རོང་རྒྱས་ཨ་གྲགས་ལགས་ཀྱི་ངོ་རྒོལ་སྐོར་གྱི་གཟུགས་མཐོང་བརྙན་པར་ཕྱི་ལ་འབྱོར་བ། Posted on 2010-08-042010-08-04 By ཁ་བརྡ་ 13 Comments on རོང་རྒྱས་ཨ་གྲགས་ལགས་ཀྱི་ངོ་རྒོལ་སྐོར་གྱི་གཟུགས་མཐོང་བརྙན་པར་ཕྱི་ལ་འབྱོར་བ། གསར་འགྱུར།
ཡ་བོད་གངས་ཅན་པའི་ཕོ་རྒོད་ལགས། བུ་དཔའ་པོའི་བློ་སྟོབས་གཅིག་གིས་རྩམ་ཟན་ཁྲི་ཕྲག་ཁ་ཤས་གཉིད་ལས་སླང་ཐ། རང་གིས་གཉེན་ཉེ་དང་བུ་ཕྲུག་ད་དུང་ལུས་ལ་བུ་ཆུང་ཞིག་སྐྱེད་བཞིན་པའི་ཆུང་མ་ གཉོམ་ཆུང་མ་ཡང་བློས་བཏང་མདོར་ན་རང་སྲོག་རྒྱ་དམར་གྱི་འབེན་ལ་བཞག་ནས། བོད་མི་བུ་ས་ཡ་དྲུག་གིས་ཆེད་དུ་མུན་ནག་འགྲིམ་བཞིན་བ་སུའི་ཀྱང་བརྗེད་ག་སྲིད། བུ་རྒོད་པོ་རེ་ཞིག་སྡུག་རེས་བྱོས་དང་འུ་ཅག་ལ་སྐྱིད་པའི་ཉི་མ་ཤར་ནས་མཉམ་འཛོམས་ ཀྱིས་གོ་སྐབས་ཞིག་ལོས་ཡོད་དེ་དུས་འདས་བའི་ཟིན་ཐོ་དེབ་ལ་བཀོད་ནས་ མ་འོངས་བའི་ང་ཚོའི་མདུན་ལམ་གླེང་ཆོག། ཅེས་ས་མཐའ་ནས་ཁྱེད་ཀྱིརིགས་རས་གཅིག་པའི་སྤུན་གྲོགས་ཞིག་ནས་ཕུལ།། ཉིད་ཀྱིས་བསམ་དོན་འགྲུབ་པར་ཤོག་ཅིགུ།།།།
གཙོན་པ་གཉྀས་ལ་ཁྲིམས་ཐག་བཅད། བརྙན་པར་ལོ་གསུམ་གཙོན་དུ་ཚུད་པ་གློད་གྲོལ་བྱུང་བ་དགའ་བོ་བྱུང་། ཨ་གྲགས་ལོ་བརྒྱད་ཚང་ནས་གཟི་བརྗིད་ངང་ནས་མི་ཚེ་དེ་མཇུག་བསྐྱེལ་ཐུབ་པར་ཤོག
བོན་ནག་ཚང་ལགས། “གཙོན་པ་”ཞེས་པ་ཡིག་ནོར་རེད། དོན་དུ་”བཙོན་པ་”ཞེས་པ་དག་པ་དེ་རེད། གསར་འགྱུར་འདིའི་ནང་གི་ཐ་སྙད་གལ་གནད་ཅན་ཞིག་རེད།
http://www.sponsafier.com/#/gallery/view/356094 བོད་རིག་སྤུན་ཟླ་རྣམས་པ་ གོང་གི་འབྲེལ་མཐུད་དེར་ཕེབས་ཏེ་ཉིན་རེར་འོས་རེ་འཕེན་ནས་བོད་ཀྱི་རྒྱལ་དར་དང་བོད་རང་དབང་གི་འབོད་ཚིག་ཅན་གྱི་རྒྱུགས་རྩེད་འཁོར་ལོ་དེར་རྒྱལ་ཁ་ཐོབ་ཐུབ་པ་བྱ་དགོས་ལེ་འདའ་ ད་ཉི་མ་རེ་ལ་འོས་རེ་ཆད་མེད་འཕེན་ཤོག་ཨང་།
བོད་ཀྱི་དཔའ་རྒོད་འདི་དག་གི་བྱས་རྗེས་ང་ཚོ་བོད་མི་གང་ན་སུ་ཡོད་པ་དག་གིས་བསྐལ་བའི་བར་དུ་བརྗེད་དུ་མི་རུང་བ་ཡིན་ལ། ཁོང་ཅག་གི་བྱས་རྗེས་དུས་རྟག་དུ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་པ་རེད། ཁོང་གི་སྙིང་སྟོབས་དང་འཇིགས་ཞུམ་མེད་པའི་མདུན་བསྐྱོད་དེ་རྒྱལ་གྱུར་ཅིག
དཔའ་བོ་ཨ་གྲགས་ཀྱིས་གང་བཤད་པ་གསལ་བོ་མི་གོ་བས། ཁམས་སྐད་དགོངས་མཁན་ཞིག་གིས་ཚང་མ་ཡིག་ཐོག་ཏུ་ཕབ་ཐུབ་པ་ཡིན་ན་ཕན་ཆེ་བ་མཐོང་། ཐུགས་རྗེ་ཆེ།
མི་ལོ་ལྔ་བཅུ་ལྷག་རིང་མུན་ནག་ཏུ་ལུས་པའི་གངས་ཅན་དཔའ་བོ་དཔའ་མོ་ཚོར་སྙིང་ནས་གུས་བཏུད་ཡོད། རྒྱ་ཡིས་གཉའ་གནོན་འོག་བོད་ཀྱི་དཔའ་བོ་ནི་འདི་ལྟར་བསད་སོང་། དཔའ་མོ་ནི་འདི་ལྟར་གྲོངས་སོང་། ད་དུང་ཕ་མ་དང་སྤུན་མཆེད་ལ་སོགས་སྡུག་རྩུབ་ཀྱི་ཉིན་འཁྱོལ་ཡང་མཚན་མོ་མི་འཁྱོལ་བས་དཀའ་སྡུག་ཁྲོད་སེམས་ཚབ་དང་འཇིགས་སྐྲག་གི་སྤྱི་ཚོགས་ཞིག་ནང་དམྱལ་བ་མི་ཡུལ་དུ་འགྱུར་བའི་གཤིན་རྗེའི་ལག་དམར་གྱིས་དམར་གཅོད་བཏང་དང་གཏོང་བཞིན་པ་ཡིན། རོང་རྒྱས་ཨ་གྲགས་ཁྱེད་ཀྱི་བློ་སྟོབས་དང་ལྷག་བསམ་ལ་ངའི་བོད་མི་ས་ཡ་དྲུག་གིས་ཚབ་བྱས་ནས་རྗེས་སུ་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད་ མྱུར་དུ་ཁྱེད་ཀྱི་བདེན་མཐའ་གསལ་བར་ཤོག རང་དབང་གི་འཚོ་བར་ལོངས་སུ་སྤྱོད་པའི་བདེ་སྐྱིད་ཉི་མ་ཤར་བ་སྨོན།
བོད་དམག་མཁས་པ་བློན་པོ་མགར་མགར་སྟོང་བཙན། ། བོད་དྲག་མི་ཆེན་དྲིན་ཆེན་ཀླུ་ཁང་དཔའ་བོ། ། བོད་མི་སྐྱུས་མ་རོང་རྒྱས་ཨ་གྲགས་ལ་སོགས། ། བོད་ཀྱི་དཔའ་བོ་ད་ཡོད་འདས་པོར་འདུད་དོ། །
ཨེ་མ། གངས་ཅན་པའི་ཕོ་རྒོད་ལགས། ཁྱེད་ཀྱིས་ཞུམ་པ་མེད་པའི་ཀི་སྒྲ་གཅིག་གིས་ཆོལ་གསུམ་བོད་མི་རྒན་གཞོན་ཚང་མ་རྨོངས་གཉིད་ལས་སད་པར་བྱས། ཁྱེད་ཀྱི་བརྗིད་ཉམས་ལྡན་པའི་འབོད་ཚིག་རེ་རེས་ཡབ་མེས་ཚོའི་སྣང་བརྙན་གསོན་པོ་རེ་ངའི་ཡིད་ངོས་སུ་ལྷམ་མེར་ལྷང་ངེར་འཆར། ཁྱེད་ནི་མུན་ནག་གི་དཀྱིལ་དུ་དཀའ་སྡུག་གི་ལོ་ཟླ་རེ་རེ་བགྲང་ནས་བཞུགས་པར་སེམས་ཚེ་ངའི་ཡ་ཆུང་ཁོག་པའི་དཀྱིལ་ན་སྡུག་གི་སྤྲིན་ནག་འཁྲིགས། འོན་ཀྱང་། ཁྱེད་བློ་ཕམ་མི་དགོས་ལ། ཡིད་ཆད་མི་དགོས་ང་ཚོ་ཤ་རུས་གཅིག་པའི་སྤུན་ཟླ་ས་ཡ་དྲུག་ཁྱེད་དང་མཉམ་དུ་ཡོད། ཁྱེད་ཉིད་མི་རིང་བར་གདུག་པའི་ཁྲི་མུན་ལས་ཐར་ནས་རང་དབང་བདེ་སྐྱིད་ཀྱི་འཚོ་བའི་སྨོན་ལམ་ཡོད། དཔའ་བོ་ལགས། ང་སེམས་ཁོང་གི་དཔལ་བོ་ལགས།
ཡ་བོད་གངས་ཅན་པའི་ཕོ་རྒོད་ལགས།
བུ་དཔའ་པོའི་བློ་སྟོབས་གཅིག་གིས་རྩམ་ཟན་ཁྲི་ཕྲག་ཁ་ཤས་གཉིད་ལས་སླང་ཐ།
རང་གིས་གཉེན་ཉེ་དང་བུ་ཕྲུག་ད་དུང་ལུས་ལ་བུ་ཆུང་ཞིག་སྐྱེད་བཞིན་པའི་ཆུང་མ་
གཉོམ་ཆུང་མ་ཡང་བློས་བཏང་མདོར་ན་རང་སྲོག་རྒྱ་དམར་གྱི་འབེན་ལ་བཞག་ནས།
བོད་མི་བུ་ས་ཡ་དྲུག་གིས་ཆེད་དུ་མུན་ནག་འགྲིམ་བཞིན་བ་སུའི་ཀྱང་བརྗེད་ག་སྲིད།
བུ་རྒོད་པོ་རེ་ཞིག་སྡུག་རེས་བྱོས་དང་འུ་ཅག་ལ་སྐྱིད་པའི་ཉི་མ་ཤར་ནས་མཉམ་འཛོམས་
ཀྱིས་གོ་སྐབས་ཞིག་ལོས་ཡོད་དེ་དུས་འདས་བའི་ཟིན་ཐོ་དེབ་ལ་བཀོད་ནས་
མ་འོངས་བའི་ང་ཚོའི་མདུན་ལམ་གླེང་ཆོག།
ཅེས་ས་མཐའ་ནས་ཁྱེད་ཀྱིརིགས་རས་གཅིག་པའི་སྤུན་གྲོགས་ཞིག་ནས་ཕུལ།།
ཉིད་ཀྱིས་བསམ་དོན་འགྲུབ་པར་ཤོག་ཅིགུ།།།།
བོད་ཀྱི་དཔའ་བོ་ཕོ་མོ་རྒྱལ་འགྱུར་ཅིག །
གཙོན་པ་གཉྀས་ལ་ཁྲིམས་ཐག་བཅད། བརྙན་པར་ལོ་གསུམ་གཙོན་དུ་ཚུད་པ་གློད་གྲོལ་བྱུང་བ་དགའ་བོ་བྱུང་། ཨ་གྲགས་ལོ་བརྒྱད་ཚང་ནས་གཟི་བརྗིད་ངང་ནས་མི་ཚེ་དེ་མཇུག་བསྐྱེལ་ཐུབ་པར་ཤོག
བོན་ནག་ཚང་ལགས། “གཙོན་པ་”ཞེས་པ་ཡིག་ནོར་རེད། དོན་དུ་”བཙོན་པ་”ཞེས་པ་དག་པ་དེ་རེད།
གསར་འགྱུར་འདིའི་ནང་གི་ཐ་སྙད་གལ་གནད་ཅན་ཞིག་རེད།
http://www.sponsafier.com/#/gallery/view/356094
བོད་རིག་སྤུན་ཟླ་རྣམས་པ་ གོང་གི་འབྲེལ་མཐུད་དེར་ཕེབས་ཏེ་ཉིན་རེར་འོས་རེ་འཕེན་ནས་བོད་ཀྱི་རྒྱལ་དར་དང་བོད་རང་དབང་གི་འབོད་ཚིག་ཅན་གྱི་རྒྱུགས་རྩེད་འཁོར་ལོ་དེར་རྒྱལ་ཁ་ཐོབ་ཐུབ་པ་བྱ་དགོས་ལེ་འདའ་ ད་ཉི་མ་རེ་ལ་འོས་རེ་ཆད་མེད་འཕེན་ཤོག་ཨང་།
འཇིག་ཞུམ་སྤུ་ཙམ་མེད་པའི་གཏམ་བཤད་བྱེད་སྟངས་འདི་ལ་ལྟ་ན་ དངོས་གནས་ཁོང་དཔའ་བོ་རེད་བཞག་།
ཨེ་མ་བོད་ཀྱི་དཔའ་བོ་ངོ་མཆ༈ཚར་ཚེ།
བོད་ཀྱི་དཔའ་རྒོད་འདི་དག་གི་བྱས་རྗེས་ང་ཚོ་བོད་མི་གང་ན་སུ་ཡོད་པ་དག་གིས་བསྐལ་བའི་བར་དུ་བརྗེད་དུ་མི་རུང་བ་ཡིན་ལ། ཁོང་ཅག་གི་བྱས་རྗེས་དུས་རྟག་དུ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་པ་རེད། ཁོང་གི་སྙིང་སྟོབས་དང་འཇིགས་ཞུམ་མེད་པའི་མདུན་བསྐྱོད་དེ་རྒྱལ་གྱུར་ཅིག
དཔའ་བོ་ཨ་གྲགས་ཀྱིས་གང་བཤད་པ་གསལ་བོ་མི་གོ་བས། ཁམས་སྐད་དགོངས་མཁན་ཞིག་གིས་ཚང་མ་ཡིག་ཐོག་ཏུ་ཕབ་ཐུབ་པ་ཡིན་ན་ཕན་ཆེ་བ་མཐོང་། ཐུགས་རྗེ་ཆེ།
རྩམ་གཟན་དཔའ་བོ་གང་ལ་ངོ་སོ་བསྟོད།
གུས་འདུད་ཞུ།
མི་ལོ་ལྔ་བཅུ་ལྷག་རིང་མུན་ནག་ཏུ་ལུས་པའི་གངས་ཅན་དཔའ་བོ་དཔའ་མོ་ཚོར་སྙིང་ནས་གུས་བཏུད་ཡོད། རྒྱ་ཡིས་གཉའ་གནོན་འོག་བོད་ཀྱི་དཔའ་བོ་ནི་འདི་ལྟར་བསད་སོང་། དཔའ་མོ་ནི་འདི་ལྟར་གྲོངས་སོང་། ད་དུང་ཕ་མ་དང་སྤུན་མཆེད་ལ་སོགས་སྡུག་རྩུབ་ཀྱི་ཉིན་འཁྱོལ་ཡང་མཚན་མོ་མི་འཁྱོལ་བས་དཀའ་སྡུག་ཁྲོད་སེམས་ཚབ་དང་འཇིགས་སྐྲག་གི་སྤྱི་ཚོགས་ཞིག་ནང་དམྱལ་བ་མི་ཡུལ་དུ་འགྱུར་བའི་གཤིན་རྗེའི་ལག་དམར་གྱིས་དམར་གཅོད་བཏང་དང་གཏོང་བཞིན་པ་ཡིན། རོང་རྒྱས་ཨ་གྲགས་ཁྱེད་ཀྱི་བློ་སྟོབས་དང་ལྷག་བསམ་ལ་ངའི་བོད་མི་ས་ཡ་དྲུག་གིས་ཚབ་བྱས་ནས་རྗེས་སུ་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད་ མྱུར་དུ་ཁྱེད་ཀྱི་བདེན་མཐའ་གསལ་བར་ཤོག རང་དབང་གི་འཚོ་བར་ལོངས་སུ་སྤྱོད་པའི་བདེ་སྐྱིད་ཉི་མ་ཤར་བ་སྨོན།
བོད་དམག་མཁས་པ་བློན་པོ་མགར་མགར་སྟོང་བཙན། །
བོད་དྲག་མི་ཆེན་དྲིན་ཆེན་ཀླུ་ཁང་དཔའ་བོ། །
བོད་མི་སྐྱུས་མ་རོང་རྒྱས་ཨ་གྲགས་ལ་སོགས། །
བོད་ཀྱི་དཔའ་བོ་ད་ཡོད་འདས་པོར་འདུད་དོ། །