མེ་ཏོག་དཀར་པོ།
༡ འདོད་བདེ་ལྟེར་བའི་ལྷ་གཅིག་ཨུ་མའི་བདག །
དེ་ཡི་བྱིན་རླབས་ཞུགས་པ་དགེ་ཆོས་རྗེ། །
ཀླུ་སྨྱོན་སོགས་ལ་གུས་པས་བཏུད་བྱས་ཏེ། །
ང་ཡི་མཐོང་ཚུལ་ཁག་ཅིག་འབྲི་ན་འདོད། །
༢ རྒད་པོ་རྒྱལ་ཁམས་འགྲིམ་ལ་ཉུང་སྐྱོན་དང་། །
བཙན་གྱིས་མཇེ་རྒོད་བཅིང་ལ་མང་བའི་སྐྱོན། །
འགའ་ལ་རྣ་བ་བསུན་པའི་རྒྱུར་འགྲོ་ཡང་། །
འདོད་གཏམ་འདི་ཀོ་མ་བཤད་བློ་མ་བདེ། །
༣ མེ་ཏོག་མ་སྡོད་ཡུ་རོབ་ཡུལ་དུ་སོང་། །
དེ་ལས་ཧོ་ལན་ཡུལ་གྱི་རྒྱལ་སར་སོང་།
གྲོང་འཁྱེར་ཨམསྶ་ཊར་ཌམ་གྱི་ནང་དུ་སོང་། །
གཅིག་ཏུ་མ་སྡོད་ག་ས་གང་དུ་སོང་། །
༤ སོང་སོང་མང་ན་མཐོང་མཐོང་ལོས་ཀྱང་མང་། །
མ་མཐོང་དགུ་མཐོང་བཅོ་བརྒྱད་འདི་ནས་མཐོང་། །
མཇེ་ཤུབས་མི་འདྲ་སྣ་ཚོགས་བཙོང་བ་མཐོང་། །
དེ་ལ་འདྲ་པར་ལེན་མཁན་མང་པོ་མཐོང་། །
༥ མཇེ་ཤུབ་འགའ་རེ་རབ་རོབ་རྩུབ་ཉམས་འདུག །
འགའ་རེ་དམར་ནག་ཧ་ལམ་ཁྲུ་གང་འདུག །
ཆེ་ཆུང་མང་པོ་འདུག་སྟེ་ང་ཡི་མཇེ། །
ཉིས་ལྡབ་མེད་ན་ཕན་ཐོགས་མེད་ཚོད་རེད། །
༦ གྱིག་གི་མཇེ་རྒོད་ཆེ་ཆུང་མང་པོ་འདུག །
ལ་ལ་དམར་སྐྱ་ལལ་ཤ་ཡི་མདོག །
གྱེན་དུ་བགྲེང་འདིས་ཆགས་ལྡན་བུད་མེད་རྣམས། །
ཆགས་པའི་རྔུལ་ཆུ་དབབ་ལ་བྲེལ་འདྲ་འདུག །
༧ མཇེ་ལ་བྱུགས་རྫས་སྣུམ་གྱི་རིགས་མང་འདུག །
འགའ་ཡིས་ཁྲེགས་པོ་འགའ་ཡིས་སྦོམ་པོ་དང། །
འགའ་ཡིས་འཁྲིག་པ་ཡུན་རིང་བརྟེན་ཐུབ་ཟེར། །
རེ་རེར་ཡུ་རོ་རེ་རེས་ཁུགས་ངེས་འདུག །
༨ གྱིག་མཇེར་ལྟ་བའི་གཞོན་ནུ་མ་འགའ་ཞིག །
གད་མོ་དགོད་ཞོར་ཤབ་ཤོབ་སྨྲ་ཞིང་འདུག །
ཕལ་ཆེར་གང་ཞིག་བྲོ་བ་ཆེ་ལུགས་དེ། །
ཕན་ཚུན་སྙིང་གཏམ་སྨྲ་རེས་བྱེད་པ་འདྲ། །
༩ འགའ་ཞིག་འཁྲུལ་གྱིས་བསྣུན་ཞིང་གཡོ་བ་དང་། །
འགའ་ཞིག་བྱ་ལེ་རེག་པའི་ཁྱད་ཆོས་ལྡན། །
འགའ་ཞིག་དྲོད་ཀྱི་རེག་པ་ལྟེར་བའི་མཇེ། །
སྣ་ཚོགས་མཇེ་ཡིས་ཚོང་ཁང་གང་ནས་འདུག །
༡༠ གྱིག་གི་བུད་མེད་གཟུགས་ཅན་འདུག་མོད་ཀྱང་། །
ཁྱད་ཆོས་གང་ཡོད་གསལ་བར་མ་ཤེས་ཏེ། །
ཆགས་ཅན་ཐུགས་དམ་མ་བསྐང་ནོངས་པ་གང་། །
མེ་ཏོག་དཀར་པོས་སྙིང་ནས་གཟོད་པར་གསོལ། །
༡༡ དེ་ནས་མེ་ཏོག་མ་སྡོད་སླར་ཡང་འགྲུལ། །
གྱིག་གི་བུད་མེད་མ་ལགས་བུད་མེད་དངོས། །
བུད་མེད་ནག་མོ་དཀར་མོ་རྒན་མོ་དང་། །
རྒྱག་པ་སྐམ་པོ་གཟུགས་རིང་གཟུགས་ཐུང་སོགས། །
༡༢ མཛེས་མ་མཛེས་མིན་གང་ལ་ཅི་འདོད་པ། །
ལམ་གྱི་གཡས་གཡོན་ཤེལ་གྱི་ཁང་བུ་ནང་། །
འདོམས་ཁེབས་ནུ་ཁེབས་ཙམ་ཞིག་མ་གཏོགས་པ། །
གཅེར་བུ་ཕོ་རྒོད་སྒུགས་ནས་སྡོད་པ་མཐོང་། །
༡༣ ཕོ་རྒོད་འགའ་ཡིས་གོང་ཚད་སྒྲིག་པ་མཐོང་། །
བུ་མོ་འགའ་ཡིས་ལག་བརྡས་འབོད་པ་མཐོང་། །
འགའ་ཡིས་རྐུབ་གཡུག་རྒྱག་ནས་བཀུག་པ་མཐོང་། །
འགའ་ཡིས་མིག་བཙུམ་རྒྱབ་ནས་ཤོག་ཟེར་མཐོང་། །
་
༡༤ བགྲོད་ཐེངས་རེ་ལ་ཡུ་སྒོར་ལྔ་བཅུ་རེ། །
ནེ་སྒོར་རྩིས་ན་ཧ་ལམ་ལྔ་སྟོད་རེད། །
འོན་ཀྱང་གོང་ཚད་འགྲིག་རྒྱུ་ཡོད་རེད་ཟེར། །
སྔ་མོར་སོང་ན་སུམ་ཅུས་ཁུགས་ཡོང་ཟེར། །
༡༥ སྐབས་རེ་ལོ་ལོན་གཅེར་བུ་མཐོང་བའི་ཚེ། །
ཆགས་བྲལ་མིན་ཀྱང་ཞེ་མེར་ལངས་བྲབ་བྱུང་། །
སྐབས་རེ་མཛེས་མ་ལོ་ཆུང་མཐོང་བའི་དུས། །
ངོ་ཚ་ཆེ་ཡང་རྒྱོ་ཞིག་རྒྱག་འདོད་བྱུང་། །
༡༦ དེ་ནས་མ་སྡོད་ཁང་པ་ཞིག་ནང་སོང་། །
ནང་ན་ཁང་པ་སྒོ་མང་ཅན་ཞིག་འདུག །
སྒོ་ཞིག་ཕྱེ་ནས་ནང་དུ་འཛུལ་བའི་མོད། །
ལྕགས་སྒོར་བླུགས་སའི་འཕྲུལ་ཆས་ཞིག་འདུག་པར། །
༡༧ ཡུ་རོ་གཉིས་ཀྱི་ལྕགས་སྒོར་བླུགས་པའི་མོད། །
གློ་བུར་ངོ་མདུན་ཤེལ་གྱི་སྒོ་གཅིག་མཐོང་། །
ནང་དུ་བལྟས་པས་གཟུགས་མཛེས་བུད་མེད་ཅིག །
ཕལ་ཆེར་ལོ་སྣ་ཉི་ཤུ་ཡིན་ན་བསམ། །
༡༨ རྣམ་པ་མཛེས་ཤིང་ཡིད་དུ་འོངས་བ་ཞིག །
འཁྲུལ་གྱིས་་བསྐོར་བའི་ཉལ་གདན་སྒོར་མོའི་སྟེང་། །
གཅེར་བུར་ཕྱུངས་ཏེ་ནུ་མ་མཉེད་ཅིང་འདུག །
བྷ་ག་སྟོན་ཅིང་ལག་པས་བརྡབ་བརྡབ་བྱེད། །
༡༩ ནན་གྱིས་བལྟས་པས་མཚན་མའི་གཡས་གཡོན་དུ། །
སྤུ་ནག་སྲབ་སྲབ་ཙམ་ལས་གཙང་ཞིང་མཛེས། །
ནུ་མ་ཆེ་ཆུང་མཉོམ་ཞིང་མཁྲེག་ལ་འབུར། །
ངོ་མ་བློ་ལ་འཐད་པའི་གཟུགས་ཤིག་མཐོང་། །
༢༠ དེ་ནས་བློ་བུར་ཤེལ་སྒོ་ཆོད་ཀྱིས་གཅོད། །
ནང་ན་གློག་འོད་འཕྲོས་པས་ཁོང་ཁྲོ་ནས། །
བདེ་བའི་བར་ཆད་འདི་ཀོ་ཅི་ཡིན་ཞེས། །
བརྟག་པས་ཡུ་རོས་དུས་ཚོད་ཟིན་པ་ཚོར། །
༢༡ བདེ་བས་མ་གཟོད་ཡང་བསྐྱར་ལྕགས་སྒོར་གཉིས། །
ཕངས་སེམས་མེད་པར་མྱུར་མོ་མྱུར་མོ་རུ། །
འཁྲུལ་གྱིས་སྒོ་རུ་བླུག་པས་བུད་མེད་དེ། །
སླར་ཡང་མིག་ལམ་ནང་དུ་ལྷམ་མེར་ཤར། །
༢༢ དེ་ནས་དལ་བུས་སོང་ཏེ་ཀོ་ལ་ཞིག །
འཐུང་གིན་འཐུང་གིན་རང་གི་གནས་སུ་སླེབས། །
རང་གི་མཐོང་ཚོད་གང་དེ་དྲ་གྲོགས་ཚོར། །
ཤོད་འདོད་ཆེ་བས་དྲ་ཐོགས་འདི་ན་བཀོད། །
༢༣ ཀླུ་སྨྱོན་འདྲ་བའི་སྙན་པོ་བྲིས་མི་ཤེས། །
བོད་ཀྱི་བུ་འདྲའི་བྲོ་བ་སྟོན་མི་ཤེས། །
ཟླ་མེད་ལྟ་བུའི་སྡེབ་སྦྱོར་སྒྲིག་མི་ཤེས། །
དེས་ན་ཁྱེད་རྣམས་ཐུགས་ལ་བབ་ཨེ་ཡོང་། །
༡༦་༨་༢༠༡༠ དགོང་མོ་ཆུ་ཚོད་ ༡༠་༣༠་ལ་བྲིས།།
བཀྲིས་བདེ་ལེགས་
སེམས་ཆུང་བྱོས། བསྐལ་པ་འཇིག་ན་ཐང་ཀི
མི་ཏོག་དཀར་པོ།
མི་བལྟ་དགུ་བལྟ།
མི་འགྲོ་དགུ་འགྲོ།
མི་ལས་དགུ་ལས།
མི་བཤད་དགུ་བཤད།
རྩེད་མོ་ཡིན།
དི་མོ་དེ་ཤོད།
མེ་ཏོག་དཀར་བོ་ཐོག་ནས་ཡལ་ཀ་དམར་པོ་ལང་ནས་ཡོང་གི་ཡོད་ས་རེད་།
མེ་ཏོག་དཀར་པོ།
སེམས་པ་དཀར་པོ།
སྐད་ཆ་དྲང་མོ།
རིག་ནོ་བདེན་གི
བཤད་ནོ་ལོས་བདེན།
སོང་ས་བསྡད་སར།
དུས་གསར་འགྱིག་རིགས།
རྒྱ་ནག་ཡུལ་ནས།
གླིང་བཞིར་དྲངས་དེ།
དེང་དུས་ཚོང་རར།
མི་རེག་ཅི་ཡོད།
དེ་དང་ལྷན་དུ།
འགྱིག་ཤུབ་སྣ་ཚོགས།
མཇེ་རིགས་འདྲ་མིན།
ཕྱི་གླིང་ཁམས་ན།
བེད་སྤྱོད་འདྲ་མིན།
ཆགས་པ་ཆེ་ལུགས།
འདྲ་ས་མང་ཡང་།
སྤྱོད་ལུགས་འདྲ་མིན།
མི་འདྲ་མང་གི
དེ་འདྲ་ཡིན་དུས།
ཕྱི་རོལ་ཀློང་ནས།
གཟབ་ཙམ་གནོངས་ཤིག
སེམས་ཆུང་བྱོས། བསྐལ་པ་འཇིག་ན་ཐང་ཀི
འདི་ག་རེ་གསུངས་པ་རེད། ངོ་མ་གོ་བ་ལེན་ཐུབ་མ་སོང་། དོན་བཀྲལ་དང་།
ཐུགས་རྗེ་ཆེ།
ཆགས་པས་མ་བཞག་ཧོ་ལན་བུ་གཅིག་དང་།
ཕུར་གཉེ་སྐུ་གཉེ་བྱས་ནས་ཆགས་འདྲོད་སྤེལ།
སེམས་ལ་གང་བསམ་མེད་པར་གཤམ་ཐབས་ཕུད།
བསམ་ཡུལ་མེད་པའི་ཁོ་པའི་མཁྲེགས་མཇེ་དེ།
འོག་ལ་མི་སྣུན་ཁ་ཡི་ནང་ལ་བརྒྱངས།
ཅི་བསམ་འདི་བསམ་མེད་པར་འཇིབས་ལ་ཤོར།
བ་ཚྭའི་བྲོ་བ་ད་དུང་ཡིད་ལ་ལྷང་།
ཡུད་ཙམ་ཞིག་ནས་གཉིད་ལས་སད་པར་ལྟར།
མྱུར་དུ་ལངས་ནས་ད་ནི་མཚམས་འཇོག་ཟེར།
ནོ་ནོ་ཟེར་ནས་ཁོ་པ་ཁྲི་ལ་འབུད།
ཁོ་པས་ཧོར་ཐོར་ཧ་ལས་རླུང་ཡང་བསྟན།
མྱུར་དུ་སྨད་གཡོགས་བཀླུབས་ནས་ཕྱིར་ལ་འཐོན།
སང་ཉིན་འཛིན་གྲྭར་ཁོ་པ་མཇལ་བའི་ཚེ།
ངོ་ཚ་ཁ་སྐྱེངས་ཅི་བཤད་མེད་པར་ལུས།
དེ་ནས་བཟུང་ནས་སྡིག་གཤགས་སྤུ་གྲི་འདོན།
སྡོམ་པ་ཤོར་མིན་ད་དུང་ཤོད་དཀའ་ཡང་།
ལས་ངན་བཙུན་མའི་སྤྱོད་པས་སེམས་པ་འཁྲུགས།
ཆགས་པ་ཟེར་བ་སེམས་ལ་བདེ་བ་མེད།
མཇེ་བོང་ཟེར་ཡང་ཤ་རྡོག་གཅིག་ལས་མེད།
བསམ་བཞིན་བསམ་ན་མི་གཙང་ངོ་མ་རེད།
ད་དུང་ཁུ་བ་འཕྱུར་བཞིན་དྲི་བྲོ་བ།
བསམ་ན་སྐྱུག་མན་གཏིང་ནས་སྐྱེ།
འཐོལ་ལོ་གཤགས་སོ་མི་སྦེད་དོ།
ཁ་ལ་མཇེ་དམར་གསོལ་བར་འཐོལ་ལོ་བཤགས།
སྙན་ཚིག་དུང་གི་རྗེས་འགྲོ་མིན་ཡང་འགྲིག །
ལེགས་བཤད་མཁས་པའི་སྙིང་གཏམ་མིན་ཡང་ཆོག །
རང་གི་མཐོང་ཐོས་མྱོང་གསུམ་དམར་རྗེན་དུ། །
བྲིས་པའི་རྩོམ་འདིས་ཁོ་བོའི་ཡིད་སེམས་འཕྲོག །
དེ་ཙོ་ཅང་མ་རེད། ང་མདང་དགོང་ནང་དུ་ལོག་འགྲོ་སའི་ལམ་ཁར་དྲག་སི་སི་ལམ་ཟུར་དུ་བཀག་འདུག ང་འཁྲིས་ལ་ཐོན་པ་ན་ནང་ནས་ཞི་མོའི་འཁུན་སྒྲ་འདྲ་ཞིག་གོ་སོང་། མགོ་གི་སྐྲ་ཡང་གཟིང་ནས་ཡོང་གི དུས་ཚོད་བཅུ་གཉིས་དང་ཕྱེད་ཡོལ་འདུག དེ་ནས་ག་ལེར་སྐྲག་ཞོར་དུ་དྲག་སེ་དེའི་འཁྲིས་སུ་གཅེར་བ་ནས་ཉན་པ་ཡིན། རྒྱ་གར་པའི་ཆགས་པའི་སྐད་དེ་ཚོའི་དོན་གོ་རྒྱུ་ན། ཨ་ཤུ་རེ་ཁོ་བསམ་བྱུང་། བུ་མོ་དེ་བོད་མོ་ཞིག་པར་སྨོན། འོན་ཀྱང་ཁོང་གཉིས་ཀྱི་སྐད་ཆའི་བར་བར་དུ་ཏེ་བྷ་ཏེ་ཞེས་པའི་ཚིག་འདི་ངས་ཡང་ཡང་གོ་བྱུང་བས། དོགས་པ་ཞིག་གམ་ཡང་སྙིང་ལངས་ནི་ཞིག་རེད། ཁྱོད་གཉིས་ཀྱིས་འཛགས་དགོས་ན་འཛོགས། ཏེ་བྷ་ཏེ་ཅི་མ་ཉན་ནི་རེད་བསམ་བྱུང་། མུ་མཐུད་ནས་ཉན་རྒྱུར་སྐྲག་ནི་ཞིག་ཀྱང་རེད། ག་ལེར་ནང་དུ་ལོག་པ་ཡིན། སེམས་སུ་འདྲ་མི་འདྲ་བཅུ་དགུ་འཁོར་སོང་། ཡང་ང་རྒྱ་གར་བའི་བུ་དེ་ཡིན་རྒྱུ་ན་ཨང་བསམ་བྱུང་། གང་ལྟར་རྒྱ་གར་བའི་མཇེ་དེ་ཚོ་ནག་ལ་རིང་བ། རྙ་ལེ་རྙི་ལེ་ཞིག་ལོས་ཡིན་ཡང་བསམ་བྱུང་།
བོད་མཇེ་ཕྲ་ཡང་འཁྲེགས་པོ་ཡིན།།
ཐུང་རུང་མྱུར་བས་ཚིམས་པ་སྟེར།།
ཡུན་རིང་དཀའ་ཡང་འཁྲིག་བདེ་སྦྱིན།།
ཤར་གླིང་བུ་མོ་ཀུན་གྱིས་དགའ།།
མ་མཐོང་དགུ་མཐོང་ངོ་མ་དེ་གཟན་བཟོད་རྒྱམ་གྱིས་མཐོང་འདུག་ཨང་། ཁྱོད་ཀྱིས་འཛེགས་ཡུལ་དེ་བོད་མོ་ཞིག་ཡིན་པར་སྨོན་པར་ང་ཁོང་ཁྲོ། ངས་ནི་ནམ་ཡང་བོད་མོ་ཞིག་མིན་པར་རེ་བ་བྱེད་ཀྱིན་ཡོད། ཤུ་རེ་ཁུ།