Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཱན་དྷི། ཡ་མཚན་ཆེ་བའི་བུ།

Posted on 2024-10-162024-11-13 By ཁ་བརྡ་ No Comments on གཱན་དྷི། ཡ་མཚན་ཆེ་བའི་བུ།

གཱན་དྷི། ཁོང་གི་མི་ཚེ་དང་འཛམ་གླིང་གསུང་འཕྲིན།

ལོའུ་བེ་སུ ཧྥི་ཞེར་གྱིས་བརྩམས།  ལྕང་སྐྱ་ཚེ་རིང་དོན་གྲུབ་ཀྱིས་དབྱིན་ཡིག་ལས་བོད་ཡིག་ཏུ་སྒྱུར།

༢ ཡ་མཚན་ཆེ་བའི་བུ།

གལ་སྲིད་གཱན་དྷི་ལོ་སུམ་སྟོང་སྔོན་དུ་རྒྱ་གར་དུ་སྐྱེས་ཡོད་ཚེ། ཁོང་གི་སྐྱེས་སྐར་ནི་ལྷ་སྒྲུང་ནང་ཐིམ་པ་དང་ཁོང་གི་གཞོན་དུས་ཡང་རྫུ་འཕྲུལ་གྱི་ནང་དུ་ལྷག་ཡོད། ཡིན་ནའང་། དུས་རབས་བཅུ་དགུ་པའི་བསིལ་ཟེར་ཅན་གྱི་འོད་སྣང་ཁྲོད་མངོན་པ་ནི་ཁོང་གི་མི་རྒྱུད་དེ་དཀྱུས་མ་ཞིག་རེད། ཁོང་གི་བྱིས་དུས་ནི་སྤྱིར་བཏང་ཞིག སློབ་མའི་སྐབས་ཀྱི་ཁོང་གི་ཉིན་མོ་རྣམས་ནི་དམིགས་བསལ་མིན། ཁོང་གི་ཐོག་མའི་ཆེད་ལས་ནི་དོན་གོ་མ་ཆོད་པ་ཞིག་རེད།“བྱིས་པ་རྒན་འཁོགས་ཤིག་རེད” མོན་ཧན་དྷ་སློབ་ཕྲུག་དང་ན་གཞོན་སྐབས། ཁོང་རླབས་ཆེན་ཞིག་ཏུ་མངོན་པ། མི་གཅིག་གིས་ཀྱང་ཁ་མཚོན་གཅོད་མི་ཐུབ། ཁོང་ནི་ལྟོས་ཚོད་ལ་སྐྱེས་སྟོབས་ཀྱི་ནུས་མཐུ་ཞན་ལ་འཇོན་ཐང་མེད་པ་ཞིག་རེད། མོན་ཧན་ངྷ་ཀཱ་རམ་ཆན་ གཱན་ངྷི་ནི་སྤྱི་ལོ་༡༨༦༩་ཟླ་༡༠་ཚེས་༢་ཉིན་སྐྱེས། དེ་ནི་རྒྱ་གར་ནུབ་ཕྱོགས་ཀྱི་ཀཱ་ཐི་ཡ་བཱར་མཚོ་འགྲམ་གྱི་གྲོང་བརྡལ་ཆུང་ཆུང་ཞིག་སྟེ་ཕོར་བྷན་ངྷར་ནང་རེད། ས་ཆ་དེ་ནི་གྲོང་ཁྱེར་བྷོམ་བྷེ་དང་ཀཱ་ར་ཆི་དབར་དུ་འདུག ཀཱ་ཐི་ཡ་བཱར་ལ་རྐང་ལམ་ཕྲ་མོ་ རྙིང་བ་ཞིག་ལས་མེད་པ་དང་། ཡོ་རོབ་ཀྱི་ཤུགས་རྐྱེན་ཐེབས་པ་ལས་རྒྱང་ཐག་རིང་བའི་ས་ཆ་ཞིག་རེད། ཡིན་ནའང་། སྔོན་མའི་དཔོན་རིགས་ཚོས་དབང་བསྒྱུར་འོག་གྲོང་ཁྱེར་དང་མངའ་ཁུལ་བཅད་བཟུང་བྱས་ཏེ་གནས། ཁོ་ཚོས་དབྱིན་ཇི་མ་སླེབས་པའི་སྔོན་དུ་མི་སྒེར་གྱིས་བཙན་ དབང་ངང་རང་དོན་ངོ་སོ་འཁྱེར་བ་དང་མངའ་ཁུལ་དབང་བསྒྱུར་བྱེད། ཕོར་བྷན་དྷར་ནི་དེ་ལྟ་བུའི་མངའ་ཁུལ་ཞིག་དང་། (སྤྱི་ལོ་༡༨༧༢་ལོ་ མི་གྲངས་ཞིབ་རྩིས་བྱས་པར་གཞིག་ན། མི་འབོར་༧༢༠༧༧) རཱ་ཇ་ཀོ་དྲ་ནི་མངའ་ཁུལ་གཞན་ཞིག (མི་འབོར་༣༦༧༧༠) ཝན་ཀན་ནེར་ནི་མངའ་ཁུལ་གསུམ་པ་དེ་རེད། (མི་འབོར་༢༨༧༥༠) མཱ་ཧཱ་ཏི་མཱ་ཁོང་གི་ཡབ་ཀཱ་རེམ་ཆན་ གཱན་དྷི་དུས་སྐབས་མ་འདྲ་བར་རྒྱལ་ཕྲན་འདི་དག་གི་རྒྱལ་བོ་དང་རྒྱལ་མོའི་བློན་ཆེན་གྱི་ཕྱག་ལས་གནང་མྱོང་།

མོ་ཧན་ངྷ་ཡིས་ལོ་མང་བོའི་རྗེས་སུ་རྩོམ་བྲིས་ཤིག་གི་ནང་། “ཁོང་གི་ཡབ་ནི་ཉམས་མྱོང་ལྡན་པའི་ཤེས་ཡོན་ཅན་ཞིག་མིན། ལོ་རྒྱུས་དང་ས་ཁམས་རིག་པ་རྒྱུས་ཅི་ཡང་མེད། ཡིན་ནའང་། ཁོང་གི་ཁྱིམ་ཚང་ནང་དང་དེ་ལྟར་ཕྱི་ལ་ཡང༌། གཞུང་དྲང་བོ་དང་ཕྱོགས་རིས་བྲལ་ལ་དམ་དྲག་ལྡན་པར་སྐད་གྲགས་ཆེ།” ད་དུང་བུ་ཡིས་བསྐྱར་སྣོན་བྱས་དོན། “ ཁོང་ནི་རང་གི་རུས་རྒྱུད་ལ་དུངས་སེམས་ཆེ་ལ། དྲང་བདེན་དང་། བློ་སྤོབས་ཆེ་བ། གཏོང་ཕོད་ལྡན་པ་ཞིག་ཡིན། ཡིན་ནའང་། ཁོང་ཁྲོ་སྐྱེ་སླ་བོ་ཞིག་ཀྱང་ཡིན།” ཆབ་སྲིད་པ་ཀཱ་རམ་ཆན་ཆོས་དད་ཆེ་ཞིང་ཡིག་རྨོངས་པ་རྒྱ་གར་བུ་མོ་པུ་དྲ་ལི་བྷེ་དང་གཉེན་སྒྲིག་བྱས། ཁོང་ཚོའི་བུ་བཞི་བ་མཐའ་མ་མོན་ཧན་ངྷ་ཡིས་ཁོང་གི་ཨ་མའི་རང་གཤིས་ཆོས་དད་ཆེ་བ་དང་དམ་ཚིག་ལྡན་པ་ཞིག་ཡིན་པར་ཡིད་དུ་འཁོར། པུ་དྲ་ལི་བྷེ་ཉིན་རྟག་པར་ལྷ་ཁང་ནང་སྨོན་ལམ་རྒྱག་ཏུ་འགྲོ་བ་དང་སྨོན་ལམ་མ་བཏབ་པར་ཟས་རྩ་བ་ནས་མི་ཟ།

སྨྱུང་གནས་རིང་བོ་སྲུང་བར་མི་སྐྲག ལོ་རེའི་ལྷ་ཟླ་དཀར་པའི་དུས་ཆེན་སྐབས། ཆར་དུས་ཀྱི་ཟླ་བ་བཞི་རིང་གི་སྨྱུང་གནས་ལ། མོས་འཆར་ཅན་ཉིན་གཅིག་ལ་ཟས་ཐེངས་གཅིག་རོལ་བ་དང་ལོ་གཅིག་ལ། མོས་ཉི་མ་རེས་མོས་བྱས་ཏེ་སྨྱུང་གནས་སྲུང་།ཁྱིམ་ཚང་གི་མཐུན་རྐྱེན་ལེགས་པོ་ཡོད། ཀཱ་རམ་ཆན་ལ་ཕོར་བྷན་ངྷར་ནང་ཁང་བ་ཞིག་ཡོད་པ་དང་། རཱ་ཇ་ཀོ་དྲ་དང་། ཀུ་དྲེ་ཡ་ནཱ་ནང་ཁང་བ་ རེ་རེ་ཡོད། ཀཱ་རམ་ཆན་གྱིས་གསེར་གྱི་སྐེ་རྒྱན་ཞིག་འདོགས་པ་དང་མོ་ཧན་ངྷ་ཡི་སྤུན་གྱིས་གསེར་གྱི་དཔུང་རྒྱན་ལྗིད་ཅན་ཞིག་འདོགས། མོ་ཧན་ངྷ་ལ་རོལ་ཆས་ཤིག་ཡོད། ཕོར་བྷན་དྷར་ནང་ཡོད་པའི་སློབ་གྲྭར། གཱན་དྷི་ཡིས་བསྒྱུར་རྟགས་ཀྱི་རེའུ་མིག་སྟེ་དགུ་མཐའ་བློ་འཛིན་བྱེད་རྒྱུ་དཀའ་ངལ་བྱུང༌། “ ངའི་རིག་པ་ངེས་པར་དུ་ཉོབ་ཏོ་དང་ངའི་དྲན་པ་མི་གསལ་བ་ཞིག་རེད།” མོ་ཧན་དྷ་ཡིས་སློབ་ཆུང་སློབ་མའི་སྐབས་ཀྱི་ཁོང་གི་སྐོར་ལ་དེ་ལྟར་བྲིས་འདུག ལོ་གཅིག་གི་རྗེས་སུ་ཁོང་གི་ཁྱིམ་ཚང་རཱ་ཇ་ཀོ་དྲ་ནང་གནས་སྤོ་བྱས་རྗེས། ཁོང་ནི་ “སློབ་མ་དཀྱུས་མ་” ཞིག་ཡིན་ནའང་། (སློབ་གྲྭ)རྒྱུན་མི་ཆད་པར་ཞུགས། བུ་མོན་ཧན་དྷ་ནི་འཚེར་སྣང་ཅན་ཞིག་རེད། “ངའི་དཔེ་ཆ་དང་སློབ་དེབ་རྣམས་ངའི་འགྲོགས་རོགས་གཅིག་པུ་དེ་ཡིན།” དར་མ་ཆགས་དུས་ཁོས་དེ་ལྟར་དྲན་གསོ་གནང་འདུག སློབ་གྲྭའི་ཉིན་མོ་ཚར་མ་ཐག ཁོང་ལ་གདེང་ཚོད་མེད་པ་དང་མི་མཉམ་དུ་སྐད་ཆ་བཤད་དཀའ། “ཐ་ན་མི་གཞན་གྱིས་ང་ལ་མཛུབ་མོ་བཙུགས་ཏེ་ཀུ་རེ་རྩེས་པ་ལ་ཡང་ཞེད་སྣང་སྐྱེས།”

ཁོང་འཚར་ལོངས་བྱུང་བ་ན། ཁོས་གྲོགས་པོ་རྙེད་པ་དང་མཚོ་འགྲམ་དང་སྲང་ལམ་དུ་རྩེད་མོ་རྩེས། ཁོང་འགྱིག་གི་ལྒང་ལི་དང་ (མཛུབ་མོས་བསྐོར་བའི་)འཁོར་ལོ་ཡང་རྩེས། ཁོང་ནི་ཁུ་སུམ་པོ་དང་ཁ་ལ་ཉན་མཁན་ཞིག་རེད། “ ངས་རྒན་པ་ཚོས་བཀའ་བཏང་བ་རྣམས་ ཉན་འཇོག་བྱས་པ་ལས། ཁོང་ཚོས་བྱེད་ལས་ལ་དཔེ་བལྟ་བྱས་མེད། ” ཡིན་ནའང་། ཁོང་ལོ་ན་བཅུ་གཉིས་ཐོག་ལྐོག་ཏུ་ཐ་མག་འཐེན་འགོ་བཙུགས་པ་དང་ཁོང་གི་ཕ་མ་དང་སྤུན་རྒན་པ་ཚོ་ལས་དངུལ་སྒོར་རྐུས་ཏེ་ཐ་མག་ཉོས།སྐབས་ཤིག་ལ། ཁོང་དང་ཁོང་གི་ཉེ་འབྲེལ་ན་གཞོན་ཞིག་དང་མཉམ་དུ་དྷ་ཊུ་རཱ་ཟེར་བའི་ནགས་ཀྱི་རྩི་ཤིང་ཞིག་གི་འབྲས་བུ་དུག་ ཡིན་པ་ཤེས་པ་དང་། དེ་ལྟར་ཁོང་གཉིས་ཀྱིས་མཉམ་དུ་ཕ་མའི་བཙན་དབང་འོག་གཏན་ནས་འདུག་འདོད་མེད་པར་རང་སྲོག་གཅོད་རྒྱུ་བྱས། སེམས་འགུལ་ཐེབས་པའི་ཚོར་ཤུགས་ཅན་གྱི་ཟློས་གར་དེ། ཁོང་གཉིས་ལྷ་ཁང་ནང་ཤི་རྒྱུ་ཐག་བཅད། ཁོང་གཉིས་ཀྱིས་ཁུག་མའི་ནང་ཤིང་འབྲས་བཅུག་སྟེ་དངོས་སུ་མཆོད་མདུན་དུ་ཕྱིན། ཡིན་ནའང་། མཐའ་མ་དེ་སྙིང་སྟོབས་ཀྱིས་མ་འདང་། རང་ཉིད་ལ་བརྩི་འཇོག་ཆེད་དུ་རེ་རེ་ནས་ཤིང་འབྲས་གཅིག་གཉིས་རེ་མིད་པ་དང་ཁྱིམ་དུ་ལོག

དེ་དུས་བྱིས་པས་མཉམ་འཇོག་བྱེད་དགོས་པའི་དོན་དག་ཚབས་ཆེན་ཞིག་སྟེ། མོན་ཧཱན་དྷ་ ཀཱ་རཱམ་ཆེན་ གཱན་དྷི་ལོ་ན་བཅུ་གསུམ་ ཐོག་གཉེན་སྒྲིག་བྱས། སྐབས་དེར་ཁོང་མཐོ་སློབ་ནང་ཡོད། བག་མ་ཀཱ་སུ་དྲུར་བྷེ་ཡང་ལོ་ན་བཅུ་གསུམ་རེད། ཁོང་གཉིས་ཀྱི་ཕ་མ་ཡིས་གཉེན་རྟགས་བརྒྱབ་པ་དང་གཉེན་སྟོན་གྲ་སྒྲིག་བྱས་ཚར་རེག་བར་དུ་ཁོ་གཉིས་ལ་བཤད་མེད། “ངའི་སྤུན་ཡི་ཆུང་མས་ང་ལ་ངའི་བྱ་སྤྱོད་སྐོར་ལ་ཉལ་སྟངས་གསལ་བོ་ཞིག་འཁྲིད་ཡོད།” “ ངའི་ཆུང་མ་ལ་སུས་འཁྲིད་ཡོད་པ་ངས་མི་ཤེས། ངེད་གཉིས་འཚབ་འཚུབ་དང་རྟབ་རྟབ་པོ་བྱུང༌། འཆད་འཁྲིད་དེ་ངས་རྒྱུན་རིང་བོ་ཞིག་ལ་འཁྱེར་མ་དགོས། རྩ་བའི་དོན་དག་དེ་འདྲ་ཞིག་ལ་འཆད་འཁྲིད་ནི་དགོས་ངེས་ཤིག་མ་རེད། སྐྱེས་པ་སྔོན་མའི་བག་ཆགས་ཀྱིས་འདོད་པའི་ཤུགས་རྐྱེན་མང་དྲགས་པས་འཆད་འཁྲིད་འདང་ངེས་ཤིག་ཐོབ་འདུག” གཱན་ངྷིས་ཆང་ས་རྒྱབ་ནས་ལོ་བཞི་བཅུ་རྗེས་སུ་དེ་ལྟར་བྲིས་ཡོད།“ལྷད་མེད་པའི་བྱིས་པ་གཉིས་ཤེས་རྟོགས་ཅི་ཡང་མེད་པར་མི་ཚེ་ཡི་རྒྱ་མཚོ་ནང་ཁོ་གཉིས་གཡུགས་སོང་།” ཚོད་དཔག་བྱས་པ་ཡིན་ན། ཁོང་ཚོའི་སྐྱེས་པ་སྔོན་མའི་ཉམས་མྱོང་གིས་ཁོང་ཚོར་ལམ་སྟོན་བྱས་སྲིད། གཱན་ངྷི་ཡིས་འགྲེལ་བརྗོད་བྱས་དོན། “བྱིས་པ་གཉེན་སྒྲིག་ ག་ལུགས་སྲོལ་གདུག་རྩུབ་ཅན།” རྒྱ་གར་གྱི་བཅའ་ཁྲིམས་འོག ཁྱིམ་ཚང་འདུས་སྡོད་བྱེད་པའི་ཕ་མ་དང་བྱིས་པ་ཚོ། ཁོང་ཚོའི་བུ་ཡི་མནའ་མ། དེ་ཚོའི་བྱིས་པ་ཚོ། སྐབས་རེ་མི་གྲངས་སུམ་ཅུ་དང་དེ་ལས་མང་བ་ཁང་བ་གཅིག་གི་ནང་འཚོ་སྡོད་བྱེད་པ་རེད། གསར་དུ་གཉེན་སྒྲིག་བྱས་པའི་ དར་མ་མོ་ཧཱན་ངྷ་དང་ཁཱ་སུ་དྲུར་བྷེ་འདྲ་བོ་ཚོས། ཁང་པ་དང་ཅ་དངོས། ཉིན་རེའི་ལྟོ་ཆས་སོགས་ལ་སེམས་ཁྲལ་གནང་མི་དགོས། (རྗེས་ཕྱོགས།དབྱིན་ཇི་གཞུང་གིས་གཉེན་སྒྲིག་གི་ལོ་ཚོད་དེ་ཡར་འཕར་ཡོད།)

སྐུ་ཞབས་གཱན་ངྷི་ཡིས་ཕྱིན་དྲན་བྱས་དོན། “ངས་ཁྱོ་ག་ཡི་དབང་ཆ་འཛིན་པར་དུས་ཚོད་དམ་འཛིན་བྱས། ཁཱ་སུ་དྲུར་བྷེ་ངའི་བཀའ་འཁྲོལ་མེད་ན་ཕྱི་ལོག་ཏུ་སོང་མི་ཆོག” དེ་ལྟར་ལོ་ན་བཅུ་གསུམ་ལོན་པའི་ཁཱ་སུ་དྲུར་བྷེ་སྲང་ལམ་དུ་སོང་སྟེ་རྩེད་མོ་རྩེ་རྒྱུ་རེ་འདོད་ཆེ་ནའང་། མོས་ལོ་ན་བཅུ་གསུམ་ཅན་གྱི་མོའི་ཁྱོ་ག་ལ་སྐད་ཆ་འདྲི་དགོས་པ་དང་། ཁོས་ཡང་ཡང་མིན་ཞེས་བརྗོད། ཁོང་ཕྲག་དོག་ལངས་པ་རེད། ཡིན་ནའང་། མོ་མགོ་འཁྲེགས་པོ་རེད། “མོས་ཕྱི་རོལ་དུ་འགྲོ་བར་གནས་ལུགས་བཤད་དེ་ས་ཆ་གང་དང་ག་དུས་ཡིན་ནའང་མོས་འདོད་པ་ལྟར་བྱེད། དེ་བས། འགལ་རྐྱེན་མང་ནས་མང་དུ་བཟོས་རྐྱེན། མཚམས་རེ་ཉིན་ཁ་ཤས་ལ་ཕན་ཚུན་སྐད་ཆ་མ་བཤད་པར་སྡོད།”

ལོ་འདི་ཚོའི་ནང་། གཱན་དྷི་ཡིས་ངོས་ལེན་བྱས་དོན། “ང་རྐུན་མ་དང་གདོན་འདྲེ་སོགས་ལ་སྐྲག་སྣང་སྐྱེས་པ་དང་། མཚན་མོ་ངས་སྒོ་ ཡི་ཕྱི་ལོག་ཏུ་མིག་གིས་ཅེར་ཏེ་ལྟ་མི་ཐུབ།” ཁོང་གི་ལོ་གཞོན་བཟའ་ཟླ་ནི་དེ་འདྲ་སྐྲག་ཤོར་ཞིག་མ་རེད། “ང་རང་ཉིད་ལ་ངོ་ཚ་བོ་བྱུང་།” ཁོས་དེ་ལྟར་བྲིས་ཡོད། ཁོང་ནི་ཤ་སྐམ་པོ་གཟུགས་ཐུང་ཞིག་རེད། ཁོང་དབྱུག་པའི་རྩེད་མོ་དང་ལུས་རྩལ་ལ་དགའ་བོ་མེད། དེ་ནི་མཐོ་སློབ་ནང་ངེས་པར་དུ་བྱེད་དགོས་པ་ཞིག་རེད། ཡིན་ནའང་། ཁོས་ཤེས་རྟོགས་བྱུང་བ་དེ་ཕྱི་རོལ་དུ་གོམ་པ་བརྒྱབ་ན་འཕྲོད་བསྟེན་ལ་བཟང་བ་དང༌། དེ་ནི་ ཁོས་འཆར་ཅན་གྱི་གོམས་གཤིས་སུ་གྱུར། “གོམ་བགྲོད་འདིས་ངའི་གཟུགས་ཡོངས་ལ་སྡུག་ཐེག་ཐུབ་པ་ཞིག་བྱུང་།”ཁོས་ད་དུང་ཡང་སྟོབས་ཆེན་པོ་དང་བུ་ཆེན་པོ། ལྷག་པར་དུ་གྲོགས་པོ་མོ་ས་ལེམ། ཞེ་ཁུ་མེ་ཊེབ་སོགས་ལ་ཕྲག་དོག་ལངས། ཁོང་གཉིས་མཐོ་ལྡིང་དང་རྒྱུགས་རྩལ་སོགས་ལ་ཁྱད་དུ་འཕགས་པ་ཤིག་རེད། ཞེ་ཁུ་ཆོམ་རྐུན་དང་གདོན་འདྲེ་ལ་མི་སྐྲག་པ་དང༌། ཁོས་སྦྲུལ་གསོན་པོ་ལག་པས་བཟུང་རྗེས་ངོམ་སོ་ སྟོན་པ་དེས། གཱན་དྷི་ནག་འཐོམ་འཐོམ་ཞིག་ཏུ་གཏོང་། དེ་འདྲའི་སྙིང་སྟོབས་ཆེན་པོ་ལ་འགྲེལ་བཤད་གང་འདྲ་ཞིག་རྒྱག་གམ། ཁོས་ཤ་ཟ། གཱན་ངྷི་ཡི་ཆོས་ལུགས་ཀྱིས་ཁོ་ལ་ཤ་ཟ་བ་བཀག་ཡོད། ཁོས་དེ་ལ་རྩ་བ་ཉིད་ནས་འཆང་མེད། ཁཱ་ཐི་ཝར་ནང་དབྱིན་ཇིས་སྒྲིག་ཁྲིམས་ཀྱིས་མངོན་གསལ་མིན་པ་དང་ཐད་ཀར་མ་ཡིན་པར་འཛིན་སྐྱོང་བྱས་ནའང་། གཱན་ངྷི་ཡི་སློབ་གྲོགས་ཚོས་དབྱིན་ཇིར་འགལ་ཟླར་ལངས་པ་དང་གུས་བརྩི་བྱེད་པར་ཉམས་ཞིབ་བྱས་ཡོད། ཁོང་ཚོས་སྙན་ངག་གྱེར་བ་ནི།

མཐུ་སྟོབས་ཅན་གྱི་དབྱིན་ཇི་བས།

ཉམ་ཆུང་རྒྱ་གར་དབང་བསྒྱུར་བ།

ཤ་ཟ་མཁན་གྱི་མི་ཡིན་རྐྱེན།

ཁོ་ནི་བརྐྱངས་ཁྲི་ལྔ་ཡི་རིང༌།

ཁོས་དབྱིན་ཇི་མཐར་སྐྲོད་གཏོང་འདོད་པའམ། ཡང་ན་ཁོའི་གཟུགས་གཞི་དང་སྙིང་སྟོབས་ལ་དཔུང་སྣོན་ཞིག་སྤྲོད་པ་གང་ལྟར། མཐར་མར་གཱན་ངྷི། ཞེ་ཁུ་མེ་ཊེབ་ཀྱི་བསླུ་ཐབས་འོག་གཞན་དབང་དུ་གྱུར་ཏེ། གཙང་འགྲམ་གྱི་ཟུར་ཞིག་ཏུ་ཞེ་ཁུ་ཡིས་འཁྱེར་ཡོང་བའི་ར་མའི་ཤ་བཙས་མ་དེ་མོ་ཧཱན་དྷ་ཡིས་ཡང་ཡང་ལྡད་པ་དང་མཐར་མར་ཁ་ནང་ནས་མིད། དེ་མ་ཐག་ཏུ་ཁོང་ནད་པ་ཆགས། མཚན་མོ་དེ་ལ་ཁོའི་གྲོད་ཁོག་ནང་དུ་ར་མ་གསོན་པོས་འབའ་སྒྲ་སྒྲོགས་པ་རྨི་ལམ་དུ་བྱུང༌། དེ་ལྟ་ནའང་། ཁོས་ “ཤ་ཟ་བ་ནི་ལས་འགན་” དུ་བསམས་ཏེ། ལོ་འཁོར་གཅིག་ལ་ཞེ་ཁུ་མཉམ་དུ་གསང་བའི་ངང་འཛོམས་ཏེ་ལག་ལེན་དུ་བསྟར། ཡིན་ནའང་། དྲང་བོ་མིན་པ་དང་ཚུལ་བཅོས་དེས་རང་ཉིད་ལ་ཞེ་ལོག་བརྒྱབ་སྟེ། ཁོས་ཤ་ཟ་བ་མཚམས་འཇོག་བྱས། འོན་ཀྱང་ཁོའི་ཕ་མ་གཉིས་འདས་གྲོངས་ཕྱིན་རྗེས་ཁོས་མངོན་གསལ་དུ་ཤ་ཟ་རྒྱུ་འགོ་བཙུགས། ཤ་ཟ་བ་ནི་ཆོས་ལ་ངོ་རྒོལ་བྱེད་པའི་གཱན་ངྷི་ཡི་གྱེན་ལངས་ཀྱི་ཆ་ཤས་ཞིག་རེད། ཁོང་ཧིན་ངྷི་ལྷ་ཁང་གི་ “གཟབ་མཆོར་དང་འོད་མདངས་” ལ་མི་དགའ་བ་དང་ཁོས་ “ལྷ་ལ་དད་པ” མེད་པ་ངོས་ལེན་བྱས། སུས་འཇིག་རྟེན་འདི་བསྐྲུན་པ་རེད་དམ། སུས་ལམ་སྟོན་བྱས་སམ། མི་གཅིག་གིས་ཀྱང་ཁོ་ལ་འདོད་པ་ཚིམས་པའི་ལན་སྤྲད་ཐུབ་མེད། དམ་པའི་ཆོས་དཔེ་ཡིས་ཁོ་ལ་སློབ་སྟོན་བྱས་ཐུབ་མེད། ཁོས་སྐབས་དང་བསྟུན་པའི་སྒོ་ནས་ “གང་ལྟར་ཆོས་ཁས་མི་ལེན་མཁན་ཞིག་ཏུ་ཁ་ཕྱོགས་” ཇི་ལྟར་ནའང་། བློ་རྒྱ་ཡངས་པོ་བྱས་ཏེ། ཨ་ཕའི་གྲོགས་པོ་མོ་སུ་ལེམ་དང་པཱར་སི། འཇེན་ཚོས་རྟག་པར་བགྲོ་གླེང་བྱེད་པར་ཉན། ཁོང་ཚོ་ཁྱིམ་དུ་ཡོང་ནས་ཧིན་ངྷི་ཆོས་ལུགས་དང་ཁོ་ཚོའི་དད་པ་བར་ལ་གོ་བསྡུར་བྱེད། འཇེན་ཆོས་ལུགས། ཧིན་ངྷི་བ་ཞིག་གིས་ལྷ་ཁང་ལེགས་བཅོས་མཛད། སྲོག་ལྡན་སེམས་ཅན་གང་རུང་ཞིག་གསོད་པར་བཀག འཇེན་ཆོས་དཔོན་གྱིས་སང་རས་ཀྱི་ཁ་བཏུམ་རྒྱབ། དེ་ལྟར་དབུགས་ལེན་སྐབས་འབུ་སྲིན་(ཁ་)ནང་དུ་མི་ཚུད་པར་སྲོག་མི་གཅོད། ཁོ་ཚོས་འབུ་སྲིན་ཐོག་ཆེད་མངགས་མ་ཡིན་པར་རྡོག་རྫིས་ཐེབས་པར་ཁོ་ཚོ་མཚན་མོ་ཕྱིར་རོལ་དུ་གོམ་བགྲོད་བྱེད་མི་འོས། ཁཱ་ཐེ་བར་ནང་འཇེན་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཁོའི་དུས་ཡུན་ཐུང་བའི་ཧིན་ངྷི་ཆོས་ལུགས་ལ་ངོ་རྒོལ་གྱེན་ལངས་སྐབས་སུ། གཱན་དྷི་དུས་རྟག་ཏུ་འཇེན་དང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་ཁ་ཤས་ལ་བློ་གཏད།

གཱན་དྷི་ཡི་ཡབ་ཀཱ་རཱམ་ཆེན་ལོ་ཁ་ཤས་ནང་ནད་པ་ཆགས་པ་དང་ཁྱིམ་གྱི་རྒྱུ་ནོར་ཉམས་ཞན་དུ་གྱུར་རྗེས་སྤྱི་ལོ་༡༨༨༥་ནང་འདས་གྲོངས་སུ་གྱུར། ཁོས་རྒྱུ་ནོར་ཉུང་ཉུང་ཞིག་ཤུལ་དུ་བཞག ད་ལྟ་མོ་ཧཱན་དྷ་ཡི་ཆེད་ལས་སློབ་སྦྱོང་སྐོར་ལ་དྲི་བ་བྱུང་། གཱན་དྷི་སྨན་གྱི་སྐོར་ལ་དོ་སྣང་བྱུང་ནའང་། ཁོའི་སྤུན་གྱིས་དྲན་གསོས་པ་ཞིག་ལ་ཁོ་ཚོའི་ཡབ་ཀྱིས་ཤི་བའི་རོ་གཤག་ལས་བྱེད་པར་དགག་བྱ་གནང་། དེ་ལས་ཁྲིམས་ལ་སློབ་སྦྱོང་བྱས་ན་ཡག་ཤོས་མ་རེད་དམ། གཱན་ངྷི་ཡི་སྤོ་བོ་ཨུ་ཊམ་ཆེན་(ས་གནས)ཕོར་བྷན་ངྷར་ཡི་བློན་ཆེན་བྱས་མྱོང་པ་དང་ལས་ཁུངས་དེ་ ཁོང་གི་བུ་ཀཱ་རཱམ་ཆེན་ལ་བརྒྱུད་སྤྲོད་བྱས། ཁོས་རང་གི་སྤུན་ཊུལ་སི་ངྷ་ལ་བརྒྱུད་སྤྲོད་གནང་། གལ་སྲིད་མོ་ཧཱན་ངྷ་ཁྲིམས་རྩོད་པ་གྱུར་བ་ཡིན་ན། ཁོང་ཁོའི་མངའ་སྡེའི་སྲིད་བློན་རྣམས་ཀྱི་དམིགས་བསལ་འགན་ལེན་བྱེད་དགོས། ལས་ཀ་ནི་ཕལ་ཆེར་ཁྱིམ་ཀྱི་རྒྱུ་ནོར་ཆེད་ཡིན། ཡིན་ནའང་ཁོང་ལ་གདེང་ཚོད་མེད་པ་དང་ཁོང་ཁྲིམས་ཀྱི་ཞེད་སྣང་བྱུང་། ཁོས་ཡིག་ཚད་འཕྲོད་ཐུབ་བམ། གཉན་འཕྲང་ཅན་གྱི་སྐབས་འདི་ལ། ཁྱིམ་ཚང་གི་གྲོགས་པོ་ཞིག་གིས་བསམ་འཆར་བཏོན་པ་ནི། མགྱོགས་མྱུར་ལོ་གསུམ་གྱི་སློབ་ཚན་དབྱིན་ཡུལ་དུ་བཏོན་པ་ཡིན་ན། ཆད་ལས་ དང་ཆབ་སྲིད་ལམ་ལྷུང་ཡོང་བའི་ཁག་ཐག་ཡག་ཤོས་རེད། ཕྱི་རྒྱལ་དུ་འདུག་རྒྱུའི་རེ་འདོད་དེས་གཱན་ངྷི་དགའ་བ་ཚད་མེད་བྱུང་། ད་ལྟ་ཁྱིམ་གྱི་འགོ་བ་ཨ་ཁུ་ཡིས་བཀག་འགོག་བྱས་ཏེ་ཡོ་རོབ་ནང་སྦྱང་བའི་ཁྲིམས་རྩོད་པའི་གྱོན་ཆོས་ “ངོ་ཚ་མེད་པའི་དབྱིན་ཇི་བ་ལྟར་” རྒྱ་གར་བའི་ ལུགས་སྲོལ་ཉམས་རྒུད་དང༌། ཁ་ནང་དུ་ཐ་མག་མེད་པར་མངོན་མི་ཐུབ་པ། ད་དུང་། པུ་ཊ་ལི་བྷེ་(གཱན་ངྷིའི་ཡུམ)ཡིས་ངོས་ལེན་བྱས་ཚེ། ཁོང་འགྲུལ་བཞུད་གནང་བར་བཀའ་འཁྲོལ་ཐོབ། དབྱིན་ཡུལ་ནང་ཕོ་གཞོན་རྣམས་ཀྱི་སྤྱོད་ལམ་སྐོར་ལ་དོགས་པ་དང་དགོངས་བཞེས་གནང་ནས། འཇེན་གྱི་གྲྭ་བ་བྷེ་ཆར་རྗེ་སི་ཝན་མུ་ཡོང་ནས་གཱན་དྷི་སྐྱོབ་ཆེད་ཁེས་ལེན་དམ་བཅའ་བྱེད་དུ་བཅུག་པ་ནི། ཁོས་ཆང་དང་བུད་མེད། ཤ་ལ་ལག་པ་མི་འཆང་བ་དེ་རེད།

མོ་ཧཱན་དྷ་ཡི་སྤུན་རྒན་པ་ལཱ་སུ་མི་ངྷ་ཁྲིམས་རྩོད་པ་ཡིན་པ་དང་ཁོང་མ་སླེབས་བར་དངུལ་གྱི་སྐོར་ལ་དཀའ་ངལ་ཁ་ཤས་བྱུང་། ཁོས་མཐུན་རྐྱེན་སྒྲུབ། ཁོང་མཉམ་དུ་བྷོམ་བྷེ་འགྲུལ་བཞུད་གནང་བ་དང་དེར་གཱན་དྷི་དབྱིན་ཡུལ་དུ་གྲུ་གཟིངས་ལ་སྡོད་དགོས། དཀའ་ངལ་འཕར་མ་ཞིག་བྱུང་བ་ནི། གཱན་ངྷི་ནི་མོ་དྷ་བྷ་ནི་ཡའི་གྲལ་རིམ་གྱི་ཚོགས་མི་ཡིན་པ་དང་བྷོམ་བྷེ་ཡི་མོ་ངྷ་བྷ་ནི་ཡས་གཱན་ངྷི་ཕྱི་རྒྱལ་དུ་འགྲོ་བ་ཐོས་པ་ན་ཁོ་ཚོས་ངོ་རྒོལ་བྱས། རྒན་པ་ཚོས་ཁ་རྩོད་བྱེད་དོན། མོ་ངྷ་བྷ་ནི་ཡ་མི་གཅིག་དབྱིན་ཡུལ་དུ་བསྡད་མྱོང་མེད། གང་ཡིན་ཟེར་ན་གནས་དེར་ཧིན་ ངྷི་ཆོས་ལུགས་ཉམས་ལེན་བྱེད་ས་མེད། ཡིན་ནའང་། ཁོང་ཚོའི་ཚོགས་འདུ་གཅིག་གི་ཐོག་གཱན་ངྷི་ཁ་གཏད་དུ་ལངས་ཏེ་ང་རང་འགྲོ་འདོད་ཡོད་ཅེས་བརྗོད། མགོ་ཁྲིད་ཀྱིས་དེ་མ་ཐག་ཏུ་བཤད་རྒྱུ་ “ དེ་རིང་ནས་བཟུང་བུ་འདི་ཕྱི་རོལ་གྱི་གྲལ་རིམ་ལྟར་བརྩི་དགོས་”ཞེས་གྲལ་རིམ་ཁོངས་ནས་ཕྱི་འབུད་བཏང་།

འཇིགས་ཞུམ་མེད་པར་གཱན་ངྷི་ཡིས་འཛིན་བྱང་དང་། དབྱིན་ཇིའི་སྟོད་གོས་གཅིག སྐེ་སྒྲོག་གཅིག ཟ་མ་འདང་ངེས་ཤིག སྤྱི་བཏང་གི་ཤིང་ཏོག ཀ་ར་མངར་མོ་སོགས་སོ་ཐུ་ཧམ་ཊན་ལ་བདུན་ཕྲག་གསུམ་གྱི་ལམ་ཁར་ཆེད་དུ་ཉོས། ཁོང་གི་ལོ་བཅུ་དགུ་ཡི་སྐྱེས་སྐར་སྔོན་གྱི་ཟླ་བ་གཅིག་ལ། སྤྱི་ལོ་༡༨༨༨་ཟླ་༩་ཚེས་༤་ཉིན་གྲུ་གཟུངས་ལ་ཞུགས། ཟླ་བ་ཁ་ཤས་སྔོན་ནས། ཀཱ་སུ་དྲུར་བྷེ་ཡིས་བུ་ཞིག་མངལ་དུ་འཁྱེར་ཡོད་པ་དང་ཁོང་ཚོས་དེ་ཧ་རི་ལ་ཞེས་འབོད།

 

འགྱུར་རྩོམ།

Post navigation

Previous Post: མ་འོངས་པར་༸རྒྱལ་དབང་སྐུ་ཕྲེང་ན་རིམ་འབྱོན་དགོས་པ་ནི་བོད་ཀྱི་ཆོས་ལུགས་མི་ རིགས་རིག་གནས་དང་བཅས་པ་གསོན་གནས་དང་འཕེལ་རྒྱས་ཀྱི་གཞི་རྩ་ཡིན།
Next Post: བཙན་བྱོལ་བོད་མིའི་བཅའ་ཁྲིམས་པར་ཐེངས་དྲུག་པ་ཕྱི་ལོ་ ༢༠༡༩ དེབ་གྲངས་ ༢༥༠༠ ཟེར་བའི་ནང་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། ཟེར་བའི་ནང་སྤྱི་འཐུས་ལྷན་ཚོགས་དེ་གསལ་མི་འདུག་ན་དེའི་སྐོར་ལ་དཔྱད་པའི་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (49)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme