གཡུ་དྲུག་དཀར། རྡ་ས།
བརྙན་འཕྲིན་གྱི་མདུན་ལ་སླེབས་དུས། རང་ཉིད་འདར་གྱིན་པ་འདྲ་ལ། དེ་ནས་བརྙན་འཕྲིན་གྱི་ཁ་འབྱེད་དུས། ལག་པའང་འདར་གྱིན་པ་ལྟར་ཚོར་བས། བརྙན་འཕྲིན་གྱི་མདུན་ན་ང་ཚོར་འགྲེང་ཚུགས་ཀྱི་སྤོབས་པ་ཞིག་ཡེ་ནས་མེད་པ་འདྲ་ཨང་།
འདར་བཞིན་འདར་བཞིན་བརྙན་འཕྲིན་གྱི་ཁ་འབྱེད་དུས། བརྙན་འཕྲིན་གྱི་ཤེལ་ཡོལ་ཡང་འདར་འདར་གྱིས་མདོག་འགྱུར་ཞིང་། འདར་གྱིན་འགྱུར་གྱིན་པའི་ཤེལ་ངོས་ནས། རྨི་ལམ་ལྟ་བུའི། འཕྲུལ་སྣང་འདྲ་བའི། འཇིག་རྟེན་ཞིག་རིས་སུ་བཀྲ་བྱུང་ལ། དེ་དང་ལྷན་དུ་བཟོ་དབྱིབས་སྣ་ཚོགས་དང་། གཟུགས་རིས་སྣ་ཚོགས། ཁ་དོག་སྣ་ཚོགས། སྒྱུ་རྩལ་སྣ་ཚོགས་ཀྱིས་སླར་ཡང་རྨི་ལམ་འདྲ་བའི། འཕྲུལ་སྣང་འདྲ་བའི་མངོན་བསྟོད་ཀྱི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་སུ་བཅུག་བྱུང་།
བརྙན་འཕྲིན་གྱི་མདུན་ནས། སྣ་ཚོགས་ཟེར་བ་དེའང་མངོན་སུམ་གྱིས་མཐོང་སྟེ། གློག་བརྙན་འཕྲིན་སྣ་ཚོགས། རྒྱལ་སྤྱི་རྒྱལ་ནང་གི་གསར་འགྱུར་སྣ་ཚོགས། སྤྱི་སྒེར་གཉིས་ཀའི་ཁྱབ་བསྒྲགས་སྣ་ཚོགས། རྒན་དར་གཞོན་གསུམ་གྱི་གླུ་གཞས་སྣ་ཚོགས། བྲོ་གར་སྣ་ཚོགས། རྩེད་འགྲན་སྣ་ཚོགས། གཞན་ཡང་ལོ་རྒྱུས་སྣ་ཚོགས། ས་ཁམས་རླུང་ཁམས་ཀྱི་འགྱུར་བ་སྣ་ཚོགས། བཟོ་བཀོད་སྣ་ཚོགས་སོགས། སྣ་ཚོགས་དང་སྣ་ཚོགས་འཕྲད་པ་མངོན་སུམ་གྱིས་མཐོང་མོད།
གཞན་གྱི་སྣ་ཚོགས་དང་སྣ་ཚོགས་འཕྲད་པ་མཐོང་ན། རང་སེམས་སྐྱིད་པོ་བདེ་མོ་ཞིག་ཡིན་ནམ། རང་བློ་བདེ་བདེ་ལྷོད་ལྷོད་ཅིག་ཡོང་ངམ། རང་ལུས་འགུལ་མེད་བརྟན་བརླིང་ངང་གནས་སམ། བརྙན་འཕྲིན་གྱི་མདུན་ནས། རང་གི་ལག་ཟུང་དང་སྣང་བ་སྟོང་ལྷང་ངེར་གཞན་ཁོ་ནའི་སྣ་ཚོགས་ལ་ཅེར་འདུག་པའི་ཚོར་བ་མེ་རུ་འབར་དུས། སྙིང་གསོན་པོ་འདི་བརྙན་འཕྲིན་རྡོག་རྡོག་པོ་འདི་བཞིན་འདར་འདར་བྱེད་ཅིང་། འཕར་ལྡིང་གི་བྲེལ་ཤ་ཁོལ་བའི་ང་ཚོའི་བྲང་ཁོག ནམ་ཞིག་ལ་འཇགས་ཐུབ་བམ།
ང་ཚོ་བརྙན་འཕྲིན་གྱི་མདུན་ན་མ་གཏོགས། བརྙན་འཕྲིན་གྱི་ནང་ན་མེད་པས་སོ།
http://www.sponsafier.com/#/gallery/view/356094
བོད་རིག་སྤུན་ཟླ་རྣམས་པ་ གོང་གི་འབྲེལ་མཐུད་དེར་ཕེབས་ཏེ་ཉིན་རེར་འོས་རེ་འཕེན་ནས་བོད་ཀྱི་རྒྱལ་དར་དང་བོད་རང་དབང་གི་འབོད་ཚིག་ཅན་གྱི་རྒྱུགས་རྩེད་འཁོར་ལོ་དེར་རྒྱལ་ཁ་ཐོབ་ཐུབ་པ་བྱ་དགོས་ལེ་འདའ་ ད་ཉི་མ་རེ་ལ་འོས་རེ་ཆད་མེད་འཕེན་ཤོག་ཨང་།
http://www.sponsafier.com/#/gallery/view/356094
འདྲེ་རྒོད་ལགས
ངས་ད་ནངས་ནས་འོས་བླུག་ཚར་ཡོད། སང་ཉིན་ཡང་བསྐྱར་བླུག་གི་ཡིན།
སྤྱིར་རྩོམ་ཡིག་འདི་བཀླགས་སྤྲོ་བོ་བྱུང་། འོན་ཀྱང་བློར་མི་འབབ་པའི་ཚིག་གཅིག་རང་གཅིག་འདུག ༼རྒྱལ་སྤྱི་རྒྱལ་ནང་གི་གསར་འགྱུར་སྣ་ཚོགས།༽ཞེས་པའི་”རྒྱལ་ནང་”ཟེར་བ་འདི་རྒྱ་ནག་གུང་ཁྲན་གྱིས་གཡོ་འཕྲུལ་འོག་ནས་ཀློག་ཀློག་སུབ་སུབ་ཀྱིས་འོང་བའི་ཆབ་སྲིད་ཀྱི་ཚིག་ཅིག་རེད། བོད་ནང་གི་མི་ཚོར་ཁག་མེད། འོན་ཀྱང་ཕྱི་སྡོད་རྩོམ་འབྲི་བ་ཚོས་འདི་བེད་སྤྱོད་མ་གཏོང་ཞེས་ནན་གྱིས་སྐུལ་མ་བྱེད་འདོད་བྱུང་། འདི་རྒྱ་ཚིག་国外དང་国内 ཟེར་བའི་ཚིག་རྗེས་མ་དེ་ལས་བྱུང་བ་རེད། དེས་ན་ང་ཚོས་འདི་བེད་སྤྱོད་བྱེད་དགོས་དོན་མི་འདུག ཕྱི་ལོགས་ཤིག་ནས་བསྡད་དེ་”རྒྱལ་ནང་”གི་ཅིག་ཅིག་མིག་མིག་ཟེར་ནས་བྲིས་ན་ཧ་ཅང་འོས་འཚམ་མ་རེད་སྙམ། འདི་བསམ་ཚུལ་ཙམ་ཞུས་པ་ཡིན།
གཡུ་དྲུག་དཀར་ས་ལེ་འོད་པོ་ཆེ་འདིས། རྩོམ་ཡིག་ཀློག་སྤྲོ་བོ་ཞིག་བྲིས་ཡོད་ཀི ཁ་སྔོན་མཆན་ཞིག་བྲིས་པ་ཡིན་བསམ་མོད། མཆན་དེ་རིང་མཐོང་རྒྱུ་ལ་མི་འདུག གཅིག་བྱས་ནས་འབྲི་བསམ་ནས་མ་བྲིས་ན་ཡང་ཐང་།
རེད་ཡ། བོད་ནང་ནས་རྒྱ་ནག་དང་རྒྱ་ནང་ཞེས་འབྲི་མ་ཕོད་པར་རྒྱལ་ནང་ཞེས་འབྲི་གི་ཡོད་ནི་རེད། ཕྱི་ལོག་ནས་་་་་་་་་་་་་་་་་་་་་་?