༄ དཔལ་ལྡན་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ཀྱིས་ཚོགས་གཙོ་སྦྲེལ་པོའི་དབུས་པའི་གྲོས་ཚོགས་ཀྱིས་འཐུས་མི་༧ ལྷན་རྒྱས་མཆོག་གིས་དྲུང་དུ།
ཆེད་ཞུ།
གུས་པ་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་གྲོང་ཨེལ་ཁང་པ་ཨང་ ༢༩ ནང་སྡོད་གཞུང་པ་ཚེ་དབང་བསོད་ནམས། དཔྱ་དངུལ་ལག་དེབ་ཨང་ ༼ IN 7661005 ། ཅན་ནས་ཞུ་གསོལ་འདེབས་སྙིང་། ལམ་ཙམ་དགོངས་མངའ་བཞིན་ཉེ་ལམ་འདི་ག་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཚུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་བསྲུང་བརྩིའི་ཐོག་༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོའི་གསུང་འཕྲིན་ཕེབས་པའི་པའི་ནང་འདི་ལྟར་ ༼ ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཚུགས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་པར་གཞིས་མི་ཡོངས་དང་ཕྱི་ནང་གི་སྐུ་མགྲོན་བཅས་པར་མཛའ་བརྩེའི་འཚམས་འདྲི་ཡོད། རང་ཅག་བཙན་བྱོལ་དུ་འབྱོར་རྗེས་གཞིས་ཆགས་ཟུར་འཛུགས་དགོས་པའི་དམིགས་དོན་ནི། མི་འབོར་ཆེ་ཞིང་ས་རྒྱ་ཆེ་བའི་རྒྱ་གར་གྱི་ཡུལ་གྲུ་ཁག་ནང་རིམ་གྱིས་སིམ་སྟེ་ཁ་འཐོར་དུ་མི་འགྲོ་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་བཅས་པ་མི་ཉམས་རྒྱུན་འཛིན། ངེས་གཏན་མེད་པའི་འཚོ་བའི་དཀའ་ངལ་སེལ་ཐབས་བཅས་ཀྱི་ཆེད་དུ་ཡིན་པ་ལྟར་ཕྱོགས་ཚང་མ་ནས་ངལ་ཁུར་དང་ལེན་ཕྱར་གྲུ་མཉམ་འདེགས་བྱས་པའི་འབྲས་བུ་རང་རེའི་མིག་གི་སྤྱོད་ཡུལ་དུ་གྱུར་པ་འདི་ཡིན། སླད་གཞིས་ཆགས་ཁག་ནང་རྒན་རྒོན་ནད་བཅོང་ཉམས་ཐག་ཧྲེང་པོ་ཡོད་རིགས་ཀྱི་འཚོ་བའི་གནས་སྟངས་ཐོག་དམིགས་བསལ་དོ་སྣང་ལྟ་རྟོག་རོགས་རམ་དང་འབྲེལ། ནང་དོན་རིག་པ་སེམས་ཀྱི་འཕྲོད་བསྟེན་དང་། གསོ་བ་རིག་པ་ལུས་ཀྱི་འཕྲོད་བསྟེན་ཡིན་ལུགས་བཤད་སྲོལ་ཡོད་པ་ལྟར་རྒན་རྒོན་དེ་དག་གི་ཟས་སྤྱོད་འཕྲོད་བསྟེན་ཐོག་ལའང་ལྟ་ཞིབ་མི་ལྷོད་པ་དགོས་གལ། བོད་གཞིས་ལུས་མི་མང་རྣམས་གཞན་དབང་འོག་ཏུ་ཚུད་ནས་ཡོད་ཀྱང་མཐུན་འབྲེལ་རྡོག་རྩ་གཅིག་སྒྲིལ་གྱིས་ཆོལ་གསུམ་ཁ་བྲལ་གཏོང་ཐུབ་མེད། འོན་ཀྱང་འདི་ཕྱོགས་རང་རེ་བཙན་བྱོལ་ནང་སྤྱི་སེམས་ཀྱིས་ཕོངས་པའི་ཅོལ་ཆུང་ཁག་གཅིག་གིས་ཕྱོགས་རིས་འཐེན་འཁྱེར་གྱི་བྱ་བ་སྤེལ་བ་དེ་ནི་ཞབས་འདྲེན་བློ་ཕམ་གྱི་གནས་ཡིན་པས་སེར་སྐྱ་འགོ་དམངས་ཚང་མས་ཅིས་ཀྱང་ཡིད་གཟབ་དགོས་གལ་བློ་འཇགས་གྱིས། རྗེས་འཛིན་སྨོན་ལམ་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ། ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ཆུ་ཡོས་ཟླ་ ༡༢ ཚེས་ ༢༧ ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༧ ལ། ༽ ཞེས་གསུང་འཕྲིན་དེ་ཀོ་ལི་གྷལ་དོན་གླིང་གཞིས་ཆགས་ལ་ཕེབས་ཡོད་ན་ཡང་ནང་དོན་གཙོ་བོ་འདི་ལྟར་ ༼ འོན་ཀྱང་འདི་ཕྱོགས་རང་རེ་བཙན་བྱོལ་ནང་སྤྱི་སེམས་ཀྱིས་ཕོངས་པའི་ཅོལ་ཆུང་ཁག་གཅིག་གིས་ཕྱོགས་རིས་འཐེན་འཁྱེར་གྱི་བྱ་བ་སྤེལ་བ་དེ་ནི་ཞབས་འདྲེན་བློ་ཕམ་གྱི་གནས་ཡིན་པས་ ༼སེར་སྐྱ་འགོ་དམངས་ཚང་མས་ཅིས་ཀྱང་ཡིད་གཟབ་དགོས་གལ་བློ་འཇགས་གྱིས། ༽ གསལ་བ་ནས། སེར་མོ་བ། སྐྱ་བོ། འགོ་ཁྲིད། དམངས། ཚང་མས་ཅིས་ཀྱང་ཡིད་ཟབ་དགོས་གལ་བློ་འཇགས་གྱིས་གསལ་བ་ལ་ང་ཚོའི་འགན་འཁུར་ནས་ད་ལམ་གྲོས་ཚོགས་འདིའི་ཐོག་ནས་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གིས་ལྷ་དགོངས་ལ་འགལ་རྐྱེན་སྐད་ཅིག་ཙམ་ཡང་མི་བཞེས་པའི་གསོལ་འདེབས་སྙན་ཞུ་བོད་མི་མང་གིས་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ནས་ཕུལ་དགོས་པའི་སྤྱི་ཚོགས་བདེ་སྙན་དུ། ཡུད་ཙམ་དགོངས་པར་མངའ་བ་མཁྱེན་ མཁྱེན་ མཁྱེན་བཅས་ཕྲན་གོང་མིང་པས་སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༢༡ ཉིན་ཕུལ།