བཞག་ལྡོམ་དར་རྒྱས་།
ཁ་སང་ཁྲི་སྲོང་རྒྱལ་པོས་བཀའ་བཞིན་དུ་།
རི་བོ་གངས་ཅན་མཐའ་མཚམས་སྲུང་དུ་ཕེབས་།
ཁྲག་དང་རྔུལ་ཆུས་བསྐྲུན་པའི་ལོ་ཟླའི་ཁྲོད་།
འབྲུག་ཆུའི་བོད་མའི་དཔའ་མཛངས་ཉི་འོད་བཞིན་།
དེ་རིང་མི་སྡུག་འཛིན་མའི་ཁྲོ་ཉམས་ཀྱིས་།
ཉམ་ཆུང་བྱིས་པ་དྭ་ཕྲུག་ལྷག་པའི་སྐབས་།
སྤུན་དང་ཚ་བོ་ཆུ་ལ་འཁྱེར་པའི་སྐབས་།
སྐྱབས་དང་མགོན་མེད་རི་མགོའི་བསེ་རུ་ཉིད་།
ཕ་རོལ་རྒྱ་མི་གཡོ་རྒྱུ་འཁྲབ་ལ་མཁས་།
ཚུལ་རོལ་བོད་པ་མགོ་བོ་རྨོངས་ལ་དགའ་།
བར་གྱི་འབྲུག་ཆུ་གདོང་དམར་བོད་པའི་རྒྱུད་།
མ་འོངས་ལོ་རྒྱུས་དཔང་པོར་བརྟན་གྱིར་ཅིག
གཞག་དར་ལགས།
ཚིགས་བཅད་ལས་བཅིངས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དེས་ཁྱེད་ལ་དབང་བའི་སྨོན་འདུན་དེ་འགྲུབ་པར་ཤོག
འབྲུག་ཆུའི་ལོ་རྒྱུས་གང་མང་འབྲི་བའི་རེ་བ་ཡོད།
བཀྲིས་བདེ་ལེགས་ཡོོད། དག་མཆན་ལ་སྒུག་ཡོད་
ཡག་པོ་འདུག ཐུགས་རྗེ་ཆེ
ཁྱེད་ཚོ་ནམ་ཡང་ཁེ་རྐྱང་མིན།།
ས་མཚམས་ཀྱི་རྡོ་རིང་། ལོ་རྒྱུས་ཀྱི་དཔང་པོ།
བཙན་པོ་ཡི་གདོང་རྒྱུད། ངའི་མཐའ་མཚམས་ཀྱི་མི་མང་།
རི་ཀླུང་ཉིལ་ཡང་འཇིགས་སྐྲག་མེད།
འབྱུང་བ་འཁྲིགས་ཀྱང་སེམས་མི་ཞི།
ཁྱེད་ལ་དཀའ་ངལ་འཕྲད་པ་ད་རེ་མིན།
ཁྱེད་ཀྱི་ཕ་ཁྱིམ་བརླགས་ཀྱང་སེམས་མ་ཞི།
ང་ཚོ་ཚང་མ་ཁྱེད་ཀྱི་ཁྱིམ་ཚང་ཡིན།
ཉེ་འབྲེལ་ནང་མི་བྲལ་ཡང་བློ་མ་ཕམ།
ང་ཚོ་ཚང་མ་ཁྱེད་ཀྱི་བཟའ་ཚང་ཡིན།
སྙིང་གཏམ་ང་ཚོར་གསུངས་དང་། སྤུན་ཟླ་ལགས།
སྡུག་གཏམ་ང་ཚོར་བགོས་དང་། རིགས་མཐུན་ལགས།
ཁྱེད་ཚོ་ནམ་ཡང་ཁེ་རྐྱང་མིན་ཞིང་ང་ཚོ་ཁྱེད་ཚོ་དང་ལྷན་དུ་ཡོད།
སྤུན་ཟླའི་མཛའ་བརྩེ་རི་ལས་བརྟན་པའི་སྨོན་འདུན་ཞུ།
མུ་གེ་ཐོག་ཟླ་ལྷག སྡུག་ངལ་སྟེང་མཁུར་པོ།
གྲངས་ཉུང་སྒང་འགྲོ་སོང་། ངའི་རིགས་རྒྱུད་ཀྱི་མི་མང་།
འབྱུང་བ་འཁྲིགས་ཀྱང་སེམས་མི་ཞི།
ཁྱེད་ལ་དཀའ་ངལ་འཕྲད་པ་ད་རེ་མིན།
ཁྱེད་ཀྱི་ཕ་ཁྱིམ་བརླགས་ཀྱང་སེམས་མ་ཞི།
ང་ཚོ་ཚང་མ་ཁྱེད་ཀྱི་ཁྱིམ་ཚང་ཡིན།
ཉེ་འབྲེལ་ནང་མི་བྲལ་ཡང་བློ་མ་ཕམ།
ང་ཚོ་ཚང་མ་ཁྱེད་ཀྱི་བཟའ་ཚང་ཡིན།
སྙིང་གཏམ་ང་ཚོར་གསུངས་དང་། སྤུན་ཟླ་ལགས།
སྡུག་གཏམ་ང་ཚོར་བགོས་དང་། རིགས་མཐུན་ལགས།
ཁྱེད་ཚོ་ནམ་ཡང་ཁེ་རྐྱང་མིན་ཞིང་ང་ཚོ་ཁྱེད་ཚོ་དང་ལྷན་དུ་ཡོད།
སྤུན་ཟླའི་མཛའ་བརྩེ་རི་ལས་བརྟན་པའི་སྨོན་འདུན་ཞུ།
ས་མཐའ་ནས་ཕྲན་གྱིས་འབྱུང་བས་གནོད་འཚེ་ཕོགས་པའི་འབྲུག་ཆུའི་སྤུན་ཟླ་ཡོངས་ལ་གླུ་ཞིག་གི་ཚབ་ཏུ་ཕུལ་བའོ།
དྲ་གྲོགས་ཚོས་ངའི་རྩོམ་ཙམ་པོ་བར་མཆན་བཀོད་པར་ཐུགས་རྗེ་ཆེ་། གུས་པར་མཚོན་ན་བོད་པ་སུའི་སྟེང་ལ་དར་རྒུད་ཡོང་ན་དེ་ནི་ངའི་ཚེ་སྲོག་དང་འབྲེལ་བ་ཡོད་པས་། ང་ནམ་ཡང་ཁོང་ཚོ་དང་ལྷན་དུ་དགའ་དུས་སྐྱིད་གྲོགས་དང་རྒུད་དུས་སྐྱོ་རོགས་ཡིན་པར་སྨོན་ལམ་འདེབས་ཀྱིན་ཡོད་།
ཨ་ནུ་ཐང་བསོད་ནམས་ལགས།
རྩོམ་ཡིག་ཡག་པོ་འདུག་ལ་ངས་ཕབ་ལེན་ཡང་བྱས་ཡོད།