རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གཉིས་པའི་སྐོར་གྱི་གནས་ཚུལ་ཞིག Posted on 2010-08-192010-08-19 By ཁ་བརྡ་ 9 Comments on རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གཉིས་པའི་སྐོར་གྱི་གནས་ཚུལ་ཞིག གསར་འགྱུར།
རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གཉིས་པ་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁོ་བར་དུ་རྒྱས་འཛོམས་བྱུང་ཐུབ་པར་སེམས་གཏིང་ནས་རྟེན་འབྲེལ་ཞུ། ད་ལོའི་ཚོགས་བཅར་བའི་སྐོར་བ་བོད་ནང་གཙོས་རྒྱ་བལ་འབྲུག་གསུམ་ནས་ཚོགས་བཅར་བ་བརྒྱ་གྲངས་ལོང་བར་དཀའ་དེ་མཚུངས་འཕྲད་ཡོད། དེས་ན་ད་ཐེངས་ཀྱི་ཚོགས་འདུའི་སྟེང་ནས་འདིའི་སྐོར་ཡང་ངེས་པར་དུ་གླེང་སློང་བྱས་ཏེ་ལོ་གསུམ་གྱི་རྗེས་སུ་རྒྱལ་ཁབ་གང་དུ་འཚོགས་རྒྱུའི་ཚོགས་འདུ་དེར་ད་ལོའི་དཀའ་ངལ་འདི་འདྲ་མི་འཕྲད་པའི་ཐབས་ལམ་ཞིག་ངེས་པར་དུ་འཚོལ་དགོས་པར་འདོད། ཁ་བརྡ་ཚང་གིས་སྨྱན་བྱེད་དུམ་བུ་འདི་དྲ་ངོས་སུ་བཞག་པ་ཡང་འདིའི་སྐོར་ལ་བགྲོ་གླེང་རེ་བྱས་ན་དགོངས་པ་ལོས་ཡིན་འདོད།
བོད་ཕྱི་ནང་གཉིས་ཀྱི་གཙོ་བའི་བོད་རིགས་འདུས་བསྡོད་ཀྱི་ཡུལ་གྲུ་ཁག་ནས་ཕེབས་པ་དང་། ལྷག་དོན་དུ་བོད་དོན་ལ་འབྲེལ་ཡོད་ཀྱི་མི་སྣ་དག་ལ་སེམས་ཁོང་རུས་པའི་གཏིང་ནས་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་དང་ཆབ་ཅིག ཚོགས་ཆེན་དེ་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་བོད་ཀྱི་སྐད་ཡིག་ཆག་འཇིག་གི་སྐོར་འདས་མ་གསུམ་གྱི་ཉམ་མྱོང་གཞིར་བཞག་ཐོག་ནས་བགྲོ་གླེང་ལྷུག་པོ་ཞིག་ཡོང་བར་སྨོན།
བོད་ནང་གི་མཁས་པ་མང་པོ་ལ་རྒྱ་གཞུང་གིས་ཕྱི་བསྐྱོད་་ལག་འཁྱེར་མ་སྤྲོད་པ་དང་། ཁག་་ཅིག་ལ་ལག་ཁྱེར་དང་འཐོང་ཆེན་ཐོབ་ནའང་རྒྱ་གཞུང་གིས་ཡོང་གི་མ་བཞག་པ་ལ་བློ་ཕམ་ཆེན་པོ་ཡོད། རྒྱ་གར་ནས་བོད་པ་སྐོར་ཅིག་ལ་འཐོང་ཆེན་ནམ་བེ་ཟ་མ་སྤྲད་པ་ལ་དགའ་བསུ་ཡོད། མང་ཆེ་བས་འཚོགས་འདུ་ལ་ཁ་གཡར་ནས་ཧིན་སྒོར་འབུམ་བདུན་བརྒྱད་ཀྱིས་ཚོང་རྒྱག་གི་ཡོད་པ་རེད། དེ་ལྟར་བྱས་ན་རྗེས་མ་འཚོགས་འདུ་ལ་དཀའ་ངལ་ཕྲད་ཡོང་གི་རེད། བོད་པའི་སྤྱི་ཕན་ལ་གནོད་གི་རེད། ཧ ཧཧ ། རྩོམ་པ་པའི་མཐུན་ཚོགས་ལ་ཚོང་མ་རྒྱུགས་པ་ནི་ཡག་པོ་བྱུང་འདུག
རྒྱ་བལ་འབྲུག་གསུམ་ན་བཞུགས་པའི་མི་ཁྲམ་སྐོར་ཞིག་གིས་གཡོ་སྒྱུས་རྐྱེན་མཁས་དབང་མང་པོ་ཞིག་ལ་བརྡབས་གསིག་བཏང་ཡོད་པ་མཁྱེན་གསལ་རེད། མ་འཇོན་པ་དེ་རྩ་བ་ཚེ་རིང་ཤག་ཀྱ་རེད། བཟང་ངན་གྱི་ཁྱད་མ་འབྱེད་ནས་རྩོམ་བསྐུར་ཚད་ངོས་ལེན་བྱས་ཡོད་པས་རེད། བློ་ཕམ་ཞེ་བོ་བྱུང་སོང་། མཐར་གཏུགས་ཡོང་དུས་ཚེ་རིང་ཤག་ཀྱ་ཟེར་བས་བོན་སྐད་ཀྱང་ཡག་པོ་ཞིག་གནང་ཤེས་བཞིན་མི་འདུག་པར་ཐབས་སྐྱོ་བའི་གནས་ཚུལ་ལ་གསོན་དང་།
རྩོམ་སྒྲིག་པ་ལགས། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་འདུ་ཐེངས་བཅུ་གཉིས་པའི་སྐོར་གྱི་གནས་ཚུལ་ཞིག ཅེས་པའི་རྩོམ་ཡིག་འདིའི་ཁ་བྱང་ཙམ་ལས་མ་རྩོམ་མཐོང་རྒྱུ་མི་འདུག་པས་མ་རྩོམ་བཀླག་ཐུབ་པའི་ཐབས་ཤེས་ཤིག་གནང་རོགས། དེ་མིན་དེ་རིང་གི་རྩོམ་གསར་ འབྲུག་ཆུ་ལོ་རྒྱུས་ཀྱི་དཔང་པོ་ཞེས་པ་དང༌། མ་བུ་དགྲ་གྲོགས་སོགས་རྩོམ་མཆན་གཞན་རྣམས་ཤར་མ་ཀློག་ཐུབ་པ་འདུག་ན་ཏན་ཏན་གོང་གི་རྩོམ་ཡིག་དྲ་ཐོག་བཀོད་སྟངས་ལ་ཅུང་དཀའ་ངལ་ཞིག་ཡོད་པ་འདྲ། འདི་ཡང་མི་དམངས་ཀྱི་དཀའ་ངལ་རེད་གདཱའ།
མ་འོངས་པར་ཞིབ་འཇུག་འབྲས་བུའི་རྩོམ་ཡིག་སྔོན་དུ་ཚོགས་གཙོའི་དྲུང་དུ་གཏང་ནས་ཞིབ་འཇུག་བྱས་རྗེས་ཚོགས་པ་ནས་མགྲོན་ཤོག་གཏོང་དགོས། དེ་ཡང་ཏན་ཏན་ཏིག་ཏིག་བཟོ་དགོས། དེ་མིན་རྒྱ་བལ་གཉིས་ནས་ཁྲམ་པ་སྐོར་ཞིག་གིས་མི་ཚོང་རྒྱག་ནས་མཁས་པ་རྣམས་མ་འོངས་པ་ཚོགས་འདུ་བསྐྱོད་མི་ཐུབ་པ་བཟོ་ཉེས་འདུག ད་ལོ་གནས་ཚུལ་མང་པོ་ཐོན་བྱུང་བ་གོ། མི་གྲངས་མང་པ་ཙམ་ལ་དགའ་དགོས་པ་མེད། དོན་དམ་པ་བོད་ཀྱི་རིག་གཞུང་ལ་གོ་རྟོགས་འདེངས་ངེས་ཅན་རེ་ཚོགས་འདུར་བསྡུ་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་རེད།
ངས་སྔོན་ནས་བསམ་ཡོད། འདི་ལོ་ཙམ་མ་ཡིན་པར་བོད་རིག་པའི་ཚོགས་འདུ་ཐེངས་དགུ་པ་དང་བཅུ་པ་ནས་བཟུང་སྟེ་སྔོན་དང་མི་འདྲ་བར་མགོ་བདེ་དྲན་འཕྲུལ་དང་། སྤྲེལ་ཀླད་འཁྲབ་སྟེ་མཁས་པའི་མིང་ཙམ་ལེན་པའི་འདུ་ར་ཞིག་ཏུ་གྱུར་ཡོད། དེ་བཞིན་གཙོ་བོ་སྔ་གཞིགས་ཀྱི་ཚོགས་གཙོ་དག་གིས་གདན་ཞུས་པའི་ཤེས་བྱའི་གནས་ཚད་དང་། ཉམས་མྱོང་ལ་མ་ལྟོས་པར་རང་དང་འབྲེལ་ཡོད་ཀྱི་རྫོང་དང་གྲོང་སྡེ་དང་། དགོན་དང་སློབ་གྲྭ་བཅས་ནས་བསྡུ་ལེན་བྱས་པ་འདིས་སྔར་བོད་ཀྱི་མཁས་པའི་ཚོགས་འདུ་ཞེས་པར་གཏོར་བཤིག་ཚབ་ཆེན་བཏང་བ་རེད། ད་ལྟའི་དུས་ཀྱི་ཚོགས་འདུ་དེ་ནི་ངོ་མ་དགོད་བྲོ་བའི་གནས་ཤིག་རེད། འདི་ལོར་མཚོན་ན་རྩོམ་ཡིག་ཤོག་ཤར་ཞིག་བསྐུར་ཚད་ལ་ངོས་ལེན་དང་། གདན་ཞུའི་ཡིག་ཆ་བསྐུར་བ་འདིས་རྩ་བའི་ཆ་ནས་ཚོགས་འདུའི་རིན་ཐང་ལ་རྡབ་གསིགས་བཏང་བ་དངོས་སུ་མཐོང་། ཕྱོགས་གཅིག་ནས་བཤད་ན་ད་གའི་ཚོགས་གཙོའི་གོ་གནས་ཁྲོད་ཐ་ན་བོད་སྐད་བོད་ཡིག་གཙང་མ་ཤེས་མཁན་ཞིག་ཀྱང་སླེབས་ཡོད་པ་ཤིན་ཏུང་ཉུང་ཉུང་ཡིན། དེའི་ཕྱིར་ན་རྩ་འཛིན་རྩོམ་ཤོག་གི་རྒྱུགས་གཞི་ལ་དབྱེ་འབྱེད་བྱེད་པའི་ནུས་པ་ལྡན་མེད་པ་སྨྲོས་ཅི།
རང་ཉིད་ཀྱིས་ཡི་གེ་ཐིག་ཕྲེང་འགའ་མི་འཁྱོང་བའི་ས་ནས་ངས་ནི་བོད་རིག་པའི་མཁས་དབང་ཆེན་མོ་ཞིག་ལ་ཁ་གཏོང་བ་ནི་ཆེས་མི་འོས་བར་མཐོང་། ཚོགས་ཞུགས་ཀྱི་ཆ་རྐྱེན་དུ་རྩོམ་ཡིག་གི་འཆར་བཀོད་ཅུང་རྒྱས་ཙམ་རེ་སྔོན་དུ་བསྐུར་ཏེ་ཚོགས་པའི་ལས་བྱེད་ཚོས་ཞིབ་བཤེར་གནང་རྗེས་གཟོད་མགྲོན་ཤོག་བཏང་བ་སོགས་ཚོགས་ཞུགས་མྱོང་མཁན་ཚོས་ཧ་གོ་གི་རེད། ཚོགས་འདུ་འདི་འདྲ་བརྒྱུད་དེ་བོད་མི་འགའ་རེ་ཕྱིར་རང་གནས་སའི་རྒྱལ་ཁབ་ཏུ་མ་ལོག་པས་རྐྱེན་བྱས་ཏེ་ཚོགས་ཞུགས་པ་རྣམས་ལ་དང་། ལྷག་པར་དུ་ཚོགས་འདུ་བཀོད་སྒྲིག་གནང་མཁན་ཚོར་དཀའ་ངལ་རབས་དང་རིམ་པས་འཕྲད་མྱོང་བ་དང་། ད་ལོ་ནི་ཆེས་ཚབས་ཆེ་ཤོས་ཏེ་ཡིན་པར་རྒྱུས་ཡོད་རྣམས་སྨྲ་བར་བྱེད།
ད་ལོའི་བོད་རིག་པའི་ཚོགས་འདུ་འདི་མ་འཚོགས་སྔོན་ནས། ཁ་བརྡའི་ཐོག་ཏུ་འདིའི་སྐོར་གྱི་རྩོམ་ཡིག་གཉིས་སྤེལ་ཡོད། རྩོམ་དེ་གཉིས་ཀྱི་འབྲེལ་ཐག་འདི་རུ་ཡོད། དེར་གཟིགས། 1) http://www.khabdha.org/?p=9211#more-9211 2) http://www.khabdha.org/?p=10737#more-10737 ཚོགས་འདུའི་དངོས་གཞིའི་སྐབས་ཀྱི་གནས་ཚུལ་འདི་མ་གཏོགས་གཞན་མེད། ཁ་བརྡའི་རྩོམ་སྒྲིག་པ་འགའ་ཚོགས་འདུར་བཅར་ཡོད་པ་རེད། ཁོང་ཚོ་ཕྱིར་ཕེབས་ན། སྒེར་གྱི་མྱོང་ཚོར་སྐོར་ནས་གནས་ཚུལ་ཡོད་སྲིད། ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གཉིས་པ་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁོ་བར་དུ་རྒྱས་འཛོམས་བྱུང་ཐུབ་པར་སེམས་གཏིང་ནས་རྟེན་འབྲེལ་ཞུ།
ད་ལོའི་ཚོགས་བཅར་བའི་སྐོར་བ་བོད་ནང་གཙོས་རྒྱ་བལ་འབྲུག་གསུམ་ནས་ཚོགས་བཅར་བ་བརྒྱ་གྲངས་ལོང་བར་དཀའ་དེ་མཚུངས་འཕྲད་ཡོད། དེས་ན་ད་ཐེངས་ཀྱི་ཚོགས་འདུའི་སྟེང་ནས་འདིའི་སྐོར་ཡང་ངེས་པར་དུ་གླེང་སློང་བྱས་ཏེ་ལོ་གསུམ་གྱི་རྗེས་སུ་རྒྱལ་ཁབ་གང་དུ་འཚོགས་རྒྱུའི་ཚོགས་འདུ་དེར་ད་ལོའི་དཀའ་ངལ་འདི་འདྲ་མི་འཕྲད་པའི་ཐབས་ལམ་ཞིག་ངེས་པར་དུ་འཚོལ་དགོས་པར་འདོད། ཁ་བརྡ་ཚང་གིས་སྨྱན་བྱེད་དུམ་བུ་འདི་དྲ་ངོས་སུ་བཞག་པ་ཡང་འདིའི་སྐོར་ལ་བགྲོ་གླེང་རེ་བྱས་ན་དགོངས་པ་ལོས་ཡིན་འདོད།
བོད་ཕྱི་ནང་གཉིས་ཀྱི་གཙོ་བའི་བོད་རིགས་འདུས་བསྡོད་ཀྱི་ཡུལ་གྲུ་ཁག་ནས་ཕེབས་པ་དང་། ལྷག་དོན་དུ་བོད་དོན་ལ་འབྲེལ་ཡོད་ཀྱི་མི་སྣ་དག་ལ་སེམས་ཁོང་རུས་པའི་གཏིང་ནས་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་དང་ཆབ་ཅིག ཚོགས་ཆེན་དེ་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་བོད་ཀྱི་སྐད་ཡིག་ཆག་འཇིག་གི་སྐོར་འདས་མ་གསུམ་གྱི་ཉམ་མྱོང་གཞིར་བཞག་ཐོག་ནས་བགྲོ་གླེང་ལྷུག་པོ་ཞིག་ཡོང་བར་སྨོན།
བོད་ནང་གི་མཁས་པ་མང་པོ་ལ་རྒྱ་གཞུང་གིས་ཕྱི་བསྐྱོད་་ལག་འཁྱེར་མ་སྤྲོད་པ་དང་། ཁག་་ཅིག་ལ་ལག་ཁྱེར་དང་འཐོང་ཆེན་ཐོབ་ནའང་རྒྱ་གཞུང་གིས་ཡོང་གི་མ་བཞག་པ་ལ་བློ་ཕམ་ཆེན་པོ་ཡོད།
རྒྱ་གར་ནས་བོད་པ་སྐོར་ཅིག་ལ་འཐོང་ཆེན་ནམ་བེ་ཟ་མ་སྤྲད་པ་ལ་དགའ་བསུ་ཡོད། མང་ཆེ་བས་འཚོགས་འདུ་ལ་ཁ་གཡར་ནས་ཧིན་སྒོར་འབུམ་བདུན་བརྒྱད་ཀྱིས་ཚོང་རྒྱག་གི་ཡོད་པ་རེད། དེ་ལྟར་བྱས་ན་རྗེས་མ་འཚོགས་འདུ་ལ་དཀའ་ངལ་ཕྲད་ཡོང་གི་རེད། བོད་པའི་སྤྱི་ཕན་ལ་གནོད་གི་རེད། ཧ ཧཧ ། རྩོམ་པ་པའི་མཐུན་ཚོགས་ལ་ཚོང་མ་རྒྱུགས་པ་ནི་ཡག་པོ་བྱུང་འདུག
རྒྱ་བལ་འབྲུག་གསུམ་ན་བཞུགས་པའི་མི་ཁྲམ་སྐོར་ཞིག་གིས་གཡོ་སྒྱུས་རྐྱེན་མཁས་དབང་མང་པོ་ཞིག་ལ་བརྡབས་གསིག་བཏང་ཡོད་པ་མཁྱེན་གསལ་རེད། མ་འཇོན་པ་དེ་རྩ་བ་ཚེ་རིང་ཤག་ཀྱ་རེད། བཟང་ངན་གྱི་ཁྱད་མ་འབྱེད་ནས་རྩོམ་བསྐུར་ཚད་ངོས་ལེན་བྱས་ཡོད་པས་རེད། བློ་ཕམ་ཞེ་བོ་བྱུང་སོང་། མཐར་གཏུགས་ཡོང་དུས་ཚེ་རིང་ཤག་ཀྱ་ཟེར་བས་བོན་སྐད་ཀྱང་ཡག་པོ་ཞིག་གནང་ཤེས་བཞིན་མི་འདུག་པར་ཐབས་སྐྱོ་བའི་གནས་ཚུལ་ལ་གསོན་དང་།
རྩོམ་སྒྲིག་པ་ལགས།
རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་འདུ་ཐེངས་བཅུ་གཉིས་པའི་སྐོར་གྱི་གནས་ཚུལ་ཞིག ཅེས་པའི་རྩོམ་ཡིག་འདིའི་ཁ་བྱང་ཙམ་ལས་མ་རྩོམ་མཐོང་རྒྱུ་མི་འདུག་པས་མ་རྩོམ་བཀླག་ཐུབ་པའི་ཐབས་ཤེས་ཤིག་གནང་རོགས། དེ་མིན་དེ་རིང་གི་རྩོམ་གསར་ འབྲུག་ཆུ་ལོ་རྒྱུས་ཀྱི་དཔང་པོ་ཞེས་པ་དང༌། མ་བུ་དགྲ་གྲོགས་སོགས་རྩོམ་མཆན་གཞན་རྣམས་ཤར་མ་ཀློག་ཐུབ་པ་འདུག་ན་ཏན་ཏན་གོང་གི་རྩོམ་ཡིག་དྲ་ཐོག་བཀོད་སྟངས་ལ་ཅུང་དཀའ་ངལ་ཞིག་ཡོད་པ་འདྲ། འདི་ཡང་མི་དམངས་ཀྱི་དཀའ་ངལ་རེད་གདཱའ།
མ་འོངས་པར་ཞིབ་འཇུག་འབྲས་བུའི་རྩོམ་ཡིག་སྔོན་དུ་ཚོགས་གཙོའི་དྲུང་དུ་གཏང་ནས་ཞིབ་འཇུག་བྱས་རྗེས་ཚོགས་པ་ནས་མགྲོན་ཤོག་གཏོང་དགོས། དེ་ཡང་ཏན་ཏན་ཏིག་ཏིག་བཟོ་དགོས། དེ་མིན་རྒྱ་བལ་གཉིས་ནས་ཁྲམ་པ་སྐོར་ཞིག་གིས་མི་ཚོང་རྒྱག་ནས་མཁས་པ་རྣམས་མ་འོངས་པ་ཚོགས་འདུ་བསྐྱོད་མི་ཐུབ་པ་བཟོ་ཉེས་འདུག ད་ལོ་གནས་ཚུལ་མང་པོ་ཐོན་བྱུང་བ་གོ། མི་གྲངས་མང་པ་ཙམ་ལ་དགའ་དགོས་པ་མེད། དོན་དམ་པ་བོད་ཀྱི་རིག་གཞུང་ལ་གོ་རྟོགས་འདེངས་ངེས་ཅན་རེ་ཚོགས་འདུར་བསྡུ་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་རེད།
ངས་སྔོན་ནས་བསམ་ཡོད། འདི་ལོ་ཙམ་མ་ཡིན་པར་བོད་རིག་པའི་ཚོགས་འདུ་ཐེངས་དགུ་པ་དང་བཅུ་པ་ནས་བཟུང་སྟེ་སྔོན་དང་མི་འདྲ་བར་མགོ་བདེ་དྲན་འཕྲུལ་དང་། སྤྲེལ་ཀླད་འཁྲབ་སྟེ་མཁས་པའི་མིང་ཙམ་ལེན་པའི་འདུ་ར་ཞིག་ཏུ་གྱུར་ཡོད། དེ་བཞིན་གཙོ་བོ་སྔ་གཞིགས་ཀྱི་ཚོགས་གཙོ་དག་གིས་གདན་ཞུས་པའི་ཤེས་བྱའི་གནས་ཚད་དང་། ཉམས་མྱོང་ལ་མ་ལྟོས་པར་རང་དང་འབྲེལ་ཡོད་ཀྱི་རྫོང་དང་གྲོང་སྡེ་དང་། དགོན་དང་སློབ་གྲྭ་བཅས་ནས་བསྡུ་ལེན་བྱས་པ་འདིས་སྔར་བོད་ཀྱི་མཁས་པའི་ཚོགས་འདུ་ཞེས་པར་གཏོར་བཤིག་ཚབ་ཆེན་བཏང་བ་རེད། ད་ལྟའི་དུས་ཀྱི་ཚོགས་འདུ་དེ་ནི་ངོ་མ་དགོད་བྲོ་བའི་གནས་ཤིག་རེད། འདི་ལོར་མཚོན་ན་རྩོམ་ཡིག་ཤོག་ཤར་ཞིག་བསྐུར་ཚད་ལ་ངོས་ལེན་དང་། གདན་ཞུའི་ཡིག་ཆ་བསྐུར་བ་འདིས་རྩ་བའི་ཆ་ནས་ཚོགས་འདུའི་རིན་ཐང་ལ་རྡབ་གསིགས་བཏང་བ་དངོས་སུ་མཐོང་། ཕྱོགས་གཅིག་ནས་བཤད་ན་ད་གའི་ཚོགས་གཙོའི་གོ་གནས་ཁྲོད་ཐ་ན་བོད་སྐད་བོད་ཡིག་གཙང་མ་ཤེས་མཁན་ཞིག་ཀྱང་སླེབས་ཡོད་པ་ཤིན་ཏུང་ཉུང་ཉུང་ཡིན། དེའི་ཕྱིར་ན་རྩ་འཛིན་རྩོམ་ཤོག་གི་རྒྱུགས་གཞི་ལ་དབྱེ་འབྱེད་བྱེད་པའི་ནུས་པ་ལྡན་མེད་པ་སྨྲོས་ཅི།
རང་ཉིད་ཀྱིས་ཡི་གེ་ཐིག་ཕྲེང་འགའ་མི་འཁྱོང་བའི་ས་ནས་ངས་ནི་བོད་རིག་པའི་མཁས་དབང་ཆེན་མོ་ཞིག་ལ་ཁ་གཏོང་བ་ནི་ཆེས་མི་འོས་བར་མཐོང་། ཚོགས་ཞུགས་ཀྱི་ཆ་རྐྱེན་དུ་རྩོམ་ཡིག་གི་འཆར་བཀོད་ཅུང་རྒྱས་ཙམ་རེ་སྔོན་དུ་བསྐུར་ཏེ་ཚོགས་པའི་ལས་བྱེད་ཚོས་ཞིབ་བཤེར་གནང་རྗེས་གཟོད་མགྲོན་ཤོག་བཏང་བ་སོགས་ཚོགས་ཞུགས་མྱོང་མཁན་ཚོས་ཧ་གོ་གི་རེད། ཚོགས་འདུ་འདི་འདྲ་བརྒྱུད་དེ་བོད་མི་འགའ་རེ་ཕྱིར་རང་གནས་སའི་རྒྱལ་ཁབ་ཏུ་མ་ལོག་པས་རྐྱེན་བྱས་ཏེ་ཚོགས་ཞུགས་པ་རྣམས་ལ་དང་། ལྷག་པར་དུ་ཚོགས་འདུ་བཀོད་སྒྲིག་གནང་མཁན་ཚོར་དཀའ་ངལ་རབས་དང་རིམ་པས་འཕྲད་མྱོང་བ་དང་། ད་ལོ་ནི་ཆེས་ཚབས་ཆེ་ཤོས་ཏེ་ཡིན་པར་རྒྱུས་ཡོད་རྣམས་སྨྲ་བར་བྱེད།
ད་ལོའི་བོད་རིག་པའི་ཚོགས་འདུ་འདི་མ་འཚོགས་སྔོན་ནས། ཁ་བརྡའི་ཐོག་ཏུ་འདིའི་སྐོར་གྱི་རྩོམ་ཡིག་གཉིས་སྤེལ་ཡོད།
རྩོམ་དེ་གཉིས་ཀྱི་འབྲེལ་ཐག་འདི་རུ་ཡོད། དེར་གཟིགས།
1) http://www.khabdha.org/?p=9211#more-9211
2) http://www.khabdha.org/?p=10737#more-10737 ཚོགས་འདུའི་དངོས་གཞིའི་སྐབས་ཀྱི་གནས་ཚུལ་འདི་མ་གཏོགས་གཞན་མེད།
ཁ་བརྡའི་རྩོམ་སྒྲིག་པ་འགའ་ཚོགས་འདུར་བཅར་ཡོད་པ་རེད། ཁོང་ཚོ་ཕྱིར་ཕེབས་ན།
སྒེར་གྱི་མྱོང་ཚོར་སྐོར་ནས་གནས་ཚུལ་ཡོད་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།