གཞུང་པ།
ཀོ་ལི་གྷལ་གྱི་ཡུལ་ལྗོངས་འདི།
ཁ་རླུང་གཙང་ལ་བོད་ཡུལ་འདྲ།
ག་བུར་ཙནྡ་དྲི་ཞིམ་མང་།
ང་ཚོ་གཞིས་མི་ལུས་སེམས་བདེ།
ཅ་ཅོ་འར་འུར་ཉུང་བ་དང་།
ཆ་རྐྱེན་འཛོམས་པའི་གཞིས་ཆགས་འདིར།
ཇ་ཆང་ལོངས་སྤྱོད་ཕུན་སུམ་ཚོགས།
ཉོན་མོངས་གཏམ་གྱིས་རྩོད་གླེང་དཀོན།
ཏ་ལའི་བླ་མའི་ཐུགས་སྨོན་འོག
ཐམས་ཅད་བདེ་སྐྱིད་འཚོ་བས་སྦྱིན།
ད་ལོ་ལྔ་བཅུའི་དུས་སྟོན་སྐབས།
ན་གཞོན་ཕོ་མོའི་གླུ་གཞས་དང་།
པ་ཕ་ཨ་མས་རྣམ་ཐར་དང་།
ཕ་མ་བུ་ཕྲུག་གཉེན་སྤུན་འཛོམས།
བུ་དང་བུ་མོ་ཤེས་སྤྱོད་བཟང་།
མི་མང་འདུ་འཛོམས་ཆེ་བ་དང་།
རྩ་བ་ལྔ་བཅུའི་དུས་སྟོན་ལ།
ཚང་མ་དགའ་སྤྲོའི་འདུ་འཛོམས་སྐབས།
ཛ་བརྩེའི་གཏམ་གླེང་ཡོང་རྒྱུ་དང་།
ཝ་ཞ་ལ་སོགས་ཆས་གོས་མང་།
ཞ་ཆག་མེད་པའི་གླུ་གཞས་དང་།
ཟ་ཐུང་བོད་ཟས་སྣེ་འཛོམས་དང་།
འར་འུར་མེད་པའི་ཞི་འཇམ་དང་།
ཡ་རབས་གཏམ་གྱིས་མགྲོན་པོ་བསུ།
ར་གཟི་ཆང་གཟི་མེད་པ་དང་།
ལ་ལ་གཞས་དང་རྣམ་ཐར་དགའ།
ཤ་ཚ་ཅན་གྱི་གཞིས་ཟུར་ཚོས།
ས་ཕྱོགས་འདི་ལ་མཐུན་བསྒྱུར་གནང་།
ཧམ་བཤད་རྫུན་བཤད་འདི་ན་མེད།
ཨེ་བདེན་མི་བདེན་དཔྱད་པ་འཚལ།