བཞག་ལྡོམ་དར་རྒྱས།
༄༅་།། འགྲོ་བ་མིའི་སྤྱི་ཚོགས་ནི་ནམ་ཡང་འགྱུར་གྱིན་ཡོད་ལ་འགྱུར་བ་དེ་ཡང་སྐབས་རེ་སྡུག་ཕྱོགས་ནས་ཡག་ཕྱོགས་སུ་བསྒྱུར་དགོས་། དེ་ བསྒྱུར་པར་རྣམ་དཔྱོད་དང་ཤེས་ཡོན་གྱིས་ཕྱུག་པའི་གང་ཟག་ཁྱད་པར་བ་ཞིག་གིས་ སྤྱི་ཚོགས་ཀྱི་སྣེ་ཁྲིད་དགོས་བ་ནི་ལྡོག་ཏུ་མེད་པའི་ཆོས་ཉིན་ཅིག་ཡིན་། མང་ གཙོའི་སྤྱི་ཚོགས་སུ་མཚོན་ན་འབངས་མི་རེ་རེ་ཡི་རང་ཉིད་ཀྱིས་ཆབ་སྲིད་ཀྱི་ལྟ་ ཚུལ་དང་། སྤྱི་ཚོགས་ཀྱི་ལྟ་ཚུལ་། མི་ཚེའི་ལྟ་ཚུལ་སོགས་སུ་མཐུན་པའི་མི་ཞིག་ལ་འོས་འཕེན་གྱི་ཡོད་། གལ་ སྲིད་འོས་འཕེན་ཡུལ་མི་དེས་རང་ཉིད་ཀྱི་དམ་བཅའ་དང་འགལ་བའམ་ཡང་ན་འོས་འཕེན་མཁན་ གྱི་འབངས་མིའི་རེ་བ་དང་མི་མཐུན་པའི་ལས་བྱེད་ཚེ་འོས་འཕེན་མཁན་ཚོས་གསར་འགྱུར་ སོགས་རྒྱུད་ལམ་འདྲ་མིན་རྒྱུད་དེ་སྐྱོན་བརྗོད་སྣ་ཚོགས་བྱེད་ཀྱི་ཡོད་ལ་ཁྲོམ་ གཞུང་དུ་རྔམ་སྟོན་ཁྲོམ་བསྐོར་གྱང་བྱེད་ཀྱི་ཡོད་། དེ་དག་ནི་མང་གཙོ་སྤྱི་ཚོགས་ཀྱི་ཕྱོགས་ནས་གླེང་ན་མི་དམངས་ཀྱིས་འགན་འཁུར་ཞིང་ ཐོབ་ཐང་ལོངས་སུ་སྤྱོད་པའི་མཚོན་རྟགས་ཡིན་།
འོས་ འཕེན་སའི་མི་དེས་རང་ཉིད་འོས་འཕེན་ཡུལ་གཞན་ལས་རྒྱལ་ཆེད་སྤྱི་ཚོགས་སུ་ཐབས་ལམ་ འདྲ་མིན་རྒྱུད་དེ་རང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མ་འོངས་བའི་འཆར་གཞི་སོགས་ དྲིལ་སྒྲོག་ཤུགས་ཆེན་བྱེད་ཀྱི་ཡོད་། དཔེར་མཚོན་ཙམ་བཤད་ན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་འགྱུར་བ་ཞེས་པ་གཞིར་བཞག་སྟེ་རང་གི་ཆབ་སྲིད་ཀྱི་ལྟ་ཚུལ་དང་། འཇིག་རྟེན་ལྟ་ཚུལ་། ད་ དུང་སྤྱི་ཚོགས་ཀྱི་ལྟ་ཚུལ་སོགས་སྔ་མའི་སྲིད་འཛིན་བྷོ་ཤྰི་ཡིས་ཆབ་སྲིད་ཀྱི་ འཛིན་སྐྱོང་དང་མི་འདྲ་ཞིང་ཁོང་གི་སྲིད་འཛིན་གྱི་འོས་ཤོག་འདྲན་ཡུལ ལམ་ཁ་གཏད་ལྗོན་མེན་ཁན་གྱི་ཆབ་སྲིད་ཀྱི་ལྟ་ཚུལ་སོགས་སུ་འང་མི་འདྲ་བ་ཞིག་རྒྱ་ མཚོའི་རྦ་རླབས་བཞིན་ཨ་རིའི་སྤྱི་ཚོགས་སུ་དྲིལ་སྒྲོག་ཤུགས་ཆེན་བྱས་ཏེ་མཐའ་ མར་ལྗོན་མེན་ཁན་ཕམ་སྟེ་ཨོ་བྷ་མར་ཨ་རིའི་སྲིད་ཀྱི་རྒྱལ་ཁ་ཐོབ་པ་རེད་། ཨོ་པ་མར་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་དེ་ཡང་ཁོང་གིས་དྲིལ་སྒྲོག་གཅིག་པོ་གང་ནས་ཡིན་ཞིང་དེ་ལ་རྒྱུ་རྐྱེན་མང་པོ་ཡོད་། རྒྱུ་ རྐྱེན་དེ་རྣམས་ལས་གཙོ་གནད་འགའ་བཤད་ན་སྲིད་འཛིན་བྷོ་ཤིའི་གཞུང་གིས་ཆབ་སྲིད་ ཀྱི་འཛིན་སྐྱོང་རིང་ཁ་ཆེ་རྒྱལ་ཁབ་མི་འདྲ་བ་གཉིས་སུ་དམག་འཁྲུག་བྱེད་ཡུན་རེང་ དྲགས་པའི་ཨ་རིའི་མི་དམངས་ཧ་ཅང་སུན་པ་། ཨ་རིའི་ལོ་ རྒྱུས་ནང་མི་རིགས་ནག་པོས་སྲིད་འཛིན་བྱེད་པ་ཐེངས་དང་པོ་ཡིན་པ་སོགས་ལ་རྟེན་ ནས་ཨོ་བྷ་མ་རང་ཉིད་སྲིད་འཛིན་འགྲན་ཡུལ་གཞན་ལས་རྒྱལ་བ་རེད་། ཡིན་ ན་ཡང་རྒྱལ་ཁ་ནི་ཡོད་ཚད་མིན་པའི་དེ་སྔོན་ཨོ་བྷ་མའི་སྲིད་འཛིན་གྱི་ཁྲི་སྟོན་ སྐབས་དགའ་བའི་མཆི་མ་འཁྱོར་ཞིང་སྐྱིད་པའི་གླུ་ལེན་མཁན་ཚོའི་ནང་ནའང་དེང་སྐབས་ ཨོ་བྷ་མའི་སྟེང་ལ་ཁོང་ཁྲོ་མེ་རི་བཞིན་འབར་མཁན་ཡང་ཅེ་མང་རེད་། དེ་དག་གི་ཁྲོད་ན་ཆབ་སྲིད་པ་ཡོད་ལ་རྩོམ་པ་པོ་ཡང་ཡོད་། ད་ དུང་མི་དམངས་བཅོས་མའང་ཡོད་། ཕྱོགས་གཅིག་ནས་བསམ་ན་ཆེས་ཐོག་མར་ཨ་རིའི་མི་དམངས་ཀྱིས་དངོས་ནས་ཁོ་ལ་རེ་བ་ ཆེས་དྲགས་པའི་སྐྱོན་ཡིན་གྱི་རེད་ལ་། ཡང་ཕྱོགས་གཞན་ནས་ལྟས་ན་ཨོ་བྷ་མས་ཨ་རིའི་མི་དམངས་ཀྱི་མདུན་ནས་དམ་བཅའ་འདྲ་ མིན་བྱས་བ་རྣམས་ཨོ་བྷ་མ་རང་ཉིད་གཙོ་བྱས་པའི་ཁོང་གི་གཞུང་ཕྱོགས་ནས་ལོ་ངོ་ གཅིག་ལྷག་གི་རིང་ལ་གྲུབ་འབྲས་དེ་ཙམ་ཨ་རིའི་དམངས་ཚོགས་སུ་སྟོན་མ་ཐུབ་པའི་ རྟགས་ཡིན་གྱི་རེད་།
གང་ ལྟར་འུ་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་ཕྱོགས་སུ་ལྟས་ནས་བཤད་ན་བཙན་བྱོལ་གཞུང་ དང་དམངས་ཚོགས་གཉིས་མང་གཙོའི་ཕྱོགས་སུ་སོང་ནས་ལོ་ངོ་མང་པོ་ཕྱིན་ཡོད་ལ་། ལོ་ངོ་དེ་དག་གི་རེང་ལ་མང་གཙོའི་ཁྱད་ཆོས་དང་མཐུན་པའི་གྲུབ་འབྲས་གང་ལ་གང་འཚམ་ བྱུང་ཡོད་ཀྱི་རེད་ལ་སྐྱོན་ཡང་མང་པོ་ལྷག་ཡོད་ཀྱི་རེད་། གྲུབ་ འབྲས་ཀྱི་ཕྱོགས་ནས་བཤད་ན་དེང་སྐབས་མི་དམངས་རང་ཉིད་ཀྱིས་འོས་ཤོག་གི་ལམ་ནས་ བཀའ་བློན་ཁྲི་བ་འདེམ་གྱིན་ཡོད་ལ་བཙན་བྱོལ་གཞུང་འདི་ཡང་མང་གཙོའི་ཀ་བ་གསུམ་ གྱི་ཁྱད་ཆོས་དང་ལྡན་པ་ཞིག་ཏུ་གྲུབ་ཡོད་། འོན་ཀྱང་་ཕྱོགས་གཞན་ནས་ བཤད་ན་གཞུང་གི་ལས་བྱེད་ཚོའི་ནང་ན་དཔོན་ཉམས་རིང་ལུགས་ཀྱི་གཤིས་ཀ་ངན་པ་དེ་ད་ དུང་འདོར་མེད་མཁན་མང་ལ་སྔོན་མའི་དཔོན་དང་སྐུ་དྲག་གི་རྒྱུད་པའང་མི་ཉུང་བ་ ཞིག་ཡོད་། བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ཀྱི་དབང་དུ་བྱས་ན་འབངས་མི་ཡོངས་རྫོགས་ ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་ཡང་དཔོན་ཉམས་རིང་ལུགས་པ་དེ་དག་གི་མདུན་ན་དེ་ ཙམ་འདྲ་མཉམ་ཡིན་དཀའ་། མི་དམངས་ཀྱི་དངོས་ནས་བཤད་ན་བླ་དད་དང་དཔོན་དད་ཀྱི་འདུ་ཤེས་ལས་མང་གཙོའི་ཤེས་ ཡོན་དང་མང་གཙོའི་གོམས་གཤིས་དེ་ཙམ་མེད་མཁན་གྱི་གྲངས་འབོར་ཧ་ཅང་མཐོ་ལ་། དེ་ལྟ་བའི་བླ་དད་པ་དང་དཔོན་དད་པ་ཚོ་ནམ་ཡང་བླ་མིང་བ་དང་དཔོན་མིང་བའི་བཀས་རྗེས་སུ་འབྲང་བ་ལས་རང་ཉིད་ལ་དབང་པའི་མང་གཙོའི་ཐོབ་ཐང་། སྤྱི་ཚོགས་སུ་སྨན་པའི་མང་གཙོའི་ལས་འགན་དང་ཤེས་ཡོན་སོགས་སུ་གུས་ཞབས་དེ་ཙམ་བྱེད་མི་ཤེས་། འུ་ ཚོའི་རྒན་རབས་པས་བཤད་རྒྱུད་དུ་འཇིག་རྟེན་མ་འཇིག་ན་སྤྱི་ཚོགས་ཀྱི་རྩོད་པ་མི་ ཚར་ཞེས་པ་བཞིན་འགལ་འདུ་དང་ཆ་མི་མཉམ་པའི་བཙན་བྱོལ་བོད་མའི་སྤྱི་ཚོགས་ཆུང་ ཆུང་པོ་འདིའི་ནང་དུ་གང་ཟག་སུ་ཞིག་ལ་༢༠༡༡ གི་ བཀའ་ཁྲིའི་འོས་ཐོབ་ཀྱི་རེད་། དེང་ སྐབས་བཀའ་ཁྲིར་ཁོ་འདུག་དང་ང་འདུག་གིས་འགྲན་བརྩོད་བྱེད་ཀྱིན་པའི་མི་དེ་དག་ ལས་གཅིག་ལ་འོས་ཐོབ་ཀྱི་རེད་དམ་ཡང་ན་མི་གཞན་ཞིག་ལ་ཐོབ་ཀྱི་རེད་། གལ་སྲིད་བཀའ་ཁྲིར་འགྲན་བརྩོད་བྱེད་ཀྱིན་པ་རྣམས་ཀྱི་ནང་ནས་གཅིག་ལ་ཐོབ་ན་། མི་དེས་ས་ཕྱོགས་གང་དུ་བཤད་བཞིན་པའི་རང་ཉིད་ཀྱི་གཏམ་རྣམས་ལ་རྗེས་ཕྱོགས་བདག་བྱ་ཡི་རེད་དམ་ཡང་ན་འདོར་གྱི་རེད་། བཙན་ བྱོལ་སྤྱི་ཚོགས་ཀྱི་སེམས་ཁམས་དང་གནས་སྟངས་ཀྱི་ཕྱོགས་ནས་བཤད་ན་གཞི་ཆགས་པ་མང་ ཆེ་བ་ཞིང་ལས་དང་ཁྲོམ་སའི་ཡོང་འབབ་ཀྱིས་ཡིད་ཚིམ་དཀའ་ཞིང་ནུབ་ཕྱོགས་སུ་འགྲོ་ འདོད་ཀྱིས་ཀུན་སློང་ཧ་ཅང་ཆེ་། བོད་ནས་གསར་དུ་སླེབས་པའི་བོད་མི་ཡོད་ཚད་ཕྱི་རྒྱལ་ཏུ་འགྲོ་མཁན་མིན་ལ་བོད་དུ་འཕེབས་མཁན་གྱང་མ་རེད་། ཡིན་ཡང་ཁོང་ཚོར་གཞི་ཆགས་བ་ནང་བཞིན་གནས་ཁང་དང་ཁྲོམ་སའི་ཁེ་འཕན་མེད་ལ་དཀའ་ངལ་འཕྲད་ན་གཞུང་ཕྱོགས་ནས་རོགས་བསྐྱོར་གྱང་དེ་ཙམ་མེད་། དེ་ ལྟ་བའི་དཀའ་ངལ་གྱིས་འོག་གི་བཙན་བྱོལ་བོད་མི་དང་མེ་མདས་འོག་གི་གཞིས་ལུས་བོད་ མིར་སྨན་ལྟར་ཀུན་ནས་ཕན་པ་ཞིག་ཁྱེད་ཀྱིས་བཀའ་ཁྲིར་གདམ་པར་འདོད་པའི་མི་དེས་ བྱ་ཐུབ་བམ་།།
ཨ་རི་ནས་༢༠༡༠་༨་༣་ལ །
དེས་ན་ད་བློ་བཟང་སེང་གེ་ལས་གཞན་མི་འདུག ངས་ཀྱང་འདི་ལྟར་བསམས་བསྡད་ཡོད། ཁུ་སིམ་མེར་སྡོད་མཁན་ཞིག་ལ་བཀའ་ཁྲིའི་ལས་འགན་འདི་གཉའ་འཇོག་བྱས་ན་ཁོ་ལའང་འོདད་པ་ཡོད་མེད་སུས་ཤེས། དེ་ལས་ང་ཡིན་ཁོ་ཡིན་ཟེར་མཁན་སུ་ཡིན་པ་དེར་བླུགས་ན་རེད། ངས་ནི་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱི་གཅིག་ལ་འོས་ཤོག་གཅིག་པོ་དེ་འཕེན་ཐག་ཆོད་ཡིན།
ངས་ནི་བཀའ་ཁྲི་དེ་བཙན་བྱོལ་སྤྱི་ཚོགས་ནང་གི་གསར་བུ་སུ་ཞིག་གི་རྩ་སྦོམ་ན་དེ་བླུགས་ཁོ་ཐག་ཡིན།