ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷེན་ ཀི་མོན་ ༼Ban Ki-moon༽་གྱིས་རྒྱ་བོད་ཀྱི་ད་ལྟའི་གནས་སྟངས་ཐད་གསར་འགོད་པར་འགྲེལ་བརྗོད་བྱས་ཏེ། “ངའི་རེ་བ་ལ། རྒྱ་ནག་གི་དབང་འཛིན་པ་ཚོས་གནད་དོན་འདི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་མུ་མཐུད་བྱེད་པའི་རེ་བ་ཡོད་”ཅེས་གསུངས་འདུག རྒྱལ་ཚོགས་ཀྱི་མིས་བོད་དོན་གླེང་སློང་བྱེད་པ་ནི་སྲིད་མཐའ་ཙམ་གྱིས་དཀོན་པོ་ཡིན་མོད། འདི་འདྲ་མཐོང་སྐབས་འཛམ་གླིང་གིས་རྒྱ་ནག་ལ་བལྟས་བལྟས་བསྡད་ཡོད་པའི་རྣམ་པ་ཇེ་གསལ་དུ་འགྲོ།
ཡང་ ཚེས་ བཅུ་གཉིས་ ཉིན་༧རྒྱལ་བ་རིན་པོ་ཆེས་པཱོ་ལན་ཌིའི་གྲོས་ཚོགས་སུ་བཀའ་སློབ་གནང་སྐབས། “རྒྱ་ནག་དེ་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁོངས་སུ་ལེན་རྒྱུའི་ཐད་རང་དབང་ཅན་གྱི་དམངས་གཙོའི་རྒྱལ་ཁབ་རྣམས་ཡ་རབས་ཀྱི་འོས་འགན་ཞིག་ཡོད་པ་རེད།” ཅེས་དང་། “རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ རྒྱ་ནག་ཁེར་རྐྱང་དུ་མ་བཞག་པར་ རྒྱ་ནག་དེ་ངེས་པར་དུ་འཛམ་གླིང་སྤྱི་ཚོགས་ཀྱི་དཀྱིལ་དུ་ལེན་དགོས་པ་རེད། “ཅེས་བཀའ་སློབ་གནང་འདུག
སྤྱིར་མི་ཞིག་གནས་སྟངས་སྐྱོ་བོ་ཞིག་གི་འོག་ཡོད་དུས་སུ་གཞན་གྱིས་སེམས་གསོའི་སྐད་ཆ་རེ་བཤད་ན་
སེམས་ཤུགས་འཕར་བ་ཆོས་ཉིད་ཡིན་ཡིན།
སེམས་ཤུགས་འཕར་བར་སྐུལ་ལོངས་བྱེད་པ་ནི་དངོས་ནས་དགའ་འོས་པ་ཞིག་ཡིན་ཡང་། དཔོན་པོ་དེ་དག་གི་ཁ་སྟོང་ནང་གི་ཚིགས་སྟོང་དེ་དག་གི་བོད་ལ་གང་ཡང་མི་ཕན་ཁོ་ཐག་ཡིན། དེ་ལས་བོད་པ་རང་ཉིད་འགུལ་ལྕོག་རེ་རྒྱག་མ་ཐུབ་དུས།