ) ཤོག༢༠ཡིག༥ལས་ཁ་ཅིག་ན་རེ་ཤ་ཤ་རྨེ ན་བུ་ཡིན་ཡང་ཟེེར།།ཞེས་དང་སོ་མ་ ར་ཛའི་འབྲས་དང་སུར་ཡ་མཚན་ཉིད་ལེ འུ་ཤོག༡༠༦ཡིག༡༠ལས་་རྩ་འབྲས་ཤ་ཤ་ རྨེན་བུ་འདྲ།།ཞེས་ཤ་ཤ་རྨེན་བུ་ ཟེར་བའི་ཐ་སྙད་འདི་མངོན།
ཤ་ཤ་རྨེན་བུ་འདི་Pancreaseའདོད་ མཁན་ནི་་
༡༽ཁྲོ་རུ་ཚེ་རྣམ་ལགས་ཀྱིས་དྲང་ སྲོང་ཞལ་ལུང་མན་རྒྱུད་མཆེར་ནད་ ལེའུར་ཁོངས་ཤ་ཤ་རྨེན་བུ་འདི་ pancreaseའདོད་ལུགས་ཁོང་གི་དངོ ས་སློབ་དགེ་དབྱངས་དགའ་ལགས་ནས་ གསུངས་ཤིང་འདོད་པའི་རྒྱུ་མཚན་ གང་ཡིན་མིན་ཁོང་གིས་བཀའ་དྲི་ གནང་འདུག་ཀྱང་ལན་གསལ་པོ་ཞིག་ གནང་མ་སོང་ཞེས་གསུངས་འབྱུང་།ཁྲོ ་རུ་ཚེ་རྣམ་ལགས་ཀྱིས་ཤ་ཤ་རྨེན་ བུའི་ནད་ལ་མཆེར་པ་ཁོངས་ཡིན་པས་ མཆེར་བཅོས་དགོས་ལུགས་གསུངས་འདུ ག།
༢༽དགེན་དབྱངས་དགའ་ཡང་ཤ་ཤ་རྨེན་ བུ་དེ་pancrease འདོད་པ།།
༢༽འབུམ་རམས་པ་བྱ་མདོ་ཀླུ་བྱམས་ རྒྱལ་ལགས་ཀྱིས་སྨན་དཔྱད་ཟླ་བའི་ རྒྱལ་པོ་ལས་གསུངས་པའི་ལུས་ཀྱི་ གནས་ལུགས་སྐོར་ལ་ཐོག་མར་དཔྱད་པ་ ཞེས་པའི་དཔྱད་རྩོམ་ནང་དུ་ཤ་ཤ་རྨེ ན་བུ་དེ་pancrease ཡིན་པ་འདོད་འདུག།ཁོང་ལའང་འབྲེལ་ བ་གནང་སྐབས་ཁོང་གིས་དགེན་ཁྲོ་རུ ་འདོད་ཚུལ་གསུངས་པ་ལས་འདོད་དགོ ས་པའི་རྒྱུ་མཚན་གསུངས་ཡ་མིན་འདུ ག།
༣༽འབུམ་རམས་པ་རྡོ་རྗེ་སྐྱབས་ ལགས་ཀྱིས་བོད་ལུགས་གསོ་རིག་གི་ དཔྱད་རྩོམ་གཅེས་བཏུས་ཀུནྡ་དགྱེ ས་པའི་ཟླ་ཟེར་ནང་དུ་བཀོད་འདུག། ཁོང་ལའང་འབྲེལ་བ་གནང་སྐབས་ཁོང་ གིས་དགེན་བྱ་མདོ་ཀླུ་འབྱམས་རྒྱ ལ་ལགས་ཀྱིས་འདོད་ཚུལ་གསུངས་པ་ ལས་འདོད་དགོས་པའི་རྒྱུ་མཚན་གསུ ངས་ཡ་མིན་འདུག།
༤༽ཝ་ར་ན་སིའི་སྨན་དགེ་རག་རྡོ་རི ན་པོ་ཆེའི་གསོ་རིག་དཔྱད་རྩོམ་ཐོ ར་བུ་ནང་གི་ལུས་ཀྱི་གནས་ལུགས་རི ག་པ་ཅུང་ཟད་བཤད་པ་དེ་ཁོ་ན་ཉིད་ སྣང་བ་ལས་ཀྱང་ཤ་ཤ་རྨེན་བུ་འདི་ pancreaseདུ་འདོད་འདུག།ཁོང་གི་ དངོས་སློབ་སྨན་དགེ་ཛམ་ཡུ་སྤེན་ པ་ལགས་བརྒྱུད་བཀའ་དྲི་གནང་སྐབས་ འདོད་དགོས་པའི་རྒྱུ་མཚན་གསུངས་ ཡ་མིན་འདུག།
རང་གི་འདོད་ཚུལ་བསྟན་པ།
གོང་གི་མཁས་པ་རྣམ་པས་འདོད་ཚུལ་ དེ་ལ་བརྟག་སྐབས་གུས་པ་ཡང་ pancrease ལ་ཤ་ཤ་རྨེན་བུ་འདོད་པ་ཡིན་ཏེ།། གོང་གསལ་མཁས་དབང་མགོན་པོ་སྐྱབས་ ལགས་ཀྱི་ཀུནྡ་དགྱེས་པའི་ཟླ་ཟེར་ ནང་གི་གྲུབ་པ་ལུས་ཀྱི་ཐུན་མོང་ མ་ཡིན་པའི་ཁྱད་ཆོས་དམ་འཛིན་བྱས་ ཏེ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོ ང་དགོས་པའི་སྐོར་ཕྲན་ཙམ་གླེང་བ་ ལས་་ཕོ་བའི་འོག་ཏུ་ཡོད་པའི་ཤ་རྨེ ན་དེར་ནུབ་ལུགས་གསོ་རིག་གིས་དབྱི ་ཞན་ཟེར་ཞིང་།།ཨ་མདོའི་ཡུལ་སྐད་ དུ་ཤ་རྨེན་དང་མངའ་རིས་ཡུལ་སྐད་ དུ་ཤ་ཤ་རྨེན་བུ་ཟེར།། ཞེས་གསུངས་པ་དང་དེ་བཞིན་ཕྱི་ལོ་ ༢༠༠༧ཟླ་བ༩ནང་ཡར་ཀླུངས་གསོ་རིག་ གི་བོད་ཕྱི་ཟུང་འབྲེལ་གྱིས་གཤེ ར་མ་ཞེས་པར་ཕྲན་ཙམ་གླེང་བ་མཐོང་ བ་དོན་ལྡན་ལས་་་དམངས་ཁྲོད་དུ་ཤ་ ཤ་རྨེན་རྨེན་ཟེར་བ་ཐ་སྙད་ཞིག་ བརྗོད་སྲོལ་ཡོད་པ།། ཞེས་བཀོད་འདུག།དེང་སྨན་གྱི་དོན་ སྣོད་གནས་ལུགས་ཀྱི་བྱེད་པོ( Father of modern anatomy) Dr.Herophilos ལགས་ནས་རོ་བཀྲ་གནང་དུས་ནང་ཁྲོལ་ དོན་སྣོད་ཚང་མར་ཕྲུམ་རུས་དང་ཆུ་ རྒྱུས་སོགས་ཡོད་ཀྱང་pancrease ཁོ་ན་ཤ་ཤ་རྐྱང་གིས་གྲུབ་པ་ཞིག་ ཡིན་སྟབས་Pancreaseཞེས་མིང་ བཏགས་འདུག།Pancreaseཟེར་བ་དེ་ནི ་གྷི་རིག་སྐད་དུ་Pan-kreasནས་ཟུ ར་ཆགས་ཤིང་དོན་དུ་All-flesh(ཤ་ ཤ་རྐྱང)ཟེར་བའི་དོན་ཡིན་པ་གང་ཞི ག་ལ་རྨེན་བུ་ཡང་ཡིན་པས་ན་ཤ་ཤ་རྨེ ན་བུ་ཞེས་འདོད་ཅེ་ན་མི་འགྲིག་པ་ མེད་སྙམ་མོ།།