ད་ལྟ་འབབ་བཞིན་པའི་ཁ་བ་དང་ད་ལྟ་རྒྱག་བཞིན་པའི་འདྲ་པར། Posted on 2008-12-202008-12-20 By ཡེ་ཤེས་ 19 Comments on ད་ལྟ་འབབ་བཞིན་པའི་ཁ་བ་དང་ད་ལྟ་རྒྱག་བཞིན་པའི་འདྲ་པར། འདྲ་པར་དག་གི་སྟེང་དུ་རྡེག་གནོན་བྱས་ཚེ་གསལ་དུ་མཐོང་ཐུབ། </a གསར་འགྱུར།
ཨ་ལགས། དེ་རིང་ཁོམ་ནས་བསྡད་ཡོད་ནི་མིན་ན། པར་འདྲ་བོ་བརྒྱབ་ནས་བསྡད་ཡོད་ས་རེད། འདི་ཕྱོགས་སུ་ཡང་ཁ་བ་འབབ་ཀྱི་འདུག ཁྱེད་ཀྱི་ཕྱོགས་སུ་ཡང་ཁ་བ་འབབ་ཀྱི་ཡོད་པ་འདྲ། འོན་ཀྱང་། ཕ་ཡུལ་གྱི་ཁ་བ་དང་འདྲ་གི་མི་འདུག་ ཕ་ཡུལ་རེད་སྙམ་པའི་ཚོར་བ་དེ་སླེབས་ཐུབ་ཀྱི་མི་འདུག ཕ་ཡུལ་གྱི་ཁ་བའི་གཟི་བརྗིད་དེ་མི་འདུག ས་མཐའ་མི་སྐྱིད་། མཛོ་འཕོངས་མི་བདེ་ཟེར་བ་ཅིས་མ་བདེན།
རྒྱུ་མཚན་གསལ་བོ་ཞིག་མི་ཤེས་ཀྱང་ཁ་བ་འབབ་བཞིན་པའི་དུས་འདིར་ཁ་བའི་ཁྲོད་དུ་གོམ་པ་བརྒྱབ་ནས་སོང་ན་ངོ་མ་སེམས་པ་སྐྱིད་པོ་ཞིག་རེད། ཡ་ད་ང་ཡང་སྐྱར་གོམ་པ་རྒྱག་ཞོར་འདྲ་པར་འགའ་ལེན་དུ་འགྲོ་གི་ཡིན།
ཨ་ལགས་ཐུགས་རྗེ་ཅན། གོང་གི་འདྲ་དཔར་དེ་དག་གིས་ལྡོམ་པོ་མང་པོ་ཞིག་ལ་ཕ་ཡུལ་དྲན་གིན་བཅུག་སོང་། ད་རུང་དེའི་རིགས་མང་ཙམ་དགོད་རོགས། ཨོ་་་་་དེ་རིང་དགའ་ལྡན་ལྔ་མཆོད་རེད་ཟེར། གངས་ལ་གཡེང་ནས་མཆོད་མེ་འཇོག་ཡ་བརྗེད་ཡོང་།
དྲ་གྲོགས་དཀོན་མཆོག་ལགས་སུ། ད་ལྟ་རང་པར་བརྒྱབ་འགའ་ཡོད་ཀྱང་ངའི་པར་ཆས་ཀྱིས་ད་ལྟ་གློག་གསོག་བཞིན་པའི་སྒང་རེད། སང་ཉིན་དེ་ལས་མཛེས་པའི་པར་འགའ་རྒྱག་ཨེ་ཐུབ་བལྟ་ཡ། དེ་ནས་དེ་དག་ལྷན་དུ་གཟིགས་འབུལ་ཞུ་ཆོག་པ། ད་འབབ་ཀིན་འདུག་ཡ། དགོང་དྲོ་བདེ་ལེགས།
ཁ་བ་མུ་མཐུད་དུ་འབབ་ཀྱང་རང་ཡུལ་གྱི་ཁ་བ་རེད་མི་འདུག་ན་འདི་ལ་ཞེན་ཆགས་ཤིག་སྐྱེ་ནི་མ་དགོས་འདིས་སུན་སྣང་དང་སྡུག་ཡས་སྐྱོ་གདུང་སོགས་འཁུར་ནས་འོང་། བོད་ནང་དུ་ཁ་བ་འབབ་ནས་ཡུན་རིང་འགོར་སོང་ལ། ཁ་བ་བབས་པས་ཆག་འཇིགས་ཁྲོད་དུ་སྲོག་ཆགས་མང་བོ་ཞིག་གི་ཚེ་སྲོག་ཡང་ཤོར་རབས་ཐོས་སོང་། ཁ་བ་ཡ་ཁ་བ་དཀར་གཙང་གི་ཁ་དོག་ལ་བལྟས་ན་ཁྱེད་རང་ལ་དེ་འདྲའི་སྡུག་གཙུབ་ཞིག་ཡོད་པ་ཤེས་མི་ཐུབ་ཀྱང་། གྲང་ངར་དང་ལྷག་རླུང་གིས་ཁྲོད་ནས་ཚེ་སྲོག་ལ་འཇིགས་པ་ཐེངས་མང་ཐེབས་བཞིན་པས་སྲོག་ཆགས་དེ་ཚོ་ཡ་རེ་ང་། ཨོ་རེད་དེ་རིང་དགའ་ལྡན་ལྔ་མཆོད་ཡིན་ན་དུས་ཆེན་ཁྱད་པར་ཅན་ཞིག་རེད། ད་ནི་དགེ་བ་རེ་གསོག་དགོས། བརྒྱ་འགྱུར་་སྟོང་འགྱུར་གྱི་ཉིན་མོ་རེད་
ངེད་ཚོའི་འདིར་ཡང་ཁང་བྱ་རོ་འདྲ་འདྲ་བྱེའུ་རོ་འདྲ་འདྲ་འབབ་ཀྱི་འདུག ནམ་རྒྱུན་ཁང་བབས་ན་སུན་སྣང་སྐྱེ་ཡང་དེ་རིང་ཁང་འབབ་པར་ང་དགའ་བསྡད་ཡོད། ངའི་ཁང་པའི་མཐའ་སྐོར་དང་མའོ་ཊ་འཇོག་སའི་གངས་གཙང་མ་བཟོ་བྱེད་འཕྲུལ་འཁོར་གསར་པ་སྒོར་མོ་གཅིག་སྟོང་སུམ་བརྒྱ་ཅན་ཞིག་གསར་དུ་ཉོས་ཡོད་པས་དེ་བེད་སྤྱོད་གཏོང་བར་སྒུག་ཐུབ་ཀྱི་མི་འདུག ལོ་སྔོན་མ་ཚོར་སྐྱེས་སྨན་དང་ངེད་གཉིས་ཀྱིས་ལུས་རྩལ་སྦྱོང་བརྡར་ཡིན་ན་ཅིག་བྱེད་གི་ཡིན་ཟེར་ནས་གངས་འདེད་གཞོང་ཆེན་པོ་གཉིས་ཉོས་པ་ཡིན། ན་ནིང་གངས་རྒན་ཆེན་པོ་འཕྲོ་རིམ་འཕྲོ་རིམ་བབས་ཏེ་རྐང་པའི་ཉྭ་རྩ་ཆད་ལ་ཁད་ཅིག་བྱས། ཉིན་གཅིག་ངས་ཆུ་ཚོད་བཞི་ལ་གངས་དེད་པ་ཡིན། ད་ལོ་གངས་འདེད་ཊག་འཁོར་ཞིག་ལ་འབྲེལ་བ་བྱས་ན་བསམ་ཡང་ཉུང་མཐའ་ཡང་དགུན་ཐོག་གཅིག་ལ་སྒོར་༤༥༠་ནས་༦༠༠་བར་དགོས་ཀྱི་འདུག དེ་ཚོ་དུས་ཚོད་ལྟར་ཡོང་མ་ཐུབ་ན་ཁང་པ་གླ་མཁན་ཚོ་ནངས་དུས་མའོ་ཊ་ཕྱིར་ཐོན་མ་ཐུབ་པར་འགགས་ཏེ་ལས་ཀར་རྗེས་ལུས་ཐེབས་ཀྱི་འདུག་པ་དང་རང་གི་ལུས་སྦྱོངས་ལ་ཡང་དམིགས་ནས་འཕྲུལ་འཁོར་ཉོས་པ་ཡིན། ད་དེ་བེད་སྤྱོད་གཏོང་སྟངས་ལ་སེམས་ཁྲལ་ཅུང་ཟད་ཙམ་འདུག ད་དེ་རིང་ཕྱི་དྲོ་ད་ངའི་སྐྱིད་དེ་གང་ང་ཅིག་འཇོག་རྒྱུ།
མགོན་པོ་ཕྱག་གཉིས་པ་ཤུ་རེ་བྱོས། ད་ནི་འཕྲུལ་ཆས་དེ་འདྲ་ཞིག་ཡོད་པ་དང་རང་ལ་ནུས་ཤུགས་འདོན་རྒྱུར་བྲེལ་བ་ཆེ་དང་གཉིས། རེད་དེ་ངེད་ཅག་གི་འདུག་ས་མི་གཅིག་སྟབས། ངེད་ཅག་གི་སྐྱབས་བཅོལ་བྱེད་ས་འདི་ན་གྲང་ངར་ཅུང་ཆེ་ན་ཡང་ཁ་བ་འབབ་ཀྱི་མི་འདུག་ལ། འགྲོ་སོང་དེ་འདྲ་ཞིག་གཏོང་དགོས་ན་དངོས་ནས་དཀའ་ལས་ཁག་པོ་རེད། ལས་མེད་ཀྱི་ང་འདྲ་ཞིག་ལ་མཚོན་ན། ཨོ་ད་དེས་ཅི་བྱེད་ཤུ་རེ་བྱོས་དེ་ཁངས་དེ་ཚོ་འཐེད་ཡ་་་ ལྟོས་བརྡ་ཡོད་
ཁང་ཐོག་གི་སེང་དར་འདིས་བོད་པ་ཞིག་གཞན་ཡུལ་ན་རང་དབང་གིས་འཚོ་ཡོད་པ་ཤེས་ཀྱི་འདུག རང་དབང་ཟེར་བ་འདི་ནི་དངོས་ནས་གལ་ཆེན་ཡིན་ན་ཡང་། ངེད་ཅག་ལ་རང་ཡུལ་ནས་རང་དབང་བེད་སྤྱོད་བྱེད་དབང་མེད་པར་མི་ཡུལ་ནས་གཞན་བརྟེན་གྱི་རང་དབང་ཞིག་ལོངས་སུ་སྤྱོད་སྐབས། དངོས་ནས་སྐྱིད་སྡུག་འདྲེས་མ་ཞིག་མི་འདུག་གམ། སྤྱིར་བཏང་གང་ནས་བསྡད་ཀྱང་སྐྱིད་སྡུག་འདྲེས་མ་ཡིན་མོད། རང་ཡུལ་གྱི་སྐྱིད་སྡུག་འདྲེས་མ་དང་གཞན་ཡུལ་གྱི་སྐྱིད་སྡུག་འདྲེས་མ་ནི་མི་གཅིག དེ་འདྲ་ཞིག་ཨེ་རེད་སྤྲུལ་སྐུ་ལགས།
ཁ་བ་དཀར་པོ་དགུང་སྔོན་དབྱིངས་ནས་འབབ། ། མི་རྣམས་གངས་ཀྱི་འདབ་མར་རྡོག་རྫིས་བྱེད། ། སྙན་ཚིག་འབྲི་བཞིན་རྒུན་ཆང་དམར་པོས་མྱོས། ། གནའ་བོའི་སྙན་ངག་པ་ཚོ་དེ་རིང་དྲན། །
ཁ་བ་དཀར་པོ་སྨུག་སྤྲིན་གསེབ་ནས་འབབ། ། རྒྱལ་ཁབ་ཡོད་པའི་མི་ཡི་ལུས་སྟེང་འབབ། ། ཡུལ་གྱར་མི་ཡི་སེམས་པའི་གཏིང་དུ་འབབ། ། འབབ་ལུགས་མི་འདྲའི་ཁ་བ་དེ་རིང་འབབ། ། ལྷ་ཀླུ་གཉན་ལ་ཕུལ།
ཁ་བ་རྒྱང་ནས་འབབ་ཀྱང་སེམས་སུ་བོབས།། ཁ་བ་འཁྲིས་སུ་འབབ་ཀྱང་གཞན་གྱིས་སྤྱད།། ཁ་བ་ཅན་གྱི་ཡུལ་གྱར་འཁྱམ་པོ་ཚོ།། ཁ་བརྡའི་དྲ་ཚིགས་ནང་དུ་ལྷན་འདུས་དེ།། ཁ་བ་གངས་ཅན་ཚང་གི་ལས་དབང་གླེང་།། ཁ་བ་ལྟ་བའི་སེམས་གཤིས་ཡོད་མིན་གྱི།། ཁ་སེམས་མཐུན་མིན་དམ་ཚིགས་གཙང་མིན་དང་།། ཁ་ཞེ་གཉིས་མེད་ཡིན་ན་བདེན་ནི་རེད།། ཁ་ཐག་རིང་ས་ཞིག་གི་སྤྲུལ་སྐུ་ལགས།། ཁ་བརྡའི་འཕྲོད་ནས་འཇལ་བ་ཐེངས་མང་ཡིན།། ཁ་སང་འཁོན་ཀྱང་དེ་རིང་གྲོགས་ཡིན་པས།། ཁ་བ་ཅན་གྱི་ཡུལ་ལ་སྐྱབས་འཇུག་གནོང་།། ཆེད་དུ་ཀླུ་སྨྱོན་སྤྲུལ་སྐུའི་ལགས་ལ་སྐྱབས་འཇུག་ཙམ་ཞུ་བ་བོ། བོད། ལྷ་ཀླུ་གཉན་གསུམ་ནས།
ད་གངས་གཙང་མ་བཟོས་ཚར་སོང་། འཕྲུལ་འཁོར་གསར་པ་དེ་བེད་སྤྱོད་གཏོང་བར་བྱང་ཆ་མེད་པར་བརྟེན་ལྐུགས་རྟགས་ཅུང་ཟད་རེ་བསྟན་སོང་། འཕྲུལ་འཁོར་གྱིས་མདུན་ལ་འཐེན། ངས་རྒྱབ་ལ་འཐེན། ཕར་འཐེན་ཚུར་འཐེན། འགྲིགས་ལ་མ་འགྲིགས་པ་བྱས་ཆུ་ཚོད་གཅིག་དང་ཕྱེད་ཀ་འགོར་སོང་། ད་རྗེས་མ་ལས་སླ་རུ་དང་མགྱོགས་སུ་འགྲོ་ས་རེད། གཙང་མ་བཟོས་ཚར་དུས་ངའི་མགོ་ལུས་ཚང་མ་གངས་ཀྱིས་གཡོགས་ནས་ངེད་ཚོའི་བྱང་སྣེ་གླིང་གི་དོམ་དཀར་འདྲ་པོ་ཞིག་ཆགས་འདུག
ཁ་བ་ཅན་གྱི་འཁྱམ་པོ་ལྡོམ་པོ་རྣམས།། ཁ་རེ་ཁེར་རེར་འཛམ་གླིང་གང་སར་ཁྱབ།། ཁ་བརྡ་དྲ་ཁང་ནང་དུ་བོད་དོན་གླེང་།། ཁ་རྩོད་ཚིག་རྩོད་བྱས་ནས་ཉིན་མཚན་འདས།། ཁ་བ་འབབ་དུས་འབབ་དུས་ཁ་མཐུན་ཆགས།། ཁ་བ་བབས་སོ་ཟེར་ནས་དགའ་འབོད་སྒྲོགས།། ཁ་བ་ལྷབ་ལྷུབ་དགུང་ནས་མར་མར་བབས།། སྙན་ངག་ཐར་ཐོར་སེམས་ནས་ཡར་ཡར་འཐོར།། ཁ་བ་དཀར་པོ་སྙན་ངག་བཞིན་དུ་འཐོར།། སྙན་ངག་ཐ་ཐོར་ཁ་བ་བཞིན་དུ་བབས།། ཁ་བ་སྙན་ངག་གཉིས་ཀ་གཅིག་ཏུ་གྲུབ།། ཡིད་སེམས་ཡན་པོ་གཅིག་ཏུ་བསྡུ་ཐབས་བྲལ།། བདུད་རྩི་ཁམ་གང་འཐུང་ནས་ཡིད་སྨྱོས་ཏེ།། ཕྱི་རུ་ཁ་བའི་ནང་དུ་གཅེར་བུར་རྒྱུགས།། ཆུང་ཆུང་དུས་སུ་མེ་ཏོག་སྐྱེད་ཚལ་དུ།། གཅེར་བུར་རྒྱུགས་པའི་དུས་དེ་ཡིད་ལ་འཁོར།།
བོད་མི་ཁ་བ་བཞིན་དུ་གང་སར་འཐོར། ། ཁ་བ་བོད་མི་བཞིན་དུ་གང་སར་འབབ། ། བོད་མི་ཡོད་སར་ཁ་བ་ཡོད་པ་བཞིན། ། ཁ་བ་འབབ་སར་བོད་མི་ལྡོམ་པོ་མང་། །
ད་སོ་མ་འདི་གར་མཚོ་ལྗང་ཁུ་ཟེར་བའི་མཚོ་ཆུང་ཞིག་ཡོད་སར་འདྲ་པར་རྒྱག་ཏུ་ཕྱིན་པ་ཡིན་ལ་ལག་ཡོང་ཡང་མི་བཟང་རྒྱུ་མེད་ཀི སང་ཉིན་དྲ་གྲོགས་ཚོར་གཟིགས་འབུལ་ཞུ། ཨ་ཨ་ཨ། ད་ཡིན་ན་ཁ་བ་འདི་ངོ་མ་སྨྱོ་འབབ་བྱེད་ཤུགས་བུད་ཐལ། འགྲོ་བ་སེམས་ཅན་འདིས་ཅིག་འདག་རྒྱུ་ཡིན་ནི་མིན་ནམ། དང་པོར་ཁ་བའི་ནང་དུ་རྩེད་མོ་བརྩེས། ། བར་དུ་ཁ་བའི་མཉམ་དུ་ཁོང་འདར་ཤོར། ། ཐ་མར་ཁ་བའི་ཁྲོད་དུ་འཆི་ལ་ཁད། ། ཁ་བ་འདི་ཡང་འགྱུར་བའི་སྡུག་བསྔལ་རེད། །
ཁ་བས་ཁ་སེམས་ཁ་སང་དཀྲུགས་པ་ཡིས། ། དེ་རིང་ད་དུང་དུབ་པའི་དུང་བ་སྐྱེས། ། ང་ཡི་ངོ་མའི་ང་རྒྱལ་ངོམ་རུང་འདིས། ། རྒྱ་ཡི་རྒྱལ་སའི་རྒྱལ་དར་བསྒྱེལ་ཡང་ཐུབ། །
ཨ་ལགས། དེ་རིང་ཁོམ་ནས་བསྡད་ཡོད་ནི་མིན་ན། པར་འདྲ་བོ་བརྒྱབ་ནས་བསྡད་ཡོད་ས་རེད། འདི་ཕྱོགས་སུ་ཡང་ཁ་བ་འབབ་ཀྱི་འདུག ཁྱེད་ཀྱི་ཕྱོགས་སུ་ཡང་ཁ་བ་འབབ་ཀྱི་ཡོད་པ་འདྲ། འོན་ཀྱང་། ཕ་ཡུལ་གྱི་ཁ་བ་དང་འདྲ་གི་མི་འདུག་
ཕ་ཡུལ་རེད་སྙམ་པའི་ཚོར་བ་དེ་སླེབས་ཐུབ་ཀྱི་མི་འདུག ཕ་ཡུལ་གྱི་ཁ་བའི་གཟི་བརྗིད་དེ་མི་འདུག ས་མཐའ་མི་སྐྱིད་། མཛོ་འཕོངས་མི་བདེ་ཟེར་བ་ཅིས་མ་བདེན།
རྒྱུ་མཚན་གསལ་བོ་ཞིག་མི་ཤེས་ཀྱང་ཁ་བ་འབབ་བཞིན་པའི་དུས་འདིར་ཁ་བའི་ཁྲོད་དུ་གོམ་པ་བརྒྱབ་ནས་སོང་ན་ངོ་མ་སེམས་པ་སྐྱིད་པོ་ཞིག་རེད། ཡ་ད་ང་ཡང་སྐྱར་གོམ་པ་རྒྱག་ཞོར་འདྲ་པར་འགའ་ལེན་དུ་འགྲོ་གི་ཡིན།
ཨ་ལགས་ཐུགས་རྗེ་ཅན། གོང་གི་འདྲ་དཔར་དེ་དག་གིས་ལྡོམ་པོ་མང་པོ་ཞིག་ལ་ཕ་ཡུལ་དྲན་གིན་བཅུག་སོང་། ད་རུང་དེའི་རིགས་མང་ཙམ་དགོད་རོགས། ཨོ་་་་་དེ་རིང་དགའ་ལྡན་ལྔ་མཆོད་རེད་ཟེར། གངས་ལ་གཡེང་ནས་མཆོད་མེ་འཇོག་ཡ་བརྗེད་ཡོང་།
དྲ་གྲོགས་དཀོན་མཆོག་ལགས་སུ། ད་ལྟ་རང་པར་བརྒྱབ་འགའ་ཡོད་ཀྱང་ངའི་པར་ཆས་ཀྱིས་ད་ལྟ་གློག་གསོག་བཞིན་པའི་སྒང་རེད། སང་ཉིན་དེ་ལས་མཛེས་པའི་པར་འགའ་རྒྱག་ཨེ་ཐུབ་བལྟ་ཡ། དེ་ནས་དེ་དག་ལྷན་དུ་གཟིགས་འབུལ་ཞུ་ཆོག་པ། ད་འབབ་ཀིན་འདུག་ཡ། དགོང་དྲོ་བདེ་ལེགས།
ཁ་བ་མུ་མཐུད་དུ་འབབ་ཀྱང་རང་ཡུལ་གྱི་ཁ་བ་རེད་མི་འདུག་ན་འདི་ལ་ཞེན་ཆགས་ཤིག་སྐྱེ་ནི་མ་དགོས་འདིས་སུན་སྣང་དང་སྡུག་ཡས་སྐྱོ་གདུང་སོགས་འཁུར་ནས་འོང་། བོད་ནང་དུ་ཁ་བ་འབབ་ནས་ཡུན་རིང་འགོར་སོང་ལ། ཁ་བ་བབས་པས་ཆག་འཇིགས་ཁྲོད་དུ་སྲོག་ཆགས་མང་བོ་ཞིག་གི་ཚེ་སྲོག་ཡང་ཤོར་རབས་ཐོས་སོང་། ཁ་བ་ཡ་ཁ་བ་དཀར་གཙང་གི་ཁ་དོག་ལ་བལྟས་ན་ཁྱེད་རང་ལ་དེ་འདྲའི་སྡུག་གཙུབ་ཞིག་ཡོད་པ་ཤེས་མི་ཐུབ་ཀྱང་། གྲང་ངར་དང་ལྷག་རླུང་གིས་ཁྲོད་ནས་ཚེ་སྲོག་ལ་འཇིགས་པ་ཐེངས་མང་ཐེབས་བཞིན་པས་སྲོག་ཆགས་དེ་ཚོ་ཡ་རེ་ང་། ཨོ་རེད་དེ་རིང་དགའ་ལྡན་ལྔ་མཆོད་ཡིན་ན་དུས་ཆེན་ཁྱད་པར་ཅན་ཞིག་རེད། ད་ནི་དགེ་བ་རེ་གསོག་དགོས། བརྒྱ་འགྱུར་་སྟོང་འགྱུར་གྱི་ཉིན་མོ་རེད་
ཨ་ཨ་ཨ། མདང་དགོང་ཁང་རྒན་ཞིག་བརྩིགས་འདུག ཡ་ད་ཡང་འདྲ་པར་འགའ་ལེན་དུ་འགྲོ་ཡ།
ངེད་ཚོའི་འདིར་ཡང་ཁང་བྱ་རོ་འདྲ་འདྲ་བྱེའུ་རོ་འདྲ་འདྲ་འབབ་ཀྱི་འདུག ནམ་རྒྱུན་ཁང་བབས་ན་སུན་སྣང་སྐྱེ་ཡང་དེ་རིང་ཁང་འབབ་པར་ང་དགའ་བསྡད་ཡོད། ངའི་ཁང་པའི་མཐའ་སྐོར་དང་མའོ་ཊ་འཇོག་སའི་གངས་གཙང་མ་བཟོ་བྱེད་འཕྲུལ་འཁོར་གསར་པ་སྒོར་མོ་གཅིག་སྟོང་སུམ་བརྒྱ་ཅན་ཞིག་གསར་དུ་ཉོས་ཡོད་པས་དེ་བེད་སྤྱོད་གཏོང་བར་སྒུག་ཐུབ་ཀྱི་མི་འདུག
ལོ་སྔོན་མ་ཚོར་སྐྱེས་སྨན་དང་ངེད་གཉིས་ཀྱིས་ལུས་རྩལ་སྦྱོང་བརྡར་ཡིན་ན་ཅིག་བྱེད་གི་ཡིན་ཟེར་ནས་གངས་འདེད་གཞོང་ཆེན་པོ་གཉིས་ཉོས་པ་ཡིན། ན་ནིང་གངས་རྒན་ཆེན་པོ་འཕྲོ་རིམ་འཕྲོ་རིམ་བབས་ཏེ་རྐང་པའི་ཉྭ་རྩ་ཆད་ལ་ཁད་ཅིག་བྱས། ཉིན་གཅིག་ངས་ཆུ་ཚོད་བཞི་ལ་གངས་དེད་པ་ཡིན།
ད་ལོ་གངས་འདེད་ཊག་འཁོར་ཞིག་ལ་འབྲེལ་བ་བྱས་ན་བསམ་ཡང་ཉུང་མཐའ་ཡང་དགུན་ཐོག་གཅིག་ལ་སྒོར་༤༥༠་ནས་༦༠༠་བར་དགོས་ཀྱི་འདུག དེ་ཚོ་དུས་ཚོད་ལྟར་ཡོང་མ་ཐུབ་ན་ཁང་པ་གླ་མཁན་ཚོ་ནངས་དུས་མའོ་ཊ་ཕྱིར་ཐོན་མ་ཐུབ་པར་འགགས་ཏེ་ལས་ཀར་རྗེས་ལུས་ཐེབས་ཀྱི་འདུག་པ་དང་རང་གི་ལུས་སྦྱོངས་ལ་ཡང་དམིགས་ནས་འཕྲུལ་འཁོར་ཉོས་པ་ཡིན། ད་དེ་བེད་སྤྱོད་གཏོང་སྟངས་ལ་སེམས་ཁྲལ་ཅུང་ཟད་ཙམ་འདུག ད་དེ་རིང་ཕྱི་དྲོ་ད་ངའི་སྐྱིད་དེ་གང་ང་ཅིག་འཇོག་རྒྱུ།
མགོན་པོ་ཕྱག་གཉིས་པ་ཤུ་རེ་བྱོས། ད་ནི་འཕྲུལ་ཆས་དེ་འདྲ་ཞིག་ཡོད་པ་དང་རང་ལ་ནུས་ཤུགས་འདོན་རྒྱུར་བྲེལ་བ་ཆེ་དང་གཉིས། རེད་དེ་ངེད་ཅག་གི་འདུག་ས་མི་གཅིག་སྟབས། ངེད་ཅག་གི་སྐྱབས་བཅོལ་བྱེད་ས་འདི་ན་གྲང་ངར་ཅུང་ཆེ་ན་ཡང་ཁ་བ་འབབ་ཀྱི་མི་འདུག་ལ། འགྲོ་སོང་དེ་འདྲ་ཞིག་གཏོང་དགོས་ན་དངོས་ནས་དཀའ་ལས་ཁག་པོ་རེད། ལས་མེད་ཀྱི་ང་འདྲ་ཞིག་ལ་མཚོན་ན། ཨོ་ད་དེས་ཅི་བྱེད་ཤུ་རེ་བྱོས་དེ་ཁངས་དེ་ཚོ་འཐེད་ཡ་་་ ལྟོས་བརྡ་ཡོད་
ཁང་ཐོག་གི་སེང་དར་འདིས་བོད་པ་ཞིག་གཞན་ཡུལ་ན་རང་དབང་གིས་འཚོ་ཡོད་པ་ཤེས་ཀྱི་འདུག རང་དབང་ཟེར་བ་འདི་ནི་དངོས་ནས་གལ་ཆེན་ཡིན་ན་ཡང་། ངེད་ཅག་ལ་རང་ཡུལ་ནས་རང་དབང་བེད་སྤྱོད་བྱེད་དབང་མེད་པར་མི་ཡུལ་ནས་གཞན་བརྟེན་གྱི་རང་དབང་ཞིག་ལོངས་སུ་སྤྱོད་སྐབས། དངོས་ནས་སྐྱིད་སྡུག་འདྲེས་མ་ཞིག་མི་འདུག་གམ། སྤྱིར་བཏང་གང་ནས་བསྡད་ཀྱང་སྐྱིད་སྡུག་འདྲེས་མ་ཡིན་མོད། རང་ཡུལ་གྱི་སྐྱིད་སྡུག་འདྲེས་མ་དང་གཞན་ཡུལ་གྱི་སྐྱིད་སྡུག་འདྲེས་མ་ནི་མི་གཅིག དེ་འདྲ་ཞིག་ཨེ་རེད་སྤྲུལ་སྐུ་ལགས།
ཁ་བ་དཀར་པོ་དགུང་སྔོན་དབྱིངས་ནས་འབབ། །
མི་རྣམས་གངས་ཀྱི་འདབ་མར་རྡོག་རྫིས་བྱེད། །
སྙན་ཚིག་འབྲི་བཞིན་རྒུན་ཆང་དམར་པོས་མྱོས། །
གནའ་བོའི་སྙན་ངག་པ་ཚོ་དེ་རིང་དྲན། །
ཁ་བ་དཀར་པོ་སྨུག་སྤྲིན་གསེབ་ནས་འབབ། །
རྒྱལ་ཁབ་ཡོད་པའི་མི་ཡི་ལུས་སྟེང་འབབ། །
ཡུལ་གྱར་མི་ཡི་སེམས་པའི་གཏིང་དུ་འབབ། །
འབབ་ལུགས་མི་འདྲའི་ཁ་བ་དེ་རིང་འབབ། །
ལྷ་ཀླུ་གཉན་ལ་ཕུལ།
ཁ་བ་རྒྱང་ནས་འབབ་ཀྱང་སེམས་སུ་བོབས།།
ཁ་བ་འཁྲིས་སུ་འབབ་ཀྱང་གཞན་གྱིས་སྤྱད།།
ཁ་བ་ཅན་གྱི་ཡུལ་གྱར་འཁྱམ་པོ་ཚོ།།
ཁ་བརྡའི་དྲ་ཚིགས་ནང་དུ་ལྷན་འདུས་དེ།།
ཁ་བ་གངས་ཅན་ཚང་གི་ལས་དབང་གླེང་།།
ཁ་བ་ལྟ་བའི་སེམས་གཤིས་ཡོད་མིན་གྱི།།
ཁ་སེམས་མཐུན་མིན་དམ་ཚིགས་གཙང་མིན་དང་།།
ཁ་ཞེ་གཉིས་མེད་ཡིན་ན་བདེན་ནི་རེད།།
ཁ་ཐག་རིང་ས་ཞིག་གི་སྤྲུལ་སྐུ་ལགས།།
ཁ་བརྡའི་འཕྲོད་ནས་འཇལ་བ་ཐེངས་མང་ཡིན།།
ཁ་སང་འཁོན་ཀྱང་དེ་རིང་གྲོགས་ཡིན་པས།།
ཁ་བ་ཅན་གྱི་ཡུལ་ལ་སྐྱབས་འཇུག་གནོང་།།
ཆེད་དུ་ཀླུ་སྨྱོན་སྤྲུལ་སྐུའི་ལགས་ལ་སྐྱབས་འཇུག་ཙམ་ཞུ་བ་བོ། བོད། ལྷ་ཀླུ་གཉན་གསུམ་ནས།
དགོངས་དག་ཡོད་མིན་གྱི་ནོར་འདུག ཡོད་མེད་ཀྱི་ཟེར་ནས་ཀློག་རོགས་ཞུ།
ད་གངས་གཙང་མ་བཟོས་ཚར་སོང་། འཕྲུལ་འཁོར་གསར་པ་དེ་བེད་སྤྱོད་གཏོང་བར་བྱང་ཆ་མེད་པར་བརྟེན་ལྐུགས་རྟགས་ཅུང་ཟད་རེ་བསྟན་སོང་། འཕྲུལ་འཁོར་གྱིས་མདུན་ལ་འཐེན། ངས་རྒྱབ་ལ་འཐེན། ཕར་འཐེན་ཚུར་འཐེན། འགྲིགས་ལ་མ་འགྲིགས་པ་བྱས་ཆུ་ཚོད་གཅིག་དང་ཕྱེད་ཀ་འགོར་སོང་། ད་རྗེས་མ་ལས་སླ་རུ་དང་མགྱོགས་སུ་འགྲོ་ས་རེད། གཙང་མ་བཟོས་ཚར་དུས་ངའི་མགོ་ལུས་ཚང་མ་གངས་ཀྱིས་གཡོགས་ནས་ངེད་ཚོའི་བྱང་སྣེ་གླིང་གི་དོམ་དཀར་འདྲ་པོ་ཞིག་ཆགས་འདུག
ཁ་བ་ཅན་གྱི་འཁྱམ་པོ་ལྡོམ་པོ་རྣམས།།
ཁ་རེ་ཁེར་རེར་འཛམ་གླིང་གང་སར་ཁྱབ།།
ཁ་བརྡ་དྲ་ཁང་ནང་དུ་བོད་དོན་གླེང་།།
ཁ་རྩོད་ཚིག་རྩོད་བྱས་ནས་ཉིན་མཚན་འདས།།
ཁ་བ་འབབ་དུས་འབབ་དུས་ཁ་མཐུན་ཆགས།།
ཁ་བ་བབས་སོ་ཟེར་ནས་དགའ་འབོད་སྒྲོགས།།
ཁ་བ་ལྷབ་ལྷུབ་དགུང་ནས་མར་མར་བབས།།
སྙན་ངག་ཐར་ཐོར་སེམས་ནས་ཡར་ཡར་འཐོར།།
ཁ་བ་དཀར་པོ་སྙན་ངག་བཞིན་དུ་འཐོར།།
སྙན་ངག་ཐ་ཐོར་ཁ་བ་བཞིན་དུ་བབས།།
ཁ་བ་སྙན་ངག་གཉིས་ཀ་གཅིག་ཏུ་གྲུབ།།
ཡིད་སེམས་ཡན་པོ་གཅིག་ཏུ་བསྡུ་ཐབས་བྲལ།།
བདུད་རྩི་ཁམ་གང་འཐུང་ནས་ཡིད་སྨྱོས་ཏེ།།
ཕྱི་རུ་ཁ་བའི་ནང་དུ་གཅེར་བུར་རྒྱུགས།།
ཆུང་ཆུང་དུས་སུ་མེ་ཏོག་སྐྱེད་ཚལ་དུ།།
གཅེར་བུར་རྒྱུགས་པའི་དུས་དེ་ཡིད་ལ་འཁོར།།
བོད་མི་ཁ་བ་བཞིན་དུ་གང་སར་འཐོར། །
ཁ་བ་བོད་མི་བཞིན་དུ་གང་སར་འབབ། །
བོད་མི་ཡོད་སར་ཁ་བ་ཡོད་པ་བཞིན། །
ཁ་བ་འབབ་སར་བོད་མི་ལྡོམ་པོ་མང་། །
ད་སོ་མ་འདི་གར་མཚོ་ལྗང་ཁུ་ཟེར་བའི་མཚོ་ཆུང་ཞིག་ཡོད་སར་འདྲ་པར་རྒྱག་ཏུ་ཕྱིན་པ་ཡིན་ལ་ལག་ཡོང་ཡང་མི་བཟང་རྒྱུ་མེད་ཀི སང་ཉིན་དྲ་གྲོགས་ཚོར་གཟིགས་འབུལ་ཞུ། ཨ་ཨ་ཨ། ད་ཡིན་ན་ཁ་བ་འདི་ངོ་མ་སྨྱོ་འབབ་བྱེད་ཤུགས་བུད་ཐལ། འགྲོ་བ་སེམས་ཅན་འདིས་ཅིག་འདག་རྒྱུ་ཡིན་ནི་མིན་ནམ།
དང་པོར་ཁ་བའི་ནང་དུ་རྩེད་མོ་བརྩེས། །
བར་དུ་ཁ་བའི་མཉམ་དུ་ཁོང་འདར་ཤོར། །
ཐ་མར་ཁ་བའི་ཁྲོད་དུ་འཆི་ལ་ཁད། །
ཁ་བ་འདི་ཡང་འགྱུར་བའི་སྡུག་བསྔལ་རེད། །
ཆད་པ།
བྱེད་ཤུགས་བུད་ཐལ། བྱེད་ཤུགས་ཆེ་རུ་བུད་ཐལ།
ཁ་བས་ཁ་སེམས་ཁ་སང་དཀྲུགས་པ་ཡིས། །
དེ་རིང་ད་དུང་དུབ་པའི་དུང་བ་སྐྱེས། །
ང་ཡི་ངོ་མའི་ང་རྒྱལ་ངོམ་རུང་འདིས། །
རྒྱ་ཡི་རྒྱལ་སའི་རྒྱལ་དར་བསྒྱེལ་ཡང་ཐུབ། །