ཟླ་འདིའི་ཚེས་གཉིས་ཉིན་རྒྱ་ནག་ནན་ཅིན་གྲོང་ཁྱེར་གྱི་ཉེན་རྟོག་པ་སུམ་བརྒྱ་ལྷག་གིས་གློ་བུར་གྲོང་ཁྱེར་ནང་ཁུལ་གྱི་ཆགས་སྤྱོད་ཁང་ངམ་སྨད་ཚོང་ཁང་སོ་གཉིས་ཀྱི་ནང་དུ་ཞིབ་གཤེར་བྱས་ཏེ་བཤང་ཚོང་ནམ་དང་ཁེ་ལས་གཉེར་མཁན་ད་དག་གི་སྤྱིན་བདག་སོགས་ཁྲིམས་འགལ་མི་སྣ་བརྒྱ་དང་དོན་བརྒྱད་འཛིན་བཟུང་བྱས་པ་མ་ཟད། ད་དུང་སྤྱི་བདེ་ཚན་པས་རྒྱ་ནག་ནན་ཅིན་གྲོང་ཁྱེར་ལྔ་གཅིག་ལམ་གྱི་གཙོས་གཞུང་ལམ་གཡས་གཡོན་ལ་ཡོད་པའི་ལམ་འགྲམ་སོགས་སུ་མོ་ལོ་བཅོ་བརྒྱད་ལའང་མ་བུད་པའི་བུ་མོ་ཆུང་ཆུང་ཚོས་བཤང་ཉོ་མཁན་གྱི་མགྲོན་པོ་འདྲ་མིན་བརྩེ་བ་ཆེན་པོས་སྣེ་ལེན་བྱེད་བཞིན་པ་དང་། སྨད་ཚོང་གི་ཁེ་ལས་མང་པོ་ཁྱིམ་ཚང་ཁག་དུ་གསང་སྟབས་གྱིས་གཉེར་བཞིན་པ་སོགས་ཤེས་རྟོགས་བྱུང་ཡོད་འདུག་ལ་བོད་ནང་གི་བོད་མི་ཁག་གཅིག་གིས་བཤད་ན་དེང་སང་བོད་མོ་ལོ་ཆུང་མི་ཉུང་བ་ཡང་སྨད་ཚོང་གི་ལས་ཞུགས་པའི་མ་ཚད་བོད་དང་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་ཁྱབ་ཡོད་པ་དང་ཁོ་ཚོ་མང་ཆེ་བ་སློབ་ཁོངས་མ་འཁྱོལ་དང་དང་ལས་མེད་གྲོང་ཁྱེར་ལ་རེ་བ་བྱས་ནས་ཡོང་མཁན་ཡིན་པ་རེད་འདུག།།
རྒྱ་གུང་ཁྲན་གིས་འདི་མོ་འདི་ཡིས་གི་རེད།
རྒྱུན་གཏན་སྒྲིག་ཁྲིམས་ཡང་དག་པ་ཅིག་མེད་ཙང་མི་མང་ལྷོད་གཡེང་ལ་བཞག་ཡོད་རེད།
གློ་བུར་གློ་བུར་དུ་གནམ་སྔོ་འོང་བ་ལྟ་བུའི་འབྲུག་གྲག་པ་དང་ཐོག་རྒྱག་གི་རེད།
འདི་གུང་ཁྲན་གི་བྱེད་སྟངས་རེད།
བྱིས་མོ་སྐོར་ཅིག་འཛིན་ཐུབ་བཏང་ན་ངར་མདོག་མདོག་བྱེད་གི་རེད། ཞེད་པོ་ཅིག་ཤོད་ཀི་རེད།
བྱི་ལི་བྱི་མོ་དེ་ཚོར་ཅི་ཁག གཅིག་ནས་འགྲོ་བ་མི་རེད། འདོད་པ་སྤྱོད་རྒྱུ་དེ་རང་བཞིན་ལྷན་སྐྱེས་སུ་ཡོད་ཡོད་པ་རེད། གཉིས་ནས་གཞུང་གིས་ལས་ཀ་མ་སྤྲད་ཙང་ལས་ཀ་ཅིག་མ་བཙལ་རང་བཙལ་ཆགས་པ་རེད། ལས་ཀ་གཞན་པ་མ་རག་ན་
དེ་ནས་ལམ་ཁ་འདིར་མ་འདེམས་ཀ་མེད་ཆགས་པ་རེད། གཞུང་ལ་ཁྲིམས་ཞིག་ཡོད་རྒྱུ་ན་ཡོ་རོབ་ལྟ་བུའི་ཁྲིམས་མཐུན་གི་ལས་ཀར་དངས་བླངས་ཞུགས་ཆོག་གི་རེད།
མཐའ་དེད་ན་གུང་ཁྲན་ཏང་གིས་མི་མང་གི་འདོམས་ལའང་བདག་པོ་རྒྱག་ཐུབ་གི་མེད་གི།
ཤིན་དུ་ཡ་ང་བ་རེད་འདུག བུ་མོ་ལོ་ཆུང་འདི་ཚོའི་ལས་དབང་ལ་སྙིང་རྗེ། མི་སུ་ཞིག་ཀྱང་སྡུག་བསྔལ་འདི་ལྟ་བུའི་ནང་ལྷུང་འདོད་མེད། ཡིན་ནའང་། ལས་དབང་ཟེར་བ་འདི་མཐུ་བཙན་པས། འདི་ལྟར་བྱུང་། དེ་ལྟར་བསམ་བློ་གཏོང་སྐབས། རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་བཀའ་འདྲིན་ཆེན་པོ་རེད། བོད་ཕྲུག་མི་ཁྲག་མང་པོར་བདག་པོ་བརྒྱབ་ནས་སློབ་གྲྭར་གཏོང་གི་ཡོད། གལ་ཏེ་བོད་གཞུང་འདི་མེད་པ་དང་། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བཞུགས་མེད་ཚེ། བོད་ཕྲུག་མང་པོ་སྨད་ཚོང་མའི་ཁང་པར་མི་འགྲོ་ན་ག་ལ་འགྲོ་ས་ཡོད་དམ།
བོད་པའི་ཚོང་པ་དང་། ནོར་བདག དེ་བཞིན་ཤེས་ཡོན་པ། ད་དུང་སྤྲུལ་སྐུའི་མིང་ཅན་འདི་ཚོས་བོད་ཀྱི་བུ་མོ་ལོ་ཆུང་དེ་ཚོར་བདག་པོ་རྒྱག་གི་རེད་དམ། རྒྱལ་དབང་ཡིད་བཞིན་ནོར་བུ་འདི་ལྟར་བུ་ཞིག་དང་། བོད་གཞུང་འདི་མེད་ན། གང་འདྲ་ཡོང་ས་རས།
འདིར་ཀླུ་སྨྱོན་ཟེར་མཁན་དང་། མདའ་ཚན་པ་ཟེར་མཁན། ད་དུང་གཞོན་ནུ་ཟླ་མེད་ཟེར་མཁན་དེ་ཚོས། ཆགས་པ་དང་བུད་མེད་ཀྱི་ལུས་པོ་ལོངས་སྤྱོད་བྱ་རྒྱུའི་སྐོར་འབའ་ཞིག་ལས། བུད་མེད་རྣམས་མི་ཞིག་ཡིན་པའི་འདུ་ཤེས་མིན་འདུག ཁོང་རྣམས་ལ་གོ་སྐབས་འཐོབ་ན། གཏན་གཏན་སྨད་ཚོང་མའི་བདག་པོར་འགྱུར་བར་ཐེ་འཚོམ་མིན་འདུག ཁྱེད་ཚོར་ཁོང་རྣམས་ཀྱི་མཆན་རྙིང་པ་དེ་ཚོར་གཟིགས་དང་། ར་སྤྲོད་དེ་གས་ཐུས་ཡོང་།
སྨད་འཚོང་མཁན་དང་སྨད་ཉོ་མཁན་གཉིས་གར་ནག་ཉེས་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་རེད། སྨད་འཚོང་མཁན་ཚོས་མི་ཚེ་སྐྱེལ་དགོས་ཀྱི་རེད་ལ། ཉོ་མཁན་ཚོས་ཀྱང་མི་ཚེ་སྐྱེལ་དགོས་པ་རེད། ནང་པའི་ཆོས་ཀྱི་ནང་དུ་སྨད་འཚོང་མར་དམིགས་བསལ་མཐོང་ཆུང་བྱེད་པ་དེ་འདྲ་ཕལ་ཆེར་མི་འདུག རྒྱ་གར་དུ་སྔོན་ཆད་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་བ་དེ་འདྲ་ཡང་སྨད་འཚོང་མའི་ཚུལ་དུ་ཡོད་ཚུལ་འདུག་ཅིང་། རྒྱལ་པོ་མི་ལན་དའི་དྲིས་ལན་ཡིན་ནམ་ཞིག་ཏུ་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་སུ་སྨད་འཚོང་མ་ཞིག་གིས་བདེན་ཚིག་བརྗོད་དེ་ཆུ་བོ་གངྒྰ་གྱེན་དུ་བཟློགས་པའི་ལོ་རྒྱུས་ཀྱང་འདུག ད་དུང་གསང་སྔགས་ཀྱི་ལྷ་འགའ་ཞིག་སྒྲུབ་དུས་དཀྱིལ་འཁོར་བྲི་སའི་རས་ལ་སྨད་འཚོང་བའི་འདོམ་དཀྲིས་ཟླ་མཚན་གྱིས་གོས་པ་དགོས་ཞེས་གསུངས་ཡོད་པ་ང་རང་གིས་མཐོང་མྱོང་། ངས་ནམ་ཡང་སྨད་འཚོང་མར་མཐོང་ཆུང་བྱེད་མ་མྱོང་བས། གངས་དཀར་ལྷ་མོ་མིང་ཅན་ལགས་ཀྱིས་ཁོ་བོས་སྨད་འཚོང་མར་ངན་སྨྲས་བྱས་པའི་ཚིག་གཅིག་རྙེད་ཡོད་ན་འདིར་དགོད་རོགས། མི་རྙེད་ན་དེ་ལྟར་མི་ལ་ཞྭ་མོ་མ་བཟོ་རོགས།
འོ་ཨྰ་ལ་མཁྱེན། གངས་དཀར་ལྷ་མོ་ཁྱོས་མི་དཀར་མོ་ལ་ཞྭ་མོ་ནག་པོ་གཡོག་ན་གཙོ་བདག་གིས་ཆད་པ་གཅོད་ངེས། ཨྰ་ལ་ཡིས་མི་མངོན་ནམ་མཁའི་དབྱིངས་ན་གཟིགས་ཡོད་པ་རེད། ངེད་ཚོ་ཁ་ཆེ་ཚོས་རྫུན་བཤད་ཆོག་གི་མ་རེད། སྡུག་པ་རེད། ཨྰ་ལ།
ཡེ་ཤེས་དང་ཟླ་གཞོན། སྤྲོ་མ་ལངས་མི་རུང་ངོ། གསལ་བཤད་ངས་བགྱིད་དོ།
འདིར་ཁྱེད་གཉིས་ཀྱིས་སྨད་ཚོང་མར་བསྐུར་བ་འདེབས་སོ་མི་བརྗོད་དོ། འོ་ན་གང་བརྗོད་དམ་ཞེ་ན། ཁྱེད་གཉིས་ཀྱིས་བུད་མེད་ཀྱི་ལུས་དེ་ཆགས་པའི་ཡུལ་འབའ་ཞིག་ཏུ་རྩིས་པར་སྨྲས་སོ། དེ་དེ་བཞིན་ཏེ། ཁྱེད་གཉིས་ཀྱི་ཆགས་རྩོམ་དང་ཆགས་མཆན་མང་བ་ཞིག་སྤེལ་ནས་བུད་མེད་ཀྱི་ལུས་འདི་ཆགས་པའི་ལོངས་སྤྱོད་འབའ་ཞིག་ལས། གཞན་བུད་མེད་ཀྱི་ཡོན་ཏན་མི་བརྗོད་དོ།
ཟླ་གཞོན་ཁ་ཆེ་ཡིན་ན། དགོངས་པ་མ་འཚོམ། ཁ་ཆེ་རྣམས་ནི་འདི་ལྟར་ཏེ། བུད་མེད་ལ་ཕྱོགས་ཀུན་ནས་སྨད་དོ། ཁྱེད་ཀྱང་དེ་བཞིན་ཡིན་པར་ཁྱབ་ཏེ། ཁ་ཆེ་ཡིན་ན་བུད་མེད་ལ་མཐོང་ཆུང་བྱས་པས་ཁྱབ་བོ།
རྟག་མ་གྲུབ། ཁ་ཆེའི་བུད་མེད་ཚོས་ཀྱང་བུད་མེད་ལ་དམོད་པར་ཐལ་ཁ་ཆེ་ཡིན་པས་ཕྱིར། འདོད་ན་ཁ་ཆེའི་བུད་ཚོས་རང་གིས་རང་ལ་དམོད་པར་ཐལ་ཁ་ཆེ་ཡིན་པས་ཕྱིར། ཁྱབ་མཐའ་འདི་འདྲ་སུས་ཁས་ལེན་གི་རེད། སྐྱོ་བ་ལ།
ནན་ཅིན་གྱི་བུ་མོ་ལོ་ཆུང་དེ་ཚོ་སྙིང་རྗེ། མ་གཞི་ནས་རྒྱ་ནག་གི་སྤྱི་ཚོགས་དེང་སང་དེ་འདྲ་ཞིག་ཡིན་ས་རེད།
རང་དབང་དང་མང་གཙོ་མེད་པའི་དན་རྟགས་རེད། རང་དགར་གྱིས་ཆགས་སྤྱོད་བྱས་ན་ཅི་ཡིས་གནོང།
ཕོ་གསར་མོ་གསར་དེ་ཚོ་སྙིང་རྗེ་གློ་བུར་ཧད་དུ་བཅུག་སོང་།
རྒྱ་མོ་དེ་ཚོ་ཤ་འཇམ་མདོག་ཁ་པོ་འདྲ་ཞིག་མི་འདུག་གམ།
སྐྱེས་པ་ཚོས་ཡག་པོ་གཟིགས་དང་གཅིག་བྱས་ན་སྨད་འཚོང་མ་ཁོ་ཚོར་ཁྲོད་ནའང་བོད་པའི་བུ་མོ་ཡང་ཡོད་སྲིད།རྒྱུ་མཚན་ནི་ཉེ་ཆར་ངས་གྲོགས་པོ་ཞིག་དང་ཁ་བརྡ་བྱས་པ་ཡིན་ཁོས་གསུངས་དོན་དེང་སང་རྒྱ་ནག་པེ་ཅང་དུ་བོད་པའི་བུ་མོ་སྐོར་ཞིག་གིས་སྨད་འཚོང་མའི་བྱ་བ་བྱེད་ཀྱིན་འདུག་ཟེར།།
སྔོན་མ་གྲོང་ཁྱེར་སྲན་ཀྲན་༼Shenzhen༽ཟེར་བའི་ལྷོ་ཕྱོགས་གི་གྲོང་ཁྱེར་དེར་བོད་པའི་བུ་མོ་ཁ་ཤས་་ཞང་ཁང་ནང་ལས་ཀ་བྱེད་ཀྱི་འདུག་ཅེས་ཕྱི་རྒྱལ་ཞིག་གི་ངག་ནས་ཐོས་པ་དང་དཔར་ཡང་བསྟན་བྱུང་། ཁོ་པས་རྒྱ་སྐད་ཤེས་སྟབས། ཁོང་ཚོ་དང་འབྲེལ་བ་བྱས་འདུག བུ་མོ་གཉིས་ཁམས་དཀར་མཛེས་ནང་རེད་འདུག གཅིག་ལི་ཐང་ཁུལ་ནས་རེད་འདུག
ཁོས་བཤད་པར་ལྟར་ན། དཀར་མཛེས་ཀྱི་བུ་མོ་གཅིག་སློབ་འབྲིང་གི་སློབ་སྦྱོང་ཐོབ་སྟབས་རྒྱ་ཡིག་ཡག་པོ་འདུག ཁོང་གཉིས་རྒྱ་ཡིག་ཐོག་གློག་ཡིག་བཏང་གི་འདུག མོ་ལ་ཅིའི་ཕྱིར་བྱ་བ་འདི་ལ་ཞུགས་སམ་དྲིས་ཚེ། དངུལ་བཟོ་བའི་གོ་སྐབས་འདུག ཕ་ཡུལ་ལ་ལས་ཀ་མེད་ལ། གཅེན་པོས་ཆང་ཐུང་དང་སྦག་བརྩེད་ལ་ཞུགས་ནས། ཁྱིམ་ལ་བུན་མང་པོ་ཟུག་སོང་ཟེར། དེར་བརྟེན་གཅུང་མོ་གཉིས་དང་གཅུང་པོ་གསོ་དགོས་ཡོད་ཟེར།
སྲན་ཀྲན་ལ་མ་ཡོང་གོང་ལྷ་ས་ལ་བསྡད་འདུག ཁོང་ཚོ་གསུམ་སྲན་ཀྲན་ལ་ཁྲིད་མཁན་བོད་པའི་ཚོང་པ་ཞིག་རེད་འདུག ཕ་ཡུལ་གཅིག་པ་རེད་ཟེར།
ངོ་མ་བུ་མོ་འདི་ཚོ་སྙིང་རྗེའི་གནས་རང་རེད་མི་སུ་དང་སུ་ཡིན་ཀྱང་འདི་འདྲའི་ལས་ཀ་་བྱེད་འདོད་ཡོད་མཁན་ཡོད་ཀྱི་མ་རེད།འོན་ཀྱང་སོ་སོ་བཀའ་ངལ་འཕྲད་དུས་ཐབས་བསྡུག་འདི་འདྲ་མ་བྱེད་རང་བྱེད་ཡིན་འདྲོ།
བོད་ཀྱི་གསར་བུ་རྣམས་། གཞང་ཚོང་ལ་དགའ་དགའ་ཤིག་། གཞན་པ་ཚོ་སུས་ཀྱང་མི་དགའ་བར་བཤད་། སྤྱིར་བཏང་གཞང་འཚོང་ལ་དགའ་མིན་དེ་མི་རིགས་ཀྱི་ཁྱད་པར་ག་ལ་ཡོད་མོད་། དེ་འདྲའི་བཤད་རྒྱུན་ཞིག་འདུག་།
ལྷག་པར་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་། སློབ་གྲྭ་བ་དེ་ཚོ་དེ་འདྲ་ཞིག་རེད་། ས་ཆ་ཤིག་ལ་ཐོན་མ་ཐག་ཏུ་། “བུད་མེད་ཅིག་སྤྲོད་རྒྱུ་མེད་དམ་”ཞེས་དྲི་བ་འདྲི་བ་ཞིག་གོམས་འདུག་། ད་ཐེངས་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཚོགས་འདུ་ཐོག་ནས་ཀྱང་། མི་འགའ་ཤས་ཀྱི་”ཕྱི་རྒྱལ་གྱི་རྒྱ་མོ་”ཞིག་སྤྲོད་དང་།ཞེས་འདུག་གིན་མ་བཅུག་།
ནོར་དོགས་མི་དགོས་། ང་ཡང་མོ་དད་ཆེ་ཞིང་། བོད་པའི་བུ་མོ་མཛེས་ལྡན་མ་རེ་མཐོང་དུས་འདུག་མི་ཐུབ་པ་ཞིག་ཡིན་།་
ཡིན་ཡང་སྐབས་རེ་།
དང་པོ་ལུས་སེམས་བསྐྱེད་པའི་མ་།བར་ཏུ་ཟིང་ཟིང་སྤྱིན་པའི་མ་།མཐར་་ཐར་ལམ་སྟོན་པའི་མ་།མ་དྲིན་མོ་ཆེ་ལ་གསོལ་བ་འདེབས་། ཞེས་ཁ་ཏོན་བྱེད་མཁན་ཞིག་ཀྱང་ཡིན་།
བོང་རྫི་ལགས་གསོལ་འདེབས་མ་བྱས་ཀྱང་ཆོག་ས་རེད་ཁྱེད་ལ་ལོང་ཁོམ་བྱུང་ན་རྒྱ་ནག་དང་བོད་ཀྱི་རྒྱལ་ས་ལ་ཕེབས་ན་མཐར་ཐུགས་ཀྱི་འབྲས་བུ་མངོན་གྱུར་ཡོང་ངེས་རེད།ཨ་ལ་རྩེ་མོ་ཡིན་ད།
འོ་གངས་དཀར་ལྷ་མོ། ང་ཚོ་ཁ་ཆེ་ཀོ་རན་ན་བུད་མེད་ལ་མཐོང་ཆུང་བྱེད་པ་མེད་དོ། དེ་ལས་ལོག་སྟེ། བུད་མེད་ལ་དུས་ནམ་ཡང་བརྩི་སྲུང་བྱེད་དགོས་པ་ཡོད་དོ། འོན་ཀྱང་ང་ཚོའི་བརྩི་སྲུང་བྱེད་པ་དེ་ཁྱོད་ཚོས་དུས་ནམ་ཡང་མི་རྟོགས་སོ། དེ་བས་ན་ཁྱོད་ཚོས་དུས་ནམ་ཡང་ང་ཚོས་བུད་མེད་ལ་མཐོང་ཆུང་བྱེད་པ་མཐོང་ངོ། ང་ཚོས་གང་བྱུང་གིས་བཤང་ཚོང་གི་ཚོང་ལས་མི་གཉེར། ང་ཚོས་དུས་ནམ་ཡང་བུ་མོ་ཚོ་གཤང་ཚོང་གི་ལས་ལ་མི་འཇུག འདི་ནི་ང་ཚོའི་ཨ་ལྰས་གསུང་རབ་ན་ཡོད་དོ།
ང་ཚོ་ཁ་ཆེ་རྣམས་ཀྱི་ཆུང་ཆུང་སྐབས་ནས་རང་གི་འབུ་ལི་མགོ་གཏུབ་ཀྱི་ཡོད་དོ། དེ་ནི་བུད་མེད་ཀྱི་བདེ་བ་བརྩི་སྲུང་གི་ཆེད་དུ་ཡིན་ནོ། ཁྱོད་ཚོས་བུད་མེད་ཚོའི་བདེ་བ་ལ་བརྩི་སྲུང་གང་ཡང་བྱེད་ཀྱི་མེད་དོ། ཡང་ང་ཚོས་ཆུང་མ་མང་པོ་ལེན་ཆོག་གོ དེ་ནི་ཆུང་མ་དེའི་མི་ཚེ་ལ་འགན་ཁས་པ་ཡིན་ནོ། ཁྱོད་ཚོས་ཆུང་མ་གཅིག་ལ་ཡང་འགན་ཁས་མ་ཐུབ་པར་ཁ་འཐོར་འགྲོ་བ་ཤིན་ཏུ་མང་ངོ་། ད་དུང་བཤང་ཚོང་གི་ལས་གཉེར་གྱི་ཡོད་པ་བཤད་ག་ལ་དགོས་སོ། འདིའི་ཕྱོགས་ནས་ངེད་ཚོ་ཁ་ཆེ་ཚོ་ལ་ཁྲིམས་ལུགས་དང་འབྲེལ་བའི་དམ་ཆོས་བཟང་པོ་དེ་ཡོད་པའི་དྲིན་ཡིན་ནོ། ཁྱོད་ཚོ་ལ་མི་ཚེའི་དང་འབྲེལ་བའི་ཐོག་ནས་འཚོ་བ་བསྐྱལ་སྟངས་ཀྱི་ཁྲིམས་ལུགས་ཆོས་ལུགས་ན་མེད་པ་དེས་ནོངས་སོ།
གངས་ལྷ་ལགས། ཁ་ཆེ་ཡིན་ན་བུད་མེད་ལ་མཐོང་ཆུང་བྱེད་པས་མ་ཁྱབ་སྟེ། Taslina Nasreen ཆོས་ཅན། ད་དུང་སྦིན་ལ་སྒྲིན་ཆོས་ཅན། སྦིན་ལ་སྒྲིན་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ལ་མི་ཞེད་པར་བུད་མེད་ལ་ཧ་ཅང་ཞེད་པ་དེ་ཁོའི་ལོ་རྒྱུས་ཉེ་ཆར་ཐོན་པ་དེའི་ནང་དུ་གསལ་བོར་འདུག་ཅེས་བྲིས་ཡོད། མདོར་ན་དགེ་ཆོས་ཀྱིས་བུད་མེད་ལ་མཐོང་ཆེན་བྱེད་པར་བརྗོད་པ་དེ་ཁྱེད་ཀྱིས་ཀྱང་ཁས་ལེན་ཐུབ་མོད། ཁོང་གིས་ཀྱང་། བུད་མེད་ལུས་ནི་སྦྲང་རྩིའི་གོང་བུ་ཉིད། །ཅེས་བུད་མེད་ཀྱི་ལུས་དེ་འཇིག་རྟེན་ན་རོ་ཞིམ་པའི་མཐར་ཐུག་ཅིག་ཏུ་བརྗོད་ཡོད་པས། བུད་མེད་ཀྱི་རེག་བྱ་ལ་མཆོག་ཏུ་བསྔགས་པས་བུད་མེད་ལ་མཐོང་ཆུང་ངམ་དམའ་འབེབ་ཏུ་འགྱུར་རོ་ཞེ་ན་དེ་ནི་མཁས་པའི་གཏམ་ཞིག་ཏུ་སུས་ཁས་ལེན་ཐུབ། བུད་མེད་ལ་མཐོང་ཆེན་བྱེད་མཁན་དག་གིས་དང་པོར་བུུད་མེད་ཀྱི་ལུས་ལ་བསྔག་བརྗོད་བྱེད་པ་དང་། བུད་མེད་ལ་མཐོང་ཆུང་བྱེད་པ་དག་གིས་དང་
པོར་བུད་མེད་ཀྱི་ལུས་དེ་མི་གཙང་བའི་གོང་བུར་བསྒྲུབས་ཡོད་པ་འདི་ཡང་དྲན་པར་གྱིས།
ཀླུ་སྨྱོན་ལགས།
ནང་བའི་ཆོས་གཞུང་ནང་དུ་མི་སྡུག་པ་སྒོམ་པའི་ཚེ་བུད་མེད་ཡུལ་ཁོ་ནར་བཟུང་སྟེ་མི་སྡུག་པ་ཡིན་པ་མི་གཙང་བ་ཡིན་པ་སྒོམ་དགོས་པའི་རྒྱུ་མཚན་གང་ཡིན་ནམ།དགེ་ཆོས་ཀྱིས་དེ་སྐོར་མ་མཁྱེན་པ་ཡིན་གྱི་མ་རེད།
ནང་ཆོས་ཀྱི་གཞུང་དུ་མི་སྡུག་པ་སྒོམ་དུས་རང་རང་གི་བསྒོམ་བྱ་དེ་དང་དེ་མི་སྡུག་པར་བསྒོམ་ཚུལ་གསུངས་ཡོད་པ་མ་གཏོགས་བུད་མེད་གཅིག་པོ་དམིགས་སུ་བཀར་ནས་གསུངས་མེད། ཡིན་ན་ཡང་གྲྭ་པ་ཞིག་ཡིན་ན་བུད་མེད་མི་གཙང་བར་སྒོམ་པ་དང་བཙུན་མ་ཞིག་ཡིན་ན་། སྐྱེས་པ་ལ་ནི་རེག་མི་བྱ། །ཞེས་སྐྱེས་པའི་ལུས་ལ་ཆགས་པ་འགོག་དགོས་པར་གསུངས་ཡོད།
འཇིག་རྟེན་འདིར་ཁ་ཤས་ཀྱིས་ཀླད་པ་བཙོང་གི་རེད། རྩོམ་པ་པོ་དེ་ཚོ་དེའི་གྲས་རེད། ཁ་ཤས་ཀྱིས་ཆོས་བཙོང་གི་རེད། བླ་མ་དེ་ཚོ་དེའི་གྲས་རེད། ཁ་ཤས་ཀྱིས་ཤུགས་བཙོང་གི་རེད། ཞིང་པ་སོགས་དེའི་གྲས་རེད། ཁ་ཤས་ཀྱིས་སྐད་བཙོང་གི་རེད། གླ་མ་ཚོ་དེའི་གྲས་རེད། ཁ་ཤས་ཀྱིས་སྟུ་བཙོང་གི་རེད། གཞང་ཚོང་མ་ཚོ་དེའི་གྲས་རེད། ཁ་ཤས་ཀྱིས་རྐུབ་བཙོང་གི་རེད། ཕོ་ལྕམ་ཚོ་དེའི་གྲས་རེད། ཁ་ཤས་ཀྱིས་གཡོ་འཕྲུལ་བཙོང་གི་རེད། མགོ་སྐོར་གཏོང་མཁན་ཚོ་དེའི་གྲས་རེད། གང་ལྟར་འདི་ཚོ་འཚོ་ཐབས་ཀྱི་ཆེད་རེད། ཚོང་རེད།
ཀླུ་སྨྱོན་ལགས།
འོ་ན་ནང་ཆོས་ལས་བཞེད་ཚུལ་ཞིག་བུད་མེད་ཀྱི་སྐྱེ་བ་ལེན་ན་བསོད་ནམས་དམན་པ་དང་བུ་སྐྱེ་བ་ལེན་ན་བསོད་ནམས་ཆེ་བ་གསུངས་ཡོད་པའི་རྒྱུ་མཚན་གང་ཡིན་ནམ།
གྲྭ་བ་ཡིན་ན་སོ་སོའི་བསྒོམ་བྱ་མི་སྡུག་བ་དེ་སྒོམ་བའི་ཚེ་ལུས་ལ་ཆགས་པ་འགོག་བྱེད་ཙམ་ལས་སེམས་ཀྱི་ཆགས་པ་འགོག་པའི་ཆེད་དུ་མ་ཡིན་ནམ།གྲྭ་བས་བུད་མེད་སྙིང་རྗེ་ཡིས་སྒོམ་ན་སྐྱོན་དུ་འགྱུར་རམ།
ད་དུང་བཙན་པའི་བསྟན་པ་དར་བ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་དེ་ལོ་ལྔ་བརྒྱ་མར་ཆགས་འགྲོ་བ་ཡང་གསུངས་ཡོད།
གངས་ལྷ་ལགས།
ཁྱེད་རང་གང་གི་གྲས་སུ་གཏོགས་པ་ཡིན་ནམ།
ཁྱེད་ཀྱིས་ག་རེ་འཚོང་གིན་ཡོད་དམ།
ླཁྱེད་ཀྱང་འཚོ་ཐབས་ཞིག་གི་རྗེས་སུ་སྙེག་གིན་འདུག
བུད་མེད་ལ་ཆེས་མཐོང་དང་བརྩི་བཀུར་འདྲ་མཉམ་དགོས་ལ་ལས་ཁོང་ཚོར་དམའ་འབེབ་དང་མཐོང་ཆུང་ནམ་ཡང་བྱེད་མི་རུང་།གང་ལ་ཞེས་ན་སོ་སོའི་མ་ལས་རྕ་ཆེ་སུ་ཞིག་ཡོད།སོ་སོའི་མ་དང་གཅུང་མོར་ཆེ་མཐོང་དང་གུས་བརྩི་བྱེད་དགོས་ན་གཞན་གྱི་མ་དང་གཅུང་མོར་གུས་བརྩི་བཀུར་ལོས་བྱེད་དགོས།དེ་ཕྱོགས་མཚུངས་བུད་མེད་རང་ངོས་ནས་ཀྱང་གཞན་གྱི་གུས་བརྩི་འོས་པའི་ལས་ལ་འབད་དགོས་པ་ལས་བག་མེད་རྣམ་གཡེང་གི་ལས་ལ་འཇུག་ན་གོང་གི་པར་རིས་ལྟར་སྙིང་རྗེའི་ཡུལ་ལས་མ་འདས།་
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞིག་སེར་སྨད་གྲྭ་ཚང་དེ་ཞུས་ཡོད་པ་དང། བརྟན་བཞུགས་གྲལ་སྒྲིག་ཆ་ཚང་སེར་སྨད་གྲྭ་ཚང་ནས་ཞུས་ཡོད་ཀྱང། རྒྱ་རི་སྒྲོལ་མ་མཆོག་ནས་མཇུག་བསྡུ་གསུང་བཤད་སྐབས་། སེར་བྱེས་གྲྭ་ཚང་ནས་རོག་པ་ཡག་པོ་བྱེད་སོང་ཐུགས་རྗེ་ཆེར་ཡང་ནས་ཡང་དུ་གསུང་ཡོད་ཀྱང་། ཉམ་ཆུང་སེར་སྨད་གྲ་ཚང་ནི་མིང་ཙམ་ཡང་བརྗོད་མེད་པ་རེད། གྲྭ་ཚང་སྨད་ཀྱི་གྲྭ་པ་རྣམས་བློ་ཕམ་བྱེད་གི་ཡོད་པ་རེད།
རྒྱ་རི་སྒྲོལ་མ་མཆོག་ནས་བཀའ་ཁྲིའི་འོས་ཐོབ་པའི་ཆད་དུ་སེར་བྱེས་གྲྭ་ཚང་ལ་དཔོན་ལེན་བཤད་པ་མ་རེད་པས།
རྗེ་སུ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནས་སེར་སྨད་གྲྭ་ཚང་ལ་དགོངས་དག་ཞུ་ཡོད་པ་རེད།
མོ་ཡིས་འདོད་ནས་ཕར་ལ་མ་བཙལ་ཞིང་།།
ཕོ་ཡིས་བསླུས་དེ་ཚུར་ལ་མ་འཐམ་ཞིང་།།
གཅིག་གིས་འཚོ་བའི་ལས་རིགས་གཉེར་བ་དེར།།
གཅིག་གིས་དང་དུ་ལེན་སྟངས་མཚར་དོན་མེད།།
འདོད་༷སྲེད་གསེང་ན་རིག་པའི་བློ་མིག་སྡོངས།།
ཆགས་པའི་ཚོར་བས་བདེ་བའི་གཉིད་དུ་ཡུར།།
དགའ་གདུང་འདྲེས་མའི་ཟིན་པའི་ཚོར་སྣང་དེ།།
ཕོ་མོའི་ཕན་ཚུན་ལུས་ན་རྟག་ཏུ་བརྒྱུད།།
འབྲུག་མོ་སྒྲོལ་མ་ལགས།
མཛེས་མའི་གླིང་ག་ཁྲོད་ན།།རྐང་དྲུག་མེད་པ་མི་སྲིད།།
པད་མའི་ཟེའུ་འབྲུ་རོལ་ནས།།གཞན་ལ་འཕུར་འདོད་མ་བྱུང་།།
འོ་ཡ། དམ་པ་ལྷ་ཆོས་ཀྱི་ཡང་སྙིང་གསང་སྔགས་བླ་མེད་ཀྱི་དབང་བཞི་སོགས་ཉན་སྐབས། གཙུག་ལག་ཁང་ལ་ཡིན་སྐོར་བ་ཡིན་ན་ཡང་བུད་མེད་སྐོར་བའི་ནང་ལ་ལེན་པར་བྱེད། དེ་ནི་རྟེན་འབྲེལ་ཤིན་ཏུ་གལ་ཆེན་དུ་བརྩི། མདོ་ལུགས་ཕ་རོལ་ཏུ་ཕྱིན་པ་ན་ཡུམ་ཆེན་མོ་ཟེར་ནས་གལ་ཆེན་གཙིག་ཆེན་་དུ་བརྩིས། དེ་ཡང་བུད་མེད་གལ་ཆེན་དུ་བརྩི་བ་རེད་ཟེར། ཡང་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ནང་གི་གཅིག་ལ་མཐར་ཐུག་ཟུང་འཇུག་གི་སྦྱོར་བ་ཁྱི་མོ་གཅིག་ལ་བྱས་པའི་ལོ་རྒྱུས་འདུག དེ་ནི་ཁོ་རང་གིས་བུད་མེད་ལ་དམོད་པའི་ལས་ངན་མ་དག་པའི་རྒྱུ་ལས་བྱུང་ཟེར། འདི་ཚོ་སྐབས་དང་སྐབས་ལ་གསུངས་པ་ལ་གོ་རྒྱུ་ལོས་ཡོད།
འོ་ཡ། ཡང་བུད་མེད་ལ་སྟོད་པ་བྱས་ན་ཡང་མི་འདི་ཚོས་ཁ་བཏང་ནས་འདུན་དུ་འདུག་སྟེ་མི་འཇུག མིའི་ཁ་ལ་ཉན་ན་ཞག་གསུམ་ལ་གཉིད་མི་ཡོང་ཟེར་བ་ཅིའི་མི་བདེན་ཨ་ལྰ།
གཞོན་ནུ་ཟླ་མེད་ལགས།
གསལ་བཤད་ཅིག་གནང་རོགས་ཞུ།བུ་མོ་ཚོས་དགོན་པར་མཇལ་བསྐོར་དང་ཕྱག་བསྐོར་ལ་སོང་ནའང་བཀག་རྒྱ་མང་པོ་འདུག་ལྷ་ཁང་ཁ་ཤས་ནང་དུ་འགྲོ་ཆོག་མི་འདུག་མ་ཟད་ཡང་དབྱར་གནས་ཞེས་པ་ཞིག་གི་སྐབས་སུ་ཡང་གྲྭ་པའི་སོ་སོའི་ཨ་མ་ཡིན་ན་འདྲ་གཅེན་མོ་ཡིན་ན་འདྲ་དགོན་ནང་དུ་བསྡད་མི་ཆོག་པ་ནང་ཆོས་ལས་གསུངས་ཡོད་པ་རེད་ཟེར།
གཞོན་ནུ་ཟླ་མེད་ལགས་།
འབྲུག་མོ་ལ་དགོས་བ་ནི་།
ནངབའི་བསྟན་ནི་བུད་མེད་ཐོང་ཐང་འཕྲོག་པའི་གཙོ་བོ་།མི་ལ་ཁྱད་པར་ཕྱེས་བའི་གཏེ་བོ་།འདྲ་མཉམ་མི་ཡོང་བའི་གཞི་རྩ་ཡིན་པས་།དེ་ལ་འགྲེལ་བཤད་གང་བརྒྱབ་ཀྱང་ཕན་ཐོགས་ཡོད་པ་མ་རེད་།
འབྲུག་མོ་ལགས་།ང་སྐྱེས་བ་ཞིག་ཡིན་པས་ཆ་ནས་།བུད་མེད་ཀྱི་སྤྱོད་ཁང་དང་།ཉལ་ཁང་དུ་སོང་ཆོག་གི་མི་འདུག་།
དེ་ན་དེ་ནི་ང་ལ་་འདྲ་མཉམ་ཡིན་པའི་ཐོབ་ཐང་འཕྲོག་པ་རེད་དམ།་སྐབས་རེ་དོགས་པ་མེད་པ་ཞིག་ལ་དོགས་པ་འདྲ་སློང་གིན་འདུག་།
བོད་དུ་འདྲ་མཉམ་བྱུང་ཡོད་པ་རེད་དམ་ཞེ་ན་།བྱུང་མི་འདུག་།ཡིན་ནའང་ཆོས་ཀྱི་གཞུང་དངོས་དང་།འབྲེལ་བ་མེད་པར་སྙམ་།དེ་ནི་འཇིག་རྟེན་ཁྱིམ་པ་དག་གིས་སྤྱོད་ལམ་ལ་བརྟེན་ནས་བྱུང་བ་ཞིག་རེད་སྙམ་བཞིན་ཡོད་།འབྲོག་པ་ལས་རོང་བ་སྡུག་པ་ཤིག་འདུག་།
བོང་རྫི་ལགས།
ཁྱེད་རང་གིས་འབྲེལ་མེད་དོན་གཞན་ཞིག་བཤད་སོང་།ཁྱོད་བུད་མེད་ཉལ་ཁང་དུ་ཡོང་འདོད་ན་ཡོང་ན་འགྲིག་གི་རེད།བུུད་མེད་ཉལ་ཁང་དུ་ཡོང་ན་ཁྱོད་ཀྱིས་འདོད་པཌྷཌྷ་ལྟར་དུ་མཚན་མོར་ཡིན་མི་དགོས།ཛྷཧ་གོ་སོང་ངམ།
ངས་གོང་དུ་ལྷ་ཁང་ཁ་ཤས་ནང་དུ་བུད་མེད་འགྲོ་མི་ཆོག་པའི་སྐད་ཆ་དྲི་ཙམ་གྱི་དེ་ལའང་ལེན་མེད་ན་ལེན་མ་བརྒྱབ་ན་འགྲིག་གི་རེད་་དོན་མེད་ཀྱི་རྙོག་གཏམ་དང་འབྲེལ་མེད་དོན་གཞན་ཞིག་བཤད་ན་དངོས་གནས་ཕན་ཐོགས་མི་འདུག།
བོང་རྫི་ལགས།
ཁྱེད་རང་གིས་འབྲེལ་མེད་དོན་གཞན་ཞིག་བཤད་སོང་།ཁྱོད་བུད་མེད་ཉལ་ཁང་དུ་ཡོང་འདོད་ན་ཡོང་ན་འགྲིག་གི་རེད།བུུད་མེད་ཉལ་ཁང་དུ་ཡོང་ན་ཁྱོད་ཀྱིས་འདོད་པཌྷཌྷ་ལྟར་དུ་མཚན་མོར་ཡིན་མི་དགོས།ཛྷཧ་གོ་སོང་ངམ།
ངས་གོང་དུ་ལྷ་ཁང་ཁ་ཤས་ནང་དུ་བུད་མེད་འགྲོ་མི་ཆོག་པའི་སྐད་ཆ་དྲི་ཙམ་གྱི་དེ་ལའང་ལེན་མེད་ན་ལེན་མ་བརྒྱབ་ན་འགྲིག་གི་རེད་་དོན་མེད་ཀྱི་རྙོག་གཏམ་དང་འབྲེལ་མེད་དོན་གཞན་ཞིག་བཤད་ན་དངོས་གནས་ཕན་ཐོགས་མི་འདུག།
ལུགས་སྲོལ་དང་ནང་ཆོས་གཉིས་གཉམ་སྲེས་གཏོང་མི་ཉན།
མ་རྒན་སེམས་ཅན་ཐམས་ཅད་ཟེར་དུས་མོ་ཞིག་སེམས་ཅན་ཐམས་ཅད་ཀྱི་འགོ་ན་བཞག་འདུག
སྤྱིར་འབྲུག་མོ་སྒྲོལ་མ་རྣམ་དཔྱོད་ཀྱིས་སྒོ་ནས་དོགས་འདྲི་བྱས་འདུག་དྲན། རྣམ་དཔྱོད་ད་དུང་ཏོག་ཙམ་གོང་དུ་འཕེལ་ན་ནང་ཆོས་ནང་ཕོ་མཆོག་མོ་དམན་ཐད་ཀྱི་དོགས་པ་རྣམ་རང་ཡལ་དུ་འགྲོ་ངེས་སོ་ཞེས་བརྩེ་བས་གདམས་སོ།།
ཀྱེ་འབྲུག་མོ་སྒྲོལ་མ་ལགས་།
དེ་དེ་བཞིན་དུའོ་།ཇི་ལྟར་ཁྱེད་ཀྱིས་བཀའ་བསྩལ་བ་བཞིན་དུ་ལགས་སོ་།
མེ་ཏོག་དཀར་པོ་ལགས།
ཁྱེད་ཀྱིས་དྲིན་ཆེན་གྱི་མ་སྒོམ་པ་དང་མི་སྡུག་པའང་མི་གཙང་བའི་་བུད་མེད་ཅར་ཅིག་ཏུ་སྒོམ་ཐུབ་བམ།
ཁྱེད་རང་ནང་ཆོས་ལ་ནང་བྱན་ཆུད་པ་ཞིག་སོང་༷༷ཙང་ཏན་ཏན་མཁྱེན་གྱི་རེད།ཚིག་ཙམ་མ་ཡིན་པའི་དོན་གྱི་ལེན་གསལ་བོ་ཞིག་སྐྱོན་རོགས་ཞུ།།
འོ་ཁ་སང་ཞིག་ལ་ནུབ་ཀྱི་ཡེ་ཤུ་བའི་ཨ་ནེ་ལྷ་ཁང་ཤིག་ལ་སོང་བ་ཡིན་མོད་།ང་ནི་སྐྱེས་བ་ཤིག་རེད་ཅེས་འགྲོ་གིན་བཅུག་མ་སོང་།རྒྱུ་མཚན་འདྲི་དུས་།བཤད་རྒྱུ་དམིགས་གསལ་ཞིག་མི་འདུག་།ཕ་དང་གཅེན་གཅུང་རྣམས་ཀྱང་སོང་ཆོག་པ་མེད་ན་།ཁྱེད་ལྟ་བ་ཞིག་ག་ལ་སོང་ཆོག་ཅེས་ཕྱི་ལ་མངགས་བྱུང་།
དེ་མིན་སློབ་གྲྭ་ཡོད་དུས་མཛེས་མ་རྣམས་ཀྱི་ཉལ་ཁང་ནང་དུ་འགྲོ་འདོད་ཀྱི་སྐབས་རེ་།ཉལ་ཁང་སྲུང་བའི་ཨ་མ་དེ་རྣམས་ལ་སྒོར་རྡོག་འགའ་སྤྲད་རུ་བཅུག་མ་སོང་།དེ་བས་དགའ་མ་དང་ངེད་གཉིས་སློབ་གྲྭའི་ར་སྐོར་ནང་གི་སྤང་གི་ཐོག་ནས་ཉལ་དགོས་བ་འགའ་བྱུང་སོང་།
འབྲུག་མོ་སྒྲོལ་མ་།”བུད་མེད་ཉལ་ཁང་དུ་ཡོང་འདོད་ན་ཡོང་ན་འགྲིག་”སློབ་གྲྭ་དང་།ཨ་ནེ་དགོན་པ་ཞིག་གང་ན་འདུག་།མགྱོགས་པོ་དེ་ལ་བརྒྱུགས་འགྲོ་གིན་ཡིན་།
འབྲུག་མོ་སྒྲོལ་མ་།
སུས་མི་གཙང་བ་སྒོམ་གིན་འདུག་།
ངས་ལུང་ཤིག་དྲངས་ཡོད་།
དང་པོ་ལུས་སེམས་བསྐྱེད་པའི་མ་།བར་ཏུ་ཟིང་ཟིང་སྤྱིན་པའི་མ་།མཐར་མ་ཐར་ལམ་སྟོན་པའི་མ་།མ་དྲིན་མོ་ཆེ་ལ་གསོལ་བ་འདེབས་།
ཞེས་མང་པོ་བཏོན་མྱོང་།
ཁྱེད་དོན་གྱིས་ག་རེ་བཤད་བསམ་གིན་འདུག་།ཤོད་དང་།དེ་ནས་སྐད་ཆ་བཤད་ཡོད།
ནང་ཆོས་ཀྱིས་བུད་མེད་ཀྱི་ཐོབ་ཐང་འཕྲོག་ཟེར་བ་དང་།འདྲ་མཉམ་མེད་པར་བཟོས་ཟེར་བ་འདི་ཡང་།དེང་རབས་ཅན་ཡིན་ཟེར་བ་དག་གིས་་བོད་ཀྱི་ཆོས་ལ་བསམ་བཞིན་དུ་དགག་པ་རྒྱབ་པའི་བཤད་ཚུལ་ཤིག་ཡིན་པས་།འདི་ལའང་དོགས་སློང་བྱེད་པའི་དུས་ལ་བབས་།
འོ་ཡ༌༌༌༌༌་སྐྱེ་བ་དམན་པས་ཟ་མ་མོ་ལུས་ཐོབ་ཅེས་གཞུང་ནང་གསུངས་ཡོད་པ་ལྷག་པར་བདེན། སྙིང་རྗེ། དུས་ནམ་ཞིག་བེུད་རྒྱལ་བར་ཤོག
ཡ་གྲོགས་པོ་ཚོ། ངོ་མ་ཟབ་ཟབ་མ་བྱེད་ན་དུས་ནམ་ཞིག་རྒྱལ་ས་ལྡི་ལིར་ཁང་མིག་༦༤རུ་བསྒྲགས་པའི་ནང་ནས་ཉེན་རྟོགས་པས་དམར་རྗེན་དུ་འཛིན་ཡོང་ངཱ་་་་་་་ཧ་ཧ་ཀུ་རེ་ཡིན།
བདེན་པ་རེད། མདོ་སྡེ་ཁ་ཅིག་ཏུ་བུད་མེད་ཀྱི་ལུས་རྟེན་ལས་སྐྱེས་པའི་ལུས་རྟེན་ལ་བསྔགས་བརྗོད་བྱས་ཡོད་པ་རེད། དེ་ནི་སྐབས་དེའི་བུད་མེད་ཀྱི་ཐོབ་ཐང་ཧ་ཅང་དམའ་བ་གཅིག བུད་མེད་ཀྱི་ལུས་རྟེན་ལ་ཕོ་ལུས་ལས་ལྷག་པའི་མོ་ནད་ཅུང་མང་བ་དང་གཉིས་རྒྱུ་མཚན་དུ་བྱས་ནས་དེ་ལྟར་གསུངས་ཡོད་པ་རེད། བོད་སྨན་གྱི་གཞུང་དུ་ཡང་ཕོ་མོ་དབྱེར་མེད་ཀྱི་ནད་རིགས་གསུངས་རྗེས་ཕོ་ལ་མེད་ཅིང་མོ་ལ་ཡོད་པའི་མོ་ནད་ཀྱི་རིགས་ཤིག་ཟུར་དུ་གསུངས་ཡོད་པ་རེད། དཔེར་ན་ཕ་མ་གཉིས་ལ་ཕྲུ་གུ་ཞིག་དགོས་ན་ཡང་ཕྲུ་གུ་དེ་བཟོ་དུས་ཕ་མ་གཉིས་མཉམ་རུབ་ཀྱིས་འདོད་པའི་བདེ་བ་ལ་རོལ་ནས་ཕྲུ་གུ་བཟོས་རྗེས། ཨ་མ་གཅིག་པོས་ཟླ་དགུ་ཞག་བཅུར་གྲོད་ཁོག་ནང་དུ་འཁུར་དགོས་ཀྱི་རེད་མ་གཏོགས་ཨ་ཕས་འཁུར་འདོད་ན་ཡང་འཁུར་ཐབས་ཡོད་པ་མ་རེད། དེར་ཡང་བུད་མེད་ཀྱི་རྟེན་ལ་གྱོང་ལྷག་མ་ཞིག་རག་འགྲོ་གིན་ཡོད་པ་རེད། ད་ལྟ་འཛམ་གླིང་སྤྱི་དང་ཁྱད་པར་དུ་ཨ་རིའི་ནང་དུ་བུད་མེད་བཞིའི་ནང་གི་གཅིག་ལ་ནུ་མའི་སྐྲན་ནད་འདི་ཡོད་པར་སྨྲ་བས། བུད་མེད་མང་པོ་ཞིག་གིས་སྐྱེས་པའི་ལུས་རྟེན་ལ་སྨོན་བཞིན་ཡོད་པ་སྟེ། ངའི་ངོ་ཤེས་བོད་པ་ཞིག་ལ་བཟའ་ཟླ་ཞིག་ཡོད་པ་དེ་ལོ་ཆུང་ཞིང་ས་ཆའི་ཚོད་ཀྱི་མཛེས་མ་ཞིག་ཀྱང་ཡོད། ཡིན་ན་ཡང་ལོ་འདི་འགའི་རིང་ལ་ནུ་མའི་ན་ཚ་དང་ཟླ་མཚན་གྱི་ན་ཚ་སོགས་མོ་ནད་རིགས་འགའ་ཞིག་མནར་ཚབས་ཅུང་ཆེ་བས། མོ་རང་གིས་དངོས་སུ་ང་ལ་ང་རང་དངོས་གནས་བུད་མེད་ཀྱི་ལུས་རྟེན་འདི་ལ་ཐང་ཆད་སོང་། ང་རང་གིས་སྐྱེས་པའི་ལུས་རྟེན་ཞིག་ལེན་ཐུབ་མེད་པ་འདིར་ངོ་མ་བློ་ཕམ་ཆེན་པོ་འདུག་ཅེས་བརྗོད་སོང་བས། འདི་ལྟར་མོ་ནད་སྣ་ཚོགས་ཀྱིས་གཟིར་ཏེ་སྐྱེས་པའི་ལུས་རྟེན་ལ་ཡིད་སེམས་ཤོར་བ་ཡང་མོ་རང་གཅིག་བུ་མིན་པ་ལོས་ཀྱང་ཤེས། མ་འོངས་པར་མོ་ནད་འདི་རིགས་རྩ་མེད་བཟོ་ཐུབ་པའི་སྨན་རྫས་གང་མང་ཞིག་གསར་བཏོད་མ་བྱས་མ་བར་དུ་བུད་མེད་ཀྱི་ལུས་རྟེན་འདི་ཉིད་ལ་སྐྱེས་པ་ཚོར་མེད་པའི་ན་ཚ་སྐོར་ཞིག་འབྱུང་གིན་ཡོད་པ་དང་གྱོང་ཡང་ལྷག་མ་རེ་རག་གིན་ཡོད་པ་ལ་དམིགས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གསུངས་པ་ལྟར། ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ། །སྦྲུམ་མའང་གནོད་མེད་བཙའ་བར་ཤོག །ཅེས་སྨོན་ལམ་འདེབས་སོ།།
ངས་ཁྱད་སོད་དང་ཤེས་མདོག་གཏན་ནས་མིན། ནང་ཆོས་ནང་མི་གཙང་བ་སྒོམ་སྟངས་དེ་གཙོ་བོ་ཉན་ཐོས་ཐེག་པའི་ནང་གསུངས་ཡོད་རེད། དེའི་གོང་གི་ཐེག་པ་སྟེ། ཐེག་པ་ཆེན་པོ་དང་སྔགས་ཕྱི་ནང་སོགས་སུ་མི་གཙང་བ་སྒོམ་རྒྱུ་གཙོ་བོ་གསུངས་གི་མ་རེད། དེ་ནང་ཆོས་ཀྱི་གྲུབ་ཆ་གལ་ཆེན་དེ་འདྲ་གཏན་ནས་མ་རེད།
ཉན་ཐོས་ཐེག་པའི་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་སྒོམ་ཚུལ་ལའང་སྒོམ་ཡུལ་དེ་ཡུལ་བུད་མེད་ལ་གཏན་འབེབས་བྱས་པ་གཏན་ནས་མེད། ང་ཚོས་ཤེས་དགོས་པ་ཞིག་ལ་ནང་ཆོས་ཀྱི་གཞུང་ལུགས་ནང་དངོས་བསྟན་དུ་མི་གཙང་བ་སྒོམ་ཡུལ་དུ་བུད་མེད་བྲིས་ཏན་ཏན་རེད། དེ་ནི་སྐབས་དེའི་རབ་བྱུང་མང་བའི་དབང་དུ་བཏང་ན་སྐྱེས་པ་ཡིན་པ་སྨོས་མ་དགོས་པ་ཡིན་སྟབས་དེའི་དབང་གིས་དེ་འདྲ་གསུངས་པ་རེད། ད་དུང་ཐེག་ཆེན་གྱི་གཞུང་སྤྱོད་འཇུག་བསམ་ཏན་ལེའུ་ནང་དུའང་དེ་འདྲ་གསུངས་ཡོད་པ་རེད།
དེ་ཙམ་གྱིས་ནང་ཆོས་ནང་ཕོ་མོ་ལ་བཟང་ངན་གྱིས་ཁྱད་པར་འབྱེད་དོ་ཞེས་ཡ་ག་སྒྲོགས་ག་ལ་རུང་།
སྤྱིར་ནས་བསམ་ན་ཆོས་གང་དུ་དར་ནའང་དེའི་ཡུལ་སྲོལ་དེ་ཆོས་ནང་སིམ་འཛུལ་ལམ་འདྲེས་འགྲོ་གི་ཡོད་པ་སྟོན་པ་གོའུ་ཏ་མའི་རིང་ལུགས་འཛིན་པའི་སྡེ་ཤྲི་ལང་ཀ ཐའི་ལན། བོད། འབྲུག་འདི་ཚོ་ལ་ཞིབ་གཟིགས་གནང་དང་། ཡུལ་སྲོལ་ཆོས་ལ་ཞུགས་པ་ཐུགས་ཡིད་ཆེས་གི་རེད།
འདིར་ངས་བཤད་འདོད་པ་ནི་ཕོ་མཆོག་མོ་དམན་གྱི་ལྟ་བའམ་བསམ་ཚུལ་འདི་བོད་ལ་ནང་ཆོས་མ་དར་གོང་ས་གཤིས་ལ་ཞུགས་ཟིན་པ་རེད། རྒྱུ་མཚན་ནི་དེ་སྔོན་བོད་མིའི་ལས་ཀ་ནི་ཕོ་རྣམས་རི་དགས་རྔོན་པ། འཁྲུག་པ་རྒྱབ་པ། ཇག་ལ་འགྲོ་བ། ཞིང་རྨོ་བ། ཚོང་རྒྱག་པ་བཅས་ཀྱིས་ལས་ལ་བྲེལ་ཞིང་། མོ་རྣམས་ཁྱིམ་ལས་དང་བུ་ཁྲུག་གསོ་སྐྱོང་གིས་དུས་འདའ་བ་རེད་དམ་མ་རེད། དེས་ན་ཕོ་རྣམས་ལག་རྩལ་དང་དྲག་ལས་སོགས་རང་བྱུང་གིས་ཤུགས་མོ་ལས་ལྷག་པ་ཡོད་པ་མངོན་སུམ་ཡིན་སྟབས། ཕོ་རྣམས་མཆོག་ཏུ་ལྟ་བ་དང་མོ་རྣམས་དེ་ལྟར་མི་འཇོན་པའི་གྲས་སུ་བཞག་པ་རེད།
དེའི་གནད་འགག་གཅིག་ནི་དེ་སྟབས་བསམ་བློའི་གོ་སྟོབས་ཀྱི་ལས་ཀ་ཆེས་ཉུང་ལ་ལུས་ངག་གི་རྩོལ་བའི་ལས་ཆེས་མང་བས་སོ།།
ད་དུང་ཁྱེད་ཀྱིས་མཁྱེན་དགོས་པ་ཞིག་ལ་དབྱར་གནས་སྐབས་མ་ཡིན་ཀྱང་མོ་ཡིན་ན་དེར་འགྲོ་ཆོག་མི་ཆོག་ནི་སྐབས་ཐོབ་ཀྱི་དབྱར་གནས་ཚོགས་མཁན་ཕོ་རེ་མོ་རེད་དེར་རགས་ལུས་པ་རེད།
དབྱར་གནས་མཁན་བཙུན་མའི་སྡེ་ཡིན་ན་ཕ་ཡིན་ནའང་ཕོ་ཞིག་དེར་འགྲོ་ཆོག་མ་རེད།
དེ་རེད་དམ་མ་རེད།
དེ་ནས་ཁྱེད་ཀྱིས་
༼
ཁྱེད་ཀྱིས་དྲིན་ཆེན་གྱི་མ་སྒོམ་པ་དང་མི་སྡུག་པའང་མི་གཙང་བའི་་བུད་མེད་ཅར་ཅིག་ཏུ་སྒོམ་ཐུབ་བམ༽
ཞེས་དྲི་བ་གནང་འདུག
དེ་ལ་ངས་གསལ་བཤད་ཞུ་རྒྱུ་ཁྱེད་ཀྱིས་བསམ་ཚོད་ལ་དཔེར་ན་ནང་ཆོས་ནས་བུད་མེད་མི་སྡུག་པ་སྒོམ་དགོས་པ་གསུངས་པ་དེ་དོན་མེད་གཞན་སྐྱོན་སྒོམ་དགོས་པ་ལྟ་བུ་བུད་མེད་ཡོད་དེ་ཅོག་མི་སྡུག་པ་སྒོམ་དགོས་པ་རེད་དྲན་འདུག དེ་འདྲ་མ་རེད། དཔེར་ན་ངས་སྒྲོལ་མ་ལགས་ཁྱེད་ལ་ཆགས་སེམས་ཤུགས་ཆེ་སྐྱེ་ན་དེ་དུས་ཁྱེད་མི་གཙང་བ་ཡིན་པ་ཞིག་སྒོམ་དགོས་རེད། དེའི་དགོས་པ་ནི་ཁྱེད་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་མ་ཡིན་པར་ངའི་འདོད་ཆགས་གཞོམ་རྒྱུ་དེ་རེད།
དེས་ན་ཡུལ་ཁྱེད་ལྟ་བུ་ཞིག་ལ་མ་དྲིན་ཅན་དུ་སྒོམ་པའི་ཚེ་ན་མི་གཙང་བ་སྒོམ་དགོས་པའི་རྒྱུ་མཙན་ཏིལ་ཙམ་ཡང་མེད་དེ་དེའི་དུས་ན་ཁྱེད་ལ་སྙིང་ནས་བྱམས་པ་དང་བརྩེ་བ་སྙིང་རྗེ་སོགས་སྐྱེ་བ་ལས་འདོད་ཆགས་གཏན་ནས་མི་སྐྱེ་བས་སོ།།
འདིས་ཁྱེད་ཀྱི་དྲི་བ་ལ་ལན་གསལ་པོ་ཞིག་བཏབ་ཡོད།
གོང་གི་དྲི་བ་འདི་ང་ལ་ཚོད་འགམ་པའི་ཆེད་དུ་ན་ཡིན་ན་ལས་དངོས་ནས་དོགས་འདྲི་ཡིན་ན་ཁྱེད་ལ་ཕན་པའི་རེ་བ་ཡོད།
བོང་རྫི།
ད་ཤོད་དང་། འབུམ་རམས་པར་བཤད་རྒྱུའི་གླེང་སྟེགས་འདི་ན་འདུག འབུམ་རམས་པ་ཚོའི་བརྗོད་གཞི་ཚ་བོ་སྟེ། construction of gender, sexuality, identity ཞེས་པ་དེ་དག་གི་ཐོག་ནས་ཤོད་དང་། ལྟད་མོ་རྒྱང་ནས་བལྟ་གི་ཡིན།
འབྲུག་མོ་ལ་མེ་ཏོག་དཀར་བོས་ལན་ཡག་པོ་གསུངས་འདུག དེ་ག་རེད། འདི་ནས་ཁ་སྣོན་ཐེབ་པ་བཤད་དགོས་མི་འདུག འོན་ཀྱང་མི་སྡུག་པ་སྒོམ་ཚུལ་གྱི་ཐད་ནས་བཤད་ན་མངོན་པ་གོང་མ་སོགས་ནས་མི་གཙང་བའི་རྫས་སུམ་ཅུ་སོ་གཉིས་སོགས་སྒོམ་ཚུལ་དེ་རང་ཉིན་ནས་འགོ་བརྩམས་དེ་གང་ལ་ཞེན་ཆགས་ཆེ་བ་དེ་ཚོ་ལ་སྒོམ་ནས་མདོར་ན་ཆགས་པ་ལྡོག་པའི་ཆེད་དུ་གསུངས་པ་མ་གཏོགས། ཕོ་མོའི་ལུས་ལ་དམིགས་བསལ་ཁྱད་པར་གང་ཡང་མི་འདུག ཡང་མངོན་པ་འོག་མ་ནས་བཤད་པའི་ཀེང་རུས་སྒོམ་པ། སོགས་ཀྱང་མི་སྡུག་པ་སྒོམ་པའི་རྣམ་གྲངས་རེད། དེ་ཡང་རང་ཉིད་ནས་བརྩམས་ཏེ་བསྒོམ་པ་དང་། གཞན་ལས་བརྩམས་ཏེ་བསྒོམ་པ་ལ་ཁྱད་པར་གང་ཡང་ཡོད་པ་མ་རེད། མདོར་ན་རང་ཉིད་ཀྱི་ཆགས་པ་འདིས་དབང་གིས་སྤྱི་ཚོགས་དང་རང་གི་འཁོར་ཡུག་ལ་རྙོག་དྲ་མི་བཟོ་བའི་ཆེད་ཁོ་ན་རེད། ཕོ་མོའི་ལུས་ལ་ཁྱད་པར་གང་ཡང་ཕྱེ་མེད་པ་རེད།
འོན་ཀྱང་སྤྱོད་འཇུག་ན་མོ་ལས་ཕོའི་ལུས་ཚིག་ཟིན་ལ་མེད་པ་དེ ༧གོང་ས་མཆོག་གི་གསུང་ཆོས་གར་ཡོད་ལ་གསུངས་བཞིན་པ་དེ་ག་རེད། ཞི་བ་ལྷས་ཐོག་མར་སྤྱོད་འཇུག་གསུངས་ས་དེ་ན་ལེན་དྲའི་ཆོས་ཐུན་ལྟ་བུར་གསུང། དེ་ནི་གསུངས་ས་ཁོ་རང་སྐྱེས་པ་ཁོ་རང་མ་གཏོགས་མོ་མེད། དེའི་ཆགས་ཡུལ་གྱི་དབང་དུ་བྱས་པ་རེད། གལ་ཏེ་གསུངས་ས་ལ་མོ་ཡོད་པའི་དབང་དུ་བྱས་ན་དེ་བཞིན་ཕོའི་ལུས་ལ་སྦྱར་རྒྱུ་རེད་གསུངས་པ་འདི་ནི་གདམས་ངག་ཁྱད་པར་ཅན་རེད། འདི་གོ་དགོས་པ་རེད།
དེ་མིན་ལྷ་ཁང་སོགས་ཀྱི་ནང་དུ་ཟེར་བ་དེ་ཁྱོད་ཀྱི་དོག་པའི་འབྱུང་རྐྱེན་དེ་དགེ་ཆོས་ཀྱིས་བཤད་པ་དེ་བསྐྱར་བ་ཙམ་ཡིན་ན་ཡང་། གོང་དུ་མེ་ཏོག་དཀར་པོའི་ལན་གསུངས་ཟིན་པ་དེ་ལྟར་རེད། དེ་བཞིན་འཛིན་འཚལ་ལོ།
༧ གོང་ས་མཆོག་གིས་གསུངས་སྤྱོད་འཇུག་དེ་ན་ལེན་ཊའི་ཆོས་ཐུན་ལྟ་བུར་གསུངས་ཟེར་ན། དེ་ཐོག་མར་བསྟན་བཅོས་ཀྱི་རང་བཞིན་དུ་མ་བརྩམས་པར། དགོན་པའི་གྲྭ་མང་ལ་ཆོས་ཀྱི་བསླབ་བྱ་འམ། འབེལ་གཏམ་གྱི་ཚུལ་དུ་གསུངས་པ་རེད། ཁོང་ཚོ་ལ་དམིགས་བསལ་གྱིས་གསུངས་པ་རེད། འོན་ཀྱང་རྗེས་འཇུག་སློབ་མ་རྣམས་ཀྱིས་ཟིན་བྲིས་སུ་མཛད། དེ་ཡང་རྗེས་ནས་བསྟན་བཅོས་ཀྱི་ཚུལ་དུ་སོང་བ་ཞིག་རེད། འདི་ནི་གོང་ས་མཆོག་གཅིག་བུ་མིན་པར་། ཏ་ར་ན་ཐ་ཡིན་ན་ཅིག་གིས་གསུངས་ན་ཡང་ཡོད་ཡོད་འདྲ་དྲན། གསལ་བོ་ཞིག་མི་དྲན།
དང་པོ་ལུས་སེམས་བསྐྱེད་པའི་མ་། །བར་ཏུ་ཟིང་ཟིང་སྤྱིན་པའི་མ་།། མཐར་་ཐར་ལམ་སྟོན་པའི་མ་།། མ་དྲིན་མོ་ཆེ་༼མ་ལམ་སྒྲོན་མ་༽ལ་གསོལ་བ་འདེབས་། ཚིག་འདི་ད་གོ་མྱོང་གོ་མྱོང་ཞིག་རེད། འོ་དེ་རེད། འདི་གཅོད་ཞི་བ་ལམ་ཟབ་ནང་གི་ཚིག་ཞིག་ཡིན་ས་ཡོད། འདི་ད་ཚིག་ངའི་རྣ་བར་སྙན་པའི་སྙན་ངག་ཆེ་ཤོས་དེ་ཡིན། སྔོན་ཆད་ཁ་ཤས་ཀྱིས་དེང་རབས་སྙན་ངག་བསྐྱོར་དུས། ངས་ཞི་བ་ལམ་ཟབ་འདི་བསྐྱོར་གི་ཡོད།
ཞི་བ་ལམ་ཟབ་ཀྱི་ནང་དུ། ཐ་མར་སྐྱེ་མེད་སྟོན་པའི་མ། །མ་ལབ་སྒྲོན་མ་ལ་གསོལ་བ་འདེབས། །ཞེས་པ་མ་གཏོགས་ཐར་ལམ་སྟོན་པའི་མ། །ཞེས་གསུངས་མེད། དོན་འདྲ་ཡང་ཚིག་མི་འདྲ་བ་དེ་ཙམ་རེད། ངའི་འདིར་ཞི་བ་ལམ་ཟབ་ཀྱི་དཔེ་ཆ་ཡོད་པས་འདི་ལ་ཡིད་རྟོན་བྱེད་ཆོག
ཀླུ་སྨྱོན་དེ་ཀ་རང་རེད་།ངས་ལུང་དྲངས་བ་ནོར་འདུག་།་དག་སེལ་བྱས་པ་ལ་ཐུགས་རྗེ་ཆེ་།
ཡིན་ན་ཡང་ཞི་བ་ལམ་ཟབ་ཀྱི་ནང་དུ་ཡང་། སྐྱེ་བ་དམན་ལ་དགོངས་མཐོ་མ། །སྐུ་གཟུགས་ཆུང་ལ་གཟི་ཆེན་མ། །སྐུ་མདོག་དཀར་ལ་འོད་འཕྲོ་མ། །མ་ལབ་སྒྲོན་མ་ལ་གསོལ་བ་འདེབས། །ཞེས་སྐྱེ་བ་དམན་པའི་ཚིག་འདི་ཐོན་འདུག
ཀླུ་སྨྱོན་་”ཐ་མར་སྐྱེ་མེད་སྟོན་པའི་མ།”ཞེས་བ་་དེ་འགྲིག་འདུག་།
་ཡིན་ནའང་།་སྐབས་འགར་ །མ་ལབ་སྒྲོན་མ་ལ་གསོལ་བ་འདེབས།སྐབས་འགའ་མ་དྲིན་མོ་ཆེ་ལ་གསོལ་བ་འདེབས་།ཞེས་འདོན་དགོས་ཡོད་།་རྒྱུ་མཚན་ནི་་ཕ་བརྒྱུད་དང་མ་བརྒྱད་ཀྱི་ཁྱད་པར་རེད་།་མ་བརྒྱུད་ཀྱི་སྐབས་སུ་།མ་དྲིན་མོ་ཆེ་ལ་གསོལ་བ་འདེབས་ཞེས་འདོན་ཀིན་ཡོད་།
ཕ་བརྒྱུད་ཀྱི་སྐབས་སུ་དེ་འདྲ་བྱས་ནས་མི་འདོན་།མདོ་སྨད་ཀྱི་ཕྱོགས་སུ་དར་བའི་གཅོད་ལུང་ནི་།ཕལ་ཆེར་བླ་བྲང་གི་བསོད་གྲགས་རིན་པོ་ཆེ་དང་།བླ་ཁོ་རིན་པོ་ཆེ་གཉིས་ཀྱི་རྒྱུད་པ་རེད་འདུག་།
འོ་ད་དེ་ཟེར་ན་སྤྱོད་དེ་གསང་འཚམ་ཟེར་བ་ཞིག་འགྲོ་རྒྱུ་ཡོད། དེའི་སྐབས་སུ་མ་ཡུམ་ཆེན་ཟེར་ནས་གདངས་རིང་པོ་ཞིག་མགོ་བོ་འདར་ཞོར་དུ་འཐེན། ད་དུང་མགོ་བོ་འདར་བ་དེ་རྒན་འགོ་ཚོའི་མགོ་བོ་འདར་སྟངས་ལྟར་བྱེད་དགོས་པ་རེད་ཟེར། དེ་ཡང་སྔར་མ་ཅིག་ལམ་སྒྲོན་གྱི་སློབ་མ་འམ་ཡང་སློབ་དམ་ཆོས་འཚོ་མོ་ཟེར་བ་དེས་གཅོད་གྱི་གདམས་པ་འདི་སྤེལ་ས་མ་རེག་པར་ལོ་ཆེན་པོ་ཆགས། དེ་ཡང་ལུང་སྟོང་ཞིག་ནས་དགོང་ལོ་བརྒྱ་དང་བཅོ་ལྔ་ཙམ་ལ་བསྡད་པའི་རྗེས་སུ་ཁོང་གི་སློབ་མ་དེ་དང་ཕྲད་ནས་གདམས་པ་དེ་གནང་པ་རེད་ཟེར། དེའི་སྐབས་སུ་མོས་མགོ་འདར་སུག་སུག་དང་། དབྱངས་རྟ་གདེངས་རིང་པོ་དེ་ལྟར་བཏོན་པ་རེད་ཟེར། དེ་ནས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟ་བུ་ཆགས་པ་ཡིན་ཚོད། གསར་བུ་ཞིག་གསང་འཚམ་ལ་འགྲོ་ན་ཡང་གདངས་རྒན་འགོ་ལྟར་འདར་དབྱངས་དེ་འཐེན་དགོས་ལ། མགོ་བོ་ཡང་དབྱངས་དང་འགྲོག་ནས་འདར་སིག་སིག་བྱེད་དགོས།
འ་འ་འ། བོང་རྫི་འདི་ཞིབ་ཆ་ཟིག་ཡོད་ཀི དེ་ག་རེད། ཚིག་འདོན་སྟངས་དེ་འདྲ་རེད། དེ་ཚོ་ཚང་མ་དགོངས་གཅོད་ཡིན་ན། མ་ཅིག་དགོངས་རྒྱན་ཡིན་ན་ཅིག་ན་ཡོད་ས་ཡོད་ཡ། བསོད་གྲགས་ཀྱི་རྒྱུན་དེ་ཅུང་ཟད་གུ་དོགས་པ་དང་། ཡང་བླ་ཁོ་རིན་པོ་ཆེའི་གསུངས་དེ་ཅུང་ཟད་གུ་ཡངས་པའི་བཟོ་འདྲ་ཡོད་ས་རེད། བསོད་གྲགས་ལྟར་ན་གསང་འཚམ་གྱི་རྗེས་སུ་ཆུ་མིག་བརྒྱ་རྩ་བར་དུ་ངེས་པར་དུ་ཉིན་རེའི་ཞལ་འདོན་བྱེད་དགོས་ལ། ཡང་ཨ་ལགས་བླ་ཁོ་ཚང་གི་ཕྱག་རྒྱུན་ལྟར་ན་གསང་འཚམ་གྱི་རྗེས་སུ་ཉིན་རེའི་ཞལ་འདོན་མ་བྱས་ན་ཡང་འགྲིག རྗེས་སུ་ཆུ་མིག་བརྒྱ་རྩ་འགྲིམ་ན་འགྲིག དེ་འེ་རེད།
འོ་བོང་རྫི་ལ་ཞུ་དག་གཅིག་གཏོང་དགོས་བྱུང་སོང་དགོངས་དག གཅོད་དབང་ཟེར་དགོས་པ་རེད། གཅོད་ལུང་ཟེར་ན་དེ་ཙམ་གྱིས་གསང་འཚམ་དང་ཆུ་མིག་བརྒྱ་རྩ་སོགས་འགྲིམ་ཆོག་གི་ཡོད་ཀྱི་མ་རེད། ལས་བཞི་སོགས་ཕར་ཞོག
མགོ་བོ་གཡུགས་ཟེར་ན་མི་ཤེས་།རྡོ་རྗེ་གར་ཟེར་བ་ཞིག་འཁྲབ་རྒྱུ་ཡོད་།དེ་དེང་དུས་ཀྱི་ཞབས་བྲོ་འདྲ་བ་ཞིག་ཀྱང་ཡོད་།
གཅོད་ཀྱི་དབྱངས་རྟ་དེ་ཧ་ལས་བའི་སྙན་པོ་དང་།ཡ་མཚར་བོ་ཞིག་ཡོད་།ལྷག་པར་ཏུ་མོ་སྐད་ལྷང་སེ་ཡོད་པ་ཤིག་གི་བཏོན་ཚེ་མིག་ཆུ་ཁྲུལ་ལེ་མི་གཏོང་བ་ཤིག་ཧ་ལམ་མེད་ཟེར་ན་མི་ཆོག་།།ཌ་མ་རུ་དང་མཉམ་དུ་བཏོན་ཡོང་དུས་།མི་ཟད་པའི་སྐྱིད་པོ་དང་།སེམས་ལྷོད་ལྷོད་པོ་འདྲ་བའི་སྣང་བ་སྟེར་།ངས་ཉིན་ཞིག་ལ་།ང་སྡོད་སའི་ཕྱི་རྒྱལ་གྱི་འགའ་ཤས་དེ་ལྟར་དབྱངས་སུ་གྱེར་ནས་བཏོན་པ་ན་།ཁོ་ཚོས་དངོས་གནས་སྙན་པོ་འདུག་།གླུ་དབྱངས་དེ་སུས་བླངས་བ་རེད་དམ་ཞེས་དྲིས་བྱུང་།
སྟབས་ལེགས་པ་ཤིག་ལ་།ད་དུང་དབྱངས་ཀྱི་བང་མཛོད་དུ་གྱུར་ཡོད་པའི་ཆོས་སྒྲ་་དེ་དག་།ད་དུང་ལུང་བ་ཁུག་ཀྱོག་རེ་ན་།གྲྭ་བ་ཤམ་ཐབས་སྣུམ་གྱི་བཀང་བ་འགའ་ཤས་ཀྱིས་བཟུང་འདུག་།མི་རབས་རྗེས་མ་ཤིག་ལ་སུས་ཤེས་།
དེ་དང་བསྡུར་ན་།མགོན་ཆོས་ཀྱི་དབྱངས་རྟ་དེ་ཚོ་དེང་དུས་ཀྱི r་ock music་ལྟ་བུ་ཡོད་།
ཙི་ནའི་ཡུལ་གྱི་ཞང་ཁང་ཞིག་ནས། །
ཕོ་མོའི་ཐོབ་རྩོད་པའི་བར་ནས། །
ཨ་མ་ལབ་སྒྲོན་བར་དུ་སླེབས་པའི། །
ཁ་བརྡའི་ཁ་བརྡ་ཡ་མཚན་ཆེ་སོང་། །
ཙི་ནའི་ཡུལ་གྱི་ཞང་ཁང་ཞིག་ནས། །
ཕོ་མོའི་ཐོབ་ཐང་རྩོད་པའི་བར་ནས། །
ཨ་མ་ལབ་སྒྲོན་བར་དུ་སླེབས་པའི། །
ཁ་བརྡའི་ཁ་བརྡ་ཡ་མཚན་ཆེ་སོང་། །
མ་ཡུམ་ཆེན་གི་དབྱངས་རྟ་དང་། རྡོ་རྗེའི་གར་གཉིས་ལོག་ཀ་རེད། རྡོ་རྗེའི་གར་དེ་གཅོད་ཊར་དང་ལྷན་དུ་ཚིག་བརྒྱད་ཡིན་ན་ཅིག་ཡོད་པ་རེད། རྡོ་རྗེའི་གར་དེ་གསང་མཚམས་ལ་འགྲོ་བའི་ཐོག་མའི་གོམས་སྟབས་ཞིག་ཀྱང་རེད། ཆུ་མིག་བརྒྱ་རྩ་འགྲིམ་ན། ཐོག་མར་གཅིག་དང་། བར་དུ་གཅིག མཐའ་མའི་ཉིན་བདུན་གྱི་མཚམས་དེར་གཅིག་བཅས་ཡོད་པ་རེད། འོན་ཀྱང་གསང་མཚམས་ལ་འགྲོ་མཁན་རྣམས་ལ་ཉིན་རེའི་གོམས་སྟབས་དང་པོ་དེ་རྡོ་རྗེའི་གར་གྱི་ཐོག་ནས་འགྲོ་དགོས་པ་རེད། ང་ཚོ་ཡོད་ས་དེ་ན་སན་ཁྲོན་པའི་བྱི་ལི་བྱི་མོ་མང་པོ་རྡོ་རྗེའི་གར་ལ་ལྟ་གི་ཡོང་ནས། ཨ་ཁ་མིན། བུའུ་ཐེའུའོ་ཀྲི ཡིན་ན་ཅིག་ཟེར་གི་རེད།
མ་ཡུམ་ཆེན་གྱི་དབྱངས་རྟ་ནི་རྐྱང་འཐེན་རེད། རྐྱང་འཐེན་ཟེར་ན་རོལ་ཆ་གཞན་དང་མ་འདྲེས་པའི་ཐོག་ནས། གསང་མཚམས་ལ་འགྲོ་མཁན་ཁ་ཤས་ཡོད་ན་ཚང་མས་ཉན་བསྡད། དབུ་མཛད་དེས་འཐེན་དགོས་བའི་དབྱངས་ཞིག་རེད། དེ་བས་ནས་དབུ་མཛད་་དེས་ངེས་པར་དུ་མགོ་ལྕོག་ལྕོག་གིས་རྒན་ཚུགས་དོད་དགོས་པ་རེད། རྒྱུ་མཚན་དམ་ཆོས་མཚོ་མོའི་སྐབས་སུ་གཅོད་རྒྱུན་དེ་སྤེལ་ས་མ་རེག་པར་མོ་རང་ལོ་བརྒྱ་དང་བཅོ་ལྔ་བཞུགས་ནས་ལོ་བརྒྱ་དང་བཅོ་ལྔ་ཐོག་ནས་གཅོད་རྒྱུན་དེ་དམ་པ་སངས་རྒྱས་ཡིན་ན། མོ་རང་གི་སློབ་མ་དེར་སྤཻལ་བ་རེད་ཟེར་ནས་ཡོད་པ་དེ་གའི་ཕྱག་ལེན་རེད།
དེ་མོ་མ་དང་མོ་ནི་མི་ཤེས་།༼རྩེད་མོ་ཡིན༽་
ཐོག་མར་གསང་འཚམས་།དང་ཆུ་མིག་གང་ལ་འགྲོ་དགོས་ཡང།ཐོག་མར་དབུ་མཛད་ཅིག་གིས་།
མ་མུམ་ཆེན་་ན་་་་་་་་་་་་་་་ཐིག་ལེ་་་་་་་་་་་འཁྲུངས་སེལ་མ་།ཞེས་དབྱངས་སུ་གྱེར་།་དེ་ནས་ཀུན་གྱིར་ཌ་མ་རུ་དཀྲོལ་ཞོལ་ཏུ་།མཉམ་དུ་
ཕ་རོལ་ཕྱིན་པའི་བསྟན་འཛིན་མ་།སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ་།ལ་ལབ་སྒྲོན་མ་ལ་གསོལ་བ་འདེབས་།ཞེས་དབྱངས་སུ་གྱེར་ནས་།རྡོ་རྗེ་གར་འཁྲབ་ཐེངས་གསུམ་ལ་འཁྲབ་།དེ་ནས་སྤྱོད་དཔོན་གྱི་མ་གཏོགས་པའི་ས་ཆ་ཤིག་ཏུ་ཁྲིད་འགྲོ་།
དབང་ཐོབ་མ་ཐག་ཏུ་།དང་པོ་གསང་གསང་འཚམས་ཟེར་ནས་།ཉིན་བདུན་།དེ་ནས་ཆུ་མིག་འགྲོ་རོགས་བར་ཏུ་ཉིན་རེ་ཁ་ཏོན་མ་ཆགས་པ་ཤིག་བྱས་།དེ་ནས་ནང་མཚམས་ཉིན་བདུན་།དེ་ནས་ཕྱི་མཚམས་ཉིན་འདུན་།བར་མཚམས་ཉིན་བདུན་།མཚམས་ཉིན་བདུན་།ཆུ་མིག་བརྒྱ་དང་།བརྒྱད་འགྲིམས་དགོས་བ་ཞིག་ཡོད་།
གྲལ་སྒྲིག་ནས་།ལོ་ཆུང་ཆུང་དུ་དེ་ཚོ་མཐའ་མཇུག་ཏུ་ཡོད་ཕྱིར་།ཤིན་ཏུ་སྐྲག་དགོས་བ་ཞིག་ཡོད་།ཐུན་བཟུང་ནས་བསྡད་ཕྱིར་།མཚམས་རེ་སྐྲག་འདུག་མི་ཐུབ་པ་།སྐབས་འགའ་།ཨ་མ་ལབ་སྒྲོན་གྱི་མདུན་དུ་ཡོད་ཅེས་བའི་ཨ་མ་བྱམས་བརྩེ་ལྡན་པ་རེ་མིག་ལམ་དུ་འཆར་རྒྱུ་ཡོད་ཚོད་རེད་།
ད་དེ་ཚོ་བཤད་མི་ཡོང་།རྨི་ལམ་ལྟ་བུ་ཤིག་ཏུ་མཐོང་གིན་འདུག་།མི་ཚེ་ཟེར་བ་འདི་དངོས་གནས་ཡ་མཚར་པོ་རེད་།
མ་ལབ་སྒྲོན་མ་མ་ལ་གསོལ་བ་འདེབས་ཞེས་བཅོས་རོགས་།
ཚིག་གཉན་པ་འདི་ཚོ་འབྲི་དུས་ཤིན་ཏུ་ནས་གཟབ་དགོས་།རྗེས་སུ་ང་ལ་གཅོད་ཀྱི་སྐོར་ཁ་མ་སློང་།ངས་ཕ་རྒྱུད་མ་རྒྱུད་ཀྱི་གསང་བ་དེ་ཚོ་ཁ་ནས་ཤོར་ཡོང་གིན་འདུག་།
མ་རེད་དམ་།
འ་འ་།ཡིག་ནོར་རྐྱང་རྐྱང་རེད་།
ཆོས་ཚིག་ལ་ཡིག་ནོར་ཡོད་མ་ཉན་།
མ་ཡུམ་ཆེན་ཐིག་ལེ་འཁྲུངས་སེ་མ་།ཕ་རོལ་ཕྱིན་པའི་བསྟན་འཛིན་མ་།
སྐལ་ལྡན་ཀུན་ཀྱི་རྒྱུད་གྲོལ་མ་།མ་ལབ་སྒྲོན་མ་ལ་གསོལ་བ་འདེབས་།
འདི་རང་མོས་སྙན་ངག་རེད་དམ་།ཚིག་རྐང་དོ་མི་མཉམ་པ་ཤིག་འདུག་།མ་རེད་དམ་།
མེ་ཏོག་དཀར་པོ་དང་གཞོན་ནུ་ཟླ་མེད་ཟུང་ལ།
ཁྱེད་གཉིས་ཀྱིས་འདི་འདྲ་གསུངས་འདུག་མི་སྡུག་པ་སྒོམ་པ་དེ་རང་རྒྱུད་ཀྱི་ཉོན་མོངས་འགོག་ཐབས་སུ་ཡུལ་བུད་མེད་མི་གཙང་བ་སྒོམ་དགོས་པ་དེ་ཉན་ཐོས་སྡེ་གཉིས་ཀྱི་མགོར་གཡོགས་འདུག།དེ་ཤིན་ཏུ་ནི་མི་འཐད་དེ་བདེན་བཞིའི་ལོག་ཤུགས་བཅུ་དྲུག་ལ་ཡག་པོ་གཟིགས་དང་ཉན་ཐོས་ཐེག་པའི་ལུགས་ཁོ་ན་རེད་དམ།
སྤྱིར་མི་སྡུག་པ་སྒོམ་པ་པོ་གང་ཟག་སུས་ཀྱང་མི་སྡུག་པ་སྒོམ་པའི་ཚེ་རང་གི་ཆགས་ཡུལ་དུ་གྱུར་བའི་བུད་མེད་ཡོད་ངོ་ཅོག་གི་ལུས་དེ་དངོས་གནས་དྲང་ནས་མི་སྡུག་པ་དང་མི་གཙང་བ་དྲི་མ་ཅན་ད་དུང་མི་གཙང་བའི་སྣོད་ཡིན་པ་སྒོམ་ནས་རང་རྒྱུད་ཀྱི་ཉོན་མོངས་དེའི་མགོ་བཅོམ་པ་རེད་མ་གཏོགས།
ཁྱེད་གཉིས་ཀྱིས་བཤད་པ་ལྟར་དུ་ཡིན་ན་ནང་འགལ་མི་ཉུང་བ་ཞིག་ཡོང་གིན་འདུག།ཁྱེད་རང་གཉིས་ཀྱིས་མཁྱེན་དགོས་པ་ཞིག་ལ་མི་སྡུག་པ་སྒོམ་པའི་ཚེ་ང་རང་གི་སྒོམ་ཡུལ་དུ་གྱུར་བའི་བུད་མེད་དེ་ཚོ་ངས་ཆགས་པ་གཞོམ་པའི་སླད་དུ་ངའི་བློ་ངོར་རུ་དེ་ལྟར་སྒོམ་པ་ཡིན་གྱི་དོན་ལ་ངའི་སྒོམ་བྱའི་ཡུལ་དུ་གྱུར་བའི་བུད་མེད་དེ་ཚོའི་ལཌྷུས་སྡུག་པ་དང་ལུས་གཙང་བ་ལུས་དྲི་ལྡན་ཅན་གྱི་སྒོམ་པ་ཡིན་ན་རང་རྒྱུད་ཀྱི་ཆགས་སྲེད་་ཟློག་ག་ལ་ནུས།
དེ་དོན་ལ་བསམ་གཞིག་ནན་མོ་ཞིག་གནང་རོགས་ཞུ།།
དྲྭ་གྲོགས་མང་པོ་ཞིག་གིས་འདིར་མ་དང་བུད་མེད་སྐྱེ་དམན་སོགས་ཀྱི་སྐོར་ལ་ཞིབ་དཔྱོད་མང་པོ་ཞིག་གནང་འདུག་འོན་ཀྱང་ངས་ད་བར་དུ་འདིར་ལྟ་ཁོམ་ཞིག་མ་བྱུང་བ་མ་ཟད་རྩོམས་དང་མཆན་རྣམས་ཀྱང་ཞིབ་ཕྲ་ཞིག་བཀླག་པའི་ལོང་ཁོམ་ཀྱང་མ་བྱུང་མོད།
མདོར་ན་ངས་བཤད་འདོད་པ་ནི་བུད་མེད་རྣམས་ལ་བོད་ཀྱི་ནང་བསྟན་ནམ་བོད་ཀྱི་ཆོས་གཞུང་རབ་བྱུང་ཕོ་ཡི་འདུལ་སྡེ་སོགས་དར་ཁྱབ་ཤིན་ཏུ་ཆེ་བ་བྱུང་བའི་རྒྱུ་མཚན་གྱིས་བུད་མེད་རྣམས་ལ་དམའ་འབེབས་པའམ་སྐྱོན་བརྗོད་པའི་ཚིག་མི་ཉུང་བ་ཞིག་ཐོན་བཞིན་ཡོད། ཐ་ན་སྐྱེ་དམན་ཞེས་འགྲོ་བ་མི་ཡི་སྐྱེ་བ་ནང་གི་དམན་པའི་ལུས་ཅན་ཞེས་ཀྱང་བཤད་སྲོལ་བྱུང་བ་དངོས་བདེན་རེད།འོན་ཀྱང་དེ་ནི་འབྲི་ནོར་བྱུང་བའམ་བཤད་གཡམ་ངན་པ་ཞིག་གིས་དེ་ལྟར་བྲིས་པ་ལས་དོན་དུ་དེ་ལྟར་བྲིས་ན་མི་རུང་བ་ལུང་རིགས་ཀྱིས་གནོད་པ་མང་པོ་ཞིག་འབྱུང་གི་ཡོད།
དོན་དུ་ག་འདྲ་འབྲི་དགོས་ཟེར་ན།སྐྱེ་སྨན་ཞེས་འབྲི་དགོས་འབྲི་སྟངས་འདི་ནི་ལུང་ལས་གསལ་བ་མ་ཟད་རིགས་པ་དང་ལོ་རྒྱུས་གོ་དོན་སོགས་གང་ནས་ཀྱང་འདི་འདྲ་ཞིག་འབྲི་དགོས་པ་བསྟན་ཡོད།དེས་ན་ཕྱི་རབས་པ་རྣམས་ཀྱིས།སྐྱེ་སྨན་ཞེས་འབྲི་རོགས།
དེ་ལྟར་བྲིས་ན་འགྲོ་བ་མི་ཡི་ཀུན་སྤྱོད་དང་མཐུན་པ་མ་ཟད་བུད་མེད་རྣམས་ལ་འགྲོ་བ་མི་ཡི་ཐོབ་ཐང་མི་འདུག་ཅེས་ཀྱང་ཤོད་རྒྱུ་མེད་པ་ཞིག་འབྱུང་དེ་མིན་བོད་ཀྱི་ནང་བསྟན་གྱིས་བུད་མེད་རྣམས་ལ་འགྲོ་བ་མི་ཡི་ཐོབ་ཐང་གཏེར་གྱི་མི་འདུག་ཟེར་བ་དང་བོད་ཀྱི་ནང་བསྟན་ལ་ངན་སྨྲས་བྱེད་པའང་བྱུང་དང་འབྱུང་སྲིད་པ་རེད།
སྐྱེ་སྨན། སྐྱེ་སྨན། སྐྱེ་སྨན། འགྲོ་བ་ཕོ་ཡི་སྨན་དུ་གྱུར་བའི་སྐྱེ་བ་རྒྱལ་འགྱུར་ཅིག
ཨ་ཅག་ཆོས་དབྱིངས་ཀྱིས་གསུངས་པ་དེ་ག་རང་རེད།གོ་ཐོས་སུ་ནང་ཆོས་ལ་མདོ་སྡགས་གཉིས་སུ་དབྱེ་བ་འབྱེད་ཀྱི་འདུག་བས་སྔགས་ཕྱོགས་ནས་བཤད་ན་བླ་མ་དེ་ཚོས་རིག་མ་བཞེས་ཆོག་གི་རེད་ཅིག་བའི་ང་ཚོའི་དམངས་ཁྲོད་ན་དར་ཁྱབ་ཤིན་ཏུ་ནི་ཆེ།དེ་འདྲ་སོང་ཙང་ངས་ཀྱང་དེ་དང་མཐུན་པའི་གྲུང་ཐུང་ཞིག་བཤད་ན་བསམ་བྱུང་ཉིས་སྟོང་བཞའིི་ལོའི་ཧོར་ཟླ་དྲུག་པ་ནང་དུ་བླ་མ་ཆོས་བ་ཞིག་རྒྱ་ནག་པེ་ཅང་དུ་སོང་ནས་རྒྱ་རིགས་ཆོས་དད་པ་མི་ཉུང་བ་ཞིག་ལ་དབང་ལུང་མང་པོ་གནང་བ་རེད།
ང་ལ་རྒྱ་མོ་གྲོགས་མོ་ཞིག་ཡོད་མོའི་མིང་ལ་ལི་ཞོ་ཧྥ་ཟེར་མོ་རང་ཆོས་དད་ཧ་ཅང་ཆེ་ལ་རྒྱུ་ནོར་ཡང་གྱ་ནོམ་པ་ཡོད་མོའི་ཁྱོ་ག་ལག་ཁྱེར་ཁ་པར་དང་མིག་ཤེལ་སོགས་ཀྱི་ཚོང་ལས་གཉེར་མཁན་གྱི་མི་ཞིག་རེད།མོ་རང་བླ་མ་དེའི་བདག་སྤྱིན་ཡག་པོ་ཞིག་ཆགས་ཡོད་ལ་བླ་མས་བཀའ་གསུང་ཅི་སྒྲུབ་བྱེད་མཁན་ཞིག་ཡང་ཡིན།ཉིན་གཅིག་ངེད་གཉིས་སྐད་ཆ་བཤད་དུས་མོར་བུ་ཞིག་བཙའ་བའི་འདོད་པ་བཤད་སོང་ལ་དེ་དུས་མོའི་ཁོག་ཏུ་ཟླ་བདུན་དང་ཕྱེད་ཀ་ལོན་བའི་ཕྲུག་གུ་འདུག།
རྗེས་སུ་བླ་མས་གསུངས་བ་ལ་སྡགས་ཕྱོགས་ནས་བཤད་ན་བུད་མེད་ལ་བཟུངས་འཇུག་འཇོག་པ་ཡོད་པ་རེད་ལ་བཟུངས་འཇུག་ཡག་པོ་བྱུང་ན་བུ་བཙའ་བ་ཕན་ཐོགས་ཡོད་སྐོར་མང་པོ་བཤད་དེ་བླ་མས་སྤྱིན་བདག་མ་སྤྲུམ་ལ་བཟུངས་འཇུག་ཕུལ་བ་རེད།རྗེས་སུ་བཟུངས་འཇུག་གིས་རྐྱེན་པས་སྤྱིན་བདག་མའི་ཟླ་བརྒྱད་དུ་ཁུར་བའི་ཕྲུག་གུ་དེ་ཡང་གྲོད་ཁོག་ནས་ཤི་སོང་བ་རེད།འདི་སྐོར་ངས་རྗེས་དེབ་ཅིག་འདོན་གྱི་ཡིན་པའི་དེའི་ནང་དུ་གསལ་བོ་བྲིས་ཡོད།
གཅིག་བྱས་ན་བུད་མེད་འགྲོ་མི་ཆོག་པའི་ལྷ་ཁང་ངམ་དགོན་པར་ཡང་སྔགས་ཀྱི་གསང་བ་དེ་འདྲ་ཞིག་ཡོད་མིན་འགྲོ།།
དྲ་གྲོགས་ཚོས་ནང་ཆོས་སྐོར་ལ་བགྲོ་གླེང་ཡག་པོ་གནང་གིན་འདུག།ང་ལ་ཚིག་ཁ་ཤས་ཞིག་བཤད་ཆོག་པ་ཞུ།
ཉེ་ཆར་ཧྥ་རན་སིའི་གྲོགས་པོ་ཁ་ཤས་ཤིག་ངས་ཁོ་ཚོ་ཁྲིད་དེ་དགོན་པ་ཁ་ཤས་ལ་མཇལ་བསྐོར་དུ་ཕྱིན་པ་ཡིན་དགོན་པ་གཅིག་གི་རྩིག་ངོས་སུ་ལྷ་དང་ལྷ་མོ་གཉིས་འཁྲིག་སྤྱོད་བྱེད་པའི་ཐང་ག་ཆེན་པོ་ཞིག་འདུག་ད་དུང་དེ་སྒང་ལ་ཁ་བཏགས་ཤིག་གཡོགས་འདུག།
ཕྱི་རྒྱལ་བ་དེས་པར་ཞིག་བརྒྱབ་སོང་ལ་ད་དུང་ཁོའི་མིག་གིས་ཅར་ནས་བལཌྷྟས་སོང་རྗེས་སུ་ང་ལ་དེའི་རྒྱུ་མཚན་ག་རེ་རེད་ཅེས་དྲིས་སོང་།ང་ལ་ལེན་འདེབས་རྒྱུ་རྙེད་མ་སོང་བས།དེ་ནས་གྲྭ་བ་ཞིག་འདུག་ཁོ་ལ་དེའི་སྐོར་དྲིས་བྱུང་གྲྭབ་དེས་ངས་ཤེས་ཀྱི་མེད་གང་ལྟར་དགོན་པ་མང་པོ་རྩིག་ངོས་སུ་དེ་འདྲ་མང་པོ་ཡོད་པ་རེད་ཅེས་གསུངས་སོང་།ངས་བཤད་པའི་སྐད་ཆ་འདི་ཡང་ནང་ཆོས་ལ་འབྲེལ་བ་ཏན་ཏན་ཡོད་ཀྱི་རེད་བསམ་བྱུང་།
འདི་སྐོར་ཤེས་མཁན་ཡོད་ཚེ་ལན་གསལ་བོ་ཞིག་གནང་བའི་རེ་བ་ཡོད།།
སྤྱིར་བཏང་ངས་འབྲུག་མོ་སྒྲོལ་མའི་སྐད་ཆ་ལན་ཞིག་བཏབ་ཡོད་མོད་།
དེ་ལ་ཆོས་དབྱིངས་དང་།འབྲུག་མོ་གཉིས་ཀྱི་ང་ལ་ལན་བཏབ་མི་འདུག་།དེ་ཡང་སྐྱོན་མི་འདུག་།
་འདི་བཤད་དགོས་བ་ཞིག་ནི་།
ཡང་འདིར་ཁ་ཅིག་གིས་ཅི་སྙམ་པར་ནུབ་ཀྱི་བུད་མེད་ཀྱི་ལྟ་གྲུབ་དག་་(Feminist theory)འཕྲོས་ཏེ་།གཞུང་ལུགས་ཞིག་་ཡ་མ་ཟུང་མང་པོ་ཞིག་།ཅི་ཞིག་ཧ་ལས་ཁུལ་གྱི་་བོད་དུ་སྤེལ་བཞིན་འདུག་།འདི་ཡང་མ་ཤེས་ཤེས་ཁུལ་བཞག་ན་གཏན་ནས་མི་འགྲིག་།ལེགས་ཉེས་ཐམས་ཅད་ཚུལ་བཞིན་ཏུ་བཤད་ནས་།ཐམས་ཅད་གསལ་འདོན་བྱས་དགོས་།རྗེས་སུ་དགོས་མིན་གྱི་རང་ལ་དགོས་མིན་དེ་གནད་དོན་གཞན་ཞིག་རེད་།
གནད་དོན་ནི་།འགའ་ཤས་རེད་།
༼༡༽ནང་བའི་གཞུང་ལུགས་སུ་ཕོ་མོ་གཉིས་།འདྲ་མཉམ་དུ་བཞག་ཡོད་པ་རེད་དམ་།འདི་ལ་རྩོད་གཞི་མང་པོ་འདུག་།སུ་ཡིན་ཀྱང་རང་ལ་ཕན་པའི་ལུང་རེ་དྲངས་ན་འགྲིག་གི་འདུག་།
༼༢༽དགེ་སློང་་དང་མ་གཉིས་ཀྱི་ཁྱད་པར་ནི་ཏན་ཏན་བྱས་འདུག་།དེ་ཡང་འདྲ་མཉམ་ཡིན་པ་ཞིག་གི་ཐོག་ནས་ཕྱེ་བ་ཨེ་ཡིན་སྙམ་པའི་དོགས་པ་ཏན་ཏན་ཡོད་།
༼༣༽འདུལ་བ་དང་།ཆོས་ཁྲིམས་དེ་།དགོན་པ་དང་རབ་བྱུང་ཕོ་མོ་རྣམས་ཀྱི་ཐོག་ཏུ་བཀལ་ཡོད་པ་ལས་།གྲོང་བ་ཕོ་མོ་རྣམས་ཀྱི་ནང་དུ་ནམ་ཡང་བཀོལ་སྤྱོད་བྱས་མི་འདུག་།འདི་ཤིན་ཏུ་ནས་གལ་ཆེན་པོ་རེད་།ཡེ་ཤུ་དང་།ཁ་ཆེ་སོགས་མི་འདྲ་བར་།བོད་ཀྱི་དགོན་པས་།ཁྱིམ་པའི་བཟའ་ཚང་དང་།འཁྲུག་པའི་སྤྱོད་ལམ་སོགས་ལ་བཀག་སྡོམ་བྱས་པའི་ལོ་རྒྱུས་གཅིག་ཀྱང་མི་འདུག་།དེ་བས་སྔོན་དུ་བོད་མི་རྣམས་ཀྱིས་འཁྲིག་སྤྱོད་སོགས་ཀྱི་གུ་ཡངས་པོ་དང་།མེ་ཏོག་ལེན་པ་སོགས་ལ་།དོ་སྣང་ཆེན་པོ་མེད་པ་དེ་འདྲ་རེད་།
༼༤༽སྨན་ཁང་དང་།སློབ་གྲྭ་།དེ་བཞིན་སྲིད་གཞུང་རྣམས་བཙུགས་པའི་རྗེས་སུ་།རིམ་གྱིས་མི་ལུས་པོ་ལ་་དོ་དམ་བྱེད་པའི་མགོ་ཚུགས་།དེ་དུས་ཕོ་མོ་ལུས་ཀྱི་ཁྱད་པར་གསལ་བོ་འདོན་དགོས་བ་གསལ་བོ་ཆགས་པ་དང་།
དེ་ལ་བརྟེན་ནས་ཕོ་མོ་འདྲ་མཉམ་ཟེར་བ་དེ་ཛ་དྲག་ཅན་ཏུ་བསྒྱུར་བ་ཞིག་རེད་།
༼༥༽ཕོ་མོ་འདྲ་མཉམ་ཟེར་བ་འདི་།ས་ཕྱོགས་དང་།དུས་སོགས་ལ་སྤྱར་ནས་སྐད་ཆ་བཤད་པ་ཤིན་ཏུ་ནས་གལ་ཆེ་།
སྤྱིར་བཏང་ངས་འབྲུག་མོ་སྒྲོལ་མའི་སྐད་ཆ་ལན་ཞིག་བཏབ་ཡོད་མོད་།
དེ་ལ་ཆོས་དབྱིངས་དང་།འབྲུག་མོ་གཉིས་ཀྱི་ང་ལ་ལན་བཏབ་མི་འདུག་།དེ་ཡང་སྐྱོན་མི་འདུག་།
་འདི་བཤད་དགོས་བ་ཞིག་ནི་།
ཡང་འདིར་ཁ་ཅིག་གིས་ཅི་སྙམ་པར་ནུབ་ཀྱི་བུད་མེད་ཀྱི་ལྟ་གྲུབ་དག་་(Feminist theory)འཕྲོས་ཏེ་།གཞུང་ལུགས་ཞིག་་ཡ་མ་ཟུང་མང་པོ་ཞིག་།ཅི་ཞིག་ཧ་ལས་ཁུལ་གྱི་་བོད་དུ་སྤེལ་བཞིན་འདུག་།འདི་ཡང་མ་ཤེས་ཤེས་ཁུལ་བཞག་ན་གཏན་ནས་མི་འགྲིག་།ལེགས་ཉེས་ཐམས་ཅད་ཚུལ་བཞིན་ཏུ་བཤད་ནས་།ཐམས་ཅད་གསལ་འདོན་བྱས་དགོས་།རྗེས་སུ་དགོས་མིན་གྱི་རང་ལ་དགོས་མིན་དེ་གནད་དོན་གཞན་ཞིག་རེད་།
གནད་དོན་ནི་།འགའ་ཤས་རེད་།
༼༡༽ནང་བའི་གཞུང་ལུགས་སུ་ཕོ་མོ་གཉིས་།འདྲ་མཉམ་དུ་བཞག་ཡོད་པ་རེད་དམ་།འདི་ལ་རྩོད་གཞི་མང་པོ་འདུག་།སུ་ཡིན་ཀྱང་རང་ལ་ཕན་པའི་ལུང་རེ་དྲངས་ན་འགྲིག་གི་འདུག་།
༼༢༽དགེ་སློང་་དང་མ་གཉིས་ཀྱི་ཁྱད་པར་ནི་ཏན་ཏན་བྱས་འདུག་།དེ་ཡང་འདྲ་མཉམ་ཡིན་པ་ཞིག་གི་ཐོག་ནས་ཕྱེ་བ་ཨེ་ཡིན་སྙམ་པའི་དོགས་པ་ཏན་ཏན་ཡོད་།
༼༣༽འདུལ་བ་དང་།ཆོས་ཁྲིམས་དེ་།དགོན་པ་དང་རབ་བྱུང་ཕོ་མོ་རྣམས་ཀྱི་ཐོག་ཏུ་བཀལ་ཡོད་པ་ལས་།གྲོང་བ་ཕོ་མོ་རྣམས་ཀྱི་ནང་དུ་ནམ་ཡང་བཀོལ་སྤྱོད་བྱས་མི་འདུག་།འདི་ཤིན་ཏུ་ནས་གལ་ཆེན་པོ་རེད་།ཡེ་ཤུ་དང་།ཁ་ཆེ་སོགས་མི་འདྲ་བར་།བོད་ཀྱི་དགོན་པས་།ཁྱིམ་པའི་བཟའ་ཚང་དང་།འཁྲུག་པའི་སྤྱོད་ལམ་སོགས་ལ་བཀག་སྡོམ་བྱས་པའི་ལོ་རྒྱུས་གཅིག་ཀྱང་མི་འདུག་།དེ་བས་སྔོན་དུ་བོད་མི་རྣམས་ཀྱིས་འཁྲིག་སྤྱོད་སོགས་ཀྱི་གུ་ཡངས་པོ་དང་།མེ་ཏོག་ལེན་པ་སོགས་ལ་།དོ་སྣང་ཆེན་པོ་མེད་པ་དེ་འདྲ་རེད་།
༼༤༽སྨན་ཁང་དང་།སློབ་གྲྭ་།དེ་བཞིན་སྲིད་གཞུང་རྣམས་བཙུགས་པའི་རྗེས་སུ་།རིམ་གྱིས་མི་ལུས་པོ་ལ་་དོ་དམ་བྱེད་པའི་མགོ་ཚུགས་།དེ་དུས་ཕོ་མོ་ལུས་ཀྱི་ཁྱད་པར་གསལ་བོ་འདོན་དགོས་བ་གསལ་བོ་ཆགས་པ་དང་།
དེ་ལ་བརྟེན་ནས་ཕོ་མོ་འདྲ་མཉམ་ཟེར་བ་དེ་ཛ་དྲག་ཅན་ཏུ་བསྒྱུར་བ་ཞིག་རེད་།
༼༥༽ཕོ་མོ་འདྲ་མཉམ་ཟེར་བ་འདི་།ས་ཕྱོགས་དང་།དུས་སོགས་ལ་སྤྱར་ནས་སྐད་ཆ་བཤད་པ་ཤིན་ཏུ་ནས་གལ་ཆེ་།
བྱ་བ་བཟང་ངན་གང་ཡིན་ཡང་མིས་ཕར་མིང་གཏགས་པ་ཞིག་ལས་རང་ངོས་ནས་གྲུབ་ཅི་ཅང་མེད་། དེ་ཡིན་ན་གཞན་ལ་གནོད་པ་མ་བྱེད་པའི་སྒོ་ནས་སོ་སོས་རང་ལ་ཕན་པའི་བྱ་གང་སྒྲུབ་ཀྱང་འགྲུབ།
བོང་རྫི་ལགས།
༡༽ཁྱེད་ཀྱིས་བུད་མེད་ཡོད་དོ་ཅོག་ཁྱེད་རང་གི་ཨ་མའི་འདུ་ཤེས་འཛིན་ཐུབ་བམ།
༢༽ནང་ཆོས་ལ་དེ་འདྲ་གསུངས་ཡོད་པ་ལ་བརྟེན་ནས་ཁྱེད་ཀྱིས་ཚུལ་བཞིན་དུ་ལག་བསྟར་འགོད་ཀྱིན་ཡོད་དམ།
༣༽ངས་ཀྱང་ནུབ་ཕྱོགས་པའི་ལྟ་བ་དང་འགྲོ་ལུགས་འགྲོ་སྟངས་ལ་རྒྱུས་མངའ་ཅི་ཡང་མེད་ལ་ནང་ཆོས་དང་ཁ་ཆེའི་ཆོས་ལུགས་ཡེ་ཤེའི་ཆོས་ལུགས་སོགས་ལ་དེ་བས་ཀྱང་ཆ་རྒྱུས་མེད།ང་རང་རང་གིས་བོད་པའི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐད་ལ་བརྟག་དཔྱད་ཅིག་བྱས་ཡོང་དུས་དངོས་གནས་བུ་དང་བུ་མོར་ལྟ་སྟངས་དང་གདེང་འཇོག་བྱེད་སྟངས་ལ་ཆ་མ་སྙོམས་པའི་སྣང་ཚུལ་མང་པོ་ཞིག་མཐོང་གིན་འདུག
༤༽ང་ཚོའི་སྤྱི་ཚོགས་ན་བུ་བཙའ་ན་དགའ་བ་དང་བུ་མོ་བཙའ་ན་དེ་ཙམ་གྱི་དགའ་སྤྲོ་མེད་པ་དེ་ཡང་བརྒྱ་ཆའི་བདུན་ཅུ་ཆགས་ཡོད།ད་དུང་རྒན་རྒོན་མང་ཆེ་བས་བུ་ནི་ཁྱིམ་ཚང་ཆེན་པོ་འདིའི་ཤུལ་འཛིན་ཡིན་ཟེར་ནས་རང་གི་བུ་མོ་ངོ་མ་དེ་ཡང་ཟུར་དུ་ཁྱིམ་དེ་ནས་ཕྱི་རུ་འཕུད་ཀྱིན་ཡོད་ལ་ཁྱེད་རང་གཅེན་མོ་དང་གཅེན་ཆུང་ཡོད་ན་ཁོ་ཚོའི་སྟེང་དུ་ཤེས་ཐུབ།
ངས་བསམ་ན་ང་ཚོའི་སྤྱི་ཚོགས་སུ་ཕོ་མོ་བར་མཐོ་དམའ་ཀྱི་ལྟ་སྟངས་ཡོད་པའི་ལུགས་སྲོལ་འདི་ནང་ཆོས་བརྒྱུད་དེ་ང་ཚོའི་སྤྱི་ཚོགས་ལ་དར་བ་ཞིག་མ་གཏོགས་ང་ཚོ་བོད་པ་རང་གི་ལུགས་སྲོལ་ཞིག་་ཡེ་ནས་མིན་པ་ཤེས་ཐུབ།བུར་མཐོ་རུ་ལྟ་བ་དང་མོར་དམའ་རུ་ལྟ་བའི་ལྟ་འདི་ཡང་རྒྱ་ནག་དང་ཉི་ཧོང་ཀོ་རི་ཡ་སོགས་ལ་ཤུགས་ཆེན་པོ་ཡོད་ལ་འདི་དག་ནང་ཆོས་བརྒྱུད་རྒྱ་གར་གྱི་ལུགས་སྲོལ་དེ་དར་བ་རེད།གང་ཡིན་ཟེར་ན་དང་པོ་ནང་ཆོས་རྒྱ་ནག་ལ་སོགས་ལ་དར་ཕྱི་སུ་བོད་དུ་དར་བ་རེད་སྙམ།།
ཌྷའབྲུག་མོ་སྒྲོལ་མ་
༼ཁྱེད་ཀྱིས་བུད་མེད་ཡོད་དོ་ཅོག་ཁྱེད་རང་གི་ཨ་མའི་འདུ་ཤེས་འཛིན་ཐུབ་བམ།༽
འཛིན་ག་ལ་ཐུབ། ཡིན་ནའང་ལྟ་བ་དེ་འདྲ་ཡོད་པ་དང་། ཆོས་ལུགས་དེ་འདྲ་ཞིག་ཡོད་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད། འཇིག་རྟེན་ཆོས་ལུགས་ཡོད་དོ་ཅོག་ལ་ལྟ་བ་དེ་འདྲ་མི་འདུག། དེའི་ཕྱིར་ཐེག་པ་ཆེན་པོའི་ཆོས་འདི་དམིགས་གསལ་ཤིག་ཆགས་འདུག་། དེ་འདྲ་མ་རེད་དམ་།
༢༽ ༼ནང་ཆོས་ལ་དེ་འདྲ་གསུངས་ཡོད་པ་ལ་བརྟེན་ནས་ཁྱེད་ཀྱིས་ཚུལ་བཞིན་དུ་ལག་བསྟར་འགོད་ཀྱིན་ཡོད་དམ།༽
ཁྲིམས་ལུགས་དང་།ཆོས་ལུགས་གང་ཡིན་ཀྱང་དེ་བཞིན་དུ་ལག་བསྟར་བཀོལ་བ་ཤིན་ཏུ་ནས་དཀའ་མོ་ཆགས་བསྡད་ཡོད་པ་རེད་། ཡིན་ནའང་ཆོས་ཁྲིམས་དང་།འཇིག་རྟེན་གྱི་ཁྲིམས་ཤིག་ཡོད་པ་དེ་གལ་ཆེན་པོ་རེད་། ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ཐོག་མར་ཁྲིམས་ལུགས་། ཐ་སྙད་དེ་འདྲ་ཡོད་མེད་ཀྱི་དབང་གིས་རྩད་ནས་་ཡོང་བ་ཤིག་རེད་། དེ་བས་དེ་ལ་ལག་བསྟར་ཕྱིས་བྱིན་ཡོད་མེད་ཀྱི་དབང་གིས་ཕར་གཡུགས་རྒྱུ་ཅི་ཡང་ཡོད་པ་མ་རེད།
༣༽༼ང་རང་རང་གིས་བོད་པའི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐད་ལ་བརྟག་དཔྱད་ཅིག་བྱས་ཡོང་དུས་དངོས་གནས་བུ་དང་བུ་མོར་ལྟ་སྟངས་དང་གདེང་འཇོག་བྱེད་སྟངས་ལ་ཆ་མ་སྙོམས་པའི་སྣང་ཚུལ་མང་པོ་ཞིག་མཐོང་གིན་འདུག༽
ཏག་ཏག་རེད་། དེ་འདྲ་ཡོད་པ་རེད་། ཡིན་ནའང་དེ་བོད་གཅིག་པོ་མ་རེད་།དུས་རབས་ཉི་ཤུ་བའི་མགོ་སྟོད་ལ་བསྡུར་ན་སྤྱིའི་བོད་ཀྱི་ལོ་རྒྱུས་དེ་།རྒྱལ་ཁབ་མང་པོ་ཤིག་དང་།རྒྱ་གར་དང་རྒྱ་གར་ལ་བསྡུར་ན་ཤིན་ཏུ་ནས་ཡག་པོ་རེད་།དཔེར་ན་།བོད་ལ་གཉའ་ཁ་རྩོད་པའི་ལུགས་མེད་པ་དེ་བཞིན་རེད་།ནལ་བུ་གསོས་ཡང་།གསོ་ཆོག་པའི་ལོ་རྒྱུས་གོམས་སྲོལ་ཡོད་པ་དེ་འདྲ་རེད་།
༤༽༼ང་ཚོའི་སྤྱི་ཚོགས་ན་བུ་བཙའ་ན་དགའ་བ་དང་བུ་མོ་བཙའ་ན་དེ་ཙམ་གྱི་དགའ་སྤྲོ་མེད་པ་དེ་ཡང་བརྒྱ་ཆའི་བདུན་ཅུ་ཆགས་ཡོད།ད་དུང་རྒན་རྒོན་མང་ཆེ་བས་བུ་ནི་ཁྱིམ་ཚང་ཆེན་པོ་འདིའི་ཤུལ་འཛིན་ཡིན་ཟེར་ནས་རང་གི་བུ་མོ་ངོ་མ་དེ་ཡང་ཟུར་དུ་ཁྱིམ་དེ་ནས་ཕྱི་རུ་འཕུད་ཀྱིན་ཡོད་ལ་ཁྱེད་རང་གཅེན་མོ་དང་གཅེན་ཆུང་ཡོད་ན་ཁོ་ཚོའི་སྟེང་དུ་ཤེས་ཐུབ།༽
བརྒྱ་ཆའི་བདུན་ཅུ་ཟེར་བའི་གྲངས་ཀ་དེ་གང་ནས་ཁྱེར་ཡོང་བ་ཡིན་། ཁྱེད་ཞིབ་མཇུག་བྱས་པ་ཡིན་ནམ་། རྒྱ་དམར་གྱི་དུས་དེབ་ལས་བཏོན་པ་ཤིག་ཡིན་། ཤུལ་འཛིན་དེ་ཡང་ངེས་པ་མི་འདུག་།ས་ཆ་རེ་རེ་ཡུལ་སྲོལ་མི་འདྲ་བ་རེ་འདུག་། ས་ཆ་མང་ཆེ་བར་དེ་ལྟ་བུའི་སྲོལ་འདུག་མོད་།དེ་ལྟ་བུའི་ཁྲིམས་མི་འདུག་།འདི་ཤིན་ཏུ་ནས་གལ་ཆེན་པོ་རེད་།
ཡིན་ནའང་སྤྱིར་བཏང་བོད་པ་རྣམས་ཀྱིས་འཁྲིག་སྤྱོད་ཀྱི་སྐོར་ལ་དོ་དམ་བྱས་སྲོལ་དེ་འདྲ་མི་འདུག་། དེ་དམིགས་གསལ་ཤིག་རེད་། འདི་གལ་ཆེན་པོ་ཤིག་མ་རེད་དམ་།
༼ངས་བསམ་ན་ང་ཚོའི་སྤྱི་ཚོགས་སུ་ཕོ་མོ་བར་མཐོ་དམའ་ཀྱི་ལྟ་སྟངས་ཡོད་པའི་ལུགས་སྲོལ་འདི་ནང་ཆོས་བརྒྱུད་དེ་ང་ཚོའི་སྤྱི་ཚོགས་ལ་དར་བ་ཞིག་མ་གཏོགས་ང་ཚོ་བོད་པ་རང་གི་ལུགས་སྲོལ་ཞིག་་ཡེ་ནས་མིན་པ་ཤེས་ཐུབ།བ༽
འདི་ནི་ཁྱེད་རང་གི་བསམ་ཚུལ་རེད་། གནས་ལུགས་དང་། ལོ་རྒྱུས་ཀྱི་ཁུངས་ཅི་ཡང་མེད་ཀིན། ནང་ཆོས་མ་དར་བའི་སྔོན་དུ་བོད་ཀྱི་ཕོ་མོ་འདྲ་མཉམ་ཡིན་པའི་ཁུངས་གང་ན་ཡོད་། ལུས་ཀྱི་རྩོལ་ཤུགས་ཀྱི་ཐད་ནས་ཕོ་མོ་ཡི་ཁྱད་ཕྱེ་ཡོད་པ་མ་རེད་དམ་། ལྷག་པར་ནང་ཆོས་མི་ཤེས་བ་ཞིག་གིས་། ནང་ཆོས་ལ་མཐའ་སྡོམ་དེ་འདྲ་ཆེན་པོ་མ་རྒྱག་། རྒྱ་ནག་གི་སློབ་གྲྭ་ཁག་ན་དེ་འདྲ་མཐའ་སྡོམ་རྒྱག་མཁན་མང་པོ་འདུག་མོད་། ནུབ་དུ་དེ་འདྲ་ཉུང་ཉུང་། ལྷག་པར་ཏུ་ནང་ཆོས་དར་ནས་བོད་ལ་ཕོ་མཆོག་མོ་དམན་གྱི་ལྟ་བ་དར་ཟེར་བའི་སྐད་ཆ་འདི་གསར་བ་རེད་། མི་མཐུད་དུ་ཤོད་དང་།
“བུར་མཐོ་རུ་ལྟ་བ་དང་མོར་དམའ་རུ་ལྟ་བའི་ལྟ་འདི་ཡང་རྒྱ་ནག་དང་ཉི་ཧོང་ཀོ་རི་ཡ་སོགས་ལ་ཤུགས་ཆེན་པོ་ཡོད་ལ་འདི་དག་ནང་ཆོས་བརྒྱུད་རྒྱ་གར་གྱི་ལུགས་སྲོལ་དེ་དར་བ་རེད།གང་ཡིན་ཟེར་ན་དང་པོ་ནང་ཆོས་རྒྱ་ནག་ལ་སོགས་ལ་དར་ཕྱི་སུ་བོད་དུ་དར་བ་རེད་སྙམ།།༽
སྐད་ཆ་འདི་ཡང་སྐད་ཆ་གསར་བ་ཤིག་རེད་།རྒྱ་ནག་གི་བུ་མོའི་རྐང་རྩེ་གཅོད་པ་དང་།མེ་ཏོག་རང་གི་ཁྱོ་ཀ་མ་གཏོགས་བླངས་མི་ཆོག་པའི་ཡུལ་སྲོལ་ཞིག་ནང་ཆོས་ནང་དུ་ད་བར་ཏུ་མཐོང་མ་བྱུང་། ཁུངས་ཤིག་ཡོད་ན་གསུང་རོགས་། དེ་མིན་ཤུལ་འཛིན་བུ་ཡིས་བྱེད་དགོས་བའི་ནང་བའི་བསྟན་བཅོས་ཤིག་ཀྱང་མཐོང་མ་བྱུང་། ཡོད་ན་གསུང་རོགས་མཛོད་།
འདོར་ན་རྒྱ་ནག་གི་སློབ་གྲྭ་ནང་ནས་སྐད་ཆ་དེ་ཚོ་དང་།སློབ་གྲྭའི་ལྟ་བའི་མིག་ཤེལ་དམར་པོ་ཅན་གྱི་ལྟོས་བའི་འཇིག་རྟེན་གྱི་བལྟ་ཚུལ་དག་ལ་ཤིན་ཏུ་ནས་གཟབ་གཟབ་བྱོས་། སྐབས་རེ་རང་དང་གཞན་གཉིས་བརླག་པའི་རྒྱུ་རུ་ཡང་འགྲོ་བཞིན་འདུག་།
ཁྱེད་ཀྱི་དགོས་པ་འདི་ལ་ཡོད་ང་ཚོའི་བོད་བའི་རྒྱལ་རབས་དང་ལོ་རྒྱུས་ལ་གཟིགས་དང་རྒྱལ་བོ་གཅིག་ལ་ཉུང་མཐར་བཙུན་མོ་ལྡ་དྲུག་དགོས་པ་རེད་རྒྱལ་བོའི་རྐང་པ་འཁྲུད་མཁན་དང་རྒྱབ་འབྱུག་མཁན་གཡས་ནས་སྐྱོར་མཁན་གཡོས་ནས་བསུ་མཁན་མང་པོ་ཞིག་དགོས་ལ་གལ་སྲིད་བཙུན་པོ་གང་རུང་བ་ཞིག་གིས་བཤད་སྟངས་ཙམ་ཁོང་གི་བློར་མ་ཕྱིན་པ་ཡིན་ན་བཙུན་མོ་དེ་ལ་ཁྲིམས་གཅོད་དང་རྔུང་རྡིག་ཡོད་ཡོད་པ་རེད།མདོར་བསྡུས་ནས་བཤད་ན་ང་ཚོའི་སྤྱི་ཚོགས་ནང་དུ་བུ་བཙན་པོ་ཡིན་པ་རྒྱལ་བོ་གཉའ་ཁྲི་བཙན་པོ་ནས་བཟུང་ཤེས་ཐུབ།
ཁྱེད་ཀྱིས་ག་རེ་བཤད་ཀིན་ཡོད་།སྐབས་རེ་ནང་ཆོས་དར་ནས་།བོད་ལ་ཕོ་མཆོག་མོ་དམན་གྱི་ལྟ་བ་དར་བར་བཤད་།སྐབས་རེ་།གཉའ་ཁྲི་བཙན་པོ་ནས་ཕོ་མཆོག་མོ་དམན་གྱི་ལྟ་བ་ཡོད་པར་བཤད་།ཁྱོད་ཀྱིས་བཤད་ཤེས་ན་།ང་ཚོས་ཉན་ཤེས་ཀྱིན་མི་འདུག་།
རྒྱལ་བོ་གཅིག་ལ་བཙུན་མོ་མང་པོ་འདུག་པ་ལོ་རྒྱུས་དངོས་རེད་།དེ་བཞིན་རྒྱ་བཟའ་ཀོང་ཇོ་རྣལ་བུ་སྐྱེས་བའང་བཤད་ཚུལ་འདུག་མོད་།ཁོ་མོ་ཁྲིམས་ལ་ཐོགས་ནས་བསད་པའི་ལོ་རྒྱུས་མི་འདུག་།དེ་ཙམ་ཞིག་ཕོ་མཆོག་མོ་དམན་གྱི་ཚད་གཞི་ལ་འཇོག་དགོས་ན་།་ཁམས་ཀྱི་འཇོ་མདའ་།ཆབ་མདོ་།དབུས་གཙང་།ཨ་མདོ་འབྲོག་ཕྱོགས་དག་ན་།
བུད་མེད་གཅིག་ལ་ཁྱོ་ཀ་གསུམ་དང་བཞི་ཡོད་པའང་མང་པོ་འདུག་པས་།དེ་རྣམས་ལ་ཕོ་མཆོག་མོ་རྣམས་ཀྱི་ལྟ་བ་ཡོད་པ་མ་རེད་དམ་།
ཏང་དྲིན་ཡར་འཕེལ་ཞིག་མིན་པའི་རེ་བ་ཡོད་།
བརྒྱ་ཆའི་བདུན་ཅུ་ཟེར་བའི་རྩིས་དེ་ག་ནས་ཡོང་བ་དེ་ལ་།ད་དུང་སྒྲུག་བསྡད་ཡོད་ལགས་།
བོང་རྫི་ལགས།
ཁྱེད་ཀྱིས་འབྲུག་མོར་༼ཁྲིམས་ལུགས་དང་།ཆོས་ལུགས་གང་ཡིན་ཀྱང་དེ་བཞིན་དུ་ལག་བསྟར་བཀོལ་བ་ཤིན་ཏུ་ནས་དཀའ་མོ་ཆགས་བསྡད་ཡོད་པ་རེད༽ཆོས་བས་ཁ་ནས་ཆོས་བཤད་ཆོས་ཉམས་ལེན་དང་ལག་བསྟར་བཀོད་མ་ཐུབ་ན་ཁྱེད་ཀྱིས་གང་བཤད་པ་དེ་སྟོང་བ་རེད་་་་་གཟུགས་བརྙན་ཙམ་རེད་་་།མོས་་བརྒྱ་ཆའི་བདུན་ཅུ་ཟེར་བ་དེ་བོད་པའི་སྦྱིའི་ཆ་ནས་བཤད་པ་མ་གཏོགས་བྱེ་བྲག་ཏུ་དགར་ནས་བཤད་པ་ག་ལཡིན་་གལ་སྲིད་བྱེ་བྲག་ཏུ་དགར་ནས་བཤད་ན་་་་ལུང་བ་རེ་ལ་ཆུ་རེ་སྡེ་བ་རེ་ལ་དཔེ་རེ་་་་ཞེས་ཞིབ་འཇུག་བྱ་ཐབས་བྲལ།
འདི་འདྲ་སྐོར་ལ་ཞིབ་འཇུག་བྱས་ན་ཁྱེད་ཀྱི་འདོད་པ་ལྟར་ཡིན་གཅིག་མིན་གཉིས་རྒྱ་ནག་གིས་བཤད་ཆའི་དེ་ཡིན་མི་དགོས་ཁྱེད་ཀྱིས་དགོས་པ་རེད་ཟེར་ན་ཁྱེད་རང་གི་ནོར་འཁྲུལ་རེད།
ཆོས་དབྱིངས་སྒྲོལ་མ་ལགས་།
བརྒྱ་ཆ་བདུན་ཅུ་ཟེར་བ་གྲངས་ཀ་གཏད་སོ་མེད་པ་ཞིག་ཡིན་ན།བརྒྱ་ཆ་ཉི་ཤུ་དང་།ཡང་ན་བཅུ་རུ་བགོས་ནས་བཤད་ན་ཅི་ལ་མ་ཆོག་།མ་རེད་དམ་།
ཁྲིམས་ལུགས་གཉིས་ལག་བསྟར་ཟེར་བ་གང་ལ་ཟེར་ཀིན་ཡོད་།བརྒྱ་ཆ་ལ་བགོས་ནས་བཤད་ཀིན་ཡོད་དམ་།
མི་གཅིག་ལ་བཤད་ཀིན་ཡོད་།
དོར་ན་མཉམ་དོར་དང་།ལེན་ན་མཉམ་ལེན་མ་བྱེད་ན་སྟོང་བ་ཡིན་པའི་ཁྲིམས་ཤིག་གང་ན་འདུག་།
མི་བསོད་མི་ཆོག་པའི་ཁྲིམས་འདུག་།དེ་ན་མི་གཅིག་བསད་པ་ཡིན་ན་།ཁྲིམས་དེ་སྟོང་བ་རེད་དམ་།
བརྒྱ་ཆའི་བགོས་བ་ཟེར་བ་ཡིན་གཅིག་མིན་གཉིས་རྒྱ་ནག་གི་རེད་ཟེར་བཞིན་མེད་།གྲངས་ཀ་དེ་གང་ནས་བྱུང་བ་རེད་།ཁྱེད་ཀྱིས་བརྟག་དཔྱད་བྱས་བ་ཡིན་ནམ།ཡང་ན་རྒྱ་ནག་གི་སློབ་གྲྭ་ནང་ནས་ཐོན་པ་རེད་།ཁུངས་ཤིག་གསུང་བར་ཞུ།བརྒྱ་ཆའི་བདུན་ཅུ་ཞེས་གྲངས་ཀ་གསལ་བོ་ཞིག་གསུང་འདུག་པས་།ཁུངས་ཤིག་ཡོད་རྒྱུ་རེད་བསམ་བྱུང་།ཁུངས་མེད་དམ་།
མཆན་ ༥༩ ཆོས་དབྱིངས་སྒྲོལ་མ་ན་རེ།
མེ་ཏོག་དཀར་པོ་དང་གཞོན་ནུ་ཟླ་མེད་ཟུང་ལ།
ཁྱེད་གཉིས་ཀྱིས་འདི་འདྲ་གསུངས་འདུག་མི་སྡུག་པ་སྒོམ་པ་དེ་རང་རྒྱུད་ཀྱི་ཉོན་མོངས་འགོག་ཐབས་སུ་ཡུལ་བུད་མེད་མི་གཙང་བ་སྒོམ་དགོས་པ་དེ་ཉན་ཐོས་སྡེ་གཉིས་ཀྱི་མགོར་གཡོགས་འདུག།དེ་ཤིན་ཏུ་ནི་མི་འཐད་དེ་བདེན་བཞིའི་ལོག་ཤུགས་བཅུ་དྲུག་ལ་ཡག་པོ་གཟིགས་དང་ཉན་ཐོས་ཐེག་པའི་ལུགས་ཁོ་ན་རེད་དམ།
མེ་དཀར་ན་རེ། ཉན་ཐོས་ཐེག་པའི་མགོར་གཡུག་མེད་ལ་དེའི་ལུགས་ཁོ་ན་མ་རེད། དེས་ན་གཙོ་བོ་ཉན་ཐོས་ཞེས་བཤད་ཡོད།
ཡང་ཁོ་ན་རེ།
སྤྱིར་མི་སྡུག་པ་སྒོམ་པ་པོ་གང་ཟག་སུས་ཀྱང་མི་སྡུག་པ་སྒོམ་པའི་ཚེ་རང་གི་ཆགས་ཡུལ་དུ་གྱུར་བའི་བུད་མེད་ཡོད་ངོ་ཅོག་གི་ལུས་དེ་དངོས་གནས་དྲང་ནས་མི་སྡུག་པ་དང་མི་གཙང་བ་དྲི་མ་ཅན་ད་དུང་མི་གཙང་བའི་སྣོད་ཡིན་པ་སྒོམ་ནས་རང་རྒྱུད་ཀྱི་ཉོན་མོངས་དེའི་མགོ་བཅོམ་པ་རེད་མ་གཏོགས།
ཁྱེད་གཉིས་ཀྱིས་བཤད་པ་ལྟར་དུ་ཡིན་ན་ནང་འགལ་མི་ཉུང་བ་ཞིག་ཡོང་གིན་འདུག།
མེ་དཀར་ན་རེ། རང་གི་ཆགས་ཡུལ་དུ་གྱུར་པའི་བུད་མེད་དམ་སྐྱེས་པ་ཡོད་ཚད་ཀེང་རུས་སོགས་བསྒོམ་དགོས་པ་ངེད་ཀྱང་འའདོད། དེས་ན་ནང་ག་ལ་འགལ། གོང་ནས་ྦུད་མེད་གཅིག་ཁོ་ན་དེ་ལྟར་བསྒོམ་དགོས་སོ་ཞེས་མ་བཤད་ལ་ཆགས་ཡུལ་བུད་མེད་ཅིག་དཔེར་བཞག་ཡོད་པས་དེས་རིགས་བགྲེས་ནས་ཆགས་ཡུལ་ཚང་མར་དེ་ལྟར་བསྒོམ་པ་ཤུགས་ལ་རྟོགས་དགོས་པས་ར་བསད་སྟངས་དང་རྒྱུ་མ་རྒྱངས་སྟངས་ཚང་མ་འདིར་བྲིས་མི་ཁོམས།
ཡང་ཁོ་ན་རེ།
ཁྱེད་རང་གཉིས་ཀྱིས་མཁྱེན་དགོས་པ་ཞིག་ལ་མི་སྡུག་པ་སྒོམ་པའི་ཚེ་ང་རང་གི་སྒོམ་ཡུལ་དུ་གྱུར་བའི་བུད་མེད་དེ་ཚོ་ངས་ཆགས་པ་གཞོམ་པའི་སླད་དུ་ངའི་བློ་ངོར་རུ་དེ་ལྟར་སྒོམ་པ་ཡིན་གྱི་དོན་ལ་ངའི་སྒོམ་བྱའི་ཡུལ་དུ་གྱུར་བའི་བུད་མེད་དེ་ཚོའི་ལཌྷུས་སྡུག་པ་དང་ལུས་གཙང་བ་ལུས་དྲི་ལྡན་ཅན་གྱི་སྒོམ་པ་ཡིན་ན་རང་རྒྱུད་ཀྱི་ཆགས་སྲེད་་ཟློག་ག་ལ་ནུས།
མེ་དཀར་ན་རེ། ངའི་ཆགས་པ་གཞོམ་པའི་སླད་དུ་མི་གཙང་བ་སྒོམ་པ་ཙམ་ལས་དོན་ལ་ཡུལ་བུད་མེད་དེ་གཙང་ངོ་ཞེས་འཛིན་ན་དེ་མི་གཙང་བ་བསྒོམ་པའི་བློར་ཇི་ལྟར་འགྱུར། བློ་འདིས་གཙང་བར་འཛིན་པས་ན་མི་གཙང་བར་འཛིན་པའི་བློར་འདོད་མི་རུང་ལ་དེས་ཆགས་པའང་མི་ལྡོག་པ་ཤེས་སོ།།
ཡང་ན་རེ།
དེ་དོན་ལ་བསམ་གཞིག་ནན་མོ་ཞིག་གནང་རོགས་ཞུ།།
མེ་དཀར་ན་རེ།
ཁྱེད་གཉིས་ཀྱང་འདི་དོན་ལ་བསམ་བློ་ཕྱོགས་གཉིས་ཀྱི་ཐོག་ནས་གཏོང་རོགས་ཞུ།
དབང་མོ། ཁྱོད་ཀྱིས་ཁྲིད་སོང་བའི་དགོན་པ་དེས་གྲྭ་བ་དེས་ལྷ་དང་ལྷ་མོས་འཁྱུད་པ་འགྲེལ་བཤད་མ་རྒྱབ་པ་དེ་ཁྱོད་ལ་འགྲེལ་བཤད་གསལ་བོར་རྒྱབ་པ་རེད། དགོན་པ་དེ་དག་ན་གང་ཞིག་གི་ནང་དོན་ཤེས་ན་ཡང་། དེའི་སྟེང་དུ་བཤད་ས་དེའི་བསམ་བློ་ཤེས་པའི་སྒོ་ནས་འགྲེལ་བཤད་རྒྱབ་པ་དེ་འདྲ་ཡོད་པ་རེད། དཔེ་ཆ་གཞུང་ན་སྣོད་མི་རུང་ལ་བཤད་ན་ཉེས།། གསུངས་པ་ལྟར། གནས་སྐབས་ཁྱོད་ལ་དེ་མ་བཤད་པ་དེ་ཁྱོད་ལ་འོས་འཚམ་གྱི་ལན་རྒྱབ་པ་རེད། དེ་ལས་ལྷག་ལན་རྒྱབ་ན་ཁྱེད་རང་གི་ཕོ་བས་མ་འཆིམ་པར་གྲོད་ཁོག་ན་འགྲོ་གི་རེད། ཡ་ཡ།
བོང་རྫི་ལགས།
༡༽འབྲུག་མོས་རྒྱལ་རབས་ཀྱི་སྟེང་ན་བཤད་ན་གཉའ་ཁྲི་བཙན་པོ་ལ་གཏུགས་འདུག་རྒྱུ་མཚན་ནི་གཉའ་ཁྲི་བཙན་པོ་རྒྱ་གར་བ་ཡིན་པའི་རྐྱེན་གྱིས་རྒྱ་གར་གྱི་ཕོ་མཆོག་ཏུ་འཛིན་པ་དང་མོ་དམའ་རུ་འཛིན་པའི་ལྟ་བ་དེ་བོད་དུ་དར་བ་རེད་ཟེར་འདུག།
༢༽ནང་ཆོས་ཀྱི་སྟེང་ནས་བཤད་ནའང་སྟོན་པ་ཡང་རྒྱ་གར་བ་ཡིན་པའི་ཁོང་གིས་ཆོས་ཀྱི་འཁོར་ལོ་རིམ་པཌྷ་གསུམ་བསྐོར་དུས་རྒྱ་གར་གྱི་སྤྱི་ཚོགས་སུ་ཕོ་མཆོག་ཏུ་འཛིན་པ་དང་མོ་དམའ་རུ་འཛིན་པའི་ལྟ་བ་དེ་དར་ཡོད་ཀྱི་རེད།སོང་ཙང་སྟོན་པས་ཀྱང་སྐབས་དེ་དུས་ཀྱི་སྤྱི་ཚོགས་དང་བསྟུན་ནས་མི་སྡུག་པ་སྒོམ་དུས་བུ་མོ་ཡུལ་དུ་བཟུང་བ་སོགས་དཔེར་བཞག་པ་ཡིན་གྱི་རེད།
དཔེར་ན་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཟེར་ན་གུས་བཀུར་གྱི་ཚིག་སྟེ་རྒྱ་གར་བས་རང་ལས་རྒན་པའི་མི་དེ་ལ་གུས་བཀུར་བྱེད་སྟངས་ཤིག་མི་ཆུང་བ་དེས་མི་རྒན་པ་དེ་ལ་ཐུག་དུས་ལམ་སེང་་པུར་མོ་སར་བཙུགས་ཏེ་ཁོའི་ཕྱག་གིས་མི་རྒན་པའི་ཞབས་ལ་ཐུག་ནས་ཕྱིར་ཁོའི་ཐོད་པ་སྒང་ལ་བཞག་པའི་ལུགས་སྲོལ་དེ་དཔེ་བཞག་ནས་བླ་མ་དང་འཇམ་པའི་དབྱངས་འཚལ་ལོ་ཞེས་པའི་དཔེ་དེ་ཆོས་བརྒྱུད་བོད་ཌྷཁམས་སུ་དར་བ་རེད།མོས་རྒྱུ་མཚན་དེ་གཉིས་ཀྱི་སྟེང་ནས་སྒྲུབ་ཀྱིན་འདུག
ྦབོང་རྫི་ལགས།སྐད་ཆ་ག་རེ་བཤད་ནའང་དེའི་རྒྱབ་ལྗོངས་སྔོག་དགོས་པ་དེ་ཤིན་ཏུ་ནི་གལ་ཆེ་བར་སྣང་གི་འདུག་ཁྱེད་ཀྱི་རང་ལྟ་མཆོག་འཛིན་བྱས་ཏེ་རྒྱ་མཚན་ཅི་ཡང་མེད་པའི་མི་གཞན་ལ་མཐོང་ཆུང་གི་ཚུལ་བསྟན་ན་ཁྱེད་གྲྭ་བ་ཞིག་གི་མཚན་ཉིད་ཚང་གི་འདུག་གམ།
ཁྱེད་ཀྱིས་ཁེངས་བའི་རྣམ་པའི་ཚུལ་གྱིས་འདི་ལྟར་༼ཏང་དྲིན་ཡར་འཕེལ་ཞིག་མིན་པའི་རེ་བ་ཡོད་༽དེང་སང་གི་ན་གཞོན་ཚོ་སྡོན་མའི་རྨོངས་དད་མཁན་ཚོ་དང་གཏན་ནས་འདྲ་རྒྱུ་མ་རེད།ལུས་ལ་གྲྭ་ཆོས་གྱོན་པ་ཙམ་གྱི་ཕན་མི་ཐོགས་ད་དེ་ཙམ་ཡིན་མང་པོ་བཤད་ན་ཁྱེད་ཞག་གསུམ་ལ་གཉིད་མི་ཁུག།།
མེ་ཏོག་དཀོར་པཌྷོ་ན་རེ།
ཁྱེད་ཀྱིས་མི་སྡུག་པ་སྒོམ་པའི་ཚེ་ཁྱེད་ཀྱི་སྒོམ་ཡུལ་དུ་གྱུར་པའི་བུད་མེད་གཅིག་མི་གཙང་བ་སྒོམ་པ་ཡིན་གྱི་མ་རེད་ལ་དེ་དང་བསྲེས་ནས་བུད་མེད་ཡོད་དོ་ཅོག་ཡིན་གྱི་རེད།དེས་བས་ན་རང་གི་ཁེ་ཕན་གྱི་ཆེད་དུ་གཞན་བུད་མེད་ཚོར་མཐོང་ཆུང་ངམ་དམའ་འབེབ་བྱས་ཡོད་པ་དེ་གསལ་བོ་རེད།།
དེ་འདྲ་ག་ལ་རུང་།།
ཆོས་དབྱིངས་སྒྲོལ་མ་ལགས་།
ཁྱོད་ཚོ་ལ་དངོས་གནས་དྲང་གནས་ཀྱི་གང་བཤད་དགོས་བ་ཤེས་ཀིན་མི་འདུག་།
ཐོག་མར་མི་ཤེས་ཟེར་བ་ལུང་བ་གང་ཞིག་བཤད་།དེ་ནས་ཆོས་ལ་སྡོམ་ཚིག་ལུང་བ་གང་ཞིག་བཞག་།དེ་ནས་མི་ཞིག་གིས་མིའི་རིགས་རིག་པའི་སྐོར་ལས་འཕྲོས་བའི་དོན་མཐུན་གྱི་དྲི་ཚིག་འགའ་དྲི་ཡོང་དུས་།གཞན་ལ་མཐོང་ཚུང་བྱེད་ཀིན་འདུག་སྒྲོ་ཆེན་པོ་ཞིག་བཏགས་།འདི་དེང་དུས་ཀྱི་ཡོན་ཏན་པ་ཡིན་ཟེར་བ་།དཔེ་ཆ་འབྲི་མཁན་ཞིག་གི་བཤད་ཚུལ་ཤིག་རེད་དམ་།མི་ཤེས་ན་།དེ་འདྲ་བའི་སྡོམ་ཚིག་ཆེན་པོ་མཇོག་ག་ལ་ཕོད་།ལྷག་པར་བུད་མེད་ཀྱི་ཐོང་ཐང་ལ་ཁ་གཡར་ནས་སྐད་ཆ་དེ་འདྲ་མ་བཤད་།་དུས་རབས་སྔོན་མའི་ནང་བྱུང་བའི་བུད་མེད་ཀྱི་སྐོར་བཤད་མཁནད་དེ་ཚོ་དང་།བུད་མེད་ཀྱི་མཁས་བ་ཐམས་ཅད་ལ་མི་ཟད་པའི་དམའ་འབེབས་བྱས་བ་ཤིག་རེད་།
མ་འཐའ་ཡང་རྒྱ་གར་གྱི་ལོ་རྒྱུས་ཤིག་ཀློག་།དེ་ནས་སྐད་ཆ་ཤིག་ཤོད་།སྐད་ཆ་མང་པོ་བཤད་དགོས་ཀྱི་མི་འདུག་།སྟོན་པ་མ་བྱུང་བའི་སྔོན་དུ་རྒྱ་གར་ཏུ་ཕོ་མཆོག་མོ་དམན་གྱི་ལྟ་བ་མེད་དམ་།བྲམ་ཟེའི་ལུགས་ལ་ཕོ་མཆོག་མོ་དམན་གྱི་ལྷ་བ་མེད་དམ་།
གཉའ་ཁྲི་བཙན་པོས་དེ་འདྲ་ཁྱེར་ཡོང་བའི་ཁུངས་ག་ན་ཡོང།
ལོ་རྒྱུས་ཟེར་བ་དེ་ཁྱོད་ཀྱི་ཁོག་ལ་དྲན་པ་དང་།ཁ་ནས་བཤད་པ་ཙམ་གྱི་ཆོག་གིན་མ་རེད་།ཁུངས་དགོས་ནི་རེད་།
བདག་གི་མ་དང་།གཅེན་མོ་རྣམས་དང།ཁྱད་པར་བོད་ཀྱི་བུད་མེད་དག་གིས་ཆེད་དུ་སྐད་ཆ་དེ་འདྲ་མི་བཤད་པའི་རེ་བ་ཡོད་།ཁ
རིག་གསར་སྐབས་སུ་དམར་སྲུང་དམག་མི་ཚོས་།ལོ་རྒྱུས་ལ་སྒྲོ་བཏགས་།ཁ་ནས་གང་བཤད་བྱས་།མཐར་ལག་གིས་རྙིང་བ་ཡོད་ཚད་བཅོམ་ནས་།འཛམ་གླིང་ན་མེད་པ་ཞིག་བྱས་བ་རེད་།ཁྱོད་དེ་འདྲ་ཞིག་མིན་པའི་རེ་བ་ཡོད་ཟེར་བ་དེ་ཡིན་།
ང་ལོ་སྔོན་མ་ཞིག་ལ་འཛམ་གླིང་ན་སྙན་གྲགས་ལྡན་པའི་མི་རིགས་རིག་པའི་མཁས་བ་ཆེན་པོ་།ལྷག་པར་ཏུ་ཐོབ་ཐང་དང་།ལྟ་གྲུབ་ཀྱི་ཕྱོགས་ལ་མཁས་བ་ཆེན་པོ་།རྒན་Professor Marilyn Strathern གནང་བའི་བུད་མེད་ཀྱི་སྐོར་གྱི་གསུང་བཤད་མང་པོ་ཉན་པའི་གོ་སྐབས་བྱུང་།
ཉིན་ཞིག་ཁོ་མོས་འདི་འདྲ་ཞིག་གསུང་བ་དྲན་བྱུང་།སྐབས་རེ་བུད་མེད་ཀྱི་གོ་ས་དམའ་རུ་གཏོང་བ་ལ་བུད་མེད་ལས་ལྷག་པ་ཞིག་མི་འདུག་།ཅེས་གསུང་བྱུང་
དེ་འདྲ་མ་རེད་དམ་།གོང་གི་ཁུངས་མེད་ལུགས་མེད་ཀྱི་སྐད་ཆ་དེ་ཚོ་ལ་གཅིག་ལྟོས་དང་་།ག་རེ་མཚོན་གིན་འདུག་།དམར་སྲུང་དམག་མ་གཏོགས་སྐད་ཆ་དེ་འདྲ་བཤད་ཀིན་མ་རེད་།
ྦབོང་རྫི་ན་རེ།
ཆོས་པ་ཞིག་ལ་ཁ་གཡར་ནས་ཆོས་ཡང་དག་པ་ཞིག་སྒྲུབ་རྒྱུ་རེ་བ་ཡོད་མགོ་རིལ་རིལ་བཟོས་ནས་སྒྲིབ་པ་སྦང་མི་ནུས་ལ་གཟན་ཤམ་དམར་པོ་ཞིག་སྐོན་པ་ཙམ་གྱི་དུས་གསུམ་མི་འགོག་མི་ཐུབ་པ་སེམས་སུ་ངེས་ན་བཟང་དེ་བས་གྲྭ་རྫུན་ཤིག་མི་འགྱུར་བའི་རེ་བ་ཡོད།
ནུས་ཕྱོགས་པའི་ལྟ་བ་ལ་ཡིད་ཆེས་ཆེས་དྲགས་ན་ཐ་མ་ཁྱི་མོ་ཞིག་དང་མཉམ་དུ་ཆང་ས་བརྒྱབ་ཡོང་ཡིད་གཟབ་གཟབ་གནང་རོགས་ཞུུ།ངས་བལྟས་ན་ཁྱོད་ཡང་རྒྱ་དམར་གྱི་སྐར་ལྔ་དར་དམར་གྱི་འོག་ཏུ་ལག་པ་ཐོད་ལ་བཞག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པ་ཐེ་ཚོམ་ཟ་མི་དགོས།
དེར་བརྟེན་སྐད་ཆ་སྤོམ་པོ་བཤད་འདོད་ན་བཤད་ས་དེ་དེའི་ཕྱོགས་སུ་ཤོད་བསྟན་པ་དང་འགྲོ་བ་མི་རིགས་ཀྱི་ཆེད་ཡིན་ན་ནི་ཡང་ཕར་རྒྱ་དམར་ལ་ཤོད་དང་ཁྱེད་རང་ལ་དགའ་བསུ་ཞུ་ངེས་ཡིན།དེ་མིན་ལུས་གྲྭ་ཆོས་ཤིག་གཡོགས་མགོ་སེར་མའི་རྐུབ་ལ་ལྟ་བསྡད་ན་སྙིང་པོ་ཅི་འདུག།
དེ་ལྟར་མི་འགྱུར་བར་སྨོན།།
ྦབོང་རྫི་ན་རེ།
ཆོས་པ་ཞིག་ལ་ཁ་གཡར་ནས་ཆོས་ཡང་དག་པ་ཞིག་སྒྲུབ་རྒྱུ་རེ་བ་ཡོད་མགོ་རིལ་རིལ་བཟོས་ནས་སྒྲིབ་པ་སྦང་མི་ནུས་ལ་གཟན་ཤམ་དམར་པོ་ཞིག་སྐོན་པ་ཙམ་གྱི་དུས་གསུམ་འགོག་མི་ཐུབ་པ་སེམས་སུ་ངེས་ན་བཟང་དེ་བས་གྲྭ་རྫུན་ཤིག་མི་འགྱུར་བའི་རེ་བ་ཡོད།
ནུས་ཕྱོགས་པའི་ལྟ་བ་ལ་ཡིད་ཆེས་ཆེས་དྲགས་ན་ཐ་མ་ཁྱི་མོ་ཞིག་དང་མཉམ་དུ་ཆང་ས་བརྒྱབ་ཡོང་ཡིད་གཟབ་གཟབ་གནང་རོགས་ཞུུ།ངས་བལྟས་ན་ཁྱོད་ཡང་རྒྱ་དམར་གྱི་སྐར་ལྔ་དར་དམར་གྱི་འོག་ཏུ་ལག་པ་ཐོད་ལ་བཞག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པ་ཐེ་ཚོམ་ཟ་མི་དགོས།
དེར་བརྟེན་སྐད་ཆ་སྤོམ་པོ་བཤད་འདོད་ན་བཤད་ས་དེ་དེའི་ཕྱོགས་སུ་ཤོད་བསྟན་པ་དང་འགྲོ་བ་མི་རིགས་ཀྱི་ཆེད་ཡིན་ན་ནི་ཡང་ཕར་རྒྱ་དམར་ལ་ཤོད་དང་ཁྱེད་རང་ལ་དགའ་བསུ་ཞུ་ངེས་ཡིན།དེ་མིན་ལུས་གྲྭ་ཆོས་ཤིག་གཡོགས་མགོ་སེར་མའི་རྐུབ་ལ་ལྟ་བསྡད་ན་སྙིང་པོ་ཅི་འདུག།
དེ་ལྟར་མི་འགྱུར་བར་སྨོན།།
གཞན་ཡང་བོང་རྫི་ཁྱེད་ཀྱིས་རང་དང་རིགས་གཅིག་པ་མཁས་པའི་དབང་བོ་དོན་གྲུབ་རྒྱལ་དང་དགེ་ཆོས་སོགས་ཀྱི་ལྟ་བ་ཁུངས་མེད་ལུགས་མེད་ཀྱིས་སྒྲོ་འདོགས་མང་པོ་བྱས་ནུབ་ཕྱོགས་པའི་མཁས་པ་ཟེར་ནས་གཙུག་ཏུ་བཀུར་དོན་དངོས་ཐོག་ཁྱེད་ཀྱིས་ནུབ་ཕྱོགས་པའི་མཁས་པ་དེ་ཚོའི་ལྟ་གྲུབ་ཀྱི་སྐོར་ཇི་མ་ཇི་བཞིན་ཤེས་ཐུབ་ཨེ་ཡོད་ང་ལ་དོགས་གྷཌྷགཞི་ཞིག།
ཆོས་དབྱིངས་སྒྲོལ་མ་།
ཁྱེད་ག་རེ་བཤད་ཀིན་ཡོད་།ངས་ཆོས་ཤེས་ཟེར་ཀིན་མེད་ལ་།དེའི་ཕྱིར་ཁྱོད་ལྟར་ཆོས་དང་།ལོ་རྒྱུས་ལ་མཐའ་སྡོམ་དེ་འདྲ་ཆེན་པོ༏ང་རྒྱག་ཐུབ་ཀིན་མེད་།ངས་ཁྱོད་ལ་ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་དག་ལ་དོགས་འདྲི་ཞིག་བྱས་བ་དེ་ཡིན་།
ཆོས་བ་ཞིག་ཡིན་ན་ཆོས་བ་ཡག་པོ་ཤིག་ཏུ་འགྱུར་བའི་རེ་བ་བྱས་།དེ་བཞིན་སློབ་གྲྭ་བ་ཡིན་ན་སློབ་གྲྭ་བ་ཡིན་པའི་རེ་བ་བྱས་།མཐར་ཕྱོགས་གང་ཡིན་ཚང་མ་ཚུལ་བཞིན་དུ་དཔྱད་།དེ་ནས་སྐད་ཆ་འདྲ་བཤད་ཀིན་ཡོད་།
ངས་ཕྱི་རྒྱལ་གྱི་མཁས་བ་ཚང་མའི་དགོངས་དོན་ཤེས་ཟེར་གིན་མེད་ལ་།སྐབས་རེ་དེ་དག་ཤེས་བའི་དགོས་བའང་མེད་ཀིན་བསམ་ཀིན་ཡོད་།ལུང་དྲངས་བ་རང་གིས་ཤེས་ནས་ལུང་དྲངས་ནས་བཤད་ཀིན་ཡོད་།
དེ་བཞིན་ཕྱི་རྒྱལ་རེད་ཟེར་ན་དམིགས་གསལ་ཞིག་ཅི་ཡང་བྱ་ཀིན་མེད་།དེ་བས་དོན་རྒྱལ་གྱིས་ཕྱི་རྒྱལ་གྱི་དམར་སྲུང་དམག་གི་ལྟ་བ་དེ་དག་ལ་དོགས་གཞི་སློང་གིན་ཡོད་།དེ་འདྲ་མ་རེད་
གྲྭ་རྫུན་ཡིན་མེད་དེ་ཁོང་ཡོད་སའི་དགོན་པ་དེ་དང་།ཁོས་ཐག་གཅོད་རྒྱུ་ཞིག་ལས་།གཞན་མི་ཚང་མ་ལ་འབྲེལ་བ་ཨེ་ཡོད་སྙམ་།
མགོ་སེར་མ་༼ཁྱོད་ཀྱི་རྩོད་བཞིན་པའི་བུད་མེད་ཅིག་རེད༽འཐད་པ་བྱུང་།དགོན་པའི་འགྲིག་ལམ་དང་མ་འགལ་།གྲྭ་བ་རང་གིས་ཁས་བླངས་བའི་ཆོས་ཁྲིམས་དང་།མ་འགལ་ན་ཁྱེད་འདུག་མི་ཐུབ་པ་ཞིག་ག་ནས་ཡོང་གིན་འདུག་།
རྒྱ་དམར་ཡོད་པའི་རྒྱུ་མཚན་གྱིས་དགེ་ཆོས་དང་དོན་རྒྱལ་གྱི་ལྟ་བ་ཞིབ་དཔྱོད་བྱ་ཆོག་གིན་མ་རེད་དམ་།
བོད་གཅིག་པོ་མི་ཚད་།ཕྱི་རྒྱལ་ལའང་འདི་འདྲ་བཤད་ཚུལ་ཞིག་འདུག་།བུད་མེད་རྣམས་ཀྱིས་རང་གི་སེམས་ལ་དྲན་ནས་སེམས་ཀྱི་སྐད་ཆ་ཤིག་བཤད་པ་ལས་།རྒྱུ་མཚན་ཡོད་མེད་ལ་བལྟ་ཀིན་མ་རེད་ཅེས་བཤད་པ་གོ་མྱོང་།
ངས་སྡོམ་ཚིག་དེ་མཐའ་གཅིག་ཏུ་བདེན་པ་མ་རེད་བསམ་ཀིན་ཡོད་།ང་རང་ཕོ་མོ་གཉིས་ཀྱི་དགེ་རྒན་མང་པོ་རེད་།མཚན་མའི་ཁྱད་པར་ཅི་ཡང་མི་འདུག་།ཚང་མ་སྐད་ཆ་བཤད་ན་།སྔ་ཕྱི་ཡོད་པ་།རིགས་པ་བཙན་པ་།ཁུངས་ཡོད་པ་དག་རེད་།
སེམས་ཀྱི་བདེ་སྡུག་གི་སྐད་ཆ་ཁོ་ན་བཤད་པ་དེ་འདྲ་མི་འདུག་།
ཁྱོད་ཀྱིས་ག་རེ་བསམ་ཀིན་ཡོད་དམ་།
བོང་རྫི་ན་རེ།
ཁྱེད་ཀྱི་རྒན་ཚང་མ་ནུབ་ཕྱོགས་པའི་ལྟ་གྲུབ་ཀྱི་སྲོལ་འབྱེད་པ་པོ་དག་ཡིན་གྱི་མ་རེད།ཡིན་ནའང་ཁྱེད་ཀྱི་རྒན་ཚོས་ཏན་ཏན་ཁྱེད་ལ་ནུབ་ཕྱོགས་པའི་ལྟ་གྲུབ་བཏགས་པ་བ་ཞིག་གི་བག་བྷཆགས་བཞག་ཡོད་པ་དང་ད་དུང་ཁོ་ཚོའི་གོམས་གཤིས་ཀྱང་ཁྱེད་ཀྱི་བློ་ངོར་འགོས་ཡོད་པ་ཐེ་ཚོམ་ཟ་མི་དགོས།རྒྱུ་མཚན་ནི་ཁྱེད་དགེ་རྒན་ལ་དད་པ་ལྷད་མེད་བཅངས་མཁན་དང་རྒན་གང་གསུངས་ཅི་སྒྲུབ་བྱེད་མཁན་དང་༼བླ་མའི་གོང་ཕྱག་ལེན་དེ་སློབ་མས་རྒྱུད་ནི་ཉམས་ལེན་བྱེད་༽ཅེས་པ་དེ་དང་རིགས་མཚུངས་པའི་རྒྱུ་མཚན་ཡིན།
རིགས་པ་དེ་མཚུངས་སུ་རྒྱལ་བོ་གཉའ་ཁྲི་བཙན་པོ་ཡིན་ནའང་ཁོང་གི་གོམས་གཤིས་དང་སྲོལ་མང་པོ་ཞིག་ཁོང་གི་བོད་ལ་དར་བྱས་ཡོད་མེད་ཀྱི་དོགས་སློང་ཡོང་གིན་འདུག།
ངས་སྣང་ཚུལ་ལ་ཁྱེད་ཀྱི་ནུབ་ཕྱོགས་པའི་དགེ་རྒན་གྱི་རིགས་པའི་འགྲོ་སྟངས་དེ་བེད་སྤྱད་དེ་སྤྱད་སྟངས་མ་ཤེས་བ་འང་སྦྱད་སྟངས་ལོག་པའི་དབང་གིས་མཁས་པའི་དབང་པོ་དོན་གྲུབ་རྒྱལ་སོགས་ལ་བོད་ལ་དམར་ཕྱོགས་ཀྱི་ལྟ་བ་སྤེལ་མཁན་རང་རེད་ཅེས་ཐག་བཅད་ནས་བཤད་ཆ་མང་པོ་བཤད་འདུག།དེ་ཚོར་དོགས་སློང་ཟེར་གྱིཡོད་དམ།ཡག་པོ་སོམས་དང་ཁྱེད་ཀྱི་སྐད་ཆ་ལ་ནང་འགལ་མི་ཉུང་བ་ཞིག་ཡོང་གིན་འདུག།།
ཆོས་དབྱིངས་སྒྲོལ་མ་།
ངས་ངའི་དགེ་རྒན་རྣམས་སྲོལ་འབྱེད་ཡིན་མིན་གྱི་་སྐད་ཆ་གཅིག་ཀྱང་བཤད་ཀིན་མེད་།
ང་ལ་དགེ་རྒན་གྱི་བག་ཆགས་བཞག་ཟེར་བ་འདི་།དེ་ཡོད་སྲིད་ཀྱི་རེད་།དེ་བཞིན་ང་རང་གི་ཨ་དང་།གཅེན་མོ།བརྩེ་བ་ཅན་གྱི་རྨོ་རྨོ་།སྙིང་སྡུག་གི་དགའ་མ་བཅས་ཀྱི་བག་ཆགས་གཏིང་ཟབ་མོ་དག་བཞག་ཡོད་པ་ཡོད་པ་ནི་ཏན་ཏན་རེད་།སྐབས་རེ་རང་གིས་ཀྱང་ཤེས་ཀིན་འདུག་།
ང་དགེ་རྒན་གྱི་བཀའ་ཅི་གསུང་ལག་ལེན་ཅི་ཡང་བྱེད་ཀིན་མེད་།ལྷག་པར་ཏུ་དོན་རྒྱལ་གྱི་སྐོར་ལ་།ངའི་དགེ་རྒན་མང་ཆེ་བས་ཁོའི་མིང་ཡང་གོ་མི་འདུག་།རྩོམ་སོགས་ཀློག་པ་ཕར་ཞོག་།དེ་བཞིན་དེའི་སྐོར་ལ་སྐད་ཆ་གཅིག་ཀྱང་བྱུང་བ་མི་དྲན་།
ཁྱོད་ཀྱིས་ཕྱོགས་གཅིག་ནས་།ང་ལ་དགེ་རྒན་གྱི་རྗེས་སུ་རྒྱུགས་ནས་།དགེ་རྒན་གྱི་བཀའ་མི་གཏོགས་ཅི་ཡང་མི་ཤེས་ཀིན་ཞེས་སྐད་ཆ་གཅིག་བཤད་།ཕྱོགས་གཅིག་ནས་ཁྱོད་རང་གིས་རིགས་པ་ཅི་ཡང་མེད་པར་ཆོས་དང་ལོ་རྒྱུས་ལ་སྡོམ་ཚིག་ཆེན་པོ་གཅིག་རྒྱབ་།དེ་ག་རེ་ཡིན་ནམ་།
གོང་གི་དྲི་ཚིག་དག་ལ་ལན་ཐོབས་དང་།
ཁྱེད་དོགས་སློང་བྱ་ཆོག་གི་རེད་།ཡིན་ནའང་ཁྱེད་ཀྱིས་བཤད་པ་བཞིན་།ཆོས་དང་ལོ་རྒྱུས་མི་ཤེས་བ་ཞིག་གི་དོན་མེད་དུ་དོགས་སློང་བྱེད་ན་།དེའི་ག་རེ་ཞིག་མཚོན་ཀིན་ཡོད་དམ་།
དམར་སྲུང་དམག་ཞིག་གམ་།ཡང་ན་སེམས་ཀྱི་ཚོར་བ་མ་གཏོགས་རིགས་པ་མི་དགོས་བའི་ཕོ་གསར་ཅིག་གམ་ཡང་མོ་གསར་ཅིག་ཟེར་དགོས་ནི་རེད་དམ་།
འ་ཙི་།ངས་ནུབ་ཀྱི་ལྟ་བ་བེད་སྤྱོད་གཏོང་གིན་འདུག་གམ་།ཁྱོད་ཀྱིས་ཇི་ལྟར་ཤེས་།
དོན་གྲུབ་རྒྱལ་དམར་སྲུང་དམག་ཅིག་མ་རེད་དམ་།
དེ་ན་དོན་གྲུབ་རྒྱལ་ལས་འཕྲོས་བའི་ཁ་བརྡ་དེ་ཚོ་ནང་ཞུགས་དང་།ང་ཚོ་གླེང་མོ་བྱོས་།ལྷག་པར་དོན་གྲུབ་རྒྱལ་གྱི་བུད་མེད་སྐོར་གྱི་ལྟ་ཚུལ་དང་།སྤྱོད་པ་ལས་འཕྲོས་ཏེ་སྐད་ཆ་།གཉལ་ཁྲི་ཚོ་གཡུགས་ཞོག་།སུས་ཤེས་།ལོ་སྟོང་ཕྲག་གཅིག་གི་སྔོན་ཙམ་རེད་།དེ་བས་དོན་གྲུབ་རྒྱལ་ལོ་སུམ་བཅུ་ལྷག་གི་མི་རེད་།ཁོའི་བུད་མེད་ཁ་ཤས་ད་དུང་འདུག་།དེ་ཚོ་ལ་སྐད་ཆ་དྲིས་།དེ་ནས་བུད་མེད་ཀྱི་ཐོབ་ཐང་བཤད་ན་འགྲིག་གི་མི་འདུག་གམ་།
བོང་རྫི་ལགས།
ཁྱེད་ནི་ཆོས་ཤེས་མཁན་དང་བོད་པའིོ་ལོ་རྒྱུས་ལ་ཐོག་པ་མེད་པ་ཞིག་ཡིན་ཚོད་རེད།
ཆོས་ཟེར་ན་ག་འདྲ་ཞིག་རེད་དམ།ཁྱེད་ཀྱི་ཁོངས་གཏུགས་སའི་ལོ་རྒྱུས་གང་ཡིན་ནམ།
ངས་ཀྱང་ཁྱོད་ཀྱི་རྒན་ཚོས་དོན་གྲུབ་རྒྱལ་གྱི་མིང་དང་་ཁོང་གི་རྩོམ་ཡིག་ཀློག་མ་ཀློག་སྐོར་ཡེ་ནས་བཤད་མེད།
ཡང་ཁྱེད་ཀྱི་འབྲེལ་བ་མེད་པ་ཞིག་བཤད་འདུག།
རེ་བ་ལ་ཁྱེད་རང་ཆོས་མི་མཁན་དང་བོད་པའི་ལོ་རྒྱུས་མི་མཁན་གྲྭ་བ་འམ་གྲྭ་ལོག་གང་རུང་ཞིག་མིན་པར་སྨོན་།།
ཆོས་དབྱིངས་སྒྲོལ་མ་།
ལྟོས་དང་།ད་ཁྱེད་ཀྱིས་ངའི་སྐོར་ལ་ལབ་ཀིན་འདུག་།ང་སུ་ཡིན་མིན་དང་།ག་རེ་ཤེས་མིན་རྩོད་གཞི་རེད་དམ་།སྐད་ཆ་དེ་འདྲ་བཤད་ན་།སུ་ལ་ཕན་ཐོགས་ཀིན་འདུག་གམ་།
ཁྱོད་ཀྱིས་ཐོག་དང་པོ་ཁ་ནས་མི་ཤོངས་བའི་ཆོས་དང་བོད་ཀྱི་ལོ་རྒྱུས་།དེ་བཞིན་བོད་མེད་ཐམས་ཅད་ཀྱི་ཐོག་ལ་སྡོམ་ཚིག་ཆེན་པོ་ཞིག་རྒྱབ་།ཞོར་ཏུ་གྲྭ་བ་ཡོངས་དང་།ཆོས་བ་ཐམས་ཅད་ཀྱི་ཐོག་ལ་སྒྲོ་བཏགས་།
དེ་ལ་ཕྲན་གྱིས་རེ་རེ་དོགས་གཞི་དང་དྲི་ཚིག་དྲིས་ཡོང་དུས་།སེམས་སུ་མི་བཟོད་པ་ཞིག་ག་ནས་ཡོང་གིན་འདུག་།
དེ་འདྲ་བྱས་ནས་བུད་མེད་ཀྱི་ཐོང་ཐང་བརྩད་ན་སུས་ཉན་གིན་རེད་།ང་འདྲ་བ་བུད་མེད་ལ་དགའ་མཁན་།དངོས་གནས་དྲང་གནས་ཀྱི་འདྲ་མཉམ་ཡིན་འདོད་པ་ཞིག་གིས་སེམས་ཀྱང་བཀུག་མ་ཐུབ་ན་།ཕོ་མཆོག་མོ་དམན་འཛིན་པ་དག་གིས་སེམས་པ་ག་ལ་འགུགས་ཐུབ་།
འདི་ངེད་གཉིས་བར་ཀྱི་སྒེར་དོན་ཡིན་པ་ཤིག་ལ་མ་བསམ་།ང་སུ་ཡིན་མིན་ཡང་རྩད་མ་གཅོད་།ཕོ་མོའི་ཁྱད་པར་མ་ཤེས་།དེ་ནས་བུད་མེད་རྣམས་ཀྱི་ཐོབ་ཐང་རྩོད་དང་།དེ་ནི་དོན་མཐུན་ཞིག་ཡོང་།
རང་གི་སྐད་ཆ་དྲང་བོ་ཤིག་བཤད་པ་ཕར་ཞོག་།དྲང་བོ་དང་རིགས་པ་ལྡན་པ་ཞིག་གི་ཕྱོགས་ལ་བསམ་པ་ཡང་མི་འཁོར་ན་།གཞན་པ་སྐད་ཆ་མང་པོ་འདུག་གམ་།
མཐར་ངའི་ཕྱོགས་ལ་སྨོན་ལམ་ཅི་ཡང་མ་གཏོང་།ང་རང་གི་ལུས་དང་།ལས་ཀ་།མི་ཚེ་བཅས་ལ་བློ་ཡིད་ཚིམས་པ་ཡོད་པ་ཟད་།
ཆོས་དང་།ལོ་རྒྱུས་།རིག་གནས་ཞིག་གིས་མཐོང་ཆུང་དང་།ཟུར་ཟ་བྱེད་ཀིན་མེད་།
དེ་འདྲ་མ་རེད་དམ་།
ཆོས་དབྱིངས་སྒྲོལ་མ།
འོག་གི་དེ་སུས་བསད་པ་རེད།
སྤྱིར་མི་སྡུག་པ་སྒོམ་པ་པོ་གང་ཟག་སུས་ཀྱང་མི་སྡུག་པ་སྒོམ་པའི་ཚེ་རང་གི་ཆགས་ཡུལ་དུ་གྱུར་བའི་བུད་མེད་ཡོད་ངོ་ཅོག་གི་ལུས་དེ་དངོས་གནས་དྲང་ནས་མི་སྡུག་པ་དང་མི་གཙང་བ་དྲི་མ་ཅན་ད་དུང་མི་གཙང་བའི་སྣོད་ཡིན་པ་སྒོམ་ནས་རང་རྒྱུད་ཀྱི་ཉོན་མོངས་དེའི་མགོ་བཅོམ་པ་རེད་མ་གཏོགས།
ཁྱེད་གཉིས་ཀྱིས་བཤད་པ་ལྟར་དུ་ཡིན་ན་ནང་འགལ་མི་ཉུང་བ་ཞིག་ཡོང་གིན་འདུག
བོང་གུ་སློང་བས་ཡག་བྱུང་ཟེར་རྒྱུ་མེད་པར། གཞུ་གུ་བཀོག་པའི་ཡ་ལག་ཟེར་ན་འདི་འདྲ་ཞིག་རེད།
དགོངས་དག འོག་གི་དེ་སུས་བསད་པ་རེད་ཟེར་བ་སུས་བཤད་པ་རེད་ཟེར་བར་བཅོས་རོགས་ཞུ།
མེ་ཏོག་དཀར་པོ་ན་རེ།
ཁྱོད་ཀྱིས་མི་སྡུག་པ་སྒོམ་སྟངས་དེ་ཡང་ཡ་མཚན་ཞིག་རེད་འདུག་རང་གི་ཁེ་ཕན་གྱི་དོན་དུ་རང་གི་ཆགས་ཡུལ་དུ་གྱུར་བའི་བུད་མེད་ཚོར་དྲི་མ་ཅན་གྱི་སྣོད་ཡིན་པ་མི་གཙང་བ་རེད་ཅེས་སྒོམ་ན་ག་ལ་འགྲིག་བུད་མེད་ཚོར་མཐོང་ཆུང་རང་རེད་དོ།སོ་སོའི་ཁེ་ཕན་གྱི་ཆེད་དུ་བུད་མེད་ལ་ལྟ་སྟངས་དེ་འདྲ་ངན་པ་བཟུང་ན་ཕོ་མོའི་བར་ལ་འདྲ་མཉམ་གྱི་ལྟ་སྟངས་ཤིག་ཡོང་མི་སྲིད།
ཞོར་དུ་བོང་རྫི་ལགས་རླུང་ཏོག་ཙམ་ལངས་ཡོད་པ་འདྲ་བོང་རྫི་ཁྱེད་རང་སུ་ཡིན་མིན་ལ་འབྲེལ་བ་ཅི་ཡང་མེད་གང་ལྟར་ནུབ་ཕྱོགས་པའི་ལྟ་བ་བཏགས་པ་བ་དེ་ཚོ་དང་སྦྲེལ་ནས་བོད་རིགས་རང་གི་སྤྱི་ཚོགས་སུ་སྨྱུག་མ་ནང་བཞིན་སྐྱེས་བའི་འབར་དུ་ཐོན་པའི་མཁས་དབང་དེ་ཚོར་་ཁོངས་མེད་ལུགས་མེད་ཀྱིས་སྒྲོ་འངོགས་བྱས་ན་ག་ལ་རུང་།ད་དུང་ཕོ་མོ་འདྲ་མཉམ་ཡིན་མིན་དེ་སོ་སོས་བསམ་བློ་གཏོང་དེ་སྐད་ཆ་བཤད་དགོས་པ་རེད་མ་གཏོགས་ཕ་རོལ་བོ་ལ་རྒྱུ་དང་ལྐོག་རྔན་སྤྲོད་པ་དང་ངོ་སོ་སྤྲོད་པ་ཞབས་ཞུ་སྒྲུབ་ནས་བུད་མེད་ཐོབ་ཐང་རྩོད་དོན་མེད་ལ་དེ་འདྲ་རྩོད་སྟངས་ཤིག་ཀྱང་མ་རེད།
སྤྱིར་ཕོ་མོ་འདྲ་མཉམ་ཟེར་བ་སོ་སོས་བསམ་བློ་བཏང་སྟེ་ང་རང་ལ་ཐོབ་ཐང་འདི་འདྲ་ཞིག་འདུག་དེ་ག་ནང་བཞིན་བུད་མེད་ཚོར་དེ་འདྲ་ཐོབ་ཐང་ཞིག་དགོས་ངེས་རེད་གང་ཡིན་ཟེར་ན་བུད་མེད་དེ་ཚོ་ཡང་ང་ཚོ་མི་ཡིན་པ་འདྲ་འདྲ་རེད་ཅེས་བསམ་བློ་གཏོང་བ་མ་གཏོགས་བོང་རྫི་ཁྱེད་ཀྱིས་བཤད་པ་ལྟར་བུད་མེད་དེ་སྤྱོད་པ་ཡག་པོ་མི་འདུག་སྐད་ཆ་ཡག་པོ་བཤད་ཤེས་ཀྱི་འདུག་མོས་བུད་མེད་ལ་མི་དགའ་བའི་སྐྱེས་པ་དེ་ཚོ་སེམས་པ་ཡག་པོ་འགུག་ཐུབ་ཀྱི་འདུག་ཅེས་བུད་མེད་ཀྱི་ཐོབ་ཐང་རྩོད་དགོས་ལབ་དེ་གླེན་བཤད་ཉིད་ལ་མ་འདས་སོ།།
ཆོས་དབྱིངས་སྒྲོལ་མ་།
མི་ཞིག་གི་གཏན་ཚིགས་ཟེར་བ་ཞིག་ཁས་མ་བླངས་ན་།དེ་ལ་རྩོད་པ་རྒྱབ་ནས་ཅི་ཡང་ཡོང་གིན་མ་རེད་།
དཔེར་ན་ཁ་ཏོག་དཀར་པོ་ཞིག་ལ་ནག་པོ་རེད་ཅེས་།ཨུ་ཚུགས་ཀྱི་སྐད་ཆ་དེ་འདྲ་བཤད་ན་།སུས་དེ་ལ་རྩོད་པ་རྒྱག་གིན་རེད་།
“ཁྱོད་ཀྱིས་མི་སྡུག་པ་སྒོམ་སྟངས་དེ་ཡང་ཡ་མཚན་ཞིག་རེད་འདུག་རང་གི་ཁེ་ཕན་གྱི་དོན་དུ་རང་གི་ཆགས་ཡུལ་དུ་གྱུར་བའི་བུད་མེད་ཚོར་དྲི་མ་ཅན་གྱི་སྣོད་ཡིན་པ་མི་གཙང་བ་རེད་ཅེས་སྒོམ་ན་ག་ལ་འགྲིག་བུད་མེད་ཚོར་མཐོང་ཆུང་རང་རེད་དོ།སོ་སོའི་ཁེ་ཕན་གྱི་ཆེད་དུ་བུད་མེད་ལ་ལྟ་སྟངས་དེ་འདྲ་ངན་པ་བཟུང་ན་ཕོ་མོའི་བར་ལ་འདྲ་མཉམ་གྱི་ལྟ་སྟངས་ཤིག་ཡོང་མི་སྲིད།”
འཁོར་བ་ལ་་སྙིང་བོ་མེད་པར་སེམས་བསྐྱེད་།གཞན་གྱི་དོན་དུ་མཚང་རྒྱ་བར་གྱུར་ཅིག་ཅེས་སྨོན་ལམ་རྒྱབ་།གཞན་གྱི་དོན་དུ་ཐར་བ་ཐམས་ཅད་མཁྱེན་པའི་དོན་དུ་ཐབས་ལྟ་བུ་མི་སྡུག་པ་སྒོམ་ཡོང་དུས་།
“་ཁེ་ཕན་གྱི་དོན་དུ་རང་གི་ཆགས་ཡུལ་དུ་གྱུར་བའི་བུད་མེད་ཚོར”
ཟེར་བ་ཅི་རེད་།དམར་སྲུང་དམག་བཞིན་དུ་།སྒྲོ་འདོགས་མ་བྱས་།གནས་ལུགས་ཞིག་གི་དོན་དུ་སྐད་ཆ་བཤད་ཅི་ཐུབ་བྱོས་།དེ་མིན་རང་བཞན་གཉིས་ཀ་ཕན་པ་མེད་པ་ཞིག་རེད་།
སྤྱིར་བཏང་རྒྱ་ནག་གི་སློབ་གྲྭ་སོང་༼ནུབ་ཀྱི་མཁས་བ་ཁ་ཅིག་གིས་སློབ་གྲྭ་མ་ཡིན་པར་སེམས་པ་བསྒྱུར་བའི་ནད་ཁང་རེད་ཟེར་མཁན་ཡང་ཡོད༽བ་དག་གིས་།ནུབ་ནས་ཁྱེར་ཡོང་བའི་ཕོ་མོའི་འདྲ་མཉམ་གྱི་ལྟ་གྲུབ་སོགས་མི་ཤེས་།ཡིན་ནའང་མི་ཤེས་བའི་ཚུལ་དུ་མི་སྡོད་།ཁ་ནས་ཤེས་ཁུལ་དང་ཡིན་ཁུལ་གྱི་གཏམ་མང་པོ་བཤད་།
ཁྱེད་ཚོས་འདོད་བཞིན་པའི་ཕོ་མོ་འདྲ་མཉམ་གྱི་ལྟ་གྲུབ་དང་།ནུབ་ཀྱི་མཁས་བ་དག་གི་འདོད་པའི་ཕོ་མོ་འདྲ་མཉམ་གྱི་ལྟ་ཚུལ་བར་ལ་རྒྱང་ཐག་ཤིན་ཏུ་རིང་།སྐད་ཆ་དྲང་བོ་ཡིན་།
བོད་ནང་དུ་ཕོ་མོ་འདྲ་མཉམ་རྩོད་ཀིན་ཡོད་ཟེར་བའི་བོད་མོ་འགའ་ཤས་དང་འཕྲད་བྱུང་།ཁོ་ཚོའི་དཔེ་ཆ་ཡང་བལྟ་ཀློག་ཙམ་བྱས་པ་ཡིན་།བདེན་པའི་ཆ་འགའ་རེ་འདུག་མོད་།དོན་གྱི་རྙིང་གཏོར་གྱི་ལྟ་བ་ཞིག་རེད་།རྙིང་བ་དང་གསར་བ་།སྲོལ་རྒྱུན་བར་གྱི་འགལ་འདུ་ཞིག་ལས་གཞན་མཐོང་མ་སོང་།
ཉེན་ཁ་ཆེ་བ་ཞིག་ལ་ད་ལྟ་ཅི་མི་སྙམ་པར།་ལྟ་བ་དེ་འདྲ་རྒྱ་ཆེན་པོ་སྤེལ་ཀིན་འདུག་།
ང་རྩ་བ་ཉིད་ནས་ཁོང་ཁྲོ་ལངས་མེད་།སྤྱིར་བཏང་ཁྱོད་ཀྱི་སྐད་ཆ་ཐམས་ཅད་།སྔ་ཕྱི་འབྲེལ་མེད་པ་།ཁ་ཕོད་ཅན།
གང་གི་ཐད་ན་རྩོད་འདོད་པ་ཞིག་མི་འདུག་ནའང་།ལན་མ་བཏབ་པར་བསྡད་ན་བརྩི་བཀུར་མེད་པ་འདྲ་བ་ཞིག་ཏུ་མཐོང་སོང་བས་།སྐད་ཆ་དེ་ཚོ་བཤད་པ་ཡིན་།
འཇིག་རྟེན་གྱི་གནས་ལུགས་ཐམས་ཅད་།རིག་གསར་གྱི་སྐབས་དང་།སློབ་གྲྭའི་ནང་ནས་ཁ་གཡང་བསྒྲགས་པ་ལྟ་བུ་ཞིག་ག་ལ་ཡིན་།
བུད་མེད་ཀྱི་ཐོང་ཐང་ཟེར་བ་འདི་།གོ་བ་ལེན་རྒྱུ་མང་པོ་ཡོད་པ་རེད་།
ཁ་ཅིག་གིས་འདྲ་མཉམ་མ་བྱུང་བ་དེ་རིག་གནས་དང་།ཁ་ཅིག་གིས་ཆབ་སྲིབ་།ཁ་ཅིག་གིས་དཔལ་འབྱོར་།ཁ་ཅིག་གིས་ཆོས་ལུགས་ལ་བརྟེན་ནས་བྱུང་བ་རེད་ཅེས་འགྲེལ་རྒྱག་གིན་ཡོད་པ་རེད།
ཁྱོད་ཚོ་ལ་དམར་པོ་དང་།རིག་གསར་གྱི་ཤན་ཞུགས་ནས་།ཕོ་མོ་འདྲ་མཉམ་མ་བྱུང་བ་དེ་མཐའ་གཅིག་ཏུ་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་།ཆོས་ལུགས་རེད་ཅེས་བཙན་འགྲེལ་རྒྱག་གིན་ཡོད་པ་རེད་།སུས་ཀྱང་དཔལ་འབྱོར་གྱི་སྟེང་ནས་བྱུང་བ་ཡིན་པ་དང་།དེ་བཞིན་ཆབ་སྲིད་།དེ་བཞིན་སའི་ཁམས་ཀྱིས་སྟེང་བ་ཡིན་པ་སོགས་ལ་ཞིབ་དཔྱད་གཏོང་ཤེས་ཀིན་མི་འདུག་།
ངས་ཀྱིས་བསམ་པ་འདྲ་མཉམ་མ་བྱུང་བ་དེ་།ས་ཁམས་དང་།དཔལ་འབྱོར་།ལས་ཀ་བྱེད་སྟངས་ཀྱི་དབང་གིས་བྱུང་བ་རེད་མ་གཏོགས་ཆོས་ལུགས་དང་རིག་གནས་རེད་བསམ་གིན་མི་འདུག་།
དམར་སྲུང་དམག་རྣམས་ཀྱི་དེ་འདྲ་ལ་བསམ་བློ་གཏོང་མི་ཤེས་།གཏོང་མི་ཕོད་།ཤེས་བ་ནི་ཆོས་དང་།སྲོལ་རྒྱུན་ལ་སྡང་ནས་ཁ་གཡང་སྒྲོག་རྒྱུ་དེ་རེད་།
ང་སེམས་ཁམས་རིག་པའི་སྐོར་ལ་ཤིན་ཏུ་ནས་དགའ་བོ་ཡོད་།
དེའི་ཕྱིར་ངས་ཆེད་དུ་བོད་ནང་དུ་རྒྱ་ནག་གི་སློབ་གྲྭ་སོང་བ་དེ་ཚོ་དང་།ཁྱད་པར་མི་རིགས་སྡེ་ཁག་ཏུ་སོང་བ་དག་ལ་ཞིབ་དཔྱད་བྱས་མྱོང་།ཁོ་ཚོ་ལ་བསམ་པའི་འཁྱེར་སྟངས་ཁྱད་འཚར་བ་འགའ་ཤས་འདུག་།
དེའི་ནང་གི་ཐུན་མོང་མ་ཡིན་པ་གཅིག་ནི་།
ཆེ་བ་ཞིག་ཆུང་བར་བཏང་སྟེ།་ཆུང་བ་ཞིག་ཆེན་པོ་རི་འདྲ་བ་དག་ལ་་བཞག་ནས་བཤད་མཁན་འགའ་འདུག་།
དེ་ནས་གཞན་གྱིས་དྲི་ཚིག་སོགས་དྲིས་ཡོང་དུས་།ཚིག་སྔ་ཕྱི་ག་འདྲ་འགལ་བ་ཡོད་པ་དང་།མི་དག་པ་ཞིག་ཡིན་ནའང་།དེ་འགྲིག་མི་འདུག་།དེ་རེད་ཅེས་རྩ་བ་ཉིད་ནས་།ཁས་མི་ལེན་མཁན་ཞིག་རེད་།
གཞན་གྱི་སྐྱོན་ཆུང་ངུ་ག་འདྲ་ཤིག་ཡིན་ནའང་།སྐྱོན་ཁས་ལེན་ལོངས་ཞེས་བཙན་འདེབས་བྱ་མཁན་འགའ་ཤིག་ཏུ་མཐོང་།
ད་ནས་བཟུང་འདི་ཐམས་ཅད་ཡང་གླེང་བར་བྱ་།
ཧ་ཧ་ཧ་བོང་རྫི་ཁྱོད་ཀྱི་ཨུ་ཚུགས་དེ་ལ་དངོས་གནས་གཏན་ཚིགས་རིགས་པ་དང་རྒྱུ་མཚན་ཡང་དག་ཅིག་འགྲོ་ས་ཁྱོན་ནི་མི་འདུག།མིའི་ཤེས་འདོད་ལ་མ་ཞུགས་པའི་ཁྱོད་ཀྱི་འདོད་པ་ལྟར་དུ་དམར་སྲུང་དམག་རྣམས་ཀྱི་ཞེས་མུ་མཐུད་དེ་ཤུགས་རྒྱོབས་དང་།དགའ་བསུ་ཡོད།།
ཆོས་དབྱིངས་སྒྲོལ་མ་།
ངས་དོན་མེད་དུ་དགོད་པ་རྣམས་ལའང་སྐད་ཆ་འགའ་བཤད་ཡོད་།རིམ་གྱི་མཆན་རྣམས་ལ་ལྟོས་དང་།གསལ་བོ་ཡོང་གི་རེད་།
ད་བར་ཏུ་ཁ་རོགས་ལ་བསྡད་པ་ཡིན་།རྙིང་གཏོར་དང་།སྲོལ་རྒྱུན་ཟེར་ནས་ག་རེ་འཕྱ་སྨོད་དང་།ཟུར་ཟ་བྱས་རུང་།བསྡད་བསྡད་པ་ཡིན་།
ད་སྐད་ཆ་དེ་དག་ཤོད་མཁན་རྣམས་ལངས་ཤོར་ལྟ་བུ་འགྲོ་གིན་འདུག་།རྒྱ་ནག་གི་སློབ་གྲྭ་དང་།ལས་ཁུངས་ནང་ནང་གི་བཤད་བཤད་དེ་།ས་གང་དུ་བཤད་ནས་ཉན་མཁན་མེད་པའི་ཁར་།ཡ་མཚར་བོ་ཞིག་མཐོང་གིན་རེད་།
མཐར་ཐུག་ན་རྙིང་བ་གཏོར་རང་གི་་མི་ཚེའི་ཕྲ་མོ་སྤྱོད་པའི་ལས་ཀ་ཞིག་གི་ངོས་ནས་་སྐད་ཆ་བཤད་ཀིན་ཡོད་ན་།གནས་ཚུལ་གཞན་ཞིག་རེད་།
སྤྱིར་འཇིག་རྟེན་གྱི་གནས་ལུགས་ཟེར་བ་འདི་ཨུ་ཚུགས་བྱས་ནས་ཡོང་གིན་མ་རེད་།དེ་བཞིན་བདེན་པ་ཟེར་བ་རྒྱལ་ཁབ་དང་།ཆབ་སྲིད་།ལྟ་བ་དང་།གྲུབ་མཐའ་ཁ་ཤས་ཀྱིས་འགོག་ཐུབ་པ་ཞིག་མ་རེད་།
རྣམ་འགྲེལ་ནང་ན་ཚིག་འདི་འདྲ་བ་ཞིག་ཡོད་པ་རེད་།
ངོ་བོ་་ཉིད་ལ་ཕྱིན་ལོག་གི་།ལྡོག་ཏུ་ཟིན་ཀྱང་མི་འབད་དེ་།་ཞེས་ཚིག་ཡ་མཚར་ཅིག་གསུང་ཡོད་པ་རེད་།
ཡ་གངས་ལྷ་མོ་ལགས།
ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་ཡི་ནང་དུ་རིགས་རུས་དང་ཕོ་མོ། ཆོལ་ཁ་དང་ཆོས་ལུགས་སོགས་སོ་སོའི་འདོད་པ་མ་ཁེངས་ནས་གཞན་ལ་འཁང་ར་དང་འགྲན་སེམས་ཁོ་ནའི་ངང་ནས་ཟུར་འགྲོས་བྱེད་མཁན་གྱི་སྡེ་ཚན་ཞིག་ཡོད་པ་ལས་ཁྱེད་ཉིད་ཀྱང་གཅིག་ཏུ་སེམས།
ངོས་རྣམ་ཀུན་བུད་མེད་སྨད་མཁན་ཞིག་གཏན་ནས་མིན་ཀྱང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དགོངས་འགལ་མེད་པར་ཞུ་དེ་རིང་ལས་ཀའི་བྲེལ་ཟིང་གིས་རྐྱེན་པས་འབྲི་མཚམས་དེར་བཞག་དགོས་བྱུང་།
གཏན་གཏན་ལན་ཞིབ་ཚགས་སུ་རྗེས་མར་འབུལ་གྱི་ཡིན།
ཆོས་དབྱིངས་སྒྲོལ་མ།
བོད་ལ་རྒྱུ་མཚན་མང་ཉུང་ལ་མ་ལྟོས་པའི་རྒྱུ་མཚན་ལ་བརྟེན་ནས་ཕོ་མོའི་བར་དུ་ཁྱད་པར་དབྱེ་དང་འབྱེད་བཞིན་པ་ངོས་ལེན་བྱས་ཡོད། དེ་ནི་མི་ཆོས་གཙང་མ་བཅུ་དྲུག་ནང་ན་བུད་མེད་ཀྱི་ཁ་ལ་མི་ཉན་པ་འདི་གཅིག་རེད། དེ་ལས་གཞན་ཁྲིམས་ཐོག་ནས་སྐྱེས་པ་དང་བུད་མེད་སྐོར་དམིགས་བསལ་བའི་དབྱེ་འབྱེད་བྱེད་པའི་ཁྲིམས་ཞིག་ཨ་ཡོད་ན། ནང་ཆོས་ནས་བསམ་ན་དེ་འདྲའི་ཁྱད་པར་འབྱེད་པ་གཏན་ནས་མེད། དེའི་སྐོར་གོང་ན་ཞུས་ཟིན་པས་ཨ་བཤད་ཡང་བཤད་མི་བྱ།
ངའི་ལྟ་བ་ལ་ཡང་ཕོ་མཆོག་མོ་དམན་གྱི་བསམ་ཚུལ་ལ་སྡང་མཁན་ཞིག་ཡིན། རྡ་སར་བོད་ཀྱི་མཛངས་མའི་འགྲན་སྡུར་སོགས་ཀྱི་སྐོར་ལ་ངས་མཆན་བུ་ཁ་ཤས་བཏབ་ཡོད་པ་དེ་ལས་ཁྱེད་ཀྱིས་མཁྱེན་ཐུབ།
ཡིན་ནའང་བུད་མེད་ལ་ཐོབ་སྟངས་མིན་འདུག་ཅིག་ཅིག་ཉིག་ཉིག་མང་པོ་བཤད་པ་འདི་ཡང་ངའི་རྣ་བར་མི་འགྲོྲ
བུད་མེད་ལ་འདི་བྱེད་མི་ཆོག་ཟེར་མཁན་ཁྲིམས་དང་སྒྲིག་འཛུག་བཙན་བྱོལ་ནང་མེད་པ་ངས་ཁས་ལེན་ཐུབ།
དེ་བས་རང་གི་འཇོན་སྟངས་སྟོན་ནས་སྤྱི་ཚོགས་ནང་བུད་དགོས་པ་ལས་སྡུག་ཡུས་འདྲེན་པས་ཕན་པ་མེད་ལགས།
བོད་ཀྱི་བུད་མེད་རྒྱལ་ལོ།།
བོད་དང་རྒྱ་ནག་ནང་དེ་འདྲ་ཡིན་ན།
བཙན་བྱོལ་ནང་གང་འདྲ་ཡིན་ན།
ཁོ་བོ་ཞགས་ཤས་སྔོན་ལྡི་ལི་ནས་ཡོངས་དུས་འདི་འདྲ་ཞིག་ཐུག་སོང་།
ལྡི་ལི་མན་ཇི་ན་ཀྲི་ལ་ནི་རྒྱ་གར་ལྷོ་བྱང་དང་བལ་ཡུལ་སོགས་ནས་ཡོང་བའི་བོད་པའི་འགྲུལ་པ་སྡོད་སའི་ས་གནས་ལྟེ་བ་དེ་ཡིན་དུས་དེར་མ་མཐར་ཉིན་ཞག་གཅིག་གཉིས་མི་སྡོད་མཐུ་མེད་ཡིན་པ་ལྟར།
ཉིན་ཤས་སྔོན་ཁོ་བོ་ལྷོ་ཕྱོགས་ནས་ཚུར་ལམ་ལྡི་ལི་ལ་ཞག་གཉིས་ཙམ་ངལ་གསོས་པ་ཡིན། མ་གཞི་བྱས་ན་ལྡི་ལི་ནི་དབྱར་ཁ་ཚ་ཆེ་ཁར་རྒྱབ་ཀྱི་གཙོག་ཆུའི་དྲི་ངན་གྱིས་ཁྱབ་ཅིང་།
དུག་སྦྲང་འབེལ་བ་སོགས་ངལ་གསོ་ས་ཞིག་མ་ཡིན་ཡང་ཁོ་བོ་ནི་ས་དེ་གར་འབྱོར་དང་ཕལ་ཆེར་ཡུལ་དུ་སླེབས་པའི་སྣང་བ་ཞིག་གིས་ངལ་སོས་ཀྱི་འདུག་ལ་རྒྱུ་མཚན་ནི་ལོ་ངོ་ཧྲིལ་པོ་གཉིས་ཀྱི་རིང་རྒྱ་གར་གྱི་གྲོང་གསེབ་ཆུང་ཆུང་ཞིག་ལ་བསྡད་སྡད་ཀྱིས་སུན་ཡོང་གི་ཡོད་པ་འདྲ། བོད་པའི་གྲོང་ཚོ་ཆུང་ངུ་འདིའི་སྲང་ལམ་ནས་བོད་གདོང་རྐྱང་རྐྱང་རིག་འོང་དུས་ང་ནི་རྙིད་པའི་མེ་ཏོག་ལ་ཆུ་བླུག་པ་ལྟར་ལུས་སེམས་ལྷོད་ལ་བབ་ཐུབ་ཀྱི་འདུག
དགོངས་མོ་ང་དང་རོགས་པ་གཉིས་ཁྲོམ་དུ་འཁྱམ་འཁྱམ་ལ་ཡོང་ཞོར། ངས་ཀོ་རི་ཡའི་མུ་འབྲེལ་སྒྲུང་གཏམ་གྱི་ཨང་སྡེར་ཁག་གཅིག་ཉོ་འདོད་དེ་ཚོང་པ་དང་ཁ་བརྡ་བྱེད་སྐབས། བློ་བུར་དུ་རྒྱབ་ནས་ཨ་ཅག་ཞིག་གིས་མ་བསྐུལ་དང་དུ་བླངས་ཏེ།
ཨང་སྡེར་གང་དང་གང་ཞིག་གི་སྒྲུང་ལེགས་ཚུལ་དང་འཁྲབ་མཁན་སུ་དང་སུ་མཛེས་ཚུལ་སོགས་གཙང་ཆུ་བབ་བབ་ཀྱིས་འགྲེལ་བཤད་གནང་གི
དེ་མ་ཐག་ཚོང་པ་མ་བུ་གཉིས་པོས་འཛེམ་ཟོན་རྩ་ནས་མེད་པར་ཁྲེལ་དགོད་བྱེད་ཀྱིན་ཆ་ཚང་བལྟས་ཚར་འདུག་ག་སོགས་གོ་ལ་མི་གོ་ལ་མང་པོ་ཞིག་བཤད་སོང་བས། ང་ནི་ཤ་དང་རུས་པའི་གསེབ་ནས་ཙག་ཅིག་ལངས་ཤིང་ངོ་གདོང་ལ་མེ་ལྕེས་འཁྱུད་པ་ལྟར་ཚ་འུར་འུར་ཞིག་གིས་ལུས་སེམས་ཡོངས་རྫོགས་ངོ་ཚས་སྦྲིད་སོང་།
ཨ་ཅག་ཡང་ཁ་སྐྱེངས་པའམ་གང་ལྟར་གཤམ་གྱི་གྱར་ཟུར་བར་སོང་ནས་ལངས་བསྡད་ཡོད་ཚོད་འདུག་ཀྱང་ངས་ལྟ་ཙམ་མ་ནུས་པས་ངོ་གདོང་དང་གཟུགས་དབྱིབས་སོགས་གང་ཡང་མཐོང་མ་སོང་། ཨ་ཅག་དེས་ལབ་པའི་བུ་བཞི་དང་བུ་མོ་གཅིག་བྱས་པ་དེ་མ་ཉོས་པར་གཞན་ལ་ལག་པ་འཆང་ཡང་ཨ་མ་དེས་ལམ་སང་བུ་བཞི་བྱས་པ་དེ་རང་ཡག་གི་རེད་གསུངས་སོང་བས་གཅིག་ཉོས་ནས་ཡོང།
ཕྱི་ཉིན་དགོང་དྲོ་ཡར་ཡོང་དུས་སྲང་ལམ་ནས་ཨ་ཅག་ཕར་ཆེར་ལོ་ན་སུམ་ཅུ་བརྒལ་ཟིན་ཙམ་མིན་འགྲོ དེ་འདྲ་ཞིག་གིས་དགོད་འཛུམ་ཤིག་བསྟན་སོང་། ངས་རྒྱབ་ཕྱོགས་དེར་མོ་རང་གི་ངོ་ཤེས་ཤིག་ཡོད་ཀྱི་རེད་བསམ་ནས་ཡ་མ་བྱས་པར་ཕྱིན་པ་ཡིན། ང་ཚོ་ཨ་མ་ལགས་ཀྱི་ཟ་ཁང་འགྲམ་དེར་འབྱོར་དུས་ཨ་ཅག་དེ་ཡང་དེར་སླེབས་ནས་ཡང་བསྐྱར་འཛུམས་དམུལ་བྱུང་།
ངའི་བསམ་པར་ཕྱི་སྡོད་བོད་མི་ཤིག་མིན་འགྲོ གྲྭ་པ་ལ་དད་གུས་ཡོད་ས་རེད། ད་དུང་ང་ཚོ་མི་རབས་ཁ་ཤས་ཀྱི་རིང་ལ་གྲྭ་པའི་ལམ་ཀ་འདུག་ག་བསམ་སོང་།
ང་ཚོས་འགྲུལ་འཁོར་འཛིན་བྱང་བླངས་རྗེས་འགྲུལ་འཁོར་བསྒུག་ས་དེ་གཤམ་གྱི་གནམ་ཟམ་འཁྲིས་ལ་རེད་འདུག་པས་དེར་ཕྱིན་པ་ཡིན།
ལྡི་ལོ་ནི་ལྡི་ལི། ཚ་བ་མེ་འབར་འབར་ཡིན་དུས་ང་དང་གྲོགས་པོས་ཆུ་མངར་རེ་ཉོས་ནས་འཐུང་བཞིན་པའི་སྐབས་ཨ་ཅག་དེ་སླར་ཡང་དེ་གར་ཡོང་གི་འདུག
ཟུར་དུ་འབྱོར་དང་ཚུར་བལྟ་ཙམ་བྱེད་ཞོར་ཨ་མ་ཚ་བ་ཆེ་བ་ལ་ཟེར་ནས་ངག་སྒོ་ཕྱེས་སོང་བས་ངས་འོ་འདུག་ཟེར་ལན་བྱིན། ཨ་ཅག་ག་བར་འགྲོ་ག་ཞེས་དྲིས་པར་ཅུང་ཚག་ཚིག་གི་རྣམ་འགྱུར་ཞིག་སྟོན་ཀྱིན་མ་སུ་རི་ལ་སྤུན་མཆེད་ཐུག་གི་འགྲོ་དགོས་ཏེ་ཞེས་ཚིག་མཐའ་མེད་པ་ཞིག་བཤད་དེ་ཁྱེད་ཚོ་ག་བར་འགྲོ་ག་ཞེས་ཚུར་དྲིས་སོང་།
ང་ཚོ་ཀུ་ལུ་མ་ན་ལི་ལ་འགྲོ་གི་ཡིན་ཞེས་ལན་བྱས་པར་ཅུང་མི་འདྲ་བའི་རྣམ་འགྱུར་ཞིག་བསྟན་ཏེ། ཨ་ལེ། ཡིན་ཡང་ཧོ་ཧྲལ་ལ་བསྡད་ན་འགྲིག་གི་མ་རེད་པས་ཞེས་དྲིས་སོང་བས་ང་རྨོང་གཉིད་ལས་གཞི་ནས་སད་སོང་། ངས་ལན་གྱི་ཚབ་ཏུ་ལྟ་ཙམ་བྱས།
ཨ་ཅག་དེ་ནི་གཟུགས་རིང་ཐུང་འབྲིང་ཙམ་ལ་སྐྲ་ལོ་སྨུག་པོ་ཕྲག་སྟེང་དུ་སླེབས་ཙམ་བཞག་འདུག་ཅིང་དཔེ་གསར་གྱོན་གོས་ནག་པོ་ཆ་འགྲིག་ཅིག་གྱོན་འདུག ཅུང་མི་འདྲ་བ་ཞིག་ནི་རྟ་ཡི་སྲབ་རྨེད་བཏུབ་ཏེ་གྲུབ་པ་ལྟ་བུའི་བཟོ་རྣམ་ཧར་དྲག་པའི་བསིལ་ལྷམ་དེ་རེད་འདུག
མཐའ་མ་དེར་ང་ཚོས་ལན་མ་བྱས་ཙང་ཨ་ཅག་ལགས་ཀྱིས་ལས་ཀ་གཞན་ཞིག་ཡོད་མདོག་གིས་སྔོན་རྒྱབ་ཏུ་ཡར་ལྟ་མར་ལྟ་འགའ་བྱས་དེ་བུད་སོང་།
དེ་བྱེད་དུས་ཨ་ཅག་དེ་ཚོ་གྲྭ་པ་ལ་ཁ་ལོབ་སོང་བ་ཨེ་ཡིན་ན། ཡང་ན་་་་་་་་་་་་་་་་་་་་་་་་་།
དྲ་གྲོགས་ཚོས་བསམ་ཚུལ་རེ་འདོན་རོགས་དང་།
ཨོ་གྲོགས་དྲི་མེད་ལགས།
སྐུ་ཞགས་ཞོགས་དུང་གིས་ཀྲུང་གོའི་ལྕགས་བསྲེག་ལ་ལག་གིས་འཆང་ནས་བརྩོན་དུ་ཕེབས་སོང་ན།
ངས་གྲྭ་པའི་ཇ་པོར་ཚ་པོ་ཞིག་ལ་ལག་གིས་རེག་ལོས་ནུས་དགོས།
སྐུ་རྩེད་ཞུས་པ་ཡིན་གྲོགས་པོ་ལགས།
དོན་དངོས་ཐོག་འདི་ཐད་ལ་ངས་བསམ་མནོ་མང་པོ་ཞིག་བཏང་ནས་ངས་འདི་བྱེད་རྒྱུ་གདམ་པ་ཡིན།
ཁ་ཕོ་རུས་ཚ་ཞིང་ཀླད་ལ་རྒྱ་ཆེ་བའི་དགེ་འདུན་པ་ཁག་གི་ཐུགས་ལ་ངའི་བྱེད་ཕྱོགས་འདིར་མོས་མཐུན་མེད་པ་ཙམ་མ་ཟད་ཁ་བརྡུང་ཡང་གཏོང་སྲིད་པ་ཞིག་རེད།
འོན་ཀྱང་ངའི་བསམ་ཕྱོགས་ངོ་མ་དེ་ནི་དྲང་བདེན་གྱིས་བཤད་པའི་རྩོམ་རིག་གཅིག་བྱུང་ན་གཞི་ནས་དེ་བླ་སྲོག་གནས་ཀྱི་རེད་འདོད་པ་དེ་རྒྱུ་མཚན་གཅིག་ཡིན།
གཞན་དེ་ནི་མདོར་ན་རྩོམ་གྱིས་འདུལ་ཁྲིམས་སྲུང་དགོས་ཀྱི་མ་རེད་སྙམ་མོ།
ཧ་ཧ་ཧ། ཨོ་རིག་ལ་ཚིག་རྩ་ཞེ་དྲག་མི་འདུག
དགོངས་དག
མཇུག་དེར་མ་དགོས་བ་ཞིག་ཤོར་འདུག
མེད་མེད།
ཁྱེད་ཀྱིས་ཚར་གཅིག་བཀླགས་ན་འགྲིག་སོང་བ་རེད།
བློ་གྲོས་མཐའ་ཡས་ལགས།
ཁོ་བོ་རྩོམ་པ་པོ་མིན་ལ་སྙན་ངག་པ་ཡང་མིན།
ཡིན་ན་ངས་རང་གི་བསམ་ཚུལ་ཙམ་འགོད་ཐུབ་ཀྱི་ཡོད།
མ་གཞི་མི་ཚང་མ་ཁྱེད་དང་དོ་སྙམ་མ་གཏོགས་ཁྱེད་ཀྱིས་གདིང་ཚོད་འཆུག་སོང་བ་རེད།
ཚིག་རྩ་དང་དོན་རྩ་གཉིས་ཀ་མེད་ཀི ཅི་ཞིག་བཤད་འདོད་པ་ཁོ་རང་ལའང་གསལ་ཁ་མེད་ཚོ། ཨ་ཅག་ཞིག་གིས་མགྲོན་ཁང་ལ་སྡོད་ཀྱི་འེ་ཡིན་ཟེར་བ་དེར། ཁོ་རང་ཚ་འཕྲུལ་ལ་སོང་བ་འདྲ་འདུག
ལགས་སོ་གཞོན་ཟླ་མེད་བདེན་པ་ཡིན་རྒྱུ་རེད།
ཨ་ཁུ་ཁྱེད་ཚོ་ལ་་ཕོག་སོང་ཡིན་རྒྱུ་རེད།
ཁྱད་པར་མི་འདུག་ཁྱེད་ཀྱིས་ཚར་གཅིག་བཀླགས་སོང་དེ་རང་གི་ངས་འདོད་པ་ཁེང་སོང་།
ངའི་མིང་བརྗེས་པ་ཡིན།
ད་ནས་བཟུང་ངའི་མིང་གདུག་འདྲེ་ཞེས་འདོགས་ཀྱི་ཡིན།
གང་ཡིན་ཟེར་ན་ཚང་མས་ང་ལ་གདུག་འདྲེ་མཐོང་མཐོང་བྱེད་ཀྱི་འདུག
གཞོན་ཟླ་མེད་དེ་ང་ལ་འཁོན་འཛིན་ཞིག་ཡོད་ས་རེད།
ཁ་སང་ངས་ཆོས་རྒྱུད་སྐོར་ལ་ཅུང་ཙམ་ཞུ་དགོས་ཁེལ་སོང་།
གཅིག་བྱས་ན་ང་འུག་པའི་རིགས་རྒྱུད་ཡིན་པ་ཧ་གོ་ནས་བྱ་རུབ་རྒྱབ་པ་ཡིན་རྒྱ་རེད།
ཁྱད་པར་མི་འདུག
ཚིག་དོན་གཉིས་ཀ་ལ་གོ་ཡ་ཁྱོན་ནས་མི་འདུག་གསུངས་ནས་ཨ་ཅག་མཉམ་དུ་ཨེ་ཞེས་པའི་དོན་ཞིག་གོ་འདུག
ཁྱེད་མཁས་པ་ག་ཚོད་ཡིན་ན་ཡང་འགྲོ་མི་ལ་བརྩི་མཐོང་ཞེས་པ་དེ་མཁྱེན་མི་འདུག
ང་རྒྱལ་དང་ཕྲག་དོག ཁྱད་གསོད་བྱེད་ཡ་རྐྱང་རྐྱང་ཞིག་གདན་ས་ནས་སྦྱང་པ་ཡིན་པས།
ཁ་སེང་མཁས་པ་བེ་རིས་ཁྱེད་ལ་ཕབ་པའི་བཀའ་དེ་ཉན་ནས་གདན་སར་བཞུགས་ན་ཡག་པོ་འདུག
ངའི་རེ་བ་ཡིན།
མགཞི་ཁྱེད་ཀྱིས་ང་ལ་སྡང་དགྲ་ཞིང་དུ་ངོས་བཟུང་ཡོད་པ་ཤེས་ཀྱི་ཡོད་ཀྱང་ངས་ཁྱེད་ལ་ད་དུང་འཁོན་
འཛིན་ཞིག་བྱེད་འདོད་མེད།
ངའི་ཚིག་དོན་གང་ཐད་ནས་ཡག་པོ་ཡོད་པ་ཁས་བླངས་མེད་ལ་ཐབས་ཆག་ཡིན་རྒྱུ་རེད།
ཡིན་འང་ངས་ཁྱེད་ལ་སློབ་རོགས་ཞུ་རྩིས་མེད།
རྒྱུ་མཚན་དེ་ཁྱེད་ནི་་ཉམ་ཆུང་སྐེ་འཚིར་གཏོང་མཁན་ཞིག་ཡིན་པ་ངས་གསལ་པོ་ཤེས་སོང།
ཨོ་རིག་ལགས། ངས་རྩེ་མོ་རྩེ་བ་ཐུགས་ལ་མ་བཞག་རོགས་གནང་། ངས་ཁྱོད་རྩ་ནས་མི་ཤེས། དེ་སྔོན་ཁྱོད་ཀྱིས་ཅི་ཞིག་བྲིས་ཡོད་མེད་ཀྱང་མི་དྲན་གི གོང་ན་བློ་གྲོས་མཐའ་ཡས་ཟེར་མཁན་ཞིག་གིས་རྩེ་མོ་ཞིག་རྩེ་འདུག དེའི་ཞར་ལ་ངས་ཀྱང་རྩེ་མོ་ཞིག་རྩེ་བ་ཡིན། ཁྱོད་རང་གིས་མིང་བརྗེས་བོ་རྒྱག་དགོས་པ་དེ་འདྲའི་གནད་དོན་ཡོད་པ་མ་རེད། ངས་ཁྱོད་ལ་འཁོན་འཛིན་ཞིག་ཡོད་དོན་རྩ་ནས་མེད། གང་ཡིན་ཟེར་ན། ང་ལ་འཁོན་འཛིན་ཡོད་པའི་མི་ཞིག་རྩ་ནས་མེད། ཁྱད་པར་དུ་ཁྱེད་རང་ངས་མི་ཤེས་བཞིན་དུ་འཁོན་འཛིན་ཞིག་ཡོང་དོན་ག་ལ་ཡོད། ཐུགས་བདེ་བོར་བཞུགས། ཁྱེད་ཀྱིས་ང་ཤེས་ཀྱི་ཡོད་ན་ཁྱེད་རང་གིས་ཐུགས་བསམ་བཞེས་དང་། ངེད་གཉིས་ལ་འཁོན་འཛིན་ཡོད་ས་འགྲོ་གི་མ་རེད། ཆོས་འཇིག་རྟེན་གང་གི་ཕྱོགས་ནས་ཀྱང་ཁྱོད་ཀྱིས་ངའི་སྐལ་བ་འཕྲོག་མ་མྱོང་། དེ་ན་ངེད་གཉིས་ལ་འཁོན་འཛིན་རྩ་ནས་མེད། ད་དུང་ཁྱེད་རང་གི་ང་ཤེས་ཀྱི་ཡོད་ན་ངའི་གཤིས་རྒྱུད་མ་གཞི་ནས་རྩེ་མོ་ལ་དགའ་མཁན་ཞིག་ཡིན་པ་ཡང་མཁྱེན་ངེས་རེད། ངས་ཉམས་ཆུང་སྐེ་བཙུར་གཏོང་གི་འདུག་ཟེར་བ་འདི། ཁྱོད་ཀྱིས་ཅུང་ཟད་ཐལ་དྲག་པ་མེད་ཀྲོ ཁ་བརྡ་ཚང་ནས་ངེད་ཚོ་ངོ་མི་ཤེས་པ་ཚང་མ་འཛོམས་ནས་ངོ་ཤེས་བཟོ་བ་དང་། ཡང་ཁ་བརྡ་འདྲ་མིན་གླེང་ན་དེ་གནས་ཚུལ་བཟང་པོ་ཞིག་རེད་ལ། ཕྱིན་ཆད་ཡིན་ན་ཡང་ངའི་ཕྱོགས་ན་དྲ་གྲོགས་ཚོར་རྩེད་མོ་འདྲ་མིན་རྩེ་བ་དང་། ཞར་ལ་ཤེས་བྱ་འདྲ་མིན་སྦྱང་ན་དེ་ཡག་པོ་ཞིག་རེད་བསམ། མདོར་ན་རྩེ་མོ་ཐུགས་ལ་ཕོགས་སོང་ན་དགོངས་དག་ཞུ་བ་ཡིན།
ལགས་སོ། ཐུགས་ཆེད་གནང་།
བློ་གྲོས་མཐའ་ཡས་ལགས།
ངས་རྩེད་མོའི་འདི་འདྲ་རྩེ་མ་མྱོངས་་ཙང་སྤྲོ་ཐུང་ཤོར་བ་ཡིན་འགྲོ།
དངོས་གནས་བྱེད་ན་ཁྱེད་བདེན་པ་རེད།
ངས་བྲིས་པའི་ཡིག་གེ་འདི་ཚོ་ནི་ཆང་བསིང་པོའམ་གྲོང་འདབ་སྤྲང་སྒར་ཞིག་འདྲ་བར་
ང་རང་ཡིན་ནའང་མྱང་འདོད་དང་མཐོང་འདོད་མི་འདུག
ཁྱེད་ཚོར་ཐུགས་ཁག་ག་ནས་ཡོད།
དེ་བྱེད་དུས་ཅུང་ཡར་རྒྱས་འདྲ་ཡོང་ན་བསམ་ནས་དྲ་ནང་དུ་མཆན་བུ་ཁ་ཤས་འབྲི་གི་ཡོད།
ཁ་སེང་འཕན་པོ་བསྟན་དར་ལགས་འདིར་ཡོངས་ནས་ང་དང་འདྲ་བར་མཆན་ཁྱར་ཁྱོར་རེ་འདེབས་ཀྱི་འདུག་
ཀྱང་དྲྭ་གྲོགས་ཚོས་ལན་མ་གནང་ཙང་ཕལ་ཆེར་འུ་ཐུག་ནས་ལོག་ཡོད་ས་རེད།
ཡིན་ཡང་ང་ནི་ངོ་ཚ་མེད་མཁན་ཞིག་ཡིན་དུས་ད་དུང་འགྲོ་རྩིས།
དེ་ནི་མི་ཚང་ཆེན་པོ་ཞིག་གི་ཐུགས་སྤྲོའི་སྐབས་མི་ཆེན་དང་དཔོན་ཆེན་ལ་དགའ་གུས་ཀྱི་
སྣེ་ལེན་ལ་བྲེལ་ནས་གྲོང་པའི་བུ་ཉམ་ཆུང་དེར་ཇ་མ་རག་པ་འདྲ་པོ་འདུག
ངས་ཇ་ཚ་ཐག་ཆོདཅིག་རག་སོང་།
ཧ་ཧ་ཧ་ཧ་ཧ་ཧ།
ཁྱེད་ཀྱང་ཐུགས་རྒྱལ་མ་བཞེངས་རོགས
བྲིས་ཚར་ནས་ང་ཡང་འགྱོད་པ་སྐྱེས་སོང་ཡང་ཚུར་ལེན་ཡ་ནི་མེད།