འདི་ལོར་མཚོ་སྔོན་བརྙན་འཕྲིན་ཁང་གིས་ལོ་གསར་དགོང་ཚོགས་ཤིག་གྲ་སྒྲིག་བྱེད་བཞིན་ཡོད་ན་ཡང་། གཞས་པ་དང་གཞས་མ་ཚོའི་ངོ་གདོང་ངོ་མ་སྐྱུར་མོར་འདུག ལག་ཏུ་སྒྲ་སྦུག་བཟུང་ཡོད་པ་མ་གཏོགས་ངུ་གིན་ཡོད་པའི་ཚོར་བ་ཞིག་འགོག་མེད་དུ་སྟེར།
གཤམ་དུ་བརྡེགས་ཚེ་འདྲ་པར་གཞན་ཡང་འདུག
http://www.tibetabc.cn/u/qiduojia/archives/2008/20081214154247.html
ཁ་སང་ཡིན་ན། དྲ་དཔོན་མ་གཏོགས་གཞན་གྱིས་དྲ་ངོས་སུ་འདྲ་པར་འཇོག་ཐུབ་ཀྱི་མི་འདུག་ལབ་མཁན་དེ་ཁྱོད་རེད། འོན་ཀྱང་། དེ་རིང་ཁྱོད་ཀྱིས་དྲ་ངོས་སུ་འདྲ་པར་བཞག་འདུག་ག། དྲ་དཔོན་གྱི་རྩ་ནས་གནང་བ་འཐོབ་པ་རེད་དམ།
གཞས་པ་ཚོའི་ངོ་གདོང་སྐྱུར་མོ་ཡིན་པ་དེ་བདེན་པ་རེད་འདུག འོ་ན། གཞས་བ་ཚོས་གཞས་ག་འདྲ་ཞིག་གཏོང་གི་འདུག སྐྱོ་གླུ་འདྲ་ལེན་གྱི་འདུག་གམ།
འདྲ་པར་ཇི་ལྟར་འཇོག་སྟངས་དེ་དྲ་དཔོན་ཐུགས་རྗེ་ཅན་ཕ་མ་འདྲ་བོ་དེས་བསླབས་གནང་བྱུང་ལ། སྤྱིར་ན་མ་ཤེས་པ་མ་གཏོགས་འདྲ་པར་འཇོག་སྟངས་གིས་དང་པོ་ཉིད་ནས་ཁ་ཚུར་འཁོར་ནས་བལྟས་བསྡད་འདུག གཞས་པ་གཞས་མའི་གཞས་སྐྱུར་མོ་དེ་ཚོ་ད་ལྟ་དྲ་ངོས་སུ་མི་འདུག ལོ་གསར་རྗེས་ནས་འོད་སྡེར་སྤྱི་ཚོགས་སྟེང་འགྲེམ་རྒྱུ་རེད་བསམས་བྱུང་།
ནོར་བཅོས། གིས། ཀྱིས།
ད་སྒུག་རྒྱུ་མ་གཏོགས་གཞན་ཐབས་ཤེས་མེད་པ་འདྲ། རྗེས་མ་གླུ་བ་གླུ་མ་དེ་ཚོའི་གཞས་ཀྱི་སྐོར་ལ་ཡིན་ད། བོད་རང་བཙ་ནགྱི་སྐོར་ལ་མིན། ཧ་ཧ་ ཨ་ལ་ཀུ་རེ་ཡིན།
རྗེས་སུ་མཇལ་ཡོང་།
ནོར་བཅོས། རང་བཙན།
བོད་ནང་གི་རིགས་མཐུན་སྤུན་ཟླ་དེ་ཚོའི་སྙིང་སྟོབས་ནི་གནམ་འོག་གི་ཨང་དང་བོ་རེད།
བོད་ཀྱི་གླུ་བ་གླུ་མ་འདི་དག་གིས་དངོས་ནས་བོད་ནང་གི་མི་དམངས་ལ་དྲན་སྐུལ་མང་བོ་བཏང་སོང་ལ། བོད་པ་ཚང་གི་མེས་པོ་དག་ལ་རྗེས་དྲན་ཡང་འདི་དག་གིས་བྱེད་དུ་བཅུགས་སོང་། འདི་དག་གི་སྐད་ངག་རྒྱལ་གྱུར་ཅིག བོད་པ་ཚང་གི་ལ་རྒྱ་ཅན་གྱི་གླུ་བ་གླུ་མ་དག་རྒྱལ་གྱུར་ཅིག གངས་ཅན་པ་ལེན་མཁན་གྱི་གླུ་བ་སྒྲོལ་མ་སྐྱབས་ཀྱི་སྐད་ངག་རྒྱལ་གྱུར་ཅིག བོད་མི་རྒྱལ་གྱུར་ཅིག