བོད། ལྷ་ཀླུ་གཉན་གསུམ་ནས།
འདི་དང་འགྲོགས་ན་ལས་ཀྱི་དེད་པ་ལྟར།།
གན་དང་ཐུག་ན་བར་ཆད་འཕྲད་པ་ལྟར།།
དེ་ཉིད་མཐོང་དུས་སེམས་ཀྱི་བླ་ཤོར་འདྲ།།
གཤིན་པོའི་རྣམ་ཤེས་བསྡུ་མཁན་དོན་དངོས་སུ།།
འདྲིས་ཤིང་གཤིབ་ན་སྙིང་ཡང་འཁྱེར་འགྲོ་བ།།
བྲལ་བའི་ཚེ་ན་ཚོར་བ་སྟོང་འགྲོ་བ།།
རེག་པའི་སྐབས་སུ་སེམས་རྩ་བཟི་འཇུག་པ།།
ལུས་ཀྱི་ཕྱི་ནང་འཁུར་བའི་གཟུགས་དེ་སུ།།
རྗེས་ན་ཡོད་དུ་ལྟ་བའི་འདུ་ཤེས་ཤིག།
སྔོན་ན་བསུ་མཁན་ཡོད་པའི་སྣང་བ་ཞིག།
བར་ནས་འཕྲོག་པར་འདོད་པའི་དོགས་གནས་ཅན།།
སྣང་བའི་སྨུག་སྤྲིན་འདྲེན་པའི་བང་ཆེན་སུ།།
དུས་ཀྱི་ལང་ཚོ་རྫོགས་པའི་གསར་བརྗེ་བ།།
ནད་ཀྱི་མལ་སར་ལྷུང་བའི་རྙིང་ཞེན་པ།།
མ་འོངས་ཟུང་འབྲེལ་བྱེད་མཁས་བར་དོ་བ།།
སྔ་གཞུག་བར་གསུམ་སྒྱུར་མཁན་བདག་མེད་སུ།།
མཚོ་དམར་པོའི་འགྲམ་དུ་འཁྱམ་ཉུལ་ལ་བསྡོད་པའི་བོད་ཀྱི་བུ་ཞིག་ནས། ཆང་འཐུང་གི་དུར་འབོད་ལ་ཉན། ཉན་སྟངས་དེ་ཡང་ཁྱད་མཚར་ཞིག ཉན་ནས་ཐོས་པ་དེ་ཡང་མི་གཞན་གྱིས་གོ་མིན་སུས་ཤེས། གང་ལྟར། བྲིས་ནི་བྲིས་ཟིན། ད་ནི་སྤུན་ཟླ་ཚོའི་མིག་ངོར་འགྲེམ་ཡ་་ ༢།༩།༡༠
སྙན་ངག་གི་ཚིག་སྦྱོར་ཧྲ་ཀི་ནང་དོན་དུ་མོ་དུ་ཞིག་རེད
ནང་དོན་ཡང་ཡག་གིན་ཡ་འ་རོ
ལྕེ་དང་འཕྲད་ཚེ་ལྕེ་རྩ་སྦུད་དུ་འགྲོ །མུད་པར་ཞུགས་ཚེ་མུད་པ་འགག་ལ་ཁེད། །ལྟོ་བར་ལྷུང་ཚེ་དྲན་པ་ཡལ་བཅུག་བ། །ཆང་གི་བསླུས་བར་མ་བྱས་ཆང་འཐུང་སུ།