ོད། ལྷ་ཀླུ་གཉན་གསུམ་ནས།
དྲང་མོ་བཤད་ན། བོད་པ་ཚོ་དངོས་ནས་༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་པ་རེད་དམ། ཡིད་ཆེས་བྱེད་ལུགས་དེ་ཇི་འདྲ་ཡིན་ནམ། ཇི་ལྟར་འགོ་བཙུགས་པ་ཡིན་ནམ། དེ་ལས་ཀྱང་རིང་ཙམ་བཤད་ན་ཡིད་ཆེས་རྙེད་སྟངས་དེ་ཇི་འདྲ་ཡིན་ནམ། དོན་དངོས་ཐོག་༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་མེད་མཁན་གྱི་བོད་མི་ཞིག་ཡོད་སྲིད་དམ། དེ་ཡང་ཡོད་རྒྱུ་རེད་ལ། ཡོད་པ་དེ་ཡང་དོན་དངོས་ཡིན་སྲིད་པ་རེད། ཡང་ན། ཡིད་ཆེས་ཟེར་བ་དེ་ནི་ཅ་དངོས་ལྟ་བུ་ཞིག་མི་ལག་བརྒྱུད་དེ་འོང་དགོས་པ་ཡིན་ནམ། རང་ངོས་ནས་ངེས་ཤེས་རྙེད་དགོས་པ་ཞིག་རེད། དེ་མིན་ན་ཕ་མ་དག་གིས་བཤད་རྒྱུན་ལ་བརྟེན་ནས་ཡོང་གི་ཡོད་པ་ཞིག་ཡིན། གང་ལྟར། བོད་མི་མང་ཤོས་ཤིག་གིས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་རབས་བཤད་ཀྱི་ཡོད་པ་དེ་བདེན་པ་ཡིན་པར་ཇི་ལྟར་ཁག་ཐག་བྱེད་ཐུབ།
དེས་ན་ཡིད་ཆེས་མེད་མཁན་དེ་དག་གིས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་མི་བྱེད་དོན་གང་ལ་ཐུག་པ་རེད་དམ། རྒྱལ་བ་རིན་པོ་ཆེ་ནང་བ་ཞིག་ཡིན་པས་སྟབས་ཀྱི་ཡིན་ནམ། མི་དེ་ནི་ནང་ཆོས་ལ་མི་དགའ་མཁན་ཞིག་རེད་དམ། ཁོ་རང་ནང་ཆོས་ལ་མི་དགའ་བའི་རྒྱུ་མཚན་ཏག་ཏག་གང་རེད་དམ། དོན་དངོས་ཐོག མི་དེ་ཡི་རིགས་ཀྱི་ནང་ཆོས་ལ་སློབ་སྤྱོང་བྱེད་མྱོང་ཡོད་དམ། ནས་ཆོས་ལ་བག་ཆགས་བཞག་མྱོང་ཡོད་དམ། གང་ལྟར། ཁོང་ཚོ་སྐྱེ་འགྲོ་མི་ཞིག་ཡིན་དུས་ཁོང་ཚོ་ལ་རང་རང་གི་དབང་ཚད་ལོས་ཡོད། དབང་ཚད་དེ་ཡང་ཁོང་ཚོས་ཇི་འདྲ་ཞིག་ལ་ངེས་འཛིན་བྱེད་ཀྱི་ཡོད་པ་རེད་དམ། མི་རིགས་ཤིག་གི་ངོ་བོའི་སྟེང་ནས་བྱེད་ཀྱི་ཡོད་དམ། ཡང་ན་འགྲོ་བ་མི་ཟེར་བའི་དབང་ཚད་ཅིག་ལ་བརྟེན་གྱི་ཡོད་དམ། དོན་དངོས་སུ་རྒྱལ་བ་རིན་པོ་ཆེ་ལ་ཁོང་ཚོ་དོན་དངོས་སུ་ཡིད་ཆེས་མེད་པ་དེ་ནོར་འཁྲུལ་དུ་བརྩི་དོན་ཡང་ཁོང་ཚོ་བོད་མི་ཡིན་པས་ལན་པ་ཆགས་ཡོད་པ་རེད་དམ།
བོད་མི་ག་གེ་མོ་ཞིག་ནས་རྒྱལ་བ་རིན་པོ་ཆེ་དད་པ་ཡོད་ལུགས་གང་དུ་སོང་ཡང་བཤད་ཀྱི་ཡོད་ལ། གང་ནས་ཡིན་ཡང་མནའ་བསྐྱལ་དུས་དང་དམ་བཅའ་འཇོག་དུས་སུ་རྒྱལ་བ་རིན་པོ་ཆེ་ཁོ་ན་གླེང་གི་ཡོད། དེ་ཁོ་རང་གི་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་བྱེད་ལུགས་ཡིན་ནམ། དེ་ནི་ཁོ་རང་གི་རྒྱལ་བ་རིན་པོ་ཆེ་རྙེད་པའི་རྒྱུད་རིམ་དང་ཡིད་ཆེས་ལ་བརྩིས་ན་འགྲིག་གི་ཡོད་དམ། ཚོང་ས་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ། གཏམ་བཤད་ས་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མཆོད་གཤམ་ནང་དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། ངོ་ཤེས་ཚད་ལ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། ཤོ་བརྒྱག་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། ཆང་འཐུང་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། རྐུ་བྱེད་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མགོ་སྐོར་བསླུ་བྲིད་བྱེད་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། སྤྱི་དོན་གླེང་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། སྙན་གྲགས་འཚོལ་ཆེད་དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མི་རྐུབ་རྒྱུགས་ས་རྒྱལ་བ་བསྟན་འཛིན་རྒྱ་མཚོ། ཉལ་ཁང་ནང་དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མཐའ་ན་བོད་མི་འདུས་བསྡོད་ཀྱི་ཡུལ་གྲུ་མང་ཤོས་ཤིག་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། འདི་ནི་བོད་མི་ག་གེ་མོ་དག་གི་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་བྱེད་ལུགས་རེད་དམ། དོན་དངོས་སུ་བོད་མི་འདི་ཚོས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་པ་འདི་ལྟར་བདེན་དཔུང་བྱེད་ཀྱི་ཡོད་དམ། ཡང་ན། རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་འདི་ལྟར་བྱེད་དགོས་པ་རེད་དམ།
ང་ཚོས་དོན་དངོས་སུ་མི་ལོ་དོན་ལྔ་ལ་གསོན་པའི་རྒྱལ་བ་རིན་པོ་ཆེ་ལ། ཁ་ཞེ་གཉིས་མེད་ཀྱི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་དམ། ཡིད་ཆེས་བྱེད་ཀྱི་ཡོད་པ་ཡིན་ན། ཡིད་ཆེས་བྱེད་ཀྱི་ཡོད་པའི་རྟགས་དང་མཚན་མ། སྒྲུབ་བྱེད་དང་ནུས་པ། བོད་མི་མི་རེ་ངོ་རེ་ནས་རང་རང་གི་སེམས་ཁོང་ལ་དྲི་བ་ཞིབ་མོ་ཞིག་བཏང་ནས་རང་ཉིད་ཀྱིས་བོད་ཡུལ་ནས་སྐྱེ་ཞིང་གཞན་ཡུལ་དུ་མི་ལོ་ལྔ་གཅིག་ལ་འཁྱམ་ནས་བསྡད་པའི་སྐྱེ་བོ་ཞིག་འཛམ་གླིང་གྲགས་པ་རྒྱས་པ་དང་ང་རང་བོད་མི་ཡོངས་ཀྱི་སྐྱིད་སྡུག་གླེང་བའི་མགྲིན་ཚབ་པ་ཞིག་ཡིན་པར་གླེང་བ་ལྟར། ང་ཚོས་ཀྱང་ཁོང་ལ་ཡིད་ཆེས་ཡོད་ལུགས་དང་དད་གུས་ཆེ་རབས་གླེང་ནས་མི་ལོ་དོན་ལྔར་བཞེས་པའི་བགྲེས་སོང་ཁོང་གཅིག་བུར་ལྟད་མོ་བལྟས་དེ། ཚང་མ་ཁྱེད་ཚང་གིས་སྒྲུབ་ངེས་རེད། ང་ཚོར་ཁྱེད་ལ་ཡིད་ཆེས་ཡོད་ཟེར་བ་དེ་ནི་ང་ཚོས་ཁོང་ལ་ཡིད་ཆེས་བྱེད་སྟངས་དང་དད་གུས་བྱེད་སྟངས། གུས་བཀུར་དང་མཐོང་ཆེན་བྱེད་སྟངས་དེ་ཆགས་ཡོད་པ་ཡིན་ནམ་ཅི། སྐྱེ་བ་བོད་ལ་བླངས་པའི་གངས་ཅན་བོད་མི་སྐྱ་སེར་རྣམས་པ་ལགས།
དད་པའི་སྟོབས་ཁོ་ནའི་དབང་གིས་རི་བོ་ཧི་མ་ལ་ཡ་བརྒལ། བརྒལ་ནས་ཀྱང་རིན་པོ་ཆེར་ཐོད་པ་ཞིག་གཏུགས་ཐུབ་ཚེ་ཤི་ཡང་འགྱོད་པ་མེད་རབས་གླེང་མཁན་མང་བོ་འདུག ཡིན་ཡང་དོན་དངོས་སྟེང་ཉིད་ཀྱིས་གསུངས་པ་བཞིན་བོད་པ་ཚོས་འཇིག་རྟེན་སྟེང་གི་ནག་ཉེས་མང་བོ་ཞིག་བསྒྲུབས་དུས། རིན་པོ་ཆེ་དབང་དུ་འཇོག་ལ་རྒྱན་དུ་འགྱེད། ནང་དཀྲུགས་བྱེད་ཅིང་ཞེ་སྡང་ཆེ། …… མདོར་ན་མི་གཅིག་ལ་ཅེར་ནས་ཧོན་འཐོར་འདུག་པ་ནི་ཇི་འདྲའི་འཇིགས་སུ་ཡེར་བ་ལ་ཨང་། དད་པ་ནི་དད་ལྡན་མི་བུའི་རང་དབང་ཡིན་ནའང་ལན་རེར་དེ་ལ་རྨོངས་དད་དང་ཧོལ་རྒྱུག་གི་ཆ་འདྲེས་བསམ་གྱིས་དོགས། གང་ལྟར་མི་བུ་རང་སྟེང་ནས་ཕྱོགས་གང་ཅིས་ཐད་རང་གི་ནུས་པས་གངས་ཅན་ཨ་མ་ལ་སྲི་ཞུ་རེ་བསྒྲུབ་རྒྱུ་བྱུང་ན་དགའ་བ་ལ།
དངོས་མ་རེད། ང་ཚོ་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད། གསུང་ཆོས་ལ་འགྲོ་གི་ཡོད། རང་དོན་སྒྲུབ་སའི་འཁོར་ཡུག་ཡོད་དོ་ཅོག་ན་ཁོང་གི་བཀའ་སློབ་དྲང་གི་ཡོད། འོན་ཀྱང་སྤྱིར་བཏང་རང་སྣང་གང་དྲན་ཡིན།
ལྷ་ཀླུ་གཉན་གསུམ་ལགས། ཉིད་ཀྱི་རྩོམ་ག་ལེར་ཀློག་གི་ཡིན། རྩོམ་མིང་གི་དྲི་བ་ལ། ༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་ཅེས་ངས་ཐེ་ཚོམ་མེད་པར་ལན་དེ་ལྟར་འདེབས་རྒྱུ་ཡིན།
ལྷ་ཀླུ་གཉན་གསུམ་ལགས།
རྒྱལ་བ་རིན་པོ་ཆེ་ལ་གུས་རང་དད་གུས་སམ། དགའ་ཞེན་ནམ། བརྩི་བཀུར་བྱེད་ལུགས་གང་ཡོད་པ་དེ་བཤད་ཀྱི་ཡིན།
རྒྱལ་བ་རིན་པོ་ཆེ་འཚར་ལོངས་བྱུང་བའི་བརྒྱུད་རིམ་དང་འབྲེལ་ནས་ཁོང་ལ་བྱམས་དང་སྙིང་རྗེ་བསྲེག་གཏུབ་འཕེར་བ་ཞིག་འདུག དེ་ངའི་དད་གུས་སམ་ཡིད་ཆེས་གང་ཡིན་མི་ཤེས་ཀྱང་བརྩི་བཀུར་དང་དགའ་ཞེན་བྱེད་དོན་གཅིག་ཡིན།
རྒྱལ་བ་རིན་པོ་ཆེའི་རྣམ་དཔྱོད་དེ་ཧ་ལས་ཡག་གཅིག་དང་། དེ་འདྲ་བའི་རྣམ་དཔྱོད་དེ་སེམས་ཅན་ཉམས་ཐག་ལ་ཕན་སེམས་དང་བརྩེ་བའི་ཕྱོགས་ལ་གཞོལ་འདུག དེ་ཡང་ངའི་དད་གུས་སམ་ཡིད་ཆེས་གང་ཡིན་མི་ཤེས་ཀྱང་བརྩི་བཀུར་དང་དགའ་ཞེན་བྱེད་དོན་གཅིག་ཡིན།
རྒྱལ་བ་རིན་པོ་ཆེ་མཆོག་གི་བླ་ན་མེད་པ་དང་། ཁྱད་དུ་འཕགས་པའི་ཡོན་ཏན་འདི་གཉིས་ཀྱིས་ང་རྦེད་དེ་བཀུགས་འདུག
རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་ལ་དབུ་མའི་ལམ་ལ་མི་འགྲོ་མཁན་དེ་བོད་རིགས་གཞོན་ལྷན་རེད།
སྤྱིར་ཆོས་འབྱུང་ཁག་ཏུ་བཀོད་པ་ནང་བཞིན་རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་ཀྱི་སྤྲུལ་བར་བལྟ་ཐུབ་ན་རང་ཉིད་ཀྱི་མཁེ་ལས་གྱོང་མེད་པ་ཤེས་གསལ་རེད། དེ་ལྟ་མིན་ཡང་ཁོང་མི་ཞིག་ཡིན་པའི་ངོས་ནས་བལྟས་ན་ཡང་ཁོང་གི་རྣམ་དཔྱོད་དང་གཤིས་འཇམ་བག་ཡོད། དེ་མིན་པའི་གཞན་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་མང་པོ་མང་པོ་ཞིག་ཡོད་པ་ཁོང་གི་བཀའ་སློབ་ཁག་དང་རྣམ་ཐར་ཁག དེ་མིན་དབྱིན་དེབ་ནང་བཞུགས་པའི་ཁོང་གི་བཀའ་སློབ་དང་དྲི་བ་དྲིས་ལན་ཁག་ན་བལྟས་ན་ངེས་ཤེས་རྙེད་ཐུབ། ཡིན་ན་ཡང་དེང་སང་ཁོང་གི་ལོ་རྒྱུས་འབྲི་མཁན་ཁ་ཤས་ཀྱིས་སྤྱན་རས་གཟིགས་སོགས་སྐྱེ་བུ་ཁྱད་པར་བ་མང་པོ་ཞིག་གི་རྣམ་སྤྲུལ་དུ་སྒྲུབ་གང་ཐུབ་བྱེད་པ་དེར་ང་མི་དགའ། གང་ལྟར་ཁོང་བོད་ལ་བཞུགས་དུས་དང་ལྷག་པར་སྐྱབས་བཅོལ་དུ་ཕེབས་ནས་ད་བར་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་ཅི་འདྲ་གནང་འདུག་གཟུ་བོའི་བློས་བལྟས་ན་ང་ཚོར་ཁོང་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་བྱུང་མི་འདུག་སྙམ་ནས་ལྡོག་མེད་ཀྱི་དད་གུས་དང་དགའ་ཞེན་ཞིག་ངང་གིས་ཡོང་བ་ནི་ངས་ཁོང་བ་བཅངས་པའི་བརྩེ་སེམས་སམ་དད་གུས་ཀྱི་ཟུར་གཅིག་ཡིན།
ཀ་རྡོ་ལགས། ད་རེས་ཁྱེད་ཀྱིས་བསམ་ཚུལ་འདི་ཤེས་རབ་ཕྱོགས་གཅིག་པའམ། བུ་སུབ་དོགས་པོའི་སྐད་ཆ་ཞིག་རེད་འདུག མོས་མཐུན་མེད།
སྤྱན་རས་གཟིགས་ཀྱིི་རྣམ་སྤྲུལ་མིན་ཀྱང་རུང་། །
ཞི་བདེའི་དེད་དཔོན་མཚན་དེ་མེད་ཀྱང་རུང་། །
ས་ཡ་དྲུག་གི་བདེ་དོན་ཁོ་ན་ཡིས། །
བགྲང་བྱའི་ཁུར་གྱིས་ནོན་འདིར་སྙིང་ནས་གུས། །
མེ་དཀར་ལགས། བོད་མི་ཕྱེད་དབུ་མ་དང་། ཕྱེད་རང་བཙན་ལ་ཕྱིན་ན། ཁྱེད་སེམས་གུ་ཡངས་སེང་ངེར་འགྲོའམ།
དམེ་ཤུལ་རྣམ་ཐར་རྒྱལ་ལགས། ངས་བཤད་བཞིན་པ་ནི་བོད་མི་དག་གིས་རྒྱལ་བ་རིན་པོ་ཆེ་ཡིད་ཆེས་ཡོད་མེད་དེ་ཡིན་ལ། དད་པའི་སྐོར་མིན། བོད་མི་དག་གིས་དད་པ་དང་ཡིད་ཆེས་ཀྱི་བར་ཐག་ཤེས་དགོས་ཀྱི་འདུག་ལ། ཡིད་ཆེས་ཡོད་མེད་དེ་ཡང་རང་རང་སོ་སོ་ནས་གསལ་བོ་དག་པོ་ཞིག་ཤེས་དགོས་པར་གླེང་གི་ཡོད། དེས་ན་སྐུ་ཉིད་ལ་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་མཁན་གྱི་གྲངས་དེ་ཡིན་ནམ། མེད་མཁན་གྱི་གྲངས་དེ་ཡིན། གཉིས་ཀྱི་གང་ཡིན་ན་དེ་ཡི་སྐོར་ལ་གསལ་འགྲེལ་ཞིག་སྐྱོན་རོགས་ཞུ།
བཀྲ་ཤིས་དོན་འགྲུབ་ལགས། ཉིད་ནས་ལྟ་ཚུལ་སྤྱིར་བཏང་བ་ཞིག་གི་ཆ་ནས་གླེང་འདུག སྐུ་ཉིད་ནས་རང་སྟེང་གི་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་རྙེད་ལུགས་དང་ཡིད་ཆེས་བྱུང་སྟངས་སྐོར་ཞིག་གསུང་རོགས་ཞུ།
མེ་ཏོག་དཀར་པོ་ལགས། བདག་གི་རྩོམ་ཡིག་འདི་ཆ་ཚང་མ་ཀློག་པར་བདག་ནི་ཡིད་ཆེས་ཡོད་ཟེར་བ་དེ་ཙམ་གྱིས་མི་འོང་། ཉིད་ནས་ཡིད་ཆེས་ཡོད་ལུགས་དང་ཡིད་ཆེས་རྙེད་སྟངས་སྐོར་ཞིབ་ཚགས་པོ་ཞིག་གསུང་རོགས་ཞུ།
འཇིགས་བྲལ་བསྟན་འཛིན་ལགས། ཉིད་ཀྱིས་ཀྱང་དད་གུས་དང་དགའ་ཞེན་སྐོར་གླེང་བ་ཐོས་སོང་། ངས་བཤད་པ་དེ་ནི་ཡིད་ཆེས་ཡོད་མེད་ཀྱི་སྐོར་ཡིན། དེ་ཡི་སྐོར་ཞིག་གསུང་རོགས་ཞུ།
ཀརྡོར་རབ་འབྱམས་པ་ལགས། ཉིད་ནས་དད་པ་ཡོད་ལུགས་དང་རྙེད་ལུགས་སྐོར་ཞིབ་ཚགས་ཡོད་ན་གསུང་རོགས་ཞུ། ད་ལྟ་ངས་བཤད་པ་དེ་ནི་དབུ་མའི་ལམ་དུ་སུ་ཞིག་འགྲོ་མིན་དེ་གླེང་མེད།
འཇམ་དབྱངས་ལགས། ངས་གླེང་བཞིན་པ་དེ་ནི་དད་གུས་ཀྱི་སྐོར་མིན། ཡིད་ཆེས་ཀྱི་སྐོར་ཡིན། དེ་ཡི་སྐོར་ནས་ཞིབ་མོ་འདྲ་གསུང་རྒྱུ་ཡོད་ན་གསུང་རོགས་ཞུ།
དྲ་ཐོག་གི་སྤུན་ཟླ་སུ་ཡིན་ན་འགྲིག བདག་གིས་གླེང་བཞིན་པ་དེ་ནི་བོད་མི་དག་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་མེད་ཀྱི་སྐོར་ཡིན། ཡོད་ན་ཡོད་སྟངས་ཅི། མེད་ན་མེད་ལུགས་གང་། དེ་ལྟར་སེམས་སུ་བཞག་ནས་རང་རང་གི་ཡིད་ཆེས་ཀྱི་འགྲེལ་བའི་བསམ་ཚུལ་ལྷུག་པོར་གསུང་རྒྱུར་རེ་སྐུལ་ཞུ།
ཁྱེད་རང་ལ་གདོན་ག་རེ་ཞུགས་པ་ཡིན་ནམ། རང་ཉིད་ཡིད་མི་ཆེས་ན་གནས་ཚུལ་ཐ་དད་རེད་ལགས། རང་དབང་ཡང་རེད། དོན་གཞན་ལ་རྒྱུད་བསྐུལ་བྱེད་དགོས་དོན་གང་རེད། ཁྱེད་ཀྱི་ཡིད་ཆེས་བྱེད་ལུགས་རྣམ་གྲངས་མང་དག་ཞིག་བཀོད་འདུག་ལ། དེ་ནི་རྒྱུ་མཚན་གཞན་ལ་མ་ལྟོས་པར་ཐ་ན་ལས་སྨོན་བཟང་བོས་མཚམས་སྦྱར་གྱི་མཐུ་ལས་བྱུང། དེ་འདྲ་ཡིན་ན། རང་ཉིད་ཕ་མའི་ཤ་ཁྲག་ལས་མཆེད་པ་ལའང་ཡིད་ཆེས་བྱེད་དགོས་མིན་ཐེ་ཚོམ་གནས་འགྱུར་མི་སྲིད་པ་མེད། མ་རབས་ཁ་ཅིག་གིས། ཕ་མ་ཡིད་ཆེས་བྱེད་མི་དགོས་པར་དེ་ནི་སྡོད་མི་ཚུགས་པར་སྐྱིད་པ་བཏང་ནས་བྱུང་བ་མ་ཟད་ང་རང་ཟག་བཅས་སྡུག་བསྔལ་ཕུང་པོ་འདི་ནང་དོན་མེད་ང་བསྐྱལ་སོང་ཞེས་བཤད་པ་གཅིག་མཚུངས་ཡིན།
ལྷ་ཀླུ་གཉེན་གསུམ་གྱི་དྲི་བ་འདི་ལ་ངས་ཀྱང་ལན་ཞིག་འདེབས་ཀྱི་ཡིན། དང་པོ་ང་བོད་ནས་ཡོང་དུས་བོད་མི་བྱིངས་ལྟར་རྒྱལ་བ་རིན་པོ་སྤྱན་རས་གཟིགས་དངོས་ཡིན་པའི་འདུ་ཤེས་དེའི་ཐོག་ནས་ཡོང་གི་ཡོད་པ་རེད། དེ་དུས་ལོ་ཡང་ཆུང་ཆུང་རེད། རྡ་སར་འབྱོར་ནས་ཟླ་གསུམ་ཙམ་ལ་མཇལ་ཁ་ཞུ་བར་སྒུག་པ་ཡིན། ངའི་རོགས་པ་ཁ་ཤས་ནི་མཇལ་ཁ་ཞུ་རྒྱུར་སྒུག་ཡུན་ནས་སྒུག་མ་ཐུབ་པར་རང་རང་སོ་སོའི་ཕྱོགས་སུ་ཐལ་སོང་། ཡང་ང་ཚོ་མང་པོ་ཞིག་སྒུག་པ་ཡིན། མཇལ་ཁ་ཞུ་བའི་ཉིན་མོ་དེར་སྐུ་མདུན་དུ་བཅར་བ་ན། མི་མང་པོ་ཞིག་ངུ་གི་འདུག ཡང་མི་མང་པོ་ཞིག་གིས་མགོ་ཡར་ལ་དགྱེས་མ་ཐུབ་པར་སྒུར་ནས་བསྡད་འདུག བཀའ་སློབ་བསྡུས་བསྡུས་ཞིག་གནང་བའི་སྐབས་དེར། ངས་ནི་མགོ་དགྱེས་ནས་་བལྟས་པ་ཡིན། ངའི་བསམ་བློ་ནང་དུ་ཁྱད་པ་གང་ཡང་མི་འདུག མི་ཞིག་རེད། ད་དུང་མི་སྐད་བཤད་ཀྱི་འདུག འོན་ཀྱང་ཁོང་གི་གསུངས་པའི་མི་སྐད་ནི་ངས་གང་ཡང་གོ་གི་མི་འདུག ང་དང་འདྲ་བར་ངའི་རོགས་པ་ཨ་མདོ་དང་ཁམས་ཕྱོགས་ནས་ཡོང་པ་ཕལ་ཆེར་གྱིས་གོ་མེད་ཚོད། དེ་ནས་བཟུང་ངའི་བསམ་བློ་ནང་དུ་རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་ཞུ་བ་ཡིན་ཟེར་ན་ཕ་ཡུལ་གྱི་མི་དག་ལ་ལ་རྒྱ་འཛིན་ཆེད་ཙམ་རེད་འདུག
དེ་ནས་ང་ཡང་རང་ཉིད་ཀྱི་སློབ་སྦྱོང་བྱེད་སར་སོང་བ་རེད། ཆོས་ཀྱི་སློབ་སྦྱོང་བྱས་པ་རེད། ༧འཚམ་འཚམ་རེར་རྒྱལ་བ་རིན་པོ་ཆེའི་གསུངས་ཆོས་ལ་ཉན་པ་རེད། འོན་ཀྱང་གོ་མ་ཐུབ། དེ་ཡང་ལད་མོ་ཙམ་ཡིན་སྲིད། འོན་ཀྱང་ལོ་ཤས་རྗེས་ནས་ངའི་ཆོས་ཀྱི་སློབ་སྦྱོང་དེ་ཡང་གང་འཚམ་གྲུབ་ཅིང་། སྐད་ཀྱི་ཕྱོགས་ནས་ཀྱང་བོད་སྤྱི་ཡོངས་ཀྱི་སྐད་གོ་བར་གྱུར། སྐབས་དེར་༧ གོང་ས་མཆོག་གིས་སྤྱོད་འཇུག་ཆེན་མོའི་བཀའ་་ཁྲིད་གནང་། ཡི་གེ་རེ་རེ་བཞིན། ཚིག་སྒྲུབ་རེ་རེ་བཞིན། སྔར་འགྱུར་བའི་གོ་བ། དེང་སང་གི་རྒྱ་གཞུང་ན་ཡོད་པའི་ཡི་གེ་དང་བསྡུར་སྟངས་སོགས། ཁུ་ནུ་བླ་མའི་གསུངས་དང་སྦག་ནས་གསུངས། ས་བཅད་རེ་རེ་བཞིན། ལེའུ་རེ་རེ་བཞིན་གོ་བ་བསྐྱེད་སྟངས། ཉམས་ལེན་ལ་འཁྱེར་སྟངས་རྒྱས་པོ་གནང་། དེ་ནས་བཟུང་ངས་༧ གོང་ས་མཆོག་གི་སྐད་གོ་བར་གྱུར། གོང་ས་མཆོག་གི་གསུངས་་ཆོས་ལ་དགའ་བར་གྱུར། དེའི་རྗེས་སུ་འགྲེལ་བ་བཞི་སྦྲག་གི་གསུངས་ཆོས་ལ་ཉན་པ་ཡིན། སྟོང་ཉིད་ཀྱི་སྐོར་ལ་སྔར་ཡིན་ན་མ་ཡིན་དགག་དང་མེད་དགག་གི་སྐོར་འགལ་བ་ཚ་གྲང་ལྟར་ཡིན་ན་ཡང་། ཁོང་གིས་དེ་གཉིས་ཀ་ཡང་དོན་ལ་སྦྱོར་ཡོད་སྟངས་འགྲེལ་བཤད་ཞིབ་རྒྱས་གནང་ཞིང་། སྙིང་རྗེའི་སྐོར་ལ་འགྲེལ་བཤད་གནང་དུས་ང་ལ་མིག་ཆུ་གདོང་པ་བརླན་པར་བྱས། མིག་ཆུ་དེ་ནི་རྒྱལ་བ་རིན་པོ་ཆེ་ལ་མཇལ་བའི་རིང་གི་མིག་ཆུ་ཐོག་མ་དེ་ཡིན་ལ། ངའི་དྲན་ངོ་ན་ཡོད་པའི་མི་ཚེའི་ནང་གི་མིག་ཆུ་ཐོག་མ་ཡང་རེད། དེ་ནས་བཟུང་༧ རྒྱལ་བ་རིན་པོ་ཆེ་དེ་ངའི་སེམས་ནང་དུ་མི་ཡི་རྣམ་རོལ་གྱི་འཕགས་པ་འཇིག་རྟེན་གསུམ་མགོན་དུ་གྱུར། ཕལ་ཆེར་གསུངས་ཆོས་གར་ཡོད་ཕྱོགས་ལ་རྒྱུགས་དགོས་བྱུང་། འདི་ནི་ཤེས་ནས་ཡིད་ཆེས་བརྙེད་པའི་དད་པ་ཡིན་པས། ལྷ་ཀླུ་གཉེན་གསུམ་ནས་དྲིས་པའི་ཡིད་ཆེས་ཀྱི་ཆ་གཅིག་རེད།
དེ་ནས་ཆབ་སྲིད་ཕྱོགས་ནས་བལྟས་ན། ལྡོག་ཕྱོགས་ནས་ངའི་སེམས་ལ་ཡང་འདྲ་མི་འདྲ་དྲན་སྲིད་པ་རེད། འོན་ཀྱང་དེ་ཚོ་ཚང་མ་རྣམ་རྟོག་ཙམ་ལས་ལག་ལེན་དངོས་མའི་ཐོག་ནས་བྱིས་པས་བརྩིགས་པའི་བྱེ་མའི་ཕོ་བྲང་རེད། ༧ གོང་ས་མཆོག་འཛམ་གླིང་ཡུལ་གྲུ་གང་སར་་བསྐྱོད་ནས་བོད་དོན་ཁྱབ་བསྒྲགས་དང་འབྲེལ་རོགས་རེས་ཞུ་བ་དང་། ཕྱོགས་གཅིག་ནས་བཙན་བྱོལ་བོད་གཞུང་དམངས་གཞི་ཆགས་པ་ཡོངས་ལ་མི་རིགས་གཞན་ནང་དུ་ཐིམ་མི་འགྲོ་བའི་ཐབ་ལམ། གཞུང་གི་སྒྲིག་འཛུགས་སྲ་ཐེག འཚོ་བའི་ཐབས་ལམ་སོགས་ལ་ཉིན་མཚན་ཀུན་ཏུ་ནས་ཕྱག་ལས་གནང་བཞིན་པ་དང་ཐུག་ཁུར་བྱེད་བཞིན་པ་ནི་ཕ་མས་རང་གི་བུ་ཕྲུག་ལ་བྱམས་སྐྱོང་བྱེད་པ་དང་གཉིས་སུ་མེད། དེ་བཞིན་དུ་བོད་ནང་དུ་རེད་དུ་༧ གོང་ས་མཆོག་ནུས་ཤུགས་ཅི་ཙམ་ཡོད་པ་སྨྲས་མེད་ལ། རྒྱ་ནག་ནང་གི་མི་རེའི་ངོ་རེའི་སེམས་ཁམས་ལ་ཡང་བོད་དོན་འདི་དོ་སྣང་ཅན་ཞིག་དང་། བདེན་དོན་ཞིག་ཡིན་པར་བགས་ཆགས་འཇོག་བཞིན་པ་ལོ་རེ་ནས་ཇེ་མང་དུ་འགྲོ་བཞིན་པ་རེད་ཨང་།
མདོར་བསྡུས་ནས་བཤད་ན། ༧ གོང་ས་མཆོག་ནི་བོད་མི་དམངས་ཡོངས་ཀྱི་སེམས་ཁམས་གཅིག་བསྡུ་བྱེད་པའི་འཆིང་ཐག་དང་། འགལ་བ་འདུམ་སྒྲིག་བྱེད་པའི་ནུས་པ། ཉམས་པ་སླར་གསོ་བྱེད་པའི་སྨན་མཆོག་གཅིག་བུ་ཡིན་པར་ཡིད་ཆེས་ཡོད། འདི་ནི་ལྷ་ཀླུ་གཉེན་གསུམ་ཀྱི་དྲི་བའི་ཟུག་གཅིག་སྟེ། དད་པ་དང་མ་འདྲེས་པའི་ཡིད་ཆེས་ཡིན། །
ས་ཡ་དྲུག་གི་བདེ་དོན་ཁོ་ན་ཡིས། །
བགྲང་བྱའི་ཁུར་གྱིས་ནོན་་་་་་་་་་་་་ཞེས་པ་འདི་ངའི་༧གོང་ས་མཆོག་ལ་འཛིན་པའི་ཡིད་ཆེས་ཟེར་རུང་འདྲ། ལྟ་སྟངས་ཟེར་རུང་འདྲ་བསྡུ་ན་དེ་ཡིན།
བློ་བཟང་ལགས། ཉིད་ནས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་མེད་དང་ཡོད་ལུགས་ཡོད་སྟངས་སོགས་གསུང་རྒྱུ་གང་ཡང་མེད་པར་ང་ལ་བསྡིག་དམོད་བྱེད་པ་དེ་ནི་ཁྱེད་རང་སྒེར་གྱི་ལྟ་སྟངས་ཤིག་རེད་མོད། འོན་ཀྱང་། ཉིད་ནས་བདག་གི་སེམས་སུ་གདོན་འདྲེ་འཛུལ་ཞུགས་བྱེད་འདུག་ཟེར་ནས་གསུང་དེ་ཙམ་གྱིས་ཁྱེད་རང་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་མཁན་ཞིག་དུ་གཏན་ནས་འདོད་མི་ཐུབ། དེ་ཡིན་ན་སྐུ་ཉིད་བདག་གི་སྟེང་དུ་ཁོང་ཁྲོ་ཟ་མིན་དེ་ནི་སྐུ་ཉིད་ཀྱིས་རྩོམ་ཡིག་འདི་ཀློག་པའི་མྱོང་ཚོར་རེད། ངས་དེ་ལ་མི་འདོད་པ་གང་ཡང་མེད། རེད་དེ་ཉིད་ནས་རང་ཉིད་ཀྱི་ཡིད་ཆེས་སྐོར་གླེང་འདོད་མེད་ན་བཙན་གྱིས་ཁྱེད་རང་ལ་འདྲི་མཁན་མེད་ལ། ངས་ཀྱང་ཨུ་ཚུགས་གཏན་ནས་བྱེད་མི་སྲིད། འོན་ཀྱང་། བསམ་བློ་ཞིབ་དུ་ཐོངས། རང་ཉིད་ནི་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་མཁན་ཞིག་ཆགས་ཡོད་མེད་སྐོར་ལ།
གཞོན་ནུ་ཟླ་མེད་ལགས། ཉིད་ནས་དངོས་ཡོད་ཀྱི་རང་གི་ཡིད་ཆེས་རྙེད་ལུགས་དང་ཡིད་ཆེས་ཀྱི་བྱུང་རབས་བརྗོད་པ་དེར་དངོས་ནས་བཀའ་དྲིན་ཆེ་ལགས། ད་དུང་། ཉིད་ནས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་རྙེད་ཡོད་པ་དེ་དང་འགྲོག་ནས་ཡིད་ཆེས་དེ་ལ་བརྟེན་པའི་རང་ཉིད་ཡར་རྒྱས་སོང་ལུགས་ཀྱང་ཟུར་ནས་གསུང་བ་དེར་དགའ་ཡོད། ང་ཚོས་འདི་ལྟར་གླེང་མོལ་བྱེད་ཐུབ་པ་ཡིན་ན་ད་གཟོད་མྱི་ཁ་འབུམ་ཕྲག་བརྒལ་བ་ཞིག་ང་ལ་འཁོར་ཡང་གཏན་ནས་བློ་འགྱོད་མེད། བསམ་ཚུལ་འདི་ལྟར་མུ་མཐུད་དུ་གླེང་བར་ཕེབས་ཤིག
མེ་ཏོག་དཀར་པོ་ལགས། གལ་སྲིད་ཉིད་ལ་གཞོན་ནུ་ཟླ་མེད་བཞིན་ཡིད་ཆེས་རྙེད་ལུགས་འདྲ་ཡོད་ན་གསུང་རོགས་ཞུ། དེ་མིན་ཡིད་ཆེས་ཡོད་མེད་ཀྱི་སྐོར་ལ་བཙན་འདྲི་བྱེད་པའི་ཐོབ་ཐང་ང་ལ་མེད་ཀྱང་། ངས་བསམ་ཚུལ་གང་ཞིག་ཡོད་པ་དེ་ཞུ་རྒྱུའི་འགན་ཞིག་ང་རང་ལ་ཡོད་པ་དེ་ནི་ད་རེབས་བོད་ཀྱི་རིགས་སུ་སྐྱེ་བ་དེ་ཡི་ཡིན་ས་རེད། མ་འགྲིག་ས་དང་མ་འཐུས་ས་ཡོད་ན་གོང་གི་སྤུན་ཟླ་བློ་བཟང་མིང་འཛིན་གྱི་གཙོ་བའི་དྲ་ཐོག་གི་སྤུན་ཟླ་ཁྱེད་ཅག་ཡོངས་ལ་དགོངས་སེལ་ཞུ། རེད་དེ། བསམ་ཚུལ་ལྷུག་པོར་གསུང་འདོད་ཡོད་མཁན་དག་གིས་མུ་མཐུད་དུ་གསུང་རྒྱུར་ཁོ་བོས་རེ་སྐུལ་ཡོད།
དམིགས་བསལ་ཞུ་རྒྱུ་མེད། འདིར་ཡིད་ཆེས་ཡོད་ལབ་ཏུ་ཡོང་བ་ཡིན།
ང་ཚོ་བོད་ཀྱི་ནང་པའི་རིག་གཞུང་གི་ནང་དོན་ཡང་དག་པ་དྲི་མ་མེད་པ་དེ་གང་འདྲ་ཞིག་ཡིན་མིན་༧རྒྱལ་བ་རིན་པོས་འགན་ཁུར་དགོས་པ་དང་། ཡང་རྒྱལ་བ་རིན་པོ་ཆེ་ཞེས་པ་མི་གང་འདྲ་ཞིག་ཡིན་དགོས་མིན་ནང་བའི་རིག་གཞུང་གིས་ཐག་བཅད་ཡོད་པ་རེད། བྱས་ཙང་མཐར་གཏུག་ན་ང་ཚོ་རྒྱལ་བ་རིན་པོ་ཆེར་ཡིད་ཆེས་པ་ཙམ་མ་ཡིན་པར། ང་ཚོ་༧རྒྱལ་བ་རིན་པོ་ཆེ་ཞེས་ག་འདྲ་ཡིན་མིན་ཐག་གཅོད་མཁན་གྱི་ནང་བའི་རིག་གཞུང་དེར་དད་པ་ཡོད་པ་དེ་རེད།
དེའི་ཕྱིའི་ང་ཚོ་༧རྒྱལ་བ་རིན་པོ་ཆེ་ལ་དད་པ་ག་ཚོད་ཆེ་བ་དེ་ཚོད་ཀྱིས་ང་ཚོ་རང་གི་རིག་གཞུང་ལ་ཡིད་ཆེས་ཡོད་པ་མཚོན་པ་དང་། ༧རྒྱལ་བ་རིན་པོ་ཆེ་ལ་བརྩེ་བ་ག་ཚོད་ཟབ་པ་དེ་ཚོད་ཀྱིས་ང་ཚོ་རང་གི་རིག་གཞུང་ལ་ཤ་ཚ་ཡོད་པའི་རྟགས་རེད། ང་ཚོས་༧རྒྱལ་རིན་པོ་ཆེར་བཅོལ་བའི་དད་པ་འདི་དུས་རབས་མང་པོ་བརྒྱུད་ནས་ཡོང་བའི་ལོ་རྒྱུས་ལྡན་པའི་བོད་མི་རིགས་ཀྱི་སེམས་ཁོངས་ཀྱི་གནའ་རྫས་ཆེས་རྙིང་བ་ཞིག་རེད། དེང་སྐབས་གནའ་རྫས་རས་ལེབ་ཆུང་ཆུང་ཞིག་ཡིན་ནའང་ཨ་སྒོར་ས་ཡ་མང་པོའི་མ་རྩ་ལྡན་ཡོད་པ་རེད། འདིའི་ཐོག་ནས་ང་ཚོའི་དད་པ་དེའི་རིན་ཐང་དཔག་ཐུབ་པ་དང་བདག་མཉར་བྱེད་ཤེས་དགོས་པ་རེད། གནའ་རྫས་འདི་༧རྒྱལ་བ་རིན་པོའི་ཆེད་མ་ཡིན་པར། བོད་མི་རིགས་ལ་ཕན་པའི་སྤྱི་བའི་ནོར་རྫས་རྩ་ཆེ་ཤོས་རེད། འདི་མེད་ན་བོད་ཀྱི་ཆིལ་སྒྲིག་འཐོར་འགྲོ་གི་རེད། འདི་མེད་ན་ང་ཚོའི་གསོན་ཉམས་བརླག་འགྲོ་གི་རེད། འདི་མེད་ན་ང་ཚོའི་སྟོབས་ཤུགས་ཀྱང་འཐོར་འགྲོ་གི་རེད། འདི་མེད་ན་འགྲ་བོ་ཡང་དགའ་འགྲོ་གི་རེད། དེའི་ཕྱིར་ང་ཚོས་རང་གི་ཆེད་དུ་གནའ་རྫས་འདི་མུ་མཐུད་ནས་རུམ་ལ་མཉར་ནས་འདུག་དགོས་པ་རེད། དེ་ནི་ཁྱེད་ཀྱིས་དད་པ་ཅིག་རུམ་ནས་བསྡད་པ་མ་ཡིན་པར། བོད་མི་རིགས་ཀྱི་རིག་གཞུང་སོགས་ཡོད་ཚད་རུམ་ནས་བསྡད་ཡོད་པ་དང་གཅིག་རེད། གནའ་རྫས་འདི་ལ་བོད་མི་རིགས་ཀྱི་ཡོད་ཚད་ཐིམས་བསྡད་ཡོད་པ་རེད།
བོད་ལྷ་ཀླུ་གཉན་གསུམ་ལགས།
ཁྱོད་རང་གིས་བཏགས་པའི་སྨྱུག་མིང་དེས་ཁྱོད་རང་གི་རང་གཤིས་ངོ་མ་དེ་བཏོན་ཡོད་པར་མིང་དེའི་འོག་ནས་བྲིས་པའི་རྩོམ་གཞུང་ལས་རྟོགས་ཐུབ་པ་ཞིག་རེད་འདུག ཁྱོད་རང་ལ་མཚམས་རེ་ལྷ་བཞུགས། མཚམས་རེ་ཀླུ་བཞུགས། ཡང་མཚམས་རེ་གཉན་བཞུགས་ནས་བཤད་པའི་སྐད་ཆ་དེ་ཚོའི་རྒྱབ་ལྗོངས་དང་མཇུག་འབྲས་ལ་བསམ་བློ་རེ་བཏང་དུས། ཅི་ཡང་མེད་པའི་སྟོང་པ་ནག་ཁུང་ཁུང་དེ་རེད་འདུག
ཁྱོད་རང་གིས་བོད་མི་ཚོས་ས་གང་ས་གང་དང་དོན་ཅི་འདྲ་ཞིག་གི་འོག་༧རྒྱལ་བ་རིན་པོ་ཆེའི་མཚན་དེ་འཁྱེར་ཡོང་གི་ཡོད་པར་བཤད་སྟངས་ལ་ལྟས་ན་་་་ཁྱོད་རང་དེ་འདྲའི་རིགས་ལ་འདོད་པ་མེད་མཁན་ཡིན་པ་མངོན་གྱི་འདུག འོན་ཀྱང་ཁྱོད་ཀྱིས་རྩོམ་འདི་བྲིས་ནས་༧་རྒྱལ་བ་རིན་པོ་ཆེ་དང་བོད་མི་བར་ལ་དམ་ཚིག་དང་། དད་པ་ཡི་ཆེས་སོགས་ཡང་ལྗི་ཞིག་ཀྱག་འགོ་འཛུགས་འདུག དེ་ཡང་དག་པའི་ཀུན་སློང་ཞིག་དང་དམ་ཚིག་གཙང་བའི་གླེང་བརྗོད་ཞིག་ཡིན་ནམ། ༧རྒྱལ་བ་རིན་པོ་ཆེ་ལ་ཡི་ཆེས་ག་འདྲ་ཞིག་ཡོང་མིན་དེ་མི་སོ་སོས་མིག་གཉིས་ཀྱིས་ལྟ་རྣ་བ་གཉིས་ཀྱིས་ཉན། ཡ་ཐོད་ཀླད་པས་འདང་ཞིག་རྒྱབ་ན་གཞི་ནས་རང་གི་བློ་ལ་བསླུ་དུ་མེད་པའི་ལན་དེ་རྙེད་ངེས་རེད། གལ་ཏེ་ཁྱོད་རང་གིས་༧་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་རྙེད་སྟངས་ཤེས་ཀྱི་མི་འདུག་ན། ལྷ་ཀླུ་འཁྲུགས་པའི་སེམས་དེ་བདེ་བར་བཞག་ནས་ཆུ་ཚོད་ཕྱེ་ཀ་ཞིག་སྒོམ་གྱི་ཚུལ་དུ་བསམ་བློ་ཞིག་གཏང་དང་གཞི་ནས་ཁྱོད་རང་ལ་མི་མ་ཡིན་གྱིས་གདོན་བཞུགས་ནས་བློ་སེམས་རྣལ་དུ་གནས་མི་ཐུབ་པར་དེ་ཤེས་ཡོང་། དེ་དུས་ཁྱོད་རང་གིས་༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་གང་འདྲ་ཞིག་དང་གང་ནས་ཡོང་བ། ཡོང་དགོས་པའི་རྒྱུ་མཚན་བཅས་གསལ་པོ་གསལ་རྐྱང་ཞིག་ཁྱོད་ཀྱི་བློ་ལ་ཤར་ངེས་རེད།
ཁྱོད་རང་གིས་རྩོམ་མང་པོ་ཞིག་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་ནི་མཇུག་འབྲས་ལ་བསམ་བློ་མ་བཏང་བའི་སྐད་ཅོ་ཆེན་པོ་ཞིག་རྒྱབ་པ་དེ་རེད་འདུག རྩོམ་འདི་བྲིས་ནས་ཁྱོད་ལ་དགོས་པའི་ལན་དེ་ཅི་ཞིག་རེད། ཁྱིམ་ཚང་འདིར་མི་གང་དང་གང་ཡོད་པར་ཁྱོད་ཀྱིས་མི་ཤེས་པར་ཡིན་རྒྱུ་མ་རེད། གོང་དུ་ཟིན་བྲིས་པ་མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་དད་པ་གཉིས་ཀྱི་སྒོ་ནས་གང་འདྲ་ཞིག་སྐྱེས་ཀྱིན་ཡོད་མེད་ལེན་འདེབས་ཞུ་འདུག་ཀྱང་ཁྱོད་ཀྱི་འདོད་པ་ཁེངས་མི་འདུག གལ་ཏེ་ལྡོག་ཕྱོགས་པ་ཞིག་གིས་ལེན་འདེབས་རྣ་བ་འགས་དགོས་པ་རྒྱབ་སོང་ན་གཞི་ནས་ཁྱོད་ཀྱི་འདོད་པ་དེ་གང་སོང་བ་ཡིན་ནམ། གྲོགས་པོ་ལགས། རང་གིས་མི་ཤེས་ན་གཞན་ལ་དྲིས། ད་དུང་བློ་ཁ་གསལ་གྱི་མི་འདུག་ན་དཔེ་མཛོད་ནང་ལ་སོང་ནས་མཁས་པ་གོང་མ་ཚོས་བྲིས་པའི་རྩོམ་གཞུང་ལ་ཡང་ཡང་གཟིགས་དང་། ཁྱོད་རང་སླབ་བྱ་མང་པོ་ཞིག་ཐོབ་ངེས། རང་ཉིད་ཀྱི་ལམ་ཕྱོགས་རྙེད་ཐུབ་ལ་ལྟ་གྲུབ་ཞིག་ཀྱང་རིག་ངེས་ཡིན། རྩོམ་པ་པོ་ཞིག་བྱེད་འདོད་ན་རང་ཉིད་ལ་ལྟ་གྲུབ་ཞིག་དགོས་པ་གལ་ཆེ་རེད། བྱུང་རྒྱལ་དུ་སྨྲ་ཤེས་པ་ཙམ་གྱིས་རྩོམ་པ་པོའི་གདན་ས་ཟིན་མི་ཐུབ། དང་པོ་བྲིས་པ་གལ་ཆེ་མ་རེད། དང་པོ་གཞུང་ལུགས་ཐོས་བསམ་བྱས། རང་ཉིད་ཀྱི་ཀླད་པ་རྒྱ་ཆེ་རུ་བཏང་། འཇིག་རྟེན་གྱི་ཕྱི་ནང་གཉིས་ཀ་མཐོང་ཐུབ་པ་ཆགས་སོང་ན་ཞིག་ནས་བྲིས་འགོ་འཚུགས་དང་། ཁྱོད་ལ་བསྟོད་གླུ་དང་མཁས་པའི་ཆོལ་ལོ་ཞིག་ཀྱང་ཐོབ་ཡོང་། ཕ་བཟང་བུ། རིགས་བཟང་ཞིག་ཡིན་ན། ཕྱི་ནང་ངོ་ཤེས་པ་ཞིག་བྱོས་ཨ།
1. ཨ་ཧོ་་་་་ཀྱེ་་་་་་་་་་་་ད་མི་ཁྱོད་ཡིན་ན་་་་་ངས་བོད་མི་ཡིན་མིན་ལའང་དོག་པ་ཡོད་ལ་ཁ་ཕྱིན་ཕྱི་ལོག་པའི་མི་ཞིག་ལ་ངོས་འཛིན་ཞུ་བ་ལས་ཉི་མ་དེ་རིང་ནས་བཟུང་ཁྱོད་ལ་ཁ་ཡ་མི་བྱེད་པའི་དམ་བཅའ་འཇོག་རྒྱུ་ཡིན། རང་བཙན་ལག་དེབ་མེ་བསྲེག་གཏོང་རོག་ཟེར་བ་དང་གཅིག ཡང་དུའང་སྙིང་ཁམ་ན་གཟུགས་ཞིག་རྒྱོབ་པའི་མ་ཚད་ཚིག་འདིས་མི་སྐྱིད་པ་བྱུང་སོང་ཡང་། སྙིང་རྗེ་སྒོམ་ནས་ཞུ་རྒྱུར། ༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་དམ་ཟེར་བ་དོན་མཚན་གཉིས་ཀྱིས་གོང་དུ་བཤད་པ་བཞིན་ཡང་ན། ཁྱོད་ལས་མེད་མི་འཆལ་པོ། ཀླད་མེད་ཡིག་མཁན་བ་ཞིག ཡང་ན་བོད་མིའི་སྤྱི་ཚོགས་གཏོར་གཤིགས་གཏོང་མཁན། དེའི་སྔོན་དུ་བཤད་ཟིན་པ་ཡིན། ཁྱོད་ཀྱི་མིང་དེ་ལ་བལྟད་ནའང་གནོད་པ་དཀྱེལ་དོག་ཁ་པོ་འདུག ལྷ་ཀླུ་གཉན་གསུམ་གི་ཟིན་མིན་མི་ཤེས་ཀྱང་། ཁྱོད་ཀྱིས་མུ་འཐུད་ནས་འཆལ་གཏམ་འདི་ལྟར་སྒྲོག་བསྡད་ན་ངས་བོད་མིའི་ཚབ་ཞུས་ནས་ཁྱོད་ཉིན་མ་དེ་རེང་ནས་དྲ་རྒྱ་འདིའི་ནང་ནས་ཕུད་རོག་ཞེས་ཁ་བརྡའི་འགན་འཛིན་རྣམས་ལ་རེ་བ་ཞུ་རྒྱུ་ཡིན།། །།
ཡིན་ཀྱང་ངས་བཟོད་མེད་དུ། རང་ཉིད་ལ་མཚོན་ན་༧གོངས་ས་མཆོག་ནི། བདག་གི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཡིན་ལ་བོད་མི་ཡོང་ཀྱི་འདི་འཆིའི་སྐྱབས་གནས་ཡིན་པར་དྲི་བ་གཏང་བ་ནི་ཁྱོད་དུད་འགྲོ་དང་མཚུང་།། ཁོང་ནི་ངོའི་ངོ་གདོང་གི་མིག་དང་། ཁོག་ནང་སྙིང་ཡིན་ལ། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཡིན་པ་ཁྱོད་ཀྱི་མི་ཤེས་་་དེ་ལ་དད་པ་ཡིད་ཆེས་ཡོད་ལུག་ཁྱོད་ནས་འདྲི་དགོས་དོན་མེད།་་་་ང་ཚོའི་ཡིད་ཆེས་དང་དད་པ་ཡོད་མེད་འབྲེལ་བཤད་རྒྱབ་ས་དེ་ཁྱོད་མིན་པས་རེ་བ་མི་བྱེད་ལ་དུད་འགྲོ་ཁྱོད་ཟེར་ནས་འཇུག་འདུ་རྒྱུ་ཡིན།། འཕན་པོ་བསྟན་དར་ངོ་མས་སྤོ་བ་དང་ལྡན་པའི་ངང།།
ངས་གོང་ས་མཆོག་གི་སྐུ་མདུན་ནས་སྤྱོད་འཇུག་ཆེན་མོ་དང་སེམས་ཆུབ་སེམས་བསྟོད་གཉིས་ཀྱི་བཀའ་ཁྲིད་ཞུས་ཚུན་ཆད་གལ་སྲིད་སྟོན་པ་བཅོམ་ལྡན་འདས་ད་ལྟ་ཞལ་བཞུགས་ཡོད་ན་ཡང་ནམ་མནའ་ལ་འཕུར་ནས་ཕེབས་པ་དང་འོད་ཟེར་འདོམ་གང་འཕྲོས་པ་རང་ཉིད་ཀྱིས་མཇལ་དང་མ་མཇལ་ཙམ་གྱི་ཁྱད་པར་ལས་རྒྱལ་བ་རིན་པོ་ཆེ་མཆོག་སྟོན་པ་སངས་རྒྱས་དང་ཁྱད་པར་གང་ཡོད་སྙམ་པའི་བཅོས་མིན་གྱི་དད་པ་ཞིག་སྐྱེས་སོང་། དེ་ཡང་གོང་དུ་ཟླ་མེད་ཀྱིས་གསུངས་པ་ལྟར་ཤེས་ནས་ཐོབ་པའི་དད་པ་ཟེར་བ་དེ་དངོས་གནས་ཤིག་ཡིན་མིན་མི་ཤེས་ཀྱང་ཁོང་གི་གསུང་གི་རྗེས་སུ་འབྲངས་པའི་དད་པ་ཞིག་ནི་ཡིན་ཁོ་ཐག་ཡིན། ལྷག་པར་དུ་ང་ལྟ་བུ་དཔེ་ཆ་མི་ཤེས་པའི་རིགས་ལ་ཡང་ཟབ་མོ་སྟོང་པ་ཉིད་ཀྱི་སྐོར་བཀའ་ཁྲིད་གནང་ཚེ་བོད་སྔ་ཕྱི་གཉིས་ཀྱི་རྩོད་རྙོག་ཆེན་པོར་གྱུར་པའི་སྟོང་ཉིད་ཀྱི་ལྟ་བ་ཟེར་བ་དེ་ཡང་འདི་ལྟ་བུའི་གོ་བདེ་བོ་ཞིག་ཡོད་ཨང་སྙམ་པའི་བློ་བཅོས་མིན་དུ་སྐྱེ་བར་བྱེད་དོ།།
སེམས་ཆུབ་་་་་་་་བྱང་ཆུབ་་
ནམ་མནའ་་་ནམ་མཁའ་་
དྲ་གྲོགས་ཚོ་དང་མ་འཇལ་རྒྱུན་རིང་པོ་ཞིག་ཕྱིན་པའི་སྐབས་འདི་དང་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཅེས་པའི་རྩོམ་དེའི་དྲི་མ་ཅུང་ཡལ་འགྲོ་བའི་སྐབས་འདིར་ཡང་བསྐྱར་༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་མེད་ཀྱི་སྐད་ཆ་གསར་བ་ཞིག་གིས་སེམས་མ་སྐྱིད་པ་ཞིག་བཟོས་ཡོང་གི་འདུག གངས་ཅན་པ་ཞིག་ཡིན་ཕྱིན་དད་པ་དང་ཡིད་ཆེས་བྱེད་ཤེས་མིན་ལ་མ་བལྟས་པར་ཁྱེད་རང་གི་དྲི་བ་༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་མེད་འདི་བཀོད་ཕྱིན་སེམས་ལ་ན་ཚ་ཞིག་ངང་གིས་སྐྱེས་གི་རེད། འདི་ཁྱེད་རང་གིས་དྲ་གྲོགས་རྣམས་ལ་མནར་གཅོད་བཏང་བ་རེད། རྒྱ་གུང་བྲན་གྱིས་བོད་མི་མང་གི་ལུས་སེམས་གཉིས་ལ་མནར་གཅོད་གཏོང་གི་ཡོད་ལ། ཁྱེད་རང་གིས་རྒྱུན་དུ་ང་ཚོ་དྲ་གྲོགས་ཚོའི་སེམས་མ་སྐྱིད་པ་བཟོ་གི་ཡོད། འདི་བོད་ལྷ་ཀླུ་གཉན་གསུམ་ཁྱེད་རང་གི་ལན་ཡིན། །
གཞོན་ནུ་ཟླ་མེད་དང་ སྟག་སྨྱོན འཕན་པོ་བསྟན་དར་སོགས་ཀྱི་མཆན་རྣམས་ཡག་པོ་བྲིས་འདུག ཁྱེད་རང་ཚོའི་འབྲི་སྟངས་འདི་ལ་སྨོན་པ་འཆོར་གི།
ང་ལ་བསྡིག་དམོད་བྱེད་མཁན་མང་ན་ཡང་།།
ང་རང་གསོད་པར་འདོད་མཁན་བྱུང་ན་ཡང་།།
ང་ལ་གདོན་དུ་ལྟ་མཁན་ཡོད་ན་ཡང་།།
ང་ལ་གནོད་དོགས་ནམ་ཡང་མི་བྱེད་དོ།།
རྩོམ་ཡིག་ཁྱར་ཁྱོར་འབྲི་བ་ལྟོ་དོན་མིན།།
དུས་ཚོད་དྲ་ངོས་གཏོང་བ་རང་དོན་མིན།།
སྐད་ཆ་བསམ་ནས་བཤད་པ་མིང་ཆེད་མིན།།
འདི་གསུམ་ཡིན་ཚེ་ད་ལྟ་ཤི་བར་སྨོན།།
བོད། ལྷ་ཀླུ་གཉན་གསུམ་ལགས།
རྒྱལ་བ་རིན་པོ་ཆེ་ནི། ངའི་ཆོས་ཕྱོགས་ནས་རྩ་བའི་བླ་མ་ཡིན་པས་ཁོང་ལ་ཡིད་ཆེས་ཡོད། བོད་ཀྱི་སྲིད་ཕྱོགས་ནས་ཁོང་གི་ལམ་དབུ་མའི་ཐབས་ལམ་འབའ་ཞིག་དང་འབྲེལ་ནས་ཡིད་ཆེས་ཡོད། འཛམ་གླིང་ཞི་བདེའི་ཕྱོགས་ནས་བལྟས་ན་དུས་ཚོད་འདི་ལ་༧གོང་ས་མཆོག་ལས་ལྷག་པ་མེད་པའི་ཡིད་ཆེས་གཙང་མ་ཡོད། རང་གི་ཕྱིར་དང་གཞན་གྱི་ཕྱིར། ཚེ་འདིའི་ཕྱིར་དང་ཕྱི་མའི་ཕྱིར་༸གོང་ས་མཆོག་ལ་རྩེ་གཅིག་ཏུ་ཡིད་ཆེས་ཡོད་ལགས། ལགས་ཡོད་༸གོང་ས་མཆོག་ལ་ཡིད་ཆེས་ཡོད། ༸གོང་ས་མཆོག་ལ་ཡིད་ཆེས་ཡོད། ༸གོང་ས་མཆོག་ལ་ཡིད་ཆེས་ཡོད། ༸གོང་ས་མཆོག་ལ་ཡིད་ཆེས་ཡོད། ༸གོང་ས་མཆོག་ལ་ཡིད་ཆེས་ཡོད། ༸གོང་ས་མཆོག་ལ་ཡིད་ཆེས་ཡོད།
ཀ་རྡ་ོ་ལགས། མཆན་ ༩་པའི་ལན་དུ། ངས་གསལ་པོར་བཤད་འདོད་པ་ནི་སྐབས་ཐོབ་དང་མ་འབྲེལ་བའི་བརྗོད་བྱ་གསར་པ་ཞིག་བློ་བུར་བཙན་བཀོད་བྱས་འདུག་པར་དེ་ལྟར་བཤད་པ་ཡིན།
འདི་འདྲ་རིགས་འདི་ཁྱེད་དང་མཛའ་པོ་མིན་འདུག འདི་ལ་གླགས་ལྟ་བའམ་ཀླན་ཀ་འཚོལ་བ་ཞེས་ཟེར་ལ་སྐད་ཆ་ཤོད་སའི་གོ་སྐབས་་རགས་པ་དང་ཁ་འབར་ལག་འབར་བྱེད་པ་ང་ཚོས་མཆན་བུ་གང་མང་ཞིག་ནང་མཐོང་ཐུབ།
དེ་ཙམ་ཡིན།
དབུ་མའི་ལམ་གྱི་ཕན་ཡོན་དོར་བསྡུས་ཅིག་བརྗོད་ན།
དང་པོ། དབུ་མའི་ལམ་གྱི་འབྲས་བུ་སོན་པའི་རྗེས་ལའང་། རང་བཙན་རྩོད་དུས་ཡོད།
གཉིས་པ། རང་བཙན་སྡོན་ལ་དབུ་ལམ་འགྲོ་ཐུབ་ལ། རང་བཙན་དུས་ཚོད་ངེས་མེད་ཀྱི་བར་ལ་སླར་ཡང་དབུ་མའི་ལམ་ལ་འཇུག་དགོས་ན་ནོར་བ་རེད།
གསུམ་པ། དབུ་མའི་ལམ་གྱི་དོན་འབྲས་སྨིན་སོང་ན། ཆབ་སྲིད་པའི་བཙོན་མང་པོ་ཞིག་གློད་གྲོལ་ཐུབ་པ།
བཞི་བ།། དབུས་ལམ་གྱི་ནུས་པ་བརྒྱ་ཆ་༡༠༠འི་ནང་ནས་བྱེས་པ་གཞོན་ལྷན་སོགས་ཀྱིས་བརྒྱ་ཆ་༥མར་བཅག གཞིས་སྡོད་འགས་བརྒྱ་༥ཙམ་མར་བཅག་ནས་ད་ལྟའི་དུས་ཐོག་ཏུ་དབུ་མའི་ལམ་གྱི་འབྲས་སོན་མ་ཐུབ་པ་ངའི་འདོད་ཚུལ་ཡིན།
ལྔ་བ། དབུ་མའི་ལམ་གྱི་རྒྱ་བོད་མོས་མཐུན་༸གོང་ས་མཆོག་གི་གུང་གྲངས་༨༠མ་ཟིན་སྔོན་དུ་བསྒྲུབས་ཟིན་པ་དགོས་འདུག་པས་ཚང་མས་ཡིད་གཟབ་དགོས་འདུག་སྙམ།
དྲུག་པ། རང་བཙན་ཞི་དྲག་གང་གིས་ཀྱང་ཐོབ་མི་ཐུབ་པ་སྲིད་པས། དེས་ན་དང་པོ་དབུ་ལམ་གྱི་འབྲས་བུ་སྨིན་དུ་བཅུགས་དང་། དེ་ནས་རྔ་ལ་དཔག་པའི་འཆམ་ཕག་མི་ཆོག་གམ།
རང་བཙན་ང་ཡང་འདོད་ཀྱང་། འདོད་པ་ཙམ་གྱིས་མི་ཕན་པར་དངོས་པོའི་འགྲོས་དང་བསྟུན་ནས་འགྲོ་དགོས་པར་རང་བཙན་རྩོད་འདོད་ཅན་གྱི་དྲྭ་གྲོགས་རྣམས་ཀྱི་ཆེད་དུ་ཡིན། ཡང་བཀའ་ཁྲིའི་འོས་མི་འགས་རང་ཐག་རང་གཅོད་དང་། རང་བཙན་ཕྱོགས་སུ་འགྲོ་སྲིད་པའི་རྣམ་འགྱུར་སྟོན་པ་ནི། སྐབས་དོན་འོས་གྲངས་ཐོབ་ཕྱིར་ཆབ་སྲིད་པའི་ཟློས་གར་ཙམ་ལས། གཞིས་བྱེས་གང་ལ་ཡང་མི་ཕན་པ་ནི། ངས་འདི་རིང་འདིར་སྡོམ་ཚིག་བརྒྱབ་ཐུབ། ང་ནི་རང་བཙན་མེད་ན་ཡང་བོད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཅིག་ཡོང་སའི་ལམ་ཁ་ཡོད་པ་འདོད་མཁན་གྱི་མི་ཅིག་ཡིན་པས། ཁ་ཤས་ཀྱི་བསམ་ཚུལ་དང་མ་མཐུནན་དགོངས་དག་ཞུ་རྒྱུ་ཙམ་མོ། །
ལམ་དབུ་མའི་ཀ་ཕྲེང་མ་བཞུགས་སོ། །
ཀ་དག་དབྱིངས་ན་བཞུགས་པའི་སངས་རྒྱས་དང་། །
ཁ་ཡོད་ལག་ཡོད་ཕན་པའི་དམ་པའི་ཆོས། །
ག་ས་གར་ཡོད་དགེ་འདུན་ཚོས་རྣམས་ལ། །
ང་ཅག་ང་འདྲས་སྒོ་གསུམ་གུས་པས་འདུད། །
ཅ་དངོས་རིན་ཐང་ཕྱིར་ཡང་དམར་གསོད་དང་། །
ཆ་ཚང་ཡོངས་རྫོགས་རང་བཙན་སྨོས་ཅི་དགོས། །
ཇ་དང་གོས་ཆེན་དགའ་ཡང་འདི་སྐད་བསྒྲགས། །
ཉ་མོ་ཆུ་ལ་འཁྱུག་ལྟར་མ་གོམས་པའི། །
ཏ་ཐྰ་ག་ཏའི་དམ་ཆོས་ཞི་བདེ་ལ། །
ཐ་སྙད་ཆོས་ཚིག་འགའ་ཤས་ཤེས་གྱུར་ཀྱང་། །
ན་ཚོད་རྒས་ཀྱང་ཉམས་ལེན་དམན་པ་ཡིས། །
ད་གཟོད་དབུས་ལམ་གོ་དུས་རྔངས་ཤིང་འཇིགས། །
པ་ཊ་ལྟ་བུའི་མཐུན་འབྲེལ་གཅིག་སྒྲིལ་དགོས། །
ཕ་བཟང་བུ་དང་བུ་མོའི་སྤྱོད་བཟང་དགོས། །
བ་གླང་དང་མཚུངས་སྤྱོད་ངན་དྭངས་སེལ་དགོས། །
མ་ཐུབ་མ་རན་རང་བཙན་རྩོད་སྤངས་ནས། །
ཞྭ་ལྟར་མཛེས་པའི་ཏྰ་ལའི་བླ་མ་ཡིས། །
ཟ་ཆོག་འཐུང་ཆོག་སྩལ་བའི་དབུས་ལམ་ལ། །
འ་ཆད་འུ་ཐུག་གྱ་གྱུའི་ལམ་སྤངས་ནས། །
ཡ་མེད་རྩོད་མེད་ཉམས་མེད་དབུས་ལམ་རྒྱུགས། །
ར་སྐྱེས་ཁྱུ་ལྟར་ར་རྫི་ལུག་རྫི་ཡིས། །
ལ་ལུང་མང་པོའི་ཁྱུ་དེད་མི་དགོས་པར། །
ས་གཞི་རང་བདག་བོད་ལྗོངས་ཡོངས་སུ་རྫོགས། །
ཤ་རུས་གཅིག་བོད་མི་བདག་སུ་ལ་བདག །
ཧ་ཧྰ་རང་བཙན་དགའ་སྣང་མེད་ན་ཡང་། །
ཧྰི་ཧི་གཞན་སྨོད་དགོད་སྣང་དེ་བས་མེད། །
ཨ་ཤེ་ཁ་བཏགས་འཁྱེར་ནས་༧སྐུ་མདུན་དང་། །
ཨ་ཧ་དད་འདུན་དང་བཅས་ཇོ་བོར་འབུལ། །
ཀ་རྡོ་དྲིན་ཆེན་པོ།།
ཀ་རྩོམ་མི་འཁྱུངས་གི།
ཀ་ར་ཟ་ཞོར་ར།།
ཀ་ཁ་ཡང་བསྐྱར་སྦྱོང་།།
ཁ་ནས་ཐོན་ཚད་པོ།།
ཁ་ལྐུག་སྐད་ཆ་བཞིན།།
ཁ་བརྡ་འབྲེལ་མེད་པ།།
ཁ་ནས་རྒྱུན་ཆད་མེད།།
གཞོན་ནུ་ཟླ་མེད་ལགས་སུ་སྤྲིངས་པ།
ལམ་དབུ་མའི་ཀ་ཕྲེང་མ་བཞུགས་སོ། །
ཀ་དག་དབྱིངས་ན་བཞུགས་པའི་སངས་རྒྱས་དང་། །
ཁ་ཡོད་ལག་ཡོད་ཕན་པའི་དམ་པའི་ཆོས། །
ག་ས་གར་ཡོད་དགེ་འདུན་ཚོས་རྣམས་ལ། །
ང་ཅག་ང་འདྲས་སྒོ་གསུམ་གུས་པས་འདུད། །
ཅ་དངོས་རིན་ཐང་ཕྱིར་ཡང་དམར་གསོད་དང་། །
ཆ་ཚང་ཡོངས་རྫོགས་རང་བཙན་སྨོས་ཅི་དགོས། །
ཇ་དང་གོས་ཆེན་དགའ་ཡང་འདི་སྐད་གྲག །
ཉ་མོ་ཆུ་ལ་འཁྱུག་ལྟར་མ་གོམས་པའི། །
ཏ་ཐྰ་ག་ཏའི་དམ་ཆོས་ཞི་བདེ་ལ། །
ཐ་སྙད་ཆོས་ཚིག་འགའ་ཤས་ཤེས་གྱུར་ཀྱང་། །
ན་ཚོད་རྒས་ཀྱང་ཉམས་ལེན་དམན་པ་ཡིས། །
ད་གཟོད་དབུས་ལམ་གོ་དུས་རྔངས་ཤིང་འཇིགས། །
པ་ཊ་ལྟ་བུའི་མཐུན་འབྲེལ་གཅིག་སྒྲིལ་དགོས། །
ཕ་བཟང་བུ་དང་བུ་མོའི་སྤྱོད་བཟང་དགོས། །
བ་གླང་དང་མཚུངས་སྤྱོད་ངན་དྭངས་སེལ་དགོས། །
མ་ཐུབ་མ་རན་རང་བཙན་མ་རྩོད་པར། ། །
ཙ་ཙིག་རང་བཙན་རང་ཐག་རང་གཅོད་སོགས། །
ཚ་བའི་ཡུལ་ནས་དབུས་ལམ་ཚབ་རྩོད་པ། །
ཛ་དྲག་ཆེ་བའི་གྲང་བསིལ་གངས་ལྗོངས་སུ། །
ཝ་ལྤགས་ཤུ་ལ་ངེས་པའི་གཉན་འཕྲང་འདིར། །
ཞྭ་ལྟར་མཛེས་པའི་ཏྰ་ལའི་བླ་མ་ཡིས། །
ཟ་ཆོག་འཐུང་ཆོག་སྩལ་བའི་དབུས་ལམ་ལ། །
འ་ཆད་འུ་ཐུག་གྱ་གྱུའི་ལམ་སྤངས་ནས། །
ཡ་མེད་རྩོད་མེད་ཉམས་མེད་དབུས་ལམ་རྒྱུགས། །
ར་སྐྱེས་ཁྱུ་ལྟར་ར་རྫི་ལུག་རྫི་ཡིས། །
ལ་ལུང་མང་པོའི་ཁྱུ་དེད་མི་དགོས་པར། །
ས་གཞི་རང་བདག་བོད་ལྗོངས་ཡོངས་སུ་རྫོགས། །
ཤ་རུས་གཅིག་བོད་མི་བདག་སུ་ལ་བདག །
ཧ་ཧྰ་རང་བཙན་དགའ་སྣང་མེད་ན་ཡང་། །
ཧྰི་ཧི་གཞན་སྨོད་དགོད་སྣང་དེ་བས་མེད། །
ཨ་ཤེ་ཁ་བཏགས་འཁྱེར་ནས་༧སྐུ་མདུན་དང་། །
ཨ་ཧ་དད་འདུན་དང་བཅས་ཇོ་བོར་འབུལ། །
ཀ་རྡོ་མི་བརྟན་ཡོམ་ཡོམ་བྱེད་པའི་སྟེང་།།
ཀ་བ་འཛུགས་པ་འདི་ཀོ་བླུན་པོའི་རྟགས།།
ཀ་ཁའི་རྩོམ་ཡིག་སྙན་པོ་འབྲི་དགོས་ན།།
ཀ་མད་སུམ་ཅུའི་སྦྱོར་བ་ཐོག་མར་སྦྱོང་།།
ཀ་ཟླུམ་འབུག་ཟླུམ་ལྟ་བུའི་མཇེ་ཟླུམ་ཞིག།
ཀ་ར་ཀུ་ཤུ་ཟེར་ན་གད་མོའི་གནས།།
ཀ་དག་སྤྲོས་བྲལ་ཟེར་བའི་མིང་རྫུག་པོ།།
ཀརྡོ་དཀོར་རམས་པ་ཡིས་མི་འཇོན་ཡ།།
I agree to burn tibetan green book because it is refinance bad people who dont care about honest and humble people, they only care about thier relatives, friend who have money and power.
གཞོན་ནུ་ཟླ་མེད་ལགས།
གཞོན་ནུ་ཨ་མའི་ནུ་ཞོ་འོ་ཚིག་འཐུང་མཚམས་ཞོགས། །
ནུ་ཞོ་བཞག་ནས་དོན་ཟླ་་ཡོད་མེད་སྔོན་ལ་སོམས། །
ཟླ་མེད་དོན་ལ་ཟླ་ཡོད་ཡོད་མདོག་མེད་ལ་རེམས། །
མེད་ལ་ཡོད་མདོག་གཞོན་ནུ་ཁྱོད་ཀྱིས་སླར་ཡང་སོམས། །
ཀ་རྡོ་ལགས།
ངས་ཁྱོད་ལ་གཅིག་བཤད། ལམ་དབུ་མའི་ཕན་ཡོན་སྐོར་འདི་ད་དུང་ཞིབ་ཙམ་བྱས་ཏེ་རྩོམ་ཨ་མར་བཀོད། ང་ཚོས་བགྲོ་གླེང་བྱེད། ང་ཡང་ལམ་དབུ་མ་འདི་ལ་དགའ་དད་ཆེན་པོ་ཡོད།