རྗེ་བཙུན་ཆེན་པོ་པདྨ་ཐོད་འཕྲེང་ལ། བཙན་པོ་ཁྲི་སྲོང་སྡེའུ་བཙན་གྱིས་གསེར་གྱི་མཎྡལ་ལ་གཡུ་ཡི་ཚོམ་བུ་བཀོད་ནས་ ཞུས་པ། མ་སྒྲིབ་ས་ལེ་མཁྱེན་པའི་གྷུ་རུ་རྗེ། །བོན་ཆོས་གཉིས་ཀྱི་ལོ་རྒྱུས་འབྱུང་ཁུང་དང་། །དར་ནུབ་རྒྱུ་རྐྱེན་ཐ་དད་ཡོད་མེད་རྣམས། །བདག་ཉིད་ཆེན་པོས་མ་ལུས་གསུངས་པར་ཞུ། །ཞེས་ཞུས་པས། གྷུ་རུའི་ཞལ་ནས་བོན་གྱི་འབྱུང་ཁུང་ཆོས་ཀྱི་རྣམ་དབྱེ་ནི། ཟུར་ཙམ་བཤད་ཀྱིས་རྒྱལ་བོའི་ཡིད་ལ་ཞོག བསྐལ་པ་འདི་ཡི་གོང་རོལ་ཡང་གོང་དུ། བསྐལ་བ་མངོན་དགའ་བྱ་བ་བརྒྱད་ཁྲི་བཞི་སྟོང་བྱུང་། དེ་ཡི་གོང་དུ་སྒྲོན་མའི་བསྐལ་པ་བྱུང་། ཐོག་མ་ནས་བཟུང་ད་ལྟའི་བསྐལ་པ་ལ་འདྲེན་པའི་བསྐལ་པ་བཞི་བྱུང་སྟེ། དང་བོ་ཆགས་པའི་བསྐལ་བ་འབྱུང་རྫོགས་དུས། །སྔོན་ལ་ཡོངས་རྫོགས་ཁྲི་བཞི་ནམ་ཏིང་བྱུང་། །དེ་ནས་རླུང་གི་བསྐལ་བ་ཆགས་པའི་ཚེ། །རླུང་ལས་གྲུབ་པའི་བ་རབ་གླིང་རྩོལ་བྱུང་། །དེ་ནས་མེ་ཡི་བསྐལ་བ་ཆགས་པའི་ཚེ། །དེ་ནས་མེ་ལས་གྲུབ་པའི་ཁྲི་རྨང་རྒྱལ་བ་བྱུང་། །དེ་ནས་ཆུ་ཡི་བསྐལ་པ་ཆགས་པའི་ཚེ། །ཆུ་ལས་གྲུབ་པའི་ལྡེ་བོ་གསུང་ཆེན་བྱུང་། །དེ་ནས་ས་ཡི་བསྐལ་པ་ཆགས་པའི་ཚེ། །ས་ལས་གྲུབ་པའི་བ་རབ་གླིང་བཞི་བྱུང་། །དེ་ནས་ཚེ་རབས་དཔག་མེད་དུས་སུ། །སྟོན་པ་འབུམ་ཁྲི་གློག་གི་ལྕེ་ཅན་དང་། །དཔག་མེད་དུས་སུ་གཤེན་ལྷ་འོད་དཀར་དང་། །ཐོག་མེད་དུས་སུ་གཙུག་གཤེན་རྒྱལ་བ་དང་། །ཁྲི་ཕྲག་དུས་སུ་ཚད་མེད་འོད་ལྡན་དང་། །དུང་ཕྱུར་དུས་སུ་ལེགས་པ་ཀུན་སྙོམ་དང་། །བྱེ་བའི་དུས་སུ་ཡང་རྒྱལ་འབྲུག་སླག་དང་། །ས་ཡའི་དུས་སུ་གཤེན་རབ་རྩལ་ཐོག་རྒྱལ། །ཆགས་པའི་དེ་ལ་འདྲེན་སྟོན་དེ་རྣམས་བྱུང་། །དེ་ལྟར་གནས་པའི་བསྐལ་པ་འདི་དག་ལ། །སྟོང་དང་རྩ་གཉིས་འཁྲུངས་པའི་ལོ་རྒྱུས་ནི། །སྔོན་ཚེ་ཆགས་པའི་བསྐལ་བ་ཡ་ཐོག་དུས། །འོག་མའི་མཐུགས་པོ་བཀོད་པའི་ཞིང་ཁམས་དེར། །གསས་ཆེན་རིགས་ལྔ་ཚད་མེད་ཐུགས་རྗེ་སྤྱན། །འགྲོ་དྲུག་འཁོར་བའི་གནས་སུ་གཟིགས་ནས་བཤུམ། །ཚད་མེད་འོད་ལྡན་བྱམས་པའི་འགྲོ་དོན་བསྐུལ། །ཕྱོགས་〈བཞི་དབུས〉ལྔ་ཀུན་ཏུ་སྨོན་ལམ་བཏབ། །བཤུམས་པའི་མཆི་མ་ཐིགས་པ་སྟེང་དུ་འདྲིལ། །སྟོང་གསུམ་གསལ་བ་སྒྲོན་མའི་རྒྱུ་གསུངས་ཏེ། །ཐིགས་གཅིག་སྟོང་གསུམ་འདི་ན་བབས་ལུགས་ནི། །སྲིད་པ་ཡེ་སངས་ཡུམ་གྱི་ལྕམ་བཙུན་མ། །རིན་ཆེན་གསལ་བ་བྱ་བའི་སྤྱི་བོར་བབས། །ཡབ་ནི་འཁོར་ལོ་བསྒྱུར་རྒྱལ་དུང་འོད་ཡིན། །སྲས་བཞི་བློན་བཞི་འཁོར་དང་བཅས་པ་ཡོད། །མེ་ཏོག་ཨུ་དུམ་ཝ་ར་དེ་ནས་བྱུང་། །རྩ་གསུམ་གནས་སུ་སྨན་གྱི་གླིང་དཀྱིལ་དེར། །བདུད་རྩིའི་ཆབ་བྲན་ལྷ་རྣམས་ཀུན་གྱིས་གསོས། །ཕྱི་དེའི་ལོ་ལ་པདྨ་ཧ་སྤུངས་འཁྲུངས། །སངས་རྒྱས་སྟོང་〈དང་〉རྩ་གཉིས་དེ་ནས་འཁྲུངས། །ལྷ་རྣམས་ཀུན་གྱིས་བསྐལ་བཟང་ཁ་དམར་བཏགས། །ཡབ་ཡུམ་སྲས་བཞི་སྨོན་ལམ་དུས་གཅིག་བཏབ། །སངས་རྒྱས་སྟོང་གིས་ཡབ་ཡུམ་ཁྱེད་བཞི་ཡང་། །གསས་ཆེན་རུ་བཞི་སྐྱེ་བའི་སྨོན་ལམ་བཏབ། །འགྲོ་བའི་དོན་དུ་གང་འབྱོན་ཞལ་མ་འཆམས། །སློབ་དཔོན་འབུམ་ཁྲི་གློག་གི་ལྕེ་ཅན་གྱིས། །ལུང་བསྟན་མཚན་རབས་གསེར་གྱི་ཡི་གེ་བྲིས། །རིན་པོ་ཆེའི་བུམ་པར་བཅུག་ནས་ནི། །རིམ་པར་འབྱོན་པའི་ཐུགས་ཀྱི་དཀྱིལ་དུ་དགོངས། །སངས་རྒྱས་རིམ་པར་སྟོན་པ་བྱོན་པའི་ཚུལ། །སྐུ་གསུང་ཐུགས་ལས་ལྷ་གཤེན་སྲིད་པར་སྤྲུལ། །ལྷའི་གཡུང་དྲུང་སེམས་དཔའ་ཤེས་སྒྲིབ་སྦྱང་། །སངས་རྒྱས་སྟོང་དང་རྩ་གཉིས་བྱོན་པའོ། །སྲིད་པའི་ཡོད་ཁམས་དཀར་པོའི་སྲིད་པ་སྤེལ། །གཤེན་གྱིས་མཛད་པའི་སྟོན་པ་རིམ་པར་བྱོན། །བྱེ་བ་ཕྲག་བརྒྱའི་དུས་སུ་སྤྲུལ་སྐུ་འགྱེད། །གནས་དང་འཇིག་སྐལ་ཚུལ་དུ་སྟོན་པ་བྱོན། །མཉམ་ལྡན་བྱམས་པ་གཅིག་གི་སྐྱོན་ལ་བསྟན། །འདུས་དུ་ཉི་ཟེར་མར་ལ་འདུས་པ་བཞིན། །རིགས་ལྔ་ཡིད་ལ་ཐིམ་ནས་དབྱེ་རུ་མེད། །དང་བོ་འོག་ཕྱོགས་འཇིག་རྟེན་དུ། །རྒྱལ་བོ་བཀའ་འོད་མ་སློད་ཅན་གྱི་སྤྲུལ། །དགའ་རབ་རྒྱས་དང་། ཤེས་རབ་ལྡན་དང་། དལ་འབྱོར་སྐྱེས་དང་། གསུམ་གྲུབ་པ་དངོས་སུ་ཐུབ་སྟེ། སྟེང་ཕྱོགས་ཡེ་སངས་བྱ་བའི་ལྷ་རུ་སྐྱེས། དག་པ་གསལ་བ་ཤེས་པ་གསུམ། ཐོག་མར་སྤྲུལ་བའི་སྐུ་རུ་སངས་རྒྱས་པ་ནི། མཆེད་གསུམ་དུས་གསུམ་སྟོན་པར་གཤེགས་ཏེ། སྔར་འདས་གཏོ་རྒྱལ་ཡེ་མཁྱེན། ད་ལྟ་གཤེན་རབ་མི་བོ། སླད་འབྱོན་ཁྱེའུ་ཐང་མ་མེ་སྒྲོན་ཏེ། དུས་གསུམ་གྱི་སྟོན་པ་མཛད་པའོ། །ད་ལྟ་སྟོན་པ་གཤེན་རབ་མི་བོ་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །སྲིད་པ་ཡེ་སངས་ཡུལ་དུ་སྐྱེ་བ་བཞེས། བར་ལྷ་འོད་གསལ་གནས་སུ་ཤེས་བྱའི་སྒྲིབ་པ་སྦྱངས། །མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་དུ། །སྟོན་པ་འབུམ་ཁྲི་གློག་གི་ལྕེ་ཅན་ལ། །ཤེས་རབ་རྣམ་པ་གསུམ་གྱི་བློ་རྩལ་སྦྱངས། འོག་མིན་བདེ་ཆེན་དབྱིངས་ཀྱི་ཕོ་བྲང་དུ་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ། འགྲོ་བ་མ་ལུས་འདུལ་བའི་བོན་ལུང་ཞུས། ཇི་ལྟ་ཇི་སྙེད་ཐུགས་ལ་ས་ལེར་མཁྱེན། གནས་རིགསཞིང་ཁམས་བཅུ་བདུན་དུ། རྩ་གསུམ་ལྷ་ལ་བོན་གྱི་འཁོར་ལོ་བསྐོར། རྒྱལ་ཆེན་རིགས་ཞིའི་ལྷ་རྣམས་དམ་ལ་བཏགས་ནས་ནི། གནས་མཆོག་རྟག་གཟིགས་འོལ་མོ་ལུང་རིང་དུ། རྒྱལ་བོ་རྒྱལ་བོན་ཐོད་དཀར་སྲས་སུ་འཁྲུངས་སོ། །སྟོན་པ་དེ་ཉིད་ཀྱང་བོན་གྱི་འཁོར་ལོ་རབ་ཏུ་བསྐོར། གཤེན་ལོ་ཉི་ཤུ་རྩ་ལྔ་ནས་བསྟན་པ་རྣམ་གསུམ་རྗེས་སུ་བཞག གཤེན་ལོ་སུམ་ཅུ་སོ་གཅིག་ཏུ་ཁྱིམ་སྤངས་རབ་ཏུ་བྱུང་ནས། དཀའ་ཐུབ་ལོ་གསུམ་དང་། དབེན་ས་ལོ་དགུ་ལ་སོགས་བཞུགས་ནས། སྐུ་མྱ་ངན་ལ་འདས་ཚུལ་བསྟན། དེ་ལྟ་ཐུགས་ལས་སྤྲུལ་པའི་སློབ་མ་དགུ་ལ་བསྟན་པ་གཉེར་དུ་བསྩལ་ནས། དེ་ནས་མཛད་པ་བཅུ་གཉིས་དང་དྲུག་ཅུ་རྩ་གཅིག་གིས་བསྟན་པ་མཐར་ཕྱིན་པ་མཛད། སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་པའི་ཕྱིར། སྟོན་པས་གཙུག་ལག་གི་བུ་བཞི་ལ་བསྟན་པ་བཞག་པ་ནི། བསྐལ་བ་དང་བོ་སྲིད་པ་སངས་པོ་འབུམ་ཁྲི་དང་། སྒོ་བ་ཆུ་ལྕམ་རྒྱལ་མོ་གཉིས་སྤྲུལ་བ་ནི། མིང་དགུ་སྲིང་དགུ་དཔོན་ཕོ་མོ་སུམ་ཅུ་རྩ་དྲུག་ཏུ་སྲིད་པ་ལ། ཐ་ཆུང་སྲིན་པོ་ལོག་པ་ཅན་དང་། སྲིན་ལྕམ་བྱུང་རེ་མ་གཉིས་། མིང་སྲིང་ལྡན་པ་ནང་དུ་འཚོགས་པ་ལ། བདུད་མུན་པ་ཟེར་ལྡན་གྱི་གདུག་སེམས་ཞུགས་ནས། བདུད་ཀྱི་བུ་བཞི་བྱུང་སྟེ། རམ་པ་དུག་འགྱེད། འགྲན་དེ་ཡ་བོ། འཁོར་བ་གཏིང་ནག། ང་མིན་ཆོས་པོ་དང་བཞི་བྱུང་བའི་ཚེ། རམ་པ་དུག་འགྱེད་ཀྱིས་དུག་གི་ཁ་ཆུས་སེམས་ཅན་ལ། དུག་གི་ནད་དར་དུ་བཅུག་སྟེ། དེའི་དུས་ནས་སྟོན་པ་གཤེན་རབ་ནི། བསྒྲགས་པ་རྣམ་གསུམ་གྱི་དཔེའུ་རྩེ་རྣམ་གསུམ་གྱིས། སེམས་ཅན་ཐམས་ཅད་བདེ་ལ་བཀོད་པའི་ཕྱིར། དཔྱད་བུ་ཁྲི་ཤེས་བྱ་བར་སྤྲུལ་ནས། བདུད་རྩི་དཔྱད་ཀྱི་མདོ་དགུ་ལ་སོགས་སྨན་དཔྱད་བརྒྱད་ཁྲི་ཡིས། སེམས་ཅན་ཐམས་ཅད་སྡུག་བསྔལ་ཞི་བར་མཛད་ནས་བདེ་ལ་བཀོད་དོ། །ཡང་འགྲན་དེ་ཡ་བོ་བྱ་བས་བདུད་སྡེ་མང་བོ་ཕྱ་སྙན་དང་ཕོ་ཉ་འགྱེད་ནས། སེམས་ཅན་ཐམས་ཅད་ལ་དར་དང་ཡམས་ཀྱི་བསྐལ་བ་དར་བར་བྱེད་པ་ལ། དེ་ཡི་ཚེ་སྟོན་པས་གཏོ་བུ་འབུམ་སངས་སྐུ་ལས་སྐྲུ་ནས། གཏོ་རིགས་སུམ་བརྒྱ་དྲུག་ཅུ་ལ། གཏོ་སྒོ་འབུམ་དང་བཅས་སྟེ་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་བསྟན་ནས། ལྷ་ལ་ཡོན་འབུལ་བགེགས་ལ་གླུད་འཇལ་ཏེ་སེམས་ཅན་བདེ་ལ་བཀོད་དོ། །ཡང་བདུད་འཁོར་བ་གཏིང་ནག་བྱ་བས་བདུད་བཞི་སྤྲུལ་ནས། ནམ་ལ་བགེགས་ཕབས་ས་ལ་དལ་ཡམས་བསླང་། ཚེ་ལ་ཧུར་ཐུམ་བྱེད་པ་ལ། དེ་ཡི་ཚེ་སྟོན་པས་ཀོང་རྩེ་འཕྲུལ་གྱི་རྒྱལ་བོ་བྱ་བ་ཐུགས་རྗེ་ལས་སྤྲུལ་ནས་གབ་ རྩེ་སུམ་བརྒྱ་དྲུག་ཅུའི་རྩིས་གཏན་ལ་ཕབ་ནས། འབྱུང་བའི་བདུད་བཞི་ཆ་བསྙོམས་ནས་སེམས་ཅན་བདེ་ལ་བཀོད་དོ། །ཡང་ང་མིན་ཆོས་པོ་བྱ་བའི་རིལ་བུ་རྩེ་གསུམ་པ་དེ། རྡོ་རྗེ་རྩ་ཆག་ཐོག་ནས་བོན་ལ་བསྐུར་པ་བཏབ་ཅིང་ཆོས་ལོག་སྤྱོད་ཅིང་སེམས་ཅན་ ཐམས་ཅད་ལོག་པའི་ལམ་དུ་ཟད་པར་བྱེད་པ་ལ། དེའི་ཚེ་སྟོན་པས་རྩ་གསུམ་ལྷ་ཡི་གནས་ནས་ལྷ་བུ་དམ་པ་ཏོག་དཀར་བྱ་བ་གསུང་ལས་ སྤྲུལ་ནས་ང་མིན་ཆོས་པོ་འདུལ་དུ་བཏང་།ལྷ་བུ་ཏོག་དཀར་ཤཀྱའི་སྲས་སུ་སྐུ་ འཁྲུངས་ནས། ང་མིན་ཆོས་པོ་བཏུལ་ནས་མཚན་ཡང་ཤྭཀྱ་ཐུབ་པ་བདུད་འདུལ་དུ་མཚན་གསོལ་ལོ། །གཡུང་དྲུང་བོན་རྣམས་དམ་པའི་ཆོས་སུ་སྒྲ་བསྒྱུར་ནས། བཅོས་པ་ལ་བརྟེན་པས་ཆོས་ཞེས་བྱ། ཆོས་སུ་བསྟན་པས་འཇིག་རྟེན་གྱི་སྨག་རུམ་མུན་པ་སེལ་བར་མཛད་པའོ། །བསྟན་པ་དེ་ཡི་ཆ་རྐྱེན་དུ་བདག་པདྨ་ཉིད་ནི་ཡེ་ཤེས་གཙུག་ཕུད་ཡིན། འཕགས་པ་རབ་འབྱོར་ཡིད་ཀྱི་ཁྱེའུ་ཆུང་ཡིན། རྨ་ལོ་གཡུ་ལོ་ནི་མོའུ་འགའ་བུ་དང་ཤ་རིའི་བུ་ཡིན། གཏོ་བུ་འབུམ་སངས་ཀུན་དགའ་བོ་ཡིན། གཡུང་དྲུང་སྐྱེ་འགག་མེད་པའི་གཤེན་བརྒྱད་ནི། འབྲས་བུ་ལྷུན་གྲུབ་ཉན་ཐོས་མཆོག་བརྒྱད་ཡིན། དེ་བཞིན་རིགས་ལྔ་འདུལ་དྲུག་ལ་ སོགས་པ། གང་འདུལ་ཐབས་ཀྱིས་མཚན་བསྒྱུར་ཙམ། པདྨ་སྔོན་གྱི་ལས་དབང་གིས། ཞང་ཞུང་ཡུལ་དུ་དྲན་པའི་སྲས་སུ་འཁྲུངས། ཡབ་ནི་ཞང་ཞུང་མ་ནི་རྒྱ་གར་ས། ཡུལ་ནི་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཞེས་བྱའོ། །བྲམ་ཟེ་སྐྱེ་བདུན་ཤ་ཡིས་རྐྱེན་བྱས་ནས། ཡབ་ཡུམ་མ་འཆམ་སྲས་གཉིས་སོ་སོར་བགོས། ང་ནི་ཡུམ་གྱིས་ཨོ་རྒྱན་ཡུལ་དུ་ཁྱེར། པདྨའི་སྦུབས་སུ་སྦས་ནས་མཁའ་འགྲོའི་ཚོགས་གྲལ་གཤེགས། སྔོན་ཚེ་ལས་ཀྱིས་ཨེན་ཏྲ་བྷོ་ཏིས་རྙེད། གསང་བའི་ཚུལ་དུ་རྒྱལ་བོའི་སྲས་སྐལ་མཛད། ཕུ་བོ་བདག་ཉིད་ཡབ་ཀྱི་རྗེས་སུ་འབྲེང་། སྦས་མངོན་ཐབས་ཀྱིས་འགྲོ་དྲུག་ཐར་པར་འདྲེན། ཚེ་ལ་མངའ་བརྙེས་རིག་འཛིན་ཀུན་གྱི་རྗེ། རྒྱ་གར་རྒྱ་ནག་རགྴ་ཞང་ཞུང་དང་། ཨོ་རྒྱན་ཁ་ཆེ་བྲུ་ཤ་མེ་ཉག་ལྡོང་། བོད་ཡུལ་རུ་བཞིར་ཚེ་དབང་རིག་འཛིན་ཞེས། ང་ནི་རྒྱལ་སྲས་ལོ་བརྒྱད་བསྐྱངས་ནས་སུ། རྒྱལ་སྲིད་སྤངས་ནས་རྡུལ་ཤུགས་སྤྱོད་པ་ཡིས། མཚར་དུ་དངོས་གྲུབ་རྣམ་གཉིས་ཐོབ། དེ་ནས་རྒྱ་གར་ཡུལ་གྱི་ཕྱོགས་རྣམས་སུ། མཁས་གྲུབ་སྐྱེས་མཆོག་ཀུན་གྱི་ཞབས་ལ་བཏུག ཐོས་བསམ་སྒོམ་སྒྲུབ་བརྙེས་ནས་མུ་སྟེགས་སྟོན་པ་བསྒྲལ། རླུང་སེམས་གཉིས་ལ་རང་དབང་ཐོབ་པར་བྱུང་། །ད་ལྟར་རུ་བཞི་བོད་ཀྱི་ཡུལ་དུ་འོང་། །མངའ་བདག་རྒྱལ་པོའི་བསམ་པ་འགྲུབ་པར་བྱེད། །ང་ནི་སྐྱེ་འཆི་མེད་པར་གཡུང་དྲུང་རྡོ་རྗེ་སྐུ། །འདས་གྲོངས་འཕོ་འགྱུར་བྱ་བ་ང་ལ་མེད། །ཕྱོགས་རིས་མེད་པ་ཡོངས་ལ་བདའ་བའོ། །བན་བོན་གཉིས་ལ་ཕྱོགས་དང་རིས་སུ་མེད། །ང་ནི་བོན་གྱི་དུས་སུ་གཡུང་དྲུང་མཐོང་གྲོལ་ཟེར། །ཆོས་ཀྱི་དུས་སུ་མཚོ་སྐྱེས་རྡོ་རྗེ་ཟེར། །ང་ནི་སྔོན་ཚེ་གཤེན་གྱི་བཀའ་འཁོར་དུས། །འགྲོ་བ་འདུལ་བའི་བོན་ལུང་མན་ངག་རྣམས། །ད་ལྟ་ཆོས་སུ་བསྒྱུར་བ་མ་གཏོགས་པ། །དོན་དམ་ངོ་བོ་ཆོས་མགོ་བོན་ལ་ཐུག །དེ་ཕྱིར་ཕྱོགས་རིས་བྱས་ན་མྱལ་བར་འགྲོ། །རྡོ་རྗེ་ཕུར་པའི་ལྷ་ཚོགས་འདི་ལྟར་ཡིན། །འབྲུག་གསས་ཆེམ་པ་རྡོ་རྗེ་གཞོན་ནུ་ཡིན། །མཁའ་འགྱིང་ཁྲོ་བོ་བྷུ་དྷ་ཀི་ལ་ཡིན། །ཁྲ་གསས་ཁྱུང་རྒོད་བཛྲ་ཀི་ལ་ཡིན། །མེ་གསས་ཁམས་ནག་རཎ་ཀི་ལཱ་ཡིན། །གློག་གསས་འོད་འཁྱུག་ཀརྨ་ཀི་ལཱ་ཡིན། །གནམ་གྲགས་ངར་ཆེན་འདོད་པའི་རྒྱལ་པོ་ཡིན། །བདུད་ནག་འབར་བ་མི་གཡོ་མགོན་པོ་ཡིན། །སྡོམ་ཆེན་འཁྱིལ་བ་གཤིན་རྗེ་གཤེད་པོ་ཡིན། །སྟག་ལྷ་མེ་འབར་བདུད་རྩི་འཁྱིལ་བ་ཡིན། །ཁྱུང་སྨན་ཁྲ་སྤྱང་ལས་མཁན་བརྒྱ་རྩ་ཡིན། །དེ་ལྟ་ངོ་བོ་གཅིག་ལ་ཐ་དད་མེད། །ཞང་ཞུང་སྐད་དུ་ས་ཏྲིག་ཨེར་སངས་ཟེར། །བོད་ཀྱི་སྐད་དུ་ཤེས་རབ་ཕར་ཕྱིན་ཟེར། །ངོ་བོ་ཀུན་ཏུ་བཟང་མོ་ཡིན། །ཐུགས་རྗེ་བྱམས་མ་སྐྱེ་དགུའི་བདག་མོ་ཡིན། །ཐུགས་རྗེ་ཀུན་གྲོལ་རྡོ་རྗེ་ཕག་མོ་ཡིན། །དཀར་མོ་སྤྱན་གཅིག་ཨ་ཀ་ཛ་ཏི་ཡིན། །སྲིད་པའི་རྒྱལ་མོ་དཔལ་ལྡན་ལྷ་མོ་ཡིན། །སྤྱི་འདུལ་རྟ་དབུ་རྟ་མགྲིན་རྒྱལ་བོ་ཡིན། །གཡུང་དྲུང་རྣམ་འཇོམ་རྡོ་རྗེ་རྣམ་འཇོམ་ཡིན། །དེ་བཞིན་ལྷ་རྣམས་མཚན་བསྒྱུར་ཙམ་རེ་ཡིན། །ཁྲག་འཐུང་རོལ་བ་ཆེ་མཆོག་དཀའ་བརྒྱད་ཡིན། དང་བོ་སྟོན་པ་གཤེན་རབ་ཀྱིས་རྟག་གཟིགས་ཀྱི་སྐད་དུ་གསུངས། རྟག་གཟིགས་ཀྱི་སྐད་རྒྱ་གར་སྐད་དུ་བསྒྱུར། དུར་ཁྲོད་བསིལ་བ་ཚར་ནས་ཤརི་སེང་ཧ་ལ་བདག་གིས་ཞུས་ནས། ད་ལྟ་བསམ་ཡས་སུ་དཀའ་བརྒྱད་ཀྱི་སྒྲུབ་པ་མཛད་པའོ། །བསིལ་བ་ཚར་ནས་བླ་ཆེན་དྲན་པ་ཡིན། སྟོང་རྒྱུང་མཐུ་ཆེན་གྱིས་བོད་སྐད་དུ་སྒྲ་བསྒྱུར་ནས། ད་ལྟ་བླ་མ་ལི་ཤུ་སྟག་རིང་གིས་བརྣག་པའི་འཕྲིན་ལས་ཟབ་མོ་ཡིན། དེ་ཡི་སྔོན་ལ་བན་བོན་དབྱེ་བ་མེད། །ཁྲོ་བོ་རོལ་བའི་ལྷ་གྲངས་ཀྱང་། །གཅིག་ལ་ངོ་བོ་འགྱུར་བ་མེད་དོ། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ནི། ཀུན་བཟང་ནས་བཟུང་ཞི་བའི་ལྷ་གྲངས་ནི། བོན་ལ་ཞི་ལྷ་ཞེ་ལྔ་ལ། ཆོས་ལ་ཞི་ལྷ་ཞེ་གཉིས་སོ། གསུམ་པོ་དག་ནི་རྒྱས་སྡུས་ཁྱད། ཁྲོ་བོ་ལྷ་ཚོགས་དེ་བཞིན་སྟེ། རྩ་བའི་ལྷ་ནི་གཅིག་པ་སྟེ། ལས་མཁན་དབལ་མོ་རྩ་བདུན་ཡང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཟེར། ཆོས་ལུགས་ལ་ཁྲག་འཐུང་དྲུག་ཅུ་ཟེར། དེ་ལ་སྤྲོས་ན་བོན་ལུགས་ནི། གྱད་བཅུ་དམག་དགུ་རྒྱལ་ཆེན་བཞི། །ཁྲོ་རྒྱལ་བརྒྱད་བཅུ་གྱ་དྲུག་གོ །སྐྱེ་གནས་བར་དོའི་སྐོར་ལ་དབྱེ་རུ་མེད། སྐྱེ་གནས་བར་དོའི་སྨོན་ལམ་བར་དོ་དང་། འཆི་ཁ་བར་དོ་བོན་ཆོས་གཉིས་ལ་འོད་གསལ་དང་། ཕ་རོལ་སྲིད་པའི་བར་དོ་དང་། ཐེར་གཟུགས་ཡིད་ཀྱི་བར་དོ་དང་། དེས་ན་མཐོ་རིས་ངན་སོང་གཅིག། བདེ་གཤེགས་ཀུན་རིག་དཀྱིལ་འཁོར་ཡང་། རྩ་བའི་ལྷ་ནི་གཅིག་པ་སྟེ། འདྲེན་ཐབས་ལྷ་ནི་སྤྲོས་པ་མེད། ཐུབ་པ་ཉིད་ནི་སྤྲུལ་པའོ། །སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་ཡང་། །བདེར་གཤེགས་མཆེད་བརྒྱད་འགྱུར་བ་མེད། དེ་བཞིན་ཕྱི་ནང་གསང་གསུམ་རྣམས། །སོ་སོར་མ་ཡིན་ཐ་མི་དད། །ཡི་དམ་མགོན་པོ་རྣམ་གསུམ་ཡང་ཡེ་ཤེས་ལྷ་ལ་ཞང་ཞུང་སྐད་དུ་ཨ་ཏི་མུ་ཝེར་ཞེས་བྱ་ བ་ཟེར། ཆོས་ཀྱིས་ཕྱག་སྟོང་འཁོར་ལོ་ཟེར། ཞང་ཞུང་སྐད་དུ་ཀུ་བྱི་མང་ཀེ་ལ། འཇམ་དཔལ་གཞོན་ནུར་བསྒྱུར་བའོ། །བོན་གྱིས་སྨྲ་བའི་སེང་གེ་ཟེར། ཕྱྭ་ཡིས་ཀེང་རྩེ་ལེན་མེད་ཟེར། ཀོང་རྩེ་འཕྲུལ་རྒྱལ་ལ་སོགས་སྤྲུལ། ཡི་དམ་དབལ་གསས་རྔམ་པ་ཡང་། ཆོས་ཀྱི་ཆེ་མཆོག་ཧེ་རུ་ཀ། གཙོ་མཆོག་ཉིད་ལ་བྷུ་རྡ་ཧེ་རུ་ཀ། དེ་ནས་དཀྱིལ་འཁོར་ལྷ་ཚོགས་མཚན་བསྒྱུར་རོ། རྒྱས་པར་ས་ལ་འདི་རུ་བརྗོད་མི་ལོང་། །ཉུང་བསྡུས་ཚིག་ལ་པད་འབྱུང་ང་ཡིས་བཀོད། །དཔྱད་བུ་ཁྲི་ཤེས་སྨན་ལྷ་བེེཌཱུརྱ། །ལེགས་ཏང་སྨང་བོ་བྷེ་རོ་ཙ་ན་ཡིན། ངོ་བོ་བོད་ཀྱི་རིག་འཛིན་ཡིན། གང་འདུལ་ཐབས་ཀྱིས་བོད་ལ་སྐུ་འཁྲུངས་ནས། ཡུལ་ནི་སྙེ་མོ་བ་གོར་བྱ་བའོ། །མཁས་པས་སློབ་སྦྱོང་ཞང་ཞུང་ཡུལ་དུ་བཏང་། གསང་འདུས་ངོ་བོ་འབྲུག་གི་སྒྲ་བྱིན་ནས། མཚན་ཡང་བྷེ་རོ་ཙ་ན་གསོལ་བའོ། །བོན་གྱི་མདོ་སྔགས་ཟབ་མོ་བོད་དུ་ཁྱེར་དུ་ཡོང་། ད་ལྟ་དམ་ཆོས་སྒྲ་སྒྱུར་ཆེ་བའོ། །བོན་ཆོས་གཉིས་ལ་མཁས་པའི་བྷེ་རོ་ཡིན། དྲན་པའི་ཐུགས་ཀྱིས་སློབ་བུ་དམ་པ་ཡིན། དེ་ནས་ཁོ་བོའི་བོན་ཆོས་དབྱེར་མེད་སྤྱོད། ཁོད་སྤུངས་ཐུགས་ཀྱི་གསང་ཚིག་དང་། ད་ལྟའི་མ་འོངས་ལུང་བསྟན་གསལ་ཚིག་ཟབ་གཏེར་རྣམས། བྷེེ་རོ་ཙ་ནའི་ཐུགས་ལ་གསལ། ཨནྚ་བྷེེ་ག་ཇ་ཐང་ལ་དང་། ད་ལྟ་འགྲོ་དོན་གྲུབ་ནས་ཁོད་སྤུངས་ཀྱིས། ལུང་བསྟན་བཞིན་དུ་རྒྱལ་མོ་དམུ་རྡོ་ལ། མངོན་པ་ཚངས་རྒྱལ་མཁའ་སྤྱོད་གནས་སུ་གཤེགས། རྒྱལ་བ་ཤྭཀྱ་ཐུབ་པ་དེ་ཉིད་ཀྱིས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དེ། བསྡུས་ན་གསུངས་རབས་ཡན་ལག་བཅུ་གཉིས་སོགས། བརྒྱད་བཅུ་རྩ་གཉིས་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར། ཤིང་མོ་བྱི་ལོ་མེ་ཕོ་བྱི་ཟླ་ལ། ཚེས་བརྒྱད་ནམ་ལངས་ཐུབ་པ་མྱ་ངན་འདས། ང་ནི་མྱ་ངན་འདས་འོག་ཏུ། ལོ་ནི་ཕྱེད་དང་གཉིས་སྟོང་ལ། ལྔ་བརྒྱའི་དུས་སུ་དམ་ཆོས་འབྱུང་བར་འགྱུར། དེ་ནས་གསུངས་པའི་ད་ལྟ་འདིར། མངོན་པ་གོང་འོག་རྒྱ་གར་ནས། མེ་ལ་ལན་གསུམ་བསྐྱུར་བའོ། །ད་ལྟ་མངོན་པ་བོན་ལས་བསྒྱུར། རྒྱས་པ་འབུམ་བཞུགས་མ་ཚང་བ། འདས་པ་མེས་ཚིགས་མགོ་མེད་རྣམས། རྒྱ་ལ་མེད་དེ་བོན་དེ་ཆོས་ལ་བསྒྱུར། མདོ་སྔགས་ཙམ་ཞིག་རྒྱ་གར་བཀའ་རྒྱུད་ཆོས། དེ་ནས་བྷེེ་རོས་བོན་གྱི་མདོ་སྡེ་བསྒྱུར། བདག་གིས་སྔགས་དང་ཡང་གསང་སྡེ་རིགས་སྒྱུར། བསྒྱུར་བས་མི་འགལ་གང་ལ་གང་འདུལ་ཡིན། བོན་གྱི་བསྟན་པ་ནུབ་པའི་རྒྱུ་རྐྱེན་ནི། དྷ་ཤ་གྷྲིལ་བའི་སྨོན་ལམ་ངན་པ་དང་། རྒྱུ་ནི་མོ་མ་གྲངས་མའི་ལེན། རྐྱེན་ནི་བྷོ་དྷི་ས་རྟོས་བྱས། བཙུན་མོ་བློ་པོ་གསུམ་གྱིས་ཆེ་གསུམ་བར་དུ་ཕྲ་མ་དབྱེན་བཅུག་ནས། བར་དུ་བོན་གྱི་བསྟན་པ་རེ་ཤིག་བསྣུབ། དུས་ཀྱི་མཐའ་ལ་ཕྱོགས་ཀུན་དར་ཏེ་འོང་། དར་ནུབ་བྱ་བ་ཀུན་ལ་འོང་རྒྱལ་རབས་འདི་ཡི་འོག་ཤེད་ན། གླང་གི་མིང་ཅན་རྒྱལ་སར་འཁྲུངས་། དེ་ཡིས་ཆོས་རྣམས་བརླགས་པར་ངེས། དམ་ཆོས་བསྟན་པ་ནི། མེ་རོ་ཙམ་ཞིག་མདོ་གམ་སྨད་ནས་འབྱུང་། མུ་ཟི་གསལ་བཟང་དྲང་སྲོང་བོན་བཙུན་ལ། དབུས་གཙང་མི་བཞི་བྱ་བས་བསླབ་པ་ལེན། དེ་ནས་ང་ཡི་གསང་སྤྲུལ་བྷེ་བམ་ཀ་ར་འབྱུང་། མདོ་སྔགས་བསྟན་པ་དེ་ཡིས་འཛིན་པའོ། །དེ་དུས་དྲན་པའི་སྤྲུལ་བ་མང་བོ་འབྱུང་། ང་ཡིས་སྤྲུལ་པ་གྲངས་མང་ཡང་། བོན་ཆོས་གཉིས་ཀྱི་བསྟན་པ་འཛིན། དཔལ་གྱི་དབང་ཕྱུག་མུ་ཟི་གསལ་བཟང་སྤྲུལ། ཀ་བ་དཔལ་རྩེ་ཁྲོ་ཚང་འབྲུག་ལྷར་སྤྲུལ། གསང་བདག་སྤྲུལ་བརྨེའུ་སྟོན་ལྷ་གཉེན་འོང་། བོན་དང་ཆོས་ཀྱང་བོན་སྔ་བས། ཆོས་ཀྱི་འབྱུང་ཁུང་བོན་ལས་བྱུང་བ་ཡིན། ཆོས་ཀྱིས་བོན་ལ་གཤེ་ན་དམ་ཚིག་ཉམས། དེ་ཡི་རྐྱེན་གྱིས་རང་བསྟན་རང་གིས་བཤིགས། མ་འོངས་དུས་ན་ང་ཡི་རྣམ་ཐར་ལ། ང་ཡི་གསུང་མིན་ཚིག་ལྷད་འགའ་ཡིས་ནི། བོན་ལ་གཤེ་ཞིང་གཤེན་ལ་བསྐུར་བའོ། །དེ་ཚེ་ཆོས་ཀྱི་བསྟན་པ་ཡུན་མི་གནས། བོན་གྱིས་ཆོས་ལ་ངན་སྨྲ་བྱས་འགྱུར་ན། དེའི་ཉེས་སྐྱོན་འདུལ་བྱ་ཆུང་བ་འགྲོ། འགྲོ་བ་མི་མོས་བོན་ཀྱང་བྱིན་མི་ཆགས། གཤེན་སྟོན་རྣམས་ཀྱང་ཐབས་སྡུག་འགྲོ་དོན་ཆུང་། དེ་ལྟ་ཕྱག་སྐོར་བཟླས་བརྗོད་ཅི་བྱས་ཀྱང་། གཡས་སུ་སྐོར་བ་ཐབས་ཀྱི་སྐོར། གཡོན་དུ་སྐོར་བ་ཤེས་རབ་སྐོར། ཐབས་དང་ཤེས་རབ་ཡ་མ་བྲལ་བའོ། །བོན་པོས་བོན་བཞིན་མི་སྤྱོད་ན། དེ་ནི་བདུད་རིགས་མུ་སྟེགས་སྡུལ་ཤུགས་འདྲ། ཆོས་པས་ཆོས་བཞིན་མི་སྤྱོད་ན། ལོག་པའི་ལམ་ཞུགས་དེ་ནི་སྲིན་པོ་འདྲ། དེས་ན་བོན་ཆོས་དབྱེར་མེད་གྱིས། ཅེས་གསུངས་སོ། །དེ་ནས་རྒྱལ་བོ་ཁྲི་སྲོང་སྡེའུ་བཙན་ཀྱང་ཡི་རངས་ནས་ལྷ་ཕྱག་བཙལ་ཞིང་མཎྚལ་ཕུལ་ ལོ། །ཕྱི་རབས་དོན་དུ་ཤོག་སེར་ལ་བཏབ་ནས་གཏེར་དུ་སྦས། ས་མ་ཡ་རྒྱ་རྒྱ་རྒྱ། ཕྱི་དུས་རྡོ་རྗེ་གླིང་བས་གཏེར་ལས་དྲངས་ཏེ་དག་པར་ཕབ་པའོ། །བཀྲ་ཤིས་ཞལ་དྲོ། བྱི་ཆེ། ལན་གཅིག་ཞུས་སོ། །
གསལ་བཤད། དཔལ་གཤེན་བསྟན་སྨན་རི་དགོན་གྱི་གྲྭ་བཙུན་ཤེས་རབ་ཡེ་ཤེས་ལགས་ཀྱི་གསུང་དོན། ག་གཟི་འབུམ་སྲས་ལ༧ཨོ་རྒྱན་པདྨས་མཛད་པའི་བོན་ཆོས་རྣམ་དབྱེ་༧ཞེས་པའི་ཡིག་ རྙིང་རྩ་ཆེན་འདི་འདྲ་ཞིག་འདུག ད་དུང་འབུམ་སྲས་ལགས་ཀྱིས། སྤྱི་ལོ་༡༩༨༣ལོར་ང་པོ་ཏ་ལའི་དཔེ་མཛོད་ཁང་དུ་ཕྱིན་པ་ཡིན། དེ་དུས་བཀའ་འགྱུར་སོགས་དཔེ་རྙིང་མང་བོ་ཞིག་ཕྱོགས་སྒྲིག་བྱེད་བཞིན་འདུག ངས་དེའི་ཁྲོད་ནས་དཔེ་ཆ་འདི་མཐོང་བ་དང་བོན་གྱི་འབྱུང་ཁུང་ཆོས་ཀྱི་རྣམ་ དབྱེའི་ཡིན་ལུགས་ངོ་མར་བརྗོད་པའི་དཔེ་ཆ་རྩ་ཆེན་འདུག་སྙམ་སྟེ་དཔེ་སྒྲིག་པ་ རྣམས་ལ། ངས་འདི་བཤུས་ཀི་ཡིན། མ་དཔེ་ཞིག་གཡར་རོགས་ཞུས་པས་ཁོང་རྣམ་པས། ཕར་ལ་ཁྱེར་ན་ཡོང་གི་མ་རེད། འདི་གར་བཤུས་ན་འགྲིག་གི་རེད། ཅེས་གསུང་བྱུང་བ་ལྟར་དེ་གར་བཤུས་པ་ཡིན། སྐབས་དེར་ཆ་རྐྱེན་གྱིས་མ་འདང་སྟེ་ཡིག་ནོར་མང་དག་ཅིག་ཤོར་སོང་བས་དེ་ལུགས་ དགོས་ཀྱི་ཡོད། ཅེས་གསུང་གི་འདུག་ལ། ངས་ཀྱང་འདི་ཉིད་མཐོང་བ་དང་། དུས་རབས་སེམས་ཅན་ཞིག་གི་ནང་དུ། བོད་ཀྱི་མཁས་བླུན་དུ་མས་གྲུབ་མཐའ་གསང་དོན་མ་རྟོགས་ལ་ཕྱོགས་རིས་ཀྱིས་ལ་རྒྱ་ བརྩད་པའི་མཐའ་འབྲས་སུ། སོ་སོའི་དཔལ་འབྱོར་དང་རིག་གནས་གང་ཅིའི་ཐད་ནས་གནོད་སྐྱོན་བྱུང་དང་འབྱུང་མུས་ ལ་ཧ་ཅང་དགོས་གལ་ཆེ་བའི། མི་རིགས་དང་ཆོས་ལུགས་ཕན་ཚུལ་དབར་མཐུན་སྒྲིལ་གཏོང་བའི་ཞི་བདེའི་གཞུང་བཟང་ ཞིག་ཏུ་ངེས་པས་ང་ཚོས་གཙིགས་སུ་འཛིན་ཏེ། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་སྤྱན་འབུལ་ཞུ་དགོས་འདུག་ཅེས་དང་།ཕྲན་ལ་མ་ཕྱི་ཞུ་ དག་བྱེད་དགོས་ཞེས་འབུམ་སྲས་ལགས་ཀྱི་ཕྱག་བྲིས་ངོ་མ་དེ་བསྟན་བྱུང་བར་བརྒྱུད། ནོར་སྐྱོན་མངོན་གསལ་ཅན་རྣམས་བརྡ་སྤྲོད་སྤྱི་འགྲོས་ལྟར་བཅོས་ཏེ། ཚིག་རྐང་མཉམ་མིན་དང་། ཡིག་རྙིང་གི་ཉམ་འགྱུར་ཐད་མ་བཅོས་རང་སོར་བཞག་ཡོད་པས་དེ་ལུགས་ཀྱིས་གཟིགས་གནང་ ཡོད་པ་ཞུ་ཞེས་ལྷ་ལྡན་ཉི་མའི་གྲོང་དུ། སྤྱི་ལོ་༢༠༠༧ལོའི་ཟླ་བ་༡་ཚེས་༡༠ལ་གཡུང་རྣམ་པས། །
Comments on “ཨོ་རྒྱན་པདྨས་མཛད་པའི་བོན་ཆོས་རྣམ་དབྱེ་བཞུགས་སོ། ”
Comments are closed.
བོན་ཆོས་ཀྱི་རྣམ་དབྱེ་འདི་སྤྲུལ་གཏེར་ སྟོན་རྡོ་རྗེ་གླིང་པའི་གཏེར་བྱོན་འཁྲུལ་མེད་ཡིན་ཚེ་ཁུངས་དག་པོ་རེད། གཏེར་སྟོན་རྡོ་རྗེ་གླིང་པ་ནི་ལོ་ཆེན་བཻ་རོའི་རྣམ་སྤྲུལ་འཁྲུལ་མེད་ལོ་ཆེན་བཻ་རོའི་བག་ཆག་སད་སྟོབས་ཀྱིས་སྐད་རིགས་སུམ་བརྒྱ་དྲུག་ཅུ་ཐོགས་མེད་དུ་མཁྱེན་པའི་ཚུལ་ཆོས་འབྱུང་ལོ་རྒྱུས་རྣམས་སུ་གྲངས་ཤིང་གྲུབ་ཡོད་པ་རེད།
གཏེར་སྟོན་འདི་གཏེར་སྟོན་ཤེས་རབ་མེ་འབར་དང་དུས་མཚུངས་སུ་བྱོན་པ་ཞིག་ཡིན་སྙམ།
མཐོང་སོང་། སྔོན་ནས་ཚར་འགའ་ཞིག་ཀློག་མྱོང་། གང་ལྟར་ཡིག་བཅོས་མང་པོ་མ་བྱས་ན་བཟང་ངེས་སོ་སྙམ་མོ། །
དཔལ་དགྱེས་རྡོ་རྗེ་ལགས་སུ་དྲི་བ་ཞིག་འདྲི་རྒྱུ་ཡོད། སྤྱིར་བོན་ཆོས་རྣམ་དབྱེ་ཟེར་བ་འདི་རྡོ་རྗེ་གླིང་པའི་གཏེར་བྱོན་འཁྲུལ་མེད་ཡིན་པའི་ཁུངས་ལུང་གསུང་རྒྱུ་ཡོད་དམ་མེད།
གལ་སྲིད་བོན་ཆོས་རྣམ་དབྱེ་འདི་གུ་རུའི་གཏེར་ཆོས་འཁྲུལ་མེད་ཡིན་ཚེ། བོན་ཆོས་རྣམ་དབྱེ་ནང་དུ། ༼པདྨ་སྔོན་གྱི་ལས་དབང་གིས། ཞང་ཞུང་ཡུལ་དུ་དྲན་པའི་སྲས་སུ་འཁྲུངས། ཡབ་ནི་ཞང་ཞུང་མ་ནི་རྒྱ་གར་ས། ཡུལ་ནི་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཞེས་བྱའོ། །བྲམ་ཟེ་སྐྱེ་བདུན་ཤ་ཡིས་རྐྱེན་བྱས་ནས། ཡབ་ཡུམ་མ་འཆམ་སྲས་གཉིས་སོ་སོར་བགོས། ང་ནི་ཡུམ་གྱིས་ཨོ་རྒྱན་ཡུལ་དུ་ཁྱེར། པདྨའི་སྦུབས་སུ་སྦས་ནས་མཁའ་འགྲོའི་ཚོགས་གྲལ་གཤེགས། སྔོན་ཚེ་ལས་ཀྱིས་ཨེན་ཏྲ་བྷོ་ཏིས་རྙེད། གསང་བའི་ཚུལ་དུ་རྒྱལ་བོའི་སྲས་སྐལ་མཛད།༽ ཟེར་བ་འདི་གཏེར་མའི་ལོ་རྒྱུ་ཡོངས་གྲགས་རྣམས་དང་འགལ་བ་འདྲ་ཞིག་མ་རེད་དམ། གཏེར་སྟོན་བ་མཁལ་སྨུག་པོའི་གཏེར་བྱོན་གུ་རུ་མངལ་སྐྱེས་མའི་ལོ་རྒྱུས་ཆ་ཚང་བ་ཡོད་ཚུལ་གུ་བཀྲ་སོགས་ཀྱིས་བྲིས་འདུག བ་མཁལ་སྨུག་པོ་དེ་ཡང་གཏེར་སྟོན་ཚད་ལྡན་དུ་ཁས་ལེན་པ་རྙིང་མའི་ཆོས་འབྱུང་རྣམས་སུ་ཡོངས་གྲགས་རེད་འདུག
དེ་མ་གཏོགས་གཏེར་མའི་ཕྱོགས་སུ་གུ་རུ་བརྫུས་སྐྱེས་སུ་འདོད་པ་ཡོངས་གྲངས་ལྟ་བུ་རེད། ཡིན་ན་ཡང་གཏེར་སྟོན་ལ་གཏེར་ཆེན་བརྒྱ་རྩ། གཏེར་ཕྲན་སྟོང་རྩ་ཟེར་དུས་གྲངས་མང་པོ་དང་གཏེར་ཆོས་ཀྱང་ཧ་ཅང་གི་རྒྱ་ཆེན་པོ་རེད། ཚང་མ་མཐོང་མྱོང་མཁན་སུ་ཞིག་ཡོད།
མདོ་དོན་བོན་ཆོས་རྣམ་དབྱེ་ནང་དུ་ཡང་གུ་རུ་བརྫུས་སྐྱེས་བཤད་མ་རེད་དམ། རེད་འདུག་ག ཟེར་ནས་དྲི་བ་ཞིག་འདྲི་རྒྱུ་ཡིན།
ནོར་བཅོས། མདོ་དོན་བོན་ཆོས་རྣམ་དབྱེ་ནང་དུ་ཡང་གུ་རུ་མངལ་སྐྱེས་བཤད་མ་རེད་དམ། རེད་འདུག་ག ཟེར་ནས་དྲི་བ་ཞིག་འདྲི་རྒྱུ་ཡིན།
གུ་རུ་རྫུས་སྐྱེས་ཡིན་པ་ཡོངས་སུ་གྲགས་ཀྱང་མངལ་སྐྱེས་ཀྱི་ཚུལ་ཡང་བཤད་ཡོད་པར་ཐོས།
བ་མཁལ་སྨུག་པོའི་གཏེར་མ་ལས་བར་ཆད་ལམ་སེལ་དེ་ད་ལྟ་རྡོ་རྗེ་བྲག་གི་ཆོས་སྤྱོད་ནང་བཞུགས་འདུག་པས་ཡོངས་གྲགས་ཀྱི་བར་ཆད་ལམ་སེལ་དང་ཏོག་ཙམ་མི་འདྲ་བ་ཞིག་རེད།
གུ་རུ་བརྫུས་སྐྱེས་ཡིན་པ་གཏེར་མ་སྤྱིའི་ལུགས་རེད། མངལ་སྐྱེས་ཡིན་པར་འདོད་པ་ཇོ་ནང་ཏ་ར་ནཱ་ཐས་མཛད་པའི་རྣམ་ཐར་ཡིད་ཆེས་གསུམ་ལྡན་དང་། རྙིང་ལུགས་ལ་ཕུར་བ་བཀའ་མའི་ལུགས་ཟེར་བ་ཕུར་བའི་ཆོས་འབྱུང་འགའ་རེའི་ནང་དུ་མངལ་སྐྱེས་ཡིན་པར་བཤད་ཡོད། མགོ་ལོག་སྙན་མོ་དགོན་པའི་གནའ་རབས་ཀྱི་སྤྲུལ་སྐུ་མཁས་པ་གསུང་རབ་ཀྱིས་གུ་རུ་རིན་པོ་ཆེ་མངལ་སྐྱེས་ཡིན་ཡང་། བོད་ཀྱི་ལྷ་འདྲེ་དམ་ལ་གནས་པའི་ཕྱིར་བརྫུས་སྐྱེས་ཡིན་འདོད་པའི་ཕྱོགས་བཟུང་ན་ལེགས་ཚུལ་གསུངས་འདུག ཁོང་དགེ་ལྡན་པའི་མཁས་པ་ཞིག་རེད། གོང་གི་བོན་ཆོས་རྣམ་དབྱེ་ཟེར་བ་དེ་རྡོ་རྗེ་གླིང་པའི་གཏེར་བྱོན་ངོ་མ་ཡིན་མིན་མི་ཤེས། ང་ལ་གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་ཆོས་ལག་བྲིས་མ་པོ་ཏི་བཞི་ཡོད་ཀྱང་ཞིབ་ལྷོད་བྱས་ནས་བལྟ་རྒྱུ་བྱུང་མ་སོང་། དུས་ཚོད་བྱུང་ན་བལྟ་ཆོག ད་དུང་བོན་པོའི་སྐོར་དང་བོན་ལ་འཇའ་ལུས་ཡོད་པའི་སྐོར་སོགས་ཐང་ཡིག་སྡེ་ལྔའི་ནང་དུ་ཡང་མང་པོ་ཡོད། འོན་ཀྱང་ཐང་ཡིག་འདི་ཚོར་བསླད་སྐྱོན་ཆེ་བས་མ་ཕྱི་ཇི་བཞིན་ཡིན་མིན་ཐག་གཅོད་དཀའ།
ཨ་རོགས་འཇམ་དཔལ་རྣོན་པོ་ཟེར་བ་ཁྱེད་ཁར་ཉིན་ང་ལ་སྨིན་གླིང་རིན་ཆེན་རྣམ་རྒྱལ་གྱི་རང་རྣམ་ལག་བྲིས་མ་དཔེ་དཀོན་ཞིག་གནང་བར་ཞལ་གྱི་བཞེས་མཁན་གྱི་ངའི་གྲོགས་པོ་དེ་ཡིན་པ་འདྲ། དེ་ཡིན་ན་གནས་སྐབས་ཀྱི་རིང་ལས་བྲེལ་ཆེ་བས་ཡིག་འབྲེལ་ཞུ་མ་ཐུབ་པར་དགོངས་འགལ་མེད་པ་ཞུ་རྒྱུ་དང་། རྣམ་ཐར་དེ་གང་མགྱོགས་ཀྱིས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོན་ཆོས་རྣམ་དབྱེ་འདི་ནི། རྣམ་དབྱེ་གཉིས་པའི་ནང་ཚན་འདི་ཉིད་ནང་ལ་བསྡུས་པ་འདྲ་འདྲ་གཅིག་ལ། ཕྱོགས་གཞན་ཞིག་ནས་རྣམ་དབྱེ་བདུན་པའི་ནང་ཚན་ཚེའམ་སྐབས་ཏེ། དུས་སོ་སོར་ཙམ་གྱིས་ཁྱད་པར་ཙམ་སྟོན་འདུག་པས། གང་ལྟར་ཞང་སྐད་ཀྱི་ལུང་སྟོན་པ་ཅིག་གིས་འགྲེལ་ཐུབ་པ་ལས་ལེགས་སྦྱར་སྐད་དང་བོད་སྐད་ཀྱི་རྣམ་དབྱེ་ཙམ་གྱིས་འགྲེལ་དཀའ་ཙམ་མཐོང་། འདི་ཡང་ཆོས་ཚུལ་འདི་ཡང་རང་ལ་ལས་འབྲས་མེད་པ་ཉིད་ཀྱིས་ལེན་པར་ངེས་སོ་སྙམ་མོ། ། ཕན་པའི་ཆོས་རྣམས་ཕྱོགས་ཐམས་ཅད་སུ་དར་ཞིང་ཁྱབ་ལ། དུས་ཐམས་ཅད་དུ་གནས་པའི་སྨོན་འདུན་བཅས།
ཁོ་མོ་ནི་ལྟ་རྒྱ་དང་མཐོང་རྒྱ་ཆུང་དྲགས་པའི་སྐྱོན་ཡིན་རྒྱུ་རེད། ད་ལྟ་བར་སློབ་དཔོན་རིན་པོ་ཆེ་མངལ་སྐྱེས་ཡིན་སྐོར་གྱི་སྐད་ཆ་ཐོས་ཡང་མ་མྱོང་། ནམ་རྒྱུན་མཚོ་པདྨའི་ནང་དུ་མེ་ཏོག་པདྨའི་སྦུབས་ལས་འཁྲུངས་པས་རྫུས་སྐྱེས་ཡིན་པར་བསམ་སྟེ་མཚོ་མཇལ་ལ་ཐེངས་མང་པོ་སོང་ཡིན། ད་དུང་གོང་གི་ལུང་བསྟན་སོགས་ལས་བོན་གྱི་སྟོན་པ་དྲན་མཁའ་ནམ་མཁའ་ཞེས་པའི་སྲས་སུ་འཁྲུངས་པར་བཤད་འདུག་ཀྱང་། དེ་ནི་བོན་ཕྱོགས་ཀྱི་ལུགས་གཅིག་པུ་ཡིན་རྒྱུ་རེད་བསམ། ཨ་ཙི་ད་དུང་རྙིང་མའི་བླ་མ་དང་མཁས་པའི་དབར་དུའང་སློབ་དཔོན་ཁོང་རྫུས་སྐྱེས་དང་མངལ་སྐྱེས་གཉིས་ལ་རྩོད་གཞི་ཞིག་སྣང་བས་བུ་མོ་ང་ངོ་མ་མགོ་འཁོར་སོང་། ལོ་རྒྱུས་ཀྱི་ཤོག་འཁྱལ་ཚོས་ང་ཚོ་གང་དུ་འཁྲིད་ཀྱི་ཡོད་གཏན་ནས་མི་ཤེས་ཀི།
སྒྲོན་མ་མཚོ་མོ་ལགས་་གུ་རུ་མངལ་སྐྱེས་རྫུན་གང་ཡིན་ཐད་ལ་རྒྱུན་ང་མེད་ཁོ་ཐག་རེད་མཚོ་པདྨ་ནི་ཟ་ཧོར་རྒྱལ་པོས་གུ་རུ་གསོན་བསྲིག་བྱས་པའི་སྐབས་རྫུ་འཕྲུལ་གྱིས་མི་དཔུང་མཚོ་རུ་བསྒྱུར་པའི་གནས་ཁྱད་པར་ཅན་ཞིག་རེད།མངལ་སྐྱེས་དང་རྫུན་སྐྱེས་གང་ཡིན་གསལ་པོ་མཁྱེན་འདོད་ན་གུ་རུ་་རྣམ་ཐར་རྒྱས་པ་པདྨ་བཀའ་ཐང་དང་།ཏ་ར་ན་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་དང་།
ཕུར་པའི་བསྟོད་འགྲེལ་སོགས་ལ་གཟིགས་གཏོགས་གནང་ན་མཁྱེན་ངེས་ཡིན།
བློ་གྲོས་མཐའ་ཡས་ལགས། རེད་རེད། ཁྱེད་ལ་ཡི་གེ་སྐུར་སའི་ཁ་བྱང་ཏན་ཏན་ཞིག་ཡོད་ན་ལས་སླ་བོ་ཡིན།
ཇོ་ནང་ཏ་ར་ནཱ་ཐས་མཛད་པའི་གུ་རུའི་རྣམ་ཐར་ཡིད་ཆེས་གསུམ་ལྡན་ངོ་མ་ཡིད་ཆེས་ས་ཞིག་འདུག རྣམ་ཐར་དེའི་ནང་ལ་བལྟས་དུས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དེ་ཡང་ཆོས་རྒྱལ་ཁྲི་སྲོང་གི་བཙུན་མོ་རེད་མི་འདུག གུ་རུས་ཏིང་ངེ་འཛིན་གྱི་བཀུག་ཡོང་བ་མ་གཏོགས་དང་པོ་མཚོ་རྒྱལ་འདི་རྒྱལ་པོ་ལ་འབྲེལ་བ་གཏན་ནས་མེད་པ་ཡང་གསལ་འདུག
གུ་རུ་མངལ་སྐྱེས་སུ་འདོད་པ།
༡ ཕུར་པ་བཀའ་མའི་ལུགས་སམ་ཕུར་པ་འབུམ་ནག་གི་ལོ་རྒྱུས།
༢ ཏ་ར་ནཱ་ཐས་མཛད་པའི་གུ་རུའི་རྣམ་ཐར་ཡིད་ཆེས་གསུམ་ལྡན།
༣ གཏེར་སྟོན་བ་མཁལ་སྨུག་པོའི་གཏེར་བྱོན་གུ་རུའི་རྣམ་ཐར།
༤ གཏེར་སྟོན་རྡོ་རྗེ་གླིང་པའི་གཏེར་བྱོན་བོན་ཆོས་རྣམ་དབྱེ།
ད་རུང་ཡོད་སྲིད་པ་རེད། གུ་བཀྲ་ཆོས་འབྱུང་དུ་ཡང་གུ་རུ་མངལ་སྐྱེས་སུ་འདོད་པ་དག་གི་ལུགས་གསལ་བོ་བཀོད་ཡོད་པས་མ་ཚད་ཕུར་པ་འབུམ་ནག་གི་ལུང་ཡང་ཆ་ཚང་བ་དྲངས་འདུག འོན་ཀྱང་གུ་བཀྲའི་རང་ལུགས་གུ་རུ་བརྫུས་སྐྱེས་སུ་བསྒྲུབས་འདུག དེ་ལ་རྒྱུ་མཚན་གསུམ་ཙམ་བཀོད་ཡོད་བསམ་སོང་། སྤྱིར་རྙིང་ཕྱོགས་ཀྱི་ཆོས་འབྱུང་ལོ་རྒྱུས་ཤིག་ལ་གུ་བཀྲ་ཆོས་འབྱུང་འདི་ཞིབ་ཆ་ཆེ་ཤོས་རེད། རིག་འཛིན་འཇིགས་མེད་གླིང་པས་ནི་བླ་མ་དགོངས་འདུས་ཀྱི་རྣམ་བཤད་ནང་དུ། གུ་རུ་བརྫུས་སྐྱེས་སུ་བསྒྲུབས་ཏེ་གུ་རུ་མངལ་སྐྱེས་སུ་ཁ་ལས་ལེན་པ་དག་གིས་ཆོས་སྲས་དང་རིགས་སྲས་ནོར་བ་ཡིན་པར་གསུངས་ཡོད།
སྒྲོལ་མ་མཚོ་མོ་ལགས། ཟ་ཧོར་མཚོ་པདྨ་ཅན་ནི།
ཟ་ཧོར་རྒྱལ་པོས་གསོན་བསྲེགས་མཛད་པའི་ཚེཿ༔
འབྱུང་བ་མེ་ཡིས་མ་ཚིག་གྲུབ་རྟགས་བསྟན༔
ཞེས་གསུངས་པའི་གུ་རུའི་གནས་ཁྱད་པར་ཅན་ཞིག་རེད་ལགས།
དགེ་ཆོས་ལྟར་ན་མཚོ་པད་མ་ཡང་གུ་རུ་པད་མ་འབྱུང་གནས་ཆེན་ཅང་མིན་པར་སིག་གི་སྟོན་པ་གུ་རུ་ན་ནག་གི་གནས་ཆེན་ཞིག་ཡིན་འདུག གང་ལྟར་ང་ཚོའི་སྣང་ངོར་གུ་རུའི་གནས་ཆེན་མང་པོ་ཞིག་ཡོད་ནི་ཡོད་འདུག་ཅིང་། རྒྱ་གར་བ་ཁོ་རང་ཚོར་ནི་རྒྱུས་ཅི་ཡང་མེད་པ་ཡོངས་གྲགས་རེད།
ཡིག་ཆ་འདི་ཁུངས་དག་མ་ཞིག་ཡིན་མིན་རྩད་གཅོད་དགོས་པ་རེད། གལ་སྲིད་དེ་རྩེ་ཕོ་བྲང་གི་དཔེ་མཛོད་ཡིག་རྙིང་ཁྲོད་བཞུགས་པ་བདེན་ན། རྩ་ཆེན་པོ་རེད། དེ་མིན་གཏེར་ཡིག་རྫུན་མ་དང་། རྩོམ་ཡིག་རྫུན་མ་མང་བོ་ཡོད་པ་རེད། རབ་ན་དེ་སྐོར་རྩེ་ཕོ་བྲང་གི་དཔེ་མཛོད་ལ་འབྲེལ་བ་ཞིག་བྱས་ཏེ། མ་ཕྱི་ཡོད་མེད་རྩད་གཅོད་དགོས་པ་རེད། ལར་ནས་ཕྱི་ལ་གཏན་ཕུད་མ་མྱོང་བའི་བོད་ཀྱི་ཡིག་ཆ་མང་པོ་ཞིག་ཡོད་པ་རེད། ཡིག་ཆ་དེ་ཚོ་ལྷ་སའི་ཏང་གི་གསང་ཡིག་སྡེ་ཚན་ནང་ཡོད་ཚུལ་ལབ་ཀྱིན་འདུག
གོང་དུ་མང་པོ་ཞིག་གིས་གུས་མོའི་དོགས་གནད་ཐད་ལམ་སྟོན་གནང་བར་ཐུགས་རྗེ་ཆེ། གལ་སྲིད་སློབ་དཔོན་རིན་པོ་ཆེ་རྫུས་མིན་པར་མངལ་སྐྱེས་ཡིན་པར་འདོད་དགོས་ན། ཁོང་གི་ཡབ་ཡུམ་སོགས་གོང་གསལ་བོན་ལུགས་ལྟར་ཡབ་དྲན་པ་ནམ་མཁའ་དང་། ཡུམ་འོད་ལྡན་འབར་མ་གཉིས་ལ་ངོས་འཛིན་པ་རེད་དམ། ཡང་ན་ཡབ་ཡུམ་གཞན་ཞིག་ཡོད་པ་རེད། སྤྱིར་བདེན་པ་རེད། གོང་དུ་གཞུང་ཆེན་མོ་རེའི་མཚན་གསུངས་ནས་དེའི་ནང་དུ་ཡོད་གསུངས་འདུག་ཀྱང་། དྲང་པོར་བཤད་ན་ཁོ་མོ་ནི་དེ་འདྲའི་གཞུང་ལུགས་ཀྱི་ནང་དོན་ཁྲོལ་མཁན་ཞིག་ཀྱང་མིན། ང་ལ་དགོས་པ་ནི་མདོ་དོན་འཁེལ་བའི་ལྗགས་ལན་སློབ་དཔོན་རྫུས་མིན་པར་མངལ་སྐྱེས་སུ་ཁས་བླངས་ཚེ། ཁོང་གི་ཡབ་ཡུམ་གང་ཞིག་ཏུ་ངོས་འཛིན་ནམ་སྙམ་པ་དེ་རེད།
ད་དུང་རྒན་ཀླུ་སྨྱོན་གྱིས། ་་་མཚོ་པད་མ་ཡང་གུ་རུ་པད་མ་འབྱུང་གནས་ཆེན་ཅང་མིན་པར་སིག་གི་སྟོན་པ་གུ་རུ་ན་ནག་གི་གནས་ཆེན་ཞིག་ཡིན་འདུག་་་དགེ་ཆོས་ལྟར་ན་ཞེས་གསུངས་དུག ལེགས་པར་བརྟགས་ན་ང་ཚོའི་སྣང་ངོར་སློབ་དཔོན་གྱིས་བྱིན་གྱིས་པའི་རླབས་པའི་གནས་ཞེས་མང་པོ་ཞིག་ཡོད་པ་དེའང་མཐར་གཏུགས་ན་རང་གི་དད་བཟོས་ཙམ་ལས་མེད་པའི་རྣམ་རྟོག་ཞིག་ཀྱང་འཆར་ཡོང་གི། ཨ་ལ་དེ་འདྲ་ད་མིན་འགྲོ། སློབ་དཔོན་མཁྱེན།
ཀླུ་སྨྱོན་ལགས། དགེ་ཆོས་ཀྱི་གསུངས་ལྟར་མཚོ་པདྨ་འདི་གུ་རུ་ན་ན་གའི་གནས་ཆེན་ཡིན་པར་གསུངས་པ་ཡོད་པ་རེད། ད་དུང་གུ་རུ་རིན་པོ་ཆེ་གསོན་སྲེག་བྱེད་སའི་ཟ་ཧོར་དེ་རྒྱ་གར་ཤར་ཕྱོགས་བྷཾ་གྷ་ལའི་ཡུལ་ཡིན་པར་ཇོ་བོ་རྗེ་སོགས་ཀྱི་རྣམ་ཐར་ལ་ཁུངས་བཅོལ་ནས་བཤད་མཁན་ཡོད། ཕལ་ཆེར་བདེན་པའི་བཟོ་ཤས་ཆེ་བ་ཡོད།འོན་ཀྱང་ད་ལྟའི་མཚོ་པདྨ་འདི་ཡོད་ས་ལ་སྔོན་ཟ་ཧོར་གྱི་ཡུལ་ཡིན་པར་གསུངས་པ་དང་། ཟ་ཧོར་དང་བྷཾ་གྷ་ལ་གཉིས་ཡུལ་སོ་སོ་བ་ཡིན་པར་གསུངས་པའི་ལུགས་ཀྱང་ཡོད་དེ། པདྨ་གླིང་པའི་གཏེར་བྱོན་གྱི་ཐང་ཡིག་ལས། རྒྱ་གར་ཡུལ་གླིང་ཆེན་པོ་དགུ་ཡོད་པའི༔ དབུས་ན་ཐུབ་དབང་བཞུགས་གནས་རྡོ་རྗེ་གདན༔ དེ་ཡི་ཤར་ཕྱོགས་བྷཾ་གྷ་ལ་ཡི་གླིང་༔ ལྷོ་ཡི་ཕྱོགས་ན་བྷེ་ཏའི་གླིང་ཞེས་གྲགས།། ནུབ་ཀྱི་ཕྱོགས་ན་ཨུ་རྒྱན་མཁའ་འགྲོའི་གླིང་༔ བྱང་གི་ཕྱོགས་ན་ཁ་ཆེའི་གླིང་ཞེས་གྲགས༔ ཤར་ལྷོ་མཚམས་ན་ཁང་བུ་ཅན་གྱི་གླིང་༔ ལྷོ་ནུབ་མཚམས་སུ་སངྒ་ལ་ཡི་གླིང་༔ ནུབ་བྱང་མཚམས་ན་ཟ་ཧོར་གླིང་བྱ་ཡོད༔ བྱང་ཤར་མཚམས་ན་ཟང་གླིང་ཞེས་སུ་གྲགས༔ ཞེས་དང་། དེ་ནས་ཨུ་རྒྱན་ཡུལ་གྱི་ཤར་ལྷོའི་མཚམས༔ ཟ་ཧོར་ཡུལ་གྱི་གྲོང་ཁྱེར་ཆེན་པོའི་དབུས༔ ཞེས་དང་། ད་དུང་འདི་འདྲ་ཧ་ཅང་པོ་འདིར་ཡོད་ཀྱང་གློག་གླད་ཏུ་བཏགས་ཁོམ་མི་འདུག་པས་དགོངས་འགལ་མེད་པར་མཁྱེན། ད་དུང་འདི་སློབ་དཔོན་རིན་པོ་ཆེ་གསོན་སྲེག་བྱེད་སའི་ཡུལ་ཡིན་པའི་སྒྲུབ་བྱེད་གཞན་ཡང་ཡོད་ཀྱང་གཞན་ཞིག་ཏུ་འབྲི་འདུན་ཡིན། གཅིག་བྱས་ན་དྲ་ཐོག་ཏ་གང་མགྱོགས་ཀྱིས་འཇོག་ཡོང་། ཐུགས་རྗེ་ཆེ།
གྲོགས་པོ་ཚོ། ལོ་རྒྱུས་རིག་པ་སྨྲ་བ་ཞིག་གི་ངོར་གཏེར་མ་དང་དག་སྣང་སྔོན་གནས་རྗེས་དྲན་སོགས་སྒྲུབ་བྱེད་དུ་གཏན་ནས་མི་འགྲོ་ལ། གོང་དུ་བཀོད་པའི་རྡོར་གླིང་གི་གཏེར་མ་བསྙད་པའི་ཆོས་བོན་རྣམ་འབྱེད་ཅེས་པ་ཁུངས་མེད་ལབ་བརྡོལ་གྱི་གཏམ་ཞིག་ཡིན་པ་བལྟས་པ་ཙམ་གྱིས་ཤེས་ངེས་ལ། དེ་བས་ལོ་རྒྱུས་བཤད་འདོད་ན་གུ་རུ་པདྨའི་ཕ་ཡུལ་ནས་ཁོ་རང་གི་ལོ་རྒྱུས་རེ་ཨེ་རྙེད་ལྟ་རྒྱུ་གལ་ཆེ་བར་མཐོང་། ལོ་རྒྱུས་བཤད་སྐབས་ཅིར་ཡང་སྣང་ཆོག་ཅེས་པ་དང་གར་ཡང་བསྒྱུར་ཐུབ་ཅེས་པ་ཙམ་གྱིས་སྒྲུབ་བྱེད་མི་འོང་བས། དངོས་གནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མངལ་སྐྱེས་ཡིན་ནམ་བརྫུས་སྐྱེས་ཡིན་དཔྱད་འོས་ལ། ཁྱད་པར་བརྫུས་སྐྱེས་ཞེས་པ་འདི་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་ཅིག་བྱེད་ཐུབ་བམ། ངས་བསམ་ན་འདི་ནི་གནའ་བོའི་ལྷ་སྒྲུང་གི་བཤད་ཚུལ་ཞིག་ལས་དོན་དངོས་དང་མཐུན་པ་ཞིག་ཨེ་ཡིན་སྙམ་ནས་དོགས་པ་བྱེད་ཀྱིན་ཡོད། སྤྱིར་ཡང་གོང་གི་ཆོས་བོན་རྣམ་འབྱེད་ཅེས་པ་རྩོམ་འགྲོས་དང་། བརྗོད་བྱ་རྗོད་བྱེད་གང་ལ་བལྟས་ཀྱང་བཅོས་སྒྲུང་ཞིག་ཡིན་པ་གསལ་ལེ་མཐོང་འདུག གྲོགས་པོ་ཚོ། འུ་ཅག་ལོ་རྒྱུས་སོགས་ཡི་གེ་ལྟ་ཀློག་ཡུན་རིང་བྱེད་མྱོང་མཁན་ཞིག་གཏམ་འདི་ལྟ་བུས་བསླུ་ག་ལ་ཐུབ། ཧ། ཧ། ཅིག་བྱས་ནས་ངས་ཐལ་དྲགས་པའི་སྐད་ཆ་འགའ་རེ་བཤད་ཡོད་ན་ཐང་། དགོངས་འགལ་མེད་པ་ཞུ། བསམ་བློ་རེ་གཏོང་ས་ཡོད་ན་གཟིགས་རོགས།
འདི་འདྲའི་སྔ་མོའི་རྩོམ་དཔེ་རྩ་ཆེན་རེ་མཇལ་ན་མིག་ནས་མཆི་མ་འཐོར་ཡོང་གི་འདུག ང་ལ་མཚོན་ན། དེའི་ནང་གི་ཆེས་ཡིད་དུ་འོང་བའི་ཆ་ནི། སྟོན་པ་གཤེན་རབ། སྟོན་པ་ཤྰཀྱ་ཐུབ་པ། ཀོང་ཙེ་འཕྲུལ་རྒྱལ་རྣམས་སྤྲུལ་གཞི་གཅིག་ལས་གྱེས་ཏེ་རྣམ་པ་སོ་སོར་སྟོན་པ་དེ་རེད། རྩོམ་མཁན་གང་དེ་ཡིས། འཇིག་རྟེན་ཐོག་གི་མི་མཐུན་པའི་ཆོས་ཀྱི་རྩོད་གླེང་དེ་ཚོ་དཀར་འཇམ་ཡུག་གཅིག་ཏུ་གནས་ཐུབ་པའི་ཆེད་དུ་དགོངས་པ་ག་ཚོད་མང་པོ་ཞིག་བཞེས་ནས་བྲིས་ཡོད་པ་རེད་ཨང་། ད་རུང་སྟོན་པ་ཤྰཀྱ་ཐུབ་པ་དེ། ཁྱབ་འཇུག་གི་འཇུག་པ་བཅུའི་ནང་ཚན་གྱི་གཅིག་མ་ཡིན་ནམ། འདི་དང་འདི་འདྲའི་བའི་རྩོམ་གྱིས་སྔོན་གྱི་དུས་སུ། ཆོས་ལུགས་ཁག་ཞི་བདེ་མཉམ་མཐུན་ཡོང་བར་ཏན་ཏན་ཕན་ཐོགས་ཡོད་རྒྱུ་རེད་འདོད། ཕན་ཐོགས་མེད་ནའང་ཇི་འདྲའི་རྩོམ་པ་པོ་སེམས་ཡག་ཅིག་དང་སྤྱི་སེམས་ཅན་ཞིག་རེད་ཨང་།
རྩོམ་འདིའི་རྒྱབ་ལོགས་སུ་ཆོས་ལུགས་འགལ་ཟླའི་ལོ་རྒྱུས་ནག་པོ་མང་པོ་ཞིག་ཀྱང་སེམས་ལ་ཤར་ཡོང་གི་འདུག འདི་ནི་དེ་དག་ཁ་གནོན་དུ་བཞེངས་པའི་མཆོད་རྟེན་དཀར་པོ་ཞིག་ཏུ་འཁུམས།
འདི་ཀློག་ཡོང་ན་དོན་བརྗོད་སྙན་ངག་ཅིག་ཀློག་གི་ཡོད་པའི་ཚོར་བ་སྟེར། མཚམས་རེར་ལོ་རྒྱུས་སྙན་ངག་ཅིག་ཀློག་གི་ཡོད་པའི་ཚོར་བ་སྟེར། མཚམས་རེར་ལྷ་སྒྲུང་སྙན་པོ་ཞིག་ཀློག་གི་ཡོད་པའི་ཚོར་སྟེར། མཚམས་རེར། ཨ་ཕས་གེ་སར་གྱི་སྒྲུང་བཤད་ཀྱི་ཡོད་པའི་ཚོར་བ་སྟེར། མཚམས་རེར་བླ་མ་རྩ་ཆེན་ཞིག་གི་མདུན་ནས་གསུང་ཆོས་ཞུ་གི་ཡོད་པ་དང་འདྲ།
ད་སེམས་སྐྱོ་བ་ཞིག་ལ། སྒྲུང་འདི་འདྲས་འཇིག་རྟེན་འདིར་མཛད་པ་མཛད་རྒྱུའི་དུས་ཚོད་མཇུག་རྫོགས་ཚར་ཡོད་པ་དེ་རེད། དེང་སང་གི་མི་དེ་ཚོ་འདྲེ་ཡིན་ཙང་། བདེན་པ་ངོ་སྤྲོད་ཀྱི་སྤྲོད་ཀྱི། རྒྱུ་མཚན་པང་སྒྲིག་གི་སྒྲིག་བཤད་དགོས་པ་གང་ཞིག་མ་བཤད་ན་ཡིད་ཆེས་ཀྱི་མ་རེད།
གཏེར་མ་ལ་ཡིད་ཆེས་མེད་ལུགས་འདི་ནི་བོན་དང་རྙིང་མ་བ་ཞིག་མ་ཡིན་པར་ཐག་ཆོད།
རང་ལ་ཡིད་ཆེས་མེད་ན་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད།
མོས་པའི་ཕྱོགས་སུ་ལས་བྱེད་ན།
ངལ་བ་མེད་པར་ཀུན་ཀྱང་འགྲུབ།
ལུང་བསྟན་དང་གཏེར་མ་སོགས་ལ་ཡིད་ཆེས་མེད་ཟེར་ལུགས་འདི་ལ་བསམ་ན་ལས་འབྲས་དང་དཀོན་མཆོག་གསུམ་དང་སངས་རྒྱས་ཀྱི་ཞིང་ཁམས་སོགས་ཐུན་མོང་འཇིག་རྟེན་ལ་བསྐལ་དོན་དུ་སོང་བ་ཐམས་ཅད་ལའང་ཡིད་ཆེས་ཡོད་རྒྱུ་མ་རེད།
དེ་ལ་ཆོས་སྐད་དུ་བཤད་ན་ནང་པ་བ་གང་ཞིག་ཕྱིས་སུ་དེ་ལྟ་བུའི་བློ་སྐྱེས་དུས་བློ་དེ་ལ་ལོག་ལྟ་ཞེས་བརྗོད་ཀྱི་རེད། གང་ཟག་དེ་ལ་ལྟ་ལོག་པ་ཞེས་བརྗོད་ཀྱི་འདུག
ལ་སྟོད་བུ་ཏག་ཏག་རེད། ཡིད་ཆེས་མེད་མཁན་ཚོའི་ངོར་རིག་པའི་སྒྲུབ་མ་ཐུབ་དུས་གཞུང་ལུགས་དེ་ལུང་ཙམ་སྐྱབས་སུ་འཛིན་པར་ཆགས་ཚར་བ་རེད། དེ་ནས་ང་རྒྱལ་ཇི་ལྟར་བྱས་ཀྱང་རྣམ་དཔྱོད་ལྡན་པ་ཚོས་ཤེས་སོང་བ་རེད། ཁྱེད་ཀྱི་གསུང་ཚུལ་ལ་བལྟས་དུས་བོན་རྙིང་གང་རུང་ཡིན་ཐག་ཆོད་རེད་མོད། གཏེར་མ་ཟེར་བ་འདི་བོན་པོ་དང་རྙིང་མ་ཁོ་ནས་སྐད་ཆ་མ་རེད། ཇོ་བོ་རྗེ་གཏེར་སྟོན་ཞིག་རེད། བོད་ཀྱི་ལོ་རྒྱུས་གཏེར་ནས་བཞེས་མཁན་ཁོང་རེད། དེས་ན་བཀའ་གདམས་པ་ཚོས་གཏེར་ཁས་ལེན་རྒྱུ་རེད། བཀའ་བརྒྱུད་པའི་རོ་སྙོམས་ཡང་གཏེར་ཆོས་ཤིག་རེད། དེས་ན་བཀའ་བརྒྱུད་པས་ཀྱང་གཏེར་ཁས་ལེན་རྒྱུ་རེད། ཇོ་ནང་ཏཱ་ར་ན་ཐས་ཀྱང་རང་ཉིད་གཏེར་སྟོན་ཡིན་ཚུལ་བཤད་ཡོད། ས་སྐྱའི་མཁྱེན་བརྩེ་ནི་གཏེར་ཆེན་ཞིག་རེད། རྗེ་རིན་པོ་ཆེས་ཀྱང་གཏེར་བླངས་རབས་ཡོད་ལ། དེ་རྗེས་ཀྱི་དགེ་ལུགས་པའི་ཁྲོད་ན་ཡང་གཏེར་སྟོན་ཡོད། འོ་ད་དུང་ཞིབ་ཏུ་བཤད་དུས་ཀླུ་སྒྲུབ་ཀྱིས་ཀྱང་རྒྱས་པ་འབུམ་ཀླུ་ཡུལ་ནས་གདན་དྲངས་ཚུལ་བཤད་ཀྱིན་འདུག་ག དེས་ན་བོན་པོ་དང་རྙིང་གཉིས་དམིགས་བསལ་གཉིས་ཚིག་པ་ཟ་དོན་མི་འདུག ངས་འདི་ནས་ངས་བཤད་བཞིན་པ་ནི་ཐུན་མོང་ལོ་རྒྱུས་རིག་པ་བཤད་དུས་ཆེས་ཐུན་མོང་མིན་པ་ཞིག་སྒྲུབ་བྱེད་ལ་མི་འགྲོ་ཞེས་བཤད་ཀྱིན་ཡོད་པའི་གནད་གོ་དགོས་པ་ལས། ཐུན་མིན་གྱི་རྣམ་བཞག་གམ་ལྐོག་གྱུར་གྱི་ཤེས་བྱ་གཅིག་ཀྱང་མེད་ཅེས་བཤད་གི་མེད། དེ་ལྟར་བཤད་ན་ཞིབ་འཇུག་དང་སློབ་སྦྱོང་ཡང་དགོས་རྒྱུ་མ་རེད། ཐམས་ཅད་མངོན་གྱུར་ཡིན་པས་སོ། །ཡིན་ཡང་ཐུན་མིན་དང་ཐུན་མོང་གི་རྣམ་དབྱེ་ཤེས་དགོས་པ་ལས་ཐམས་ཅད་བསྲེས་ནས་བཤད་དུས་ཚད་འཛིན་ཅི་ཡང་མེད་པ་ཞིག་ཆགས་ངེས། གལ་སྲིད་དེ་འདྲ་ཡིན་ན་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ཞེས་གསུངས་ལ་སྐྱིད་ཉལ་གྱིས་དང་དེས་འཐུས་ངེས། ང་ལ་ལྟ་ལོག་གསུང་པ་ཐུགས་བདེན་ཡང་། ཐེ་ཚོམ་ཡོད་པ་ཙམ་གྱི་ལྟ་ལོག་ཡིན་ན་གཟུར་གནས་ཕལ་ཆེར་ལྟ་ལོག་ཡིན་རྒྱུ་རེད། དེ་ནི་ཅུང་ཐལ་དྲགས་པ་འདྲ།
མེགརྒན་ཟེར་བ་འདི་ལོག་ལྟ་ཅན་ཞིག་ཡིན་གྱི་རེད། འདི་ཚོ་ལ་གསལ་བཤད་བྱེད་ཚོད་ཡོད་མ་རེད། འདི་ཚོའི་རིགས་དེས་ག་དུས་ཡིན་ན་ཡང་མི་རིགས་དང་ཆོས་ལུགས་སམ་སྤྱི་ཚོགས་དང་སྤྱི་ཚོགས་དབར་འགལ་བ་བཟོ་རྒྱུ་དང་། མིའི་སེམས་ཁམས་ལ་གནོད་ཐབས་ཁོ་ན་ལྷུར་ལེན་པ་གནོད་སྦྱིན་གྱི་རིགས་སུ་གཏོགས་པ་རེད། དད་ལྡན་མི་མང་གི་སེམས་ཁམས་དཀྲུགས་རྒྱུ་དེ་རྒྱ་མི་དམར་ཕྱོགས་པ་ཞིག་ཡིན་རུང་འདི་་ཚོ་ལས་སྡུག་ཅིག་ཡིན་གྱི་མ་རེད། ཡིད་ཆེས་ཡོད་མཁན་ཞིག་ལ་ཡིད་ཆེས་ཡོད་རེད་སོ་སོ་ལ་དད་པ་ཡོད་ན་སངས་རྒྱས་ཀྱི་འཕྲིན་ལས་ལ་ཉེ་རིང་ཡོད་མ་རེད། ཡིད་ཆེས་མེད་མཁན་ཞིག་ལ་མེད་པ་རེད་འཛམ་གླིང་སྤྱིའི་མི་འབོར་ལ་བསམ་ན་འཛམ་གླིང་ན་སངས་རྒྱས་ལ་དད་པ་བྱེད་མཁན་ཀྱང་ཉུང་ཉུང་རེད། འདི་ཚོ་སེམས་ཅན་གྱི་ལས་རེད། སུ་སུ་ལ་ཡིད་ཆེས་མ་ཆེས་གནས་ཚུལ་ཐ་དད་རེད།
མེགརྒན་ལྟ་བུ་མི་འདི་ཚོ་ལ་སོ་སོ་དང་ལུགས་སྲོལ་མི་འདྲ་བའི་གང་ཟག་གི་སེམས་ལ་ཕོག་ཐུག་འགྲོ་བའི་ཚིག་མཚོན་རེ་འདེབས་རྒྱུ་ལས་གཞན་ཆོས་ལུགས་ཕར་ཞོག་མི་ལུགས་ཀྱི་ཡ་རབ་སྤྱོད་བཟང་ཙམ་ཡང་ཡོད་མ་རེད། འདི་ཚོ་ལ་ཡ་བྱེད་ཀྱི་ཡོད་མ་རེད།
གྲོགས་པོ་ཚོ། ང་ལ་དགོས་པ་ནི་བཙན་པོ་ཡབ་སྲས་ཀྱི་དུས་ཀྱི་བོན་པོའི་སྐོར་གཏེར་ནས་ཐོན་པ་ཚོ་མ་ཡིན་པར་ཀུན་གྱི་ཁས་ལེན་ཐུབ་པའི་ཡིག་ཆ་དེ་འདྲ་རེད། འདི་བོན་པོ་དང་རྙིང་མ་རྣམས་ལ་ཡང་མཁོ་ངེས་རེད། ངས་དོན་འགྲུབ་ན་ཁྱེད་ཚོས་ཐུགས་ཡང་བདེ་ངེས་ཡིན་པས་འདིའི་སྐོར་འཚོལ་རྒྱུ་དེ་རེད། འོན་ཀྱང་མ་བསམ་ས་ནས་འགའ་རེ་ལ་ཕོག་སོང་། ཧ། ཧ།
༼ འགའ་རེ་ལ་ཕོག་སོང་། ཧ། ཧ།༽ ཟེར་ལུགས་ལ་ལྟོས་དང་། གནོད་སྤྱིན་རང་རེད་འདུག མི་གཅིག་གི་སེམས་ལ་གནོད་ཐབས་ལྡན་ན་ཡང་སེམས་པ་དགའ་ཡི་རེད།
གཏེར་དེ་ཚོ་ཡག་པོ་ཞེ་དྲག་འདུག རེ་བར། རྗེས་མ། ལོ་བརྒྱ་ཕྲག་འགའི་རྗེས་ལ་ཡང་གཏེར་མུ་མཐུད་འདོན་ནས། “བོད་འདི་རང་བཙན་ནོ༔ རྒྱ་ནག་པོས་ཟོས་སོ༔ སླར་རང་བཙན་གསོ་ཤིག༔ གུ་རུའི་གསུང་ངོ༔”ལྟ་བུ་འཐོན་ན། ངེད་ཚོས་གཏེར་དེ་ཚོ་འཁྱེར་ནས། བོད་རང་བཙན་འགྲུབ་ཆོག ད་དུང་། བན་དང་ཆོས་གཅིག་པ་རེད་ཟེར་བའི་གཏེར་དེ་ཚོ་ཤིན་དུ་ཡག་པོ་འདུག རྗེས་མ། “བཅོམ་ལྡན་འདས་དང་ཁ་ཆེའི་ཨ་ལཱ་གཉིས་ཐུགས་བརྒྱུད་གཅིག་པ་རེད༔ བོད་མི་ཚོ་ཁ་ཆེ་ལ་དབྱེན་མ་བྱེད༔ བོད་མོ་རྣམས་ཁ་ཆེ་མནའ་མར་འགྲོ་བོ༔ དེ་ལྟར་བྱུང་ན༔ འཛམ་གླིང་ཞི་བདེར་ཕན་ནོ༔ གུ་རུའི་གསུང་ངོ་༔”བྲིས་ན་བོད་མོ་རྣམས་ཁ་ཆེར་མནའ་མར་བརྫང་པར་ཕན་ནོ།
རྗེས་མ་རྒྱ་ནག་གིས་ཀྱང་གཏེར་བཏོན་ནས། “བོད་པ་རྣམས་རྒྱའི་འབངས་ལ་འཇུག་གོ༔ གུ་རུས་གསུངས་སོ༔ ལྟ་བུ་འབྲི་ན་གང་བྱེད། ཧ་ཧ
ཚངས་དབྱངས། རི་བོང་གནམ་ལྡིབ་ཀྱི་སྡུག་བསྔལ་མ་བྱེད། དེ་ལས་རང་གི་མི་གཤིས་ལ་འགྱུར་བ་ཅུང་བཏང་ནས་སྐྱག་རྫུན་བཤད་རྒྱུ་ཅུང་ཉུང་རུ་བཏང་ན་འོས་མཚམས་རེད། ད་ན་སོ་ཡང་ཆེན་པོ་ཡིན་ན་ཟེར། བརྒྱ་བཤད་གཅིག་བདེན་བྱས་ན་བུ་རྒྱུད་ལ་ཡང་ངན་གཤིས་འགོས་ཀྱི་རེད་དཱ། ཁ་བརྡ་དྲ་ཐོག་གཅིག་པོ་འདི་ནས་ད་བར་ཁྱོད་ཀྱི་སྐྱག་རྫུན་བརྒྱ་ཁ་ལོངས་ཀྱི་ཡོད་ས་ཡོད། གྲོགས་པོ་ལོ་ལོ། ལོ་རྒས་རུང་སེམས་མ་རྒས་ན་ཉིན་གཅིག་སྨྱོ་གི་རེད།
མེརྒན་ལགས།
ཁྱེད་ཀྱིས་ཁྱབ་པ་སློང་སྟངས་ནོར་བཞག། ངས་གཏེར་མ་ཁས་ལེན་མཁན་ཡིན་ན་རྙིང་མ་དང་བོན་པོ་བ་ཡིན་པས་ཁྱབ་པར་འདོད་མེད་ཡག་པོ་བྱེད་དེ་གཟིགས་ནས་གསུང་ན་ལེགས།ཐེ་ཚོམ་ལ་མང་པོ་ཡོད་འོན་ཀྱང་ཁྱེད་ཀྱི་ཐེ་ཚོམ་དེ་ནི་དོན་མི་འགྱུར་བའི་ཐེ་ཚོམ་རེད་འདུག་པས་དེ་ལོག་ལྟ་རང་རེད།་ མ་གཞི་ནས་ཁྱེད་ཀྱིས་ཐེ་ཚོམ་ཟ་ཚུལ་དེ་འདྲ་གསུང་མི་འདུག
ཀུན་གྱིས་ཁས་ལེན་དུ་རུང་པའི་ལོ་རྒྱུས་ཤིག་ཞོག་དང་དེ་ཁྱེད་ཀྱིས་བྲིས་པའི་ལོ་རྒྱུས་འདྲ་ཡོད་ན་མ་གཏོགས་གཞན་མཞན་གཞི་ཞིག་འཇོག་རྒྱུ་ཤིན་ཏུ་དཀོན།
དགེ་འདུན་ཆོས་འཕེལ་གྱིས་གསུངས་པར་ཡག་པོ་བྱས་ཏེ་གཟིགས་ན་དེ་ལྟར་ཞིག་རྙེད་རྒྱུ་ཡོད་མེད་མཁྱེན་ཐུབ།
ཚངས་དབྱངས་ལགས།
གུ་རུ་རིན་པོ་ཆེ་ལ་དེ་ལྟར་བཤད་དགོས་པ་ཡོད་དམ། གུ་རུ་རིན་པོ་ཆེ་ཡིས་བན་བོན་གཉིས་ཁ་ཆེ་དང་ནང་པ་གཉིས་ལྟ་བུ་ནམ་ཡང་གསུང་གི་མ་རེད། དེ་ལྟར་གསུང་མི་སྲིད་པ་རེད། དེ་ལྟར་གསུང་ན་རི་བོང་གི་མགོ་ལ་རྭ་ཅོ་འདོམ་པ་གང་སྐྱེ་སྲིད་པ་རེད།
གུ་རུ་རིན་པོ་ཆེ་ལ་དེ་ལྟར་བཤད་ཚུལ་ལ་ལྟས་ན་ལྷ་བསྟེན་མཁན་ཞིག་མིན་ནམ་སྙམས་པའི་དྭོག་པ་ཞིག་རང་བཞིན་གྱིས་སྐྱེ་ཡོང་གི་འདུག་གཟབ་གཟབ་བྱེད་དགོས།
བོད་མཐུན་བསྒྲིལ་གོར་མོ་རྡོ་ལྟ་བུ་ཞིག་ཡོད་པར་གཏོར་བཤིག་མི་གཏོང་བའི་རེ་བ་ཡོད།
ཉེ་ཆར་རང་དུ་༧གོང་ས་༧་མཆོག་གིས་ལྷོ་ཕྱོགས་སེར་བྱེས་སུ་བཀའ་སློབ་གནང་བ་དེ་དག་དྲྭ་རྒྱ་འདིར་འདུག་པས་ཡག་པོ་བྱེད་དེ་གཟིགས་གནང་ན་དེ་འདྲ་རང་ཤོད་ཕོད་པ་ཞིག་མི་འདུག་༧གོང་ས༧་མཆོག་གི་བཀའ་སློབ་ལའང་ཉན་འཇོག་མི་བྱེད་བོད་ཀྱི་ཆོས་ལུགས་ཀྱི་མཐུན་བསྒྲིལ་ལ་གཏོར་བཤིག་གཏོང་ལུགས་འདི་ལ་ལྟས་ན་གོང་དུ་བཤད་པ་བཞིན་དྭོག་པ་ཞིག་མི་སྐྱེ་རང་སྐྱེ་རེད་འདུག་ད་ལྟ་རྫ་དྲག་པའི་གནས་སྟངས་ལ་དགོངས་པ་བཞེས་ཏེ་དེ་འདྲ་ཚིག་ཟུར་ཙམ་དུའང་མི་གླེང་པའི་རེ་བ་ཞུ་གི་ཡོད།
ལ་སྟོད་བུ་ལགས། ཐེ་ཚོམ་ལོག་ལྟ་རུ་ཐག་གཅོད་ལུགས་ལ་བལྟས་ན་འུ་གཉིས་ཁྱབ་མཐའ་ཆོད་མཁན་ཅང་ཡིན་ས་མ་རེད། འོན་ཀྱང་། ཁྱེད་ཀྱི་ཐུགས་རྩེ་གཏོད་ཕྱོགས་བོད་ཀྱི་ཆོས་བརྒྱུད་ཁག་ནས་བོན་རྙིང་གཉིས་ཡིན་ན་གཏེར་ཁས་ལེན་པའི་ཁྱབ་དང་གཞན་དག་ཡིན་ན་མ་ཁྱབ་པ་ལྟ་བུ་གསུང་གི་ཡོད་པ་འདྲ། དེ་ལྟར་ཡིན་པ་ངས་བཤད་ཀྱིན་མེད་བོད་ཀྱི་ཆོས་བརྒྱུད་ཡིན་ན་གཏེར་ཁས་པའི་ཁྱབ་པ་རེད། གོང་དུ་བཤད་པ་ལྟར་རྒྱས་པ་འབུམ་གཏེར་ཆོས་རེད། དེ་སངས་རྒྱས་ཀྱི་བཀའ་རུ་ཁས་མི་ལེན་མཁན་གྱི་བོད་བརྒྱུད་ཆོས་ལུགས་པ་སུ་ཡང་མེད། དེས་ན་ཚང་མའི་གཏེར་ཁས་པ་རེད། གྲོགས་པོ་ང་ལ་མཁོ་བ་སུའི་གཏེར་ཁས་ལེན་མི་ལེན་མིན་ལ། བཙན་པོ་ཡབ་སྲས་ཀྱི་སྐུ་དུས་ནས་ཡིན་ངེས་ཀྱི་རབ་བོན་གྱི་ལོ་རྒྱུས། ཐ་ན་བོན་པོ་ཞེས་པའི་ཆོས་ལུགས་ཤིག་གི་མིང་ཙམ་རེ་ཨེ་རྙེད་བསམ་པ་ཡིན།དེའི་སྐོར་ནས་གསུང་རྒྱུ་ཅང་མེད་ན་བཀའ་བཀྱོན་རྣམས་ལ་ལགས་སོ་ཞུ་བ་ལས་ལན་མི་འདེབས་ལ། ངས་ཀུན་གྱིས་ཁས་ལེན་ཐུབ་པ་ཟེར་དེ་ནང་དོན་ལ་ནོར་བ་གཅིག་ཀྱང་མེད་ས་ཞིག་ལ་ཟེར་གི་མེད། དཔེར་ན་ད་རེབ་ཀྱི་ཆོས་བོན་རྣམ་འབྱེད་ལྟ་བུ་མ་ཡིན་པར། མཁན་ཆེན་གྱི་དབུ་མ་རྒྱན་ལྟ་བུ་དོན་གནས་མཁན་ཆེན་གྱི་གསུང་ཡིན་པ་ཀུན་གྱི་ཁས་ལེན་པ་འདི་ལྟ་བུ་ལ་ཟེར་གྱིན་ཡོད། ལྟ་ལོག་དང་གནོད་སྦྱིན་གྱི་གཉེན་པོར་འཇམ་དཔལ་རྣོན་པོ་གཤིན་རྗེ་གཤེད་ཀྱི་སྐུར་བཞེངས་འདུག་པས་ཐུགས་ཁྲལ་དགོས་ས་མ་རེད།
མེརྒན་ལགས།
ངས་གཏེར་མ་ཁས་ལེན་མཁན་ཡིན་ན་བོན་རྙིང་གང་རུང་ཡིན་པས་ཁྱབ་པར་ཁས་ལེན་མེད་པ་མ་ཟད་ཆོས་རྒྱུད་གཞན་མ་ལ་གཏེར་སྙན་སོགས་མེད་པར་ཁས་ལེན་བྱས་པ་མེད་པས་དགོངས་འཇགས་འཚལ། བཙན་པོ་ཡབ་སྲས་ཀྱི་སྐུ་དུས་ནས་བོན་པོའི་ལོ་རྒྱུས་ཁྱེད་ལ་དགོས་གསུངས་པར་ཁྱེད་རང་བོན་པོར་དོ་སྣང་ཡོད་མཁན་ཞིག་མ་ཡིན་དུས་ངས་བཤད་ཀྱང་ཕན་ཐོགས་ཡོང་གི་རེད་བསམ་གྱི་མི་འདུག་ཐ་ན་བོན་པོ་ཞེས་པའི་ཐ་སྙད་གཅིག་དགོས་གསུངས་པར་ངས་ཁྱེད་ལ་འདིར་ཡིག་ཆ་རེ་རེ་བཞིན་དུ་སྟོན་ཀྱང་ཁྱེད་ཀྱི་ཁས་ལེན་མདོག་ཁ་བོ་མ་རེད་མཁྲིས་ནད་ཅན་གྱིས་སྣང་ཚུལ་བཞིན་ཆགས་རྒྱུ་རེད་མ་གཏོགས་ཁྱེད་ལ་ཕན་ཐོགས་པ་ཞིག་ཞུ་ཚོད་མི་འདུག་དེ་མིན་ཏུན་ཧོང་ཡིག་རྙིང་དང་རྒྱལ་རབས་གསལ་བའི་མེ་ལོང་དང་དེ་བཞིན་མཁན་ཆེན་ཞི་བ་འཚོ་ཡིས་བོན་པོ་ནི་དགྲ་བོ་དངས་མར་ལྟ་ཞེས་འཇུ་མི་ཕམ་གྱི་དབུ་མ་སོགས་སོགས་ལས་བཤད་པ་ལྟར་དེ་དུས་བོན་པོ་ཡོད་ནས་དགྲ་བོའི་དངས་མར་ལྟ་བ་ཡིན་རྒྱུ་རེད་མ་གཏོགས་མེད་པའི་རི་བོང་རྭ་ལ་དགྲ་བོའི་དངས་མར་ལྟ་མཁན་ཞིག་ནི་ཡོད་མདོག་ཁ་བོ་མ་རེད།
དེ་ཙམ་ཡིན་བྱུང་ན་རང་གཞན་གྱིས་རིས་སུ་མ་ཕྱེས་ཏེ་ལོ་རྒྱུས་ཆོས་འབྱུང་ལ་མཐོང་ཕུལ་ཆེ་ཙམ་གནང་ན་ཁྱེད་ལ་ཐུགས་ཕན་གསོ་བའི་གནས་ཚུལ་མང་པོ་ཞིག་རེག་ཐུབ་པར་ངས་བརྒྱ་ཆ་བརྒྱ་ཐམ་པ་ཞུས་ཆོག
དཔེར་ན་མཁས་དབང་ནམ་མཁའི་ནོར་བུ་བཞིན་ནོ།
མོས་པའི་ཕྱོགས་སུ་ལས་བྱེད་ན།
ངལ་བ་མེད་པར་ཀུན་ཀྱང་འགྲུབ།
དག་སྣང་སྒྲུབ་པ་ཕན་བདེ་ཀུན་གྱི་གཞི།
ལ་སྟོད་བུ་ལགས། ཁྱེད་ཀྱིས་༼དེ་ལྟར་བཤད་ཚུལ་་ལ་བལྟས་ན་ལྷ་བརྟེན་མཁན་ཞིག་མིན་ནམ་སྙམ་པའི་དོགས་པ་ཞིག་རང་བཞིན་གྱིས་སྐྱེ་ཡོང་གི་འདུག་༽གསུངས་པ་དེ་ནོར་བ་རེད། ཁྱེད་ཀྱིས་དམ་སྲི་དེ་ལ་ཟེར་གྱི་ཡོད་ན་དེ་ནི་ལྷ་ཞིག་མ་རེད། ༧གོང་ས་ལྔ་པའི། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས།། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན།། གསུངས་པ་དེ་གོང་ས་བཅུ་བཞི་པས་འགྲེལ་སྐབས། རྒྱུ་སྨོན་ལམ་ལོག་པ། ངོ་བོ་དམ་སྲི་འབྱུང་པོ། བྱེད་ལས་བསྟན་འགྲོ་ལ་འཚེ་བ་གསུམ་གྱི་ཐོག་ནས་འགྲེལ་བཤད་གནང་གི་འདུག དེས་ན་ཁྱེད་ཀྱིས་ལྷ་ཟེར་བ་དེ་ནོར་བ་རེད་ལགས།
ལ་སྟོད་པ། ཁྱེད་ལ་བཙན་པོ་ཡབ་སྲས་སྐབས་ཀྱི་བོན་པོའི་ལོ་རྒྱུས་མང་པོ་སྟོན་རྒྱུ་ཡོད་པ་འདྲ་ཐུགས་རྗེ་ཆེ་གཅིག་སྟོན་རོགས། ཏུན་ཧོང་གཏེར་ཡིག་ན་བོན་གྱི་སྐོར་གང་ཡོད། སྤྱིར་ཏུན་ཧོང་ནས་བོད་སིལ་བའི་སྐབས་ཀྱི་ལོ་རྒྱུས་ཀྱང་མང་པོ་ཐོན་ཟིན་པའི་དེ་ནས་ཐོན་པ་ཙམ་གྱི་བཙན་པོའི་དུས་ཀྱི་ཡིག་ཆ་ཡིན་པའི་ངེས་པ་མེད་མོད། ཡིན་ཡང་ཏུན་ཧོང་ནས་ཐོན་པ་ཚོ་སྤྱི་རིགས་ནས་ཡིག་ཆ་སྔ་མོ་དང་ལོ་རྒྱུས་ཀྱི་ཁུངས་ལྟ་བུ་རེད། ཆོས་བོན་རྣམ་དབྱེ་དང་བསྡུར་ས་ཡོད་པ་མ་རེད། རྒྱལ་རབས་གསལ་མེ་ནི་དུས་རབས་བཅུ་བཞི་བའི་ནང་གི་ལོ་རྒྱུས་ཡིག་ཆ་ཞིག་རེད། འཇུ་མི་ཕམ་པ་རབ་བྱུང་བཅོ་ལྔ་བའི་ནང་གི་མཁས་པ་ཞིག་རེད། འདི་ལྟ་བུའི་མཁས་པ་དག་གི་བན་བོན་གྱི་བཤད་པ་ལ་ཡིད་ཆེས་ཡོད་ན་ངའི་གོང་གི་དྲི་བ་དག་ཡོང་གི་རེད་དམ། ངས་འདི་དག་མཁས་པ་མ་རེད་ལབ་ཀྱི་མེད་མོད། འོན་ཀྱང་ལོ་རྒྱུས་ལ་བདེན་ཁ་སྟེར་སྟངས་དེ་འདྲ་ཞིག་མ་རེད། ང་བན་བོན་སུ་ལ་ཡང་སྡང་ཞེན་མེད་ཀྱང་ལོ་རྒྱུས་ཁུངས་མ་རེ་བཤད་ན་བསམ་པ་ཡིན། འུ་ཅག་གིས་གནའ་ནས་ད་བར་ལྷ་སྒྲུང་གིས་ཉི་མ་འཕུལ་ཐབས་བྱས་པས་རང་རེ་ལ་ལོ་རྒྱུས་ཐུན་མོང་གིས་ཁས་ལེན་ཐུབ་པ་ཞིག་མེད་སོང་པ་རེད། ད་གཉིད་སད་རན་མ་རེད་དམ།
མེགརྒན་ལགས།
ངས་མཁས་པ་དེ་དག་ལུང་འདྲེན་བྱས་པ་ནི་མཁས་པ་དེ་བོད་བཙན་པོའི་དུས་སུ་བྱུང་བར་བཤད་ཀྱི་མེད། མཁས་པ་དེ་དག་གིས་གང་ཤོད་ཀྱི་འདུག་དེ་ཚོར་གཟིགས་ཞུ་གི་ཡོད།
བོན་གྱི་སྐོར་གང་ལས་འཕྲོས་འདུག་གཟིགས་ཞུ་གི་ཡོད།
དཔེར་ན། འཇུ་མི་ཕམ་གྱིས་མཁན་ཆེན་ཞི་བ་འཚོས་བོན་པོ་དགྲ་བོའི་དངས་མར་ལྟ་གི་རེད་ཅེས་པར་དཔྱོད་རོགས་ཞུས་ཡོད། མཁན་ཆེན་ཞི་བ་ཚོ་ནམ་ཞིག་བྱུང་བ་རེད་དམ། དེའི་ཕྱིར་ཞུ་གི་ཡོད། ངས་ཁྱེད་ལ་ཡིག་ཆ་མང་པོ་ཡོད་རབས་བཤད་པ་ལོས་བདེན་ངས་སྔར་ནས་ཞུས་ཡོད་རང་གཞན་གྱི་ཆོས་འབྱུང་དང་ལོ་རྒྱུས་ལ་རིས་སུ་མ་ཕྱེས་པར་གཟིགས་རོགས་ཞུས་ཡོད། དྲྭ་རྒྱ་འདིར་ངས་ཚང་མ་ཞུ་རྒྱུའི་དུས་ཚོད་མི་འདུག་དགོངས་པ་མ་ཚོམས་རོགས། གཟིགས་དང་ཁྱེད་ཀྱིས་ལམ་སེང་ལྷ་གྲུང་ལྟ་བུ་ཞེས་བཤད་དུས་ངས་ཁྱེད་ལ་བཤད་ཀྱང་དེ་འདྲའི་ཡིད་ཆེས་མི་བྱེད་མཁན་གཅིག་ལ་ཞུས་ཀྱང་ཕན་པ་མཐོང་གི་མི་འདུག
བློ་གྲོས་མཐའ་ཡས་ལགས་ངས་ལྷ་བསྟེན་མཁན་ཞེས་ལྷ་ཞེས་པ་ནི་བདུད་དང་ལྷ་གཉིས་སུ་མ་ཕྱེས་པའི་ལྷ་ཞེས་བརྗོད་ཀྱི་ཡོད།༧གོང་ས༧་མཆོག་གིས་ལྷ་མ་རེད་ཅེས་གསུངས་པ་ནི་ང་ཚོར་སྐྱོབས་པའི་མགོན་དུ་གྱུར་བའི་ལྷ་དེ་འདྲ་མ་རེད་ཅེས་གསུངས་པ་མིན་ནམ། ལྷ་ལ་སྣ་ཚོགས་པ་ཡོད་རེད། འཇིག་རྟེན་པའི་ལྷའམ་འཁོར་བའི་ལྷ་མྱང་འདས་ཀྱི་ལྷ་སོགས་དབྱེ་བ་མང་པོ་ཞིག་ཡོད་པས་མཐའ་གཅིག་ཏུ་ལྷ་ཞེས་སྐྱབས་ཡུལ་དུ་གྱུར་བ་དང་མགོན་དུ་གྱུར་བའི་ལྷ་ཞིག་ལ་མི་གོ་སྙམས།
སྤྱིར་གཏེར་མ་དང་གཏེར་སྟོན་གྱི་རིགས་འདི་ཤེས་མཁན་ཚོས་མཆན་བུ་མང་ཙམ་འདེབས་རོགས། རྙིང་མ་བའི་གཏེར་མའི་སྐོར་ཡིན་ན་གཏེར་མའི་སྐོར་ལ་རིགས་མི་འདྲ་བ་མང་པོ་ཞིག་འདྲ། བོན་གྱི་བསྟན་རྩིས་ཀྱི་དབང་དུ་བྱས་ན། གཏེར་མ་ཐོག་མར་རྙེད་པ་པོ་ནི་གཤེན་ཆེན་ྐླུ་དགའ་ཞུ་བ་ཡིན་པ་དང་། ཁོང་གིས་སྤྱི་ལོ་༩༡༣ལོར་གཏེར་མ་འབོར་ཆེན་རྙེད་ནས་གཏེར་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་རེད་ཟེར། ད་དུང་བོན་ལ་སྙན་རྒྱུད་ཅེས་པ་ཞིག་ཡོད་པ་དང་། དེ་ནི་གཏེར་སྟོན་གྱེར་མི་ཉི་འོད་ཀྱིས་དུས་རབས་བཅུ་གཉིས་པའི་ནང་དུ་སྲོལ་བཏོད་པ་པ་དང་། སྙན་རྒྱུད་ཅེས་པ་འདི་ནི་བོན་གྱི་བླ་མ་ཞིག་གི་ཐུགས་རྒྱུད་དུ་ཡོད་པའི་དཔེ་ཆ་རྣམས་རང་གི་སེམས་རྒྱུད་ཀྱི་སྲས་ལ་བརྒྱུད་སྤེལ་བྱས་པ་ཞིག་ལ་ཞུ་བར་གྲགས། སྐབས་སྐབས་སུ་འཕགས་པའི་སྐྱེས་བུ་དམ་པ་ཞིག་གིས་བཀའ་འབེབས་ལྟར་རྒྱུས་མངའ་ཡོད་པའི་སྐྱེ་བོ་ཞིག་གིས་ཡི་གེར་ཕབ་པ་ཞིག་ཀྱང་ཡིན་འདུག གོང་གི་བོན་ཆོས་རྣམ་དབྱེ་དང་འབྲེལ་ཡོད་པ་ཞིག་ནི། བོན་གྱིས་སྟོན་པ་ཤཱཀྱ་ཐུབ་པ་ནི་སྟོན་པ་གཤེན་རབ་ཀྱི་རྣམ་སྤྲུལ་ཡིན་པར་བཤད་པ་དང་། འགྲོ་བ་རིགས་དྲུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་ལམ་དུ་འགོད་པའི་གཤེན་དྲུག་ལས་གཅིག་ཡིན་པར་འདོད། དེ་བཞིན་དུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ནི་འོལ་མོ་ལུང་རིང་གི་ཁོངས་གཏོགས་སུ་གྱུར་པའི་རྒྱ་ལག་འོང་མའི་གླིང་གི་རྒྱལ་པོ་ཡིན་པར་བརྗོད་པ་དང་། རྒྱལ་པོ་འདིས་བསྟན་བཅོས་ཁ་ཤས་བརྩམས་ཡོད་པར་བཤད་ལ། རྗེས་སུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དེ་སྟོན་པ་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཏུ་གྱུར་ཡོད་སྐད། ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་རྣམ་ཐར་༼༼མདོ་གཟེར་མིག་༽༽གི་ནང་དུ་གསལ་པོར་འདུག
སྤྱིར་གཏེར་མ་དང་གཏེར་སྟོན་གྱི་རིགས་འདི་ཤེས་མཁན་ཚོས་མཆན་བུ་མང་ཙམ་འདེབས་རོགས། རྙིང་མ་བའི་གཏེར་མའི་སྐོར་ཡིན་ན་གཏེར་མའི་སྐོར་ལ་རིགས་མི་འདྲ་བ་མང་པོ་ཞིག་འདྲ། བོན་གྱི་བསྟན་རྩིས་ཀྱི་དབང་དུ་བྱས་ན། གཏེར་མ་ཐོག་མར་རྙེད་པ་པོ་ནི་གཤེན་ཆེན་ྐླུ་དགའ་ཞུ་བ་ཡིན་པ་དང་། ཁོང་གིས་སྤྱི་ལོ་༩༡༣ལོར་གཏེར་མ་འབོར་ཆེན་རྙེད་ནས་གཏེར་མ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་རེད་ཟེར། ད་དུང་བོན་ལ་སྙན་རྒྱུད་ཅེས་པ་ཞིག་ཡོད་པ་དང་། དེ་ནི་གཏེར་སྟོན་གྱེར་མི་ཉི་འོད་ཀྱིས་དུས་རབས་བཅུ་གཉིས་པའི་ནང་དུ་སྲོལ་བཏོད་པ་པ་དང་། སྙན་རྒྱུད་ཅེས་པ་འདི་ནི་བོན་གྱི་བླ་མ་ཞིག་གི་ཐུགས་རྒྱུད་དུ་ཡོད་པའི་དཔེ་ཆ་རྣམས་རང་གི་སེམས་རྒྱུད་ཀྱི་སྲས་ལ་བརྒྱུད་སྤེལ་བྱས་པ་ཞིག་ལ་ཞུ་བར་གྲགས། སྐབས་སྐབས་སུ་འཕགས་པའི་སྐྱེས་བུ་དམ་པ་ཞིག་གིས་བཀའ་འབེབས་ལྟར་རྒྱུས་མངའ་ཡོད་པའི་སྐྱེ་བོ་ཞིག་གིས་ཡི་གེར་ཕབ་པ་ཞིག་ཀྱང་ཡིན་འདུག གོང་གི་བོན་ཆོས་རྣམ་དབྱེ་དང་འབྲེལ་ཡོད་པ་ཞིག་ནི། བོན་གྱིས་སྟོན་པ་ཤཱཀྱ་ཐུབ་པ་ནི་སྟོན་པ་གཤེན་རབ་ཀྱི་རྣམ་སྤྲུལ་ཡིན་པར་བཤད་པ་དང་། འགྲོ་བ་རིགས་དྲུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་ལམ་དུ་འགོད་པའི་གཤེན་དྲུག་ལས་གཅིག་ཡིན་པར་འདོད། དེ་བཞིན་དུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ནི་འོལ་མོ་ལུང་རིང་གི་ཁོངས་གཏོགས་སུ་གྱུར་པའི་རྒྱ་ལག་འོང་མའི་གླིང་གི་རྒྱལ་པོ་ཡིན་པར་བརྗོད་པ་དང་། རྒྱལ་པོ་འདིས་བསྟན་བཅོས་ཁ་ཤས་བརྩམས་ཡོད་པར་བཤད་ལ། རྗེས་སུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དེ་སྟོན་པ་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཏུ་གྱུར་ཡོད་སྐད། ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་རྣམ་ཐར་༼༼མདོ་གཟེར་མིག་༽༽གི་ནང་དུ་གསལ་པོར་འདུག འདི་རིགས་ཀྱི་སྐོར་ལ་ཞིབ་ཏུ་ཉན་འདོད་ཡོད།
མདོ་གཟེར་མིག་འདིས་ངའི་མིག་ཕྱེས་པ་ཐེངས་གཅིག་མིན། ད་དུང་བོན་གྱི་བསྟན་འབྱུང་དང་རྗེ་ཤར་རྫ་བའི་རྣམ་ཐར་སོགས་ལ་མཇལ་ན་བློ་སྐྱེད་བསམ་གྱིས་མི་ཁྱབ་པ་སྟེར་བར་འདུག
ྐླུ་སྨྱོན་ལགས། ཁྱེད་ཀྱིས་༼༼མདོ་འདུས་༽༽དང་༼༼གཟི་བརྗིད་༽༽གཉིས་ལ་མཇལ་མྱོང་ངམ།
ཨོ་ཡ། ཁྱེད་རྣམ་པས་འབྱུང་ཁུངས་མ་ཤེས་ན་བོན་གྱི་པདྨ་འབྱུང་གནས་ཀྱི་ཕྱི་ནང་གསང་བའི་རྣམ་ཐར་གཟིགས་དང་གོ་བ་ཤིན་ཏུ་སླའོ། བོན་ལ་ཡང་བཀའ་གཏེར་གཉིས་ཡོད། ང་རང་གིས་༢༠༠༥ ལོས་རང་བཙན་ཁ་བ་དཀར་པོ་ནས་བོན་ཆོས་ལས་འདི་དག་འདྲ་བ་ང་མ་མཇལ་བ་ཡིན། དེའི་ནང་དུ་གུ་རུ་རིན་པོ་ཆེ་ཡིན་ཞེས་གོང་དུ་བཀོད་ནང་བཞིན་རེད་མི་འདུག ། ཁྱད་པར་གུ་རུ་རིན་པོ་ཆེ་བོན་ཡིན་པ་དང་མངལ་སྐྱེས་ཡིན་པར་གསལ་བོ་བཤད་ཡོད། འདི་ན་མཛད་བྱང་དང་གཏེར་ཆོས་ཡིན་འདོག་མང་པོ་༾ཥད་ཌ༘༃ཱཌ༘༃༸། གཟུར་གནས་བློ་ལྡན་དོན་གཉེར་རེ་ཡིན་ན་རྡོ་རྗེ་གླིང་པའི་གཏེར་ཆོས་ནང་དུ་མི་འདུག་གོ །
གཏེར་ཟེར་མཁན་དེ་མགོ་ན་དགོས་ཡས་རེད་འདུག ད་དུང་གཏེར་སྟོན་དེ་ཚོ་ངོ་མ་ཡ་མཚན་རེད། དཔེར་ན་པད་ནོར་རིན་པོ་ཆེས། ཨ་རིའི་གློག་བརྙན་ཁྲབ་མཁན་སི་ཀར་ཟེར་མཁན་འདི་གཏེར་སྟོན་གྱི་སྤྲུལ་སྐུར་ངོས་འཛིན་བྱས་འདུག སི་ཀར་རྒྱལ་བ་རིན་པོ་ཆེའི་བཀའ་ཆོས་ཞུ་རྒྱུར་བཀའ་ཁྲོལ་མིན་འདུག ད་འོ་ན། ཁོས་གཏེར་ཡིན་ཞེས་ཡི་གེ་ཞིག་བཏོན་ནས། དེ་གཏེར་ཡིག་ཡིན་ལབ་ན། གཏེར་ལ་དད་པ་ཡོད་མཁན་ཚོ་ཅི་བྱེད། སི་ཀར་སྔོན་མ་དུག་བཙོང་ནས་ཁྲིམས་བཅད་ཕོག་ཡོད་མཁན་གྱི་མི་ཞིག་རེད། ད་ལྟ་ཁོ་གཏེར་སྟོན་པ་རེད། ད་ང་ཚོའི་གཏེར་ཡིག་ཚོའི་སྤུས་ཀ་ག་པར་ཕྱིན་སོང་།
ཁ་སང་ཁ་ལི་ཕོ་ནི་ཡ་ལ་གཏེར་སྟོན་སི་ཀར་གྱིས་དབང་གནང་གི་ཡོད་པའི་ཁྱབ་བསྒྲགས་མཐོང་བྱུང་། བརྙེད་སོང་ན་འདིར་འབུལ་ཆོག
གཏེར་ཟེར་ཡས་འདི་ཚན་རིག་དང་མི་མཐུན་ཞེས་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་དབང་ཚོས་གསུང་གི་འདུག ད་དུང་། བོད་པའི་བླ་མའི་ནང་གཏེར་ལ་ཡིད་ཆེས་མེད་མཁན་མང་པོ་རེད་འདུག
གཏེར་ནས་གསུངས་པ་དང་སངས་རྒྱས་ཀྱི་གསུངས་དང་མ་མཐུན་ན་ཇི་ལྟར་བྱེད།
བསམ་བློ་མ་བཏང་རང་བཏང་རེད།
ཨོ་ཡ། གཏེར་ཆོས་དང་རྟོག་ཆོས་ཁ་ཁ་ཤེས་ན་གངས་དཀར་ལྷ་མོའམ་གངས་དཀར་འདྲེ་མོ་དང་གངས་ཅན་བླ་མ་རྒྱ་བོ་ཁྱེད་ཚོ་མགོ་ན་དགོས་ཀྱིན་མ་རེད། ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོ་སོགས་ཀྱི་གཏེར་སྟོན་བརྟག་པ་སོགས་ལ་གཟིགས་དང་ངེས་ཤེས་རྣམ་དག་ཅིག་སྐྱེ་ངེས་ཡིན། ཨ་རིའི་གློག་བརྙན་ཁྲབ་མཁན་སི་ཀར་རང་བོད་ཀྱི་ཟློས་གར་ཁྲབ་མཁན་སི་ཀར་སུ་ཡིན་ཡང་དེང་དུས་སྤྲུལ་སྐུའི་ཐད་ནས་ཕ་མགོ་བུ་གཡོག་གི་དཔེ་ལ་ཉན་འདོད་གཏན་ནས་མེད། དེང་དུས་རྒྱལ་བ་རིན་པོ་ཆེའི་བཀའ་ཆོས་ཞུ་བར་བཀའ་ཁྲོལ་མེད་པ་དང་རྒྱལ་བ་རིན་པོ་ཆེ་ཚོང་ལས་བྱེད་པ་བཀའ་ཁྲོལ་ཡོད་པ་དེ་ཚོ་བལྟས་ན་གཏེར་ཆོས་རྣམ་དག་གིས་ཕུང་པ་མ་ཡིན་པར་མངོན་སུམ་རེད་ཡ། སངས་རྒྱས་གསུང་དང་མ་མཐུན་ན་ཟེར་བ་དེ་ཅི་ཟེར་རེད། སངས་རྒྱས་གསུངས་ལ་མདོ་སྔགས་ཐེག་པའི་རྣམ་གྲངས་དུ་ཡོད་ཀྱང་རིགས་པ་དང་འགལ་བ་སྣ་ཅིག་ཀྱང་མེད། གཏེར་ཆོས་རྣམ་དག་ཡང་དེ་བཞིན་ནོ། སྤྲུལ་སྐུ་ངོས་འཛིན་ཐད་ནས་དེང་དུས་རྒྱལ་བ་རིན་པོ་ཆེའི་མཚན་གྱི་བེད་སྤྱོད་ཀྱི་རྟོག་ཆོས་དང་སྡེ་བ་གཞུང་གི་རྟགས་ཡིག་ཚོ་ལ་ལྟོས་དང་ལྷ་མོ་ཁྱེད་མི་དགོས་འདྲེ་མོ་ང་ཡང་ཡིན་ཡང་མགོ་ན་རྒྱུ་རེད་ཡ། དེ་དག་ཚང་མ་སོམས་དང་་་་་་་་།
གངས་དཀར་ལྷ་མོ། མཆན་ ༣༩ པ་ནང་བཤད་པའི་དོན་དག་ཁ་ཤས་ལས་གཤམ་གསལ་གྱི་དོན་ཚན་གསུམ་ལ་ཁུངས་སྐྱེལ་དག་མ་ཞིག་གནང་དགོས་པ་ཁྱེད་ཀྱི་ལས་འགན་རེད།
༡༽ གཏེར་ཟེར་མཁན་དེ་མགོ་ན་དགོས་ཡས་རེད་འདུག ད་དུང་གཏེར་སྟོན་དེ་ཚོ་ངོ་མ་ཡ་མཚན་རེད།
༢༽ དཔེར་ན་པད་ནོར་རིན་པོ་ཆེས། ཨ་རིའི་གློག་བརྙན་ཁྲབ་མཁན་སི་ཀར་ཟེར་མཁན་འདི་གཏེར་སྟོན་གྱི་སྤྲུལ་སྐུར་ངོས་འཛིན་བྱས་འདུག
༣༽ གཏེར་ཟེར་ཡས་འདི་ཚན་རིག་དང་མི་མཐུན་ཞེས་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་དབང་ཚོས་གསུང་གི་འདུག ད་དུང་། བོད་པའི་བླ་མའི་ནང་གཏེར་ལ་ཡིད་ཆེས་མེད་མཁན་མང་པོ་རེད་འདུག
དེ་ལ་ཁུངས་སླྱེལ་རྒྱུ་མེད་ཟེར་ན་ང་ཚོས་གསལ་པོར་ཤེས་པ་ཞིག་ལ་ཁྱེད་སྤྱིར་རྙིང་མ་ལ་སྡང་ཞིང་བྱེ་བྲག་༧པད་ནོར་རིན་པོ་ཆེར་སྡང་སེམས་དང་མི་དགའ་མཁན་ཞིག་རེད་འདུག དེ་ནི་ཁྱད་པར་གང་ཡང་མེད་དེ་ཆོས་དད་རང་མོས་རེད།
ཡིན་ནའང་མི་དགའ་ས་དེ་ལ་དོན་མེད་སྙོན་འཛུགས་བྱས་ན་འགྲིག་དང་མི་འགྲིག་ཁྱེད་ཀྱིས་བསམ་བློ་གཏོང་རོགས།
དེ་ནས་ཁ་བརྡ་ལགས། མཆན་བུ་ ༣༩ འདི་ལ་བརྟེན་ནས་ཁྱོད་དང་ང་ཟེར་བའི་མཆན་བུ་མང་པོ་ཡོང་སྲིད་པས་དོ་སྣང་གནང་རོགས།
བོན་གཏེར་གསར་དང་གཏེར་རྙེང་གཉིས་སུ་ཡོད་ལ། གཏེར་གསར་པས་གུ་རུ་རིན་པོ་ཆེ་མཁས་ལེན་བྱེད་ཀྱི་ཡོད། གཏེར་རྙིང་པས་ཀྱང་གུ་རུ་ནི་མངལ་སྐྱེས་ཡིན་པ་ཡང་བཤད་ཡོད། དམིགས་གསལ་གཏེར་གསར་པས་གུ་རུ་ནི་དྲན་པའི་སྲས་ཡིན་པ་མ་ཚད་གུ་རུ་ཡི་ཚོགས་མཆོད་སོགས་འབུལ་གྱི་ཡོད། ད་ལྟ་བོད་ནང་དུ་བོན་གསར་ཞེས་གུ་རུ་མཁས་ལེན་མཁན་གྱི་དགོན་སྡེ་རྒྱ་ཆེན་པོ་ཡོད་པ་རེད། ཁོང་ཚོས་གུ་རུ་རྟེན་སྟང་ནི་ཕལ་ཆེར་རྙིང་མ་དང་འདྲ་པོ་ཡོད།
ཨ་ཡ། དགྱེས་རྡོར་དང་མེ་ཏོག་དཀར་པོ་ཁྱེད་ཚོར་དུས་ཚོད་མང་པོ་ཡོད་ས་རེད། དེ་མིན་གངས་དཀར་ལྷ་མོ་ཟེར་བ་ལྟ་བུ་ལ་གཏམ་ལན་སློག་རིན་གཏན་ནས་མེད། མི་འདི་ཚོའི་རིགས་ཀྱིས་རང་ཉིད་མ་དགའ་བ་ཙམ་རྒྱུ་མཚན་དུ་བྱས་ནས་རང་གི་ནང་རྟགས་ཕྱི་རུ་སྟོན་ཞོར་ལ་ཅིག་ལབ་ཁུལ་བྱེད་ཀྱི་རེད། སྔོན་མ་སྟག་སྨྱོན་གྱིས་པད་ནོར་རིན་པོ་ཆེ་ཞིང་ལ་ཕེབས་སྐབས་སྐུར་འདེབས་མང་པོ་ཞུས་ནས། རྗེས་སུ་དྲ་བདག་དང་ཀློག་མཁན་ཚོར་དགོངས་དག་ཞུ་དུས་སྔར་ཁོ་རང་ཞལ་འདེབས་སློང་བར་འགྲོ་སྐབས་སྐུ་སྲུང་བས་སྐུ་གམ་དུ་མ་བཏང་བའི་སྙིང་ནད་ཙམ་ཞིག་ཡིན་རབས་བཤད་སོང་ང་། དེ་འདྲ་རེད། དམིགས་བསལ་གངས་དཀར་ལྷ་མོ་ཟེར་བའི་རྒད་པོ་མོ་མྱིང་བཀོལ་རྒྱུར་དགའ་མཁན་འདིའི་ཚིག་སྦྱོར་དང་ཡི་གེའི་དག་ཆ་སོགས་ལ་ལྟོས་དང་། མི་འདི་ཅན་པོ་ལ་རྒྱུ་མཚན་བཤད་ན་དུས་ཚོད་འཕྲོ་བརླག་ལས་ཅི་ཡང་མེད། ཁོང་ཚོར་རྒྱུ་མཚན་ཤེས་འདོད་མེད་ལ། རྒྱུ་མཚན་ལབ་ཀྱང་དེ་ལ་ཉན་འདོད་མེད། ཉན་ཡང་གོ་བརྡ་འཕྲོད་རྒྱུའི་བློ་གྲོས་མེད། གོ་བརྡ་འཕྲོད་ཀྱང་ཁས་ལེན་པའི་སྙིང་སྟོབས་མེད། དེང་སང་གི་དུས་ཚོད་འདིར་ཁྱི་ལ་སྤོ་ལོ་རྩེ་སྟངས་བསླབ་ན་གོ་བརྡ་འཕྲོད་རུང་། ཁོག་པ་དུག་གིས་སྦོས་བསྡད་པ་ཚོ་ལ་གོ་བརྡ་མི་འཕྲོད་ངེས་ཅན་ཡིན།
xxxxxxxx
གངས་དཀར་ལྷ་མོ།
དམག་ཁས་བླངས། མདུང་རྐེད་པར་གཟེར་ཚར་བས་ན་གོང་གི་དོན་དེ་ཚོར་རྒྱུ་མཚན་ཁུངས་སྐྱེལ་ཞིག་དགོས་རེད།
གངས་དཀར་ལྷ་མོ་ལགས།
མཆན་༣༩་ལས་འཕྲོས་པ།
གཏེར་གྱིས་ཁྱེད་མགོ་ན་དགོས་པའི་རྒྱུ་མཚན་པད་ནོར་རིན་པོ་ཆེ་ཡིས་ཨ་རིའི་གློག་བརྙན་འཁྲབ་མཁན་ཞིག་གཏེར་སྟོན་ཞིག་གི་སྤྲུལ་སྐུར་ངོས་འདྷིན་པ་ལས་བརྟེན་ནས་བྱུང་ཞེས་བཤད་པ་ནི།
མི་གང་རུང་བ་ཞིག་གིས་བྱེད་བབས་ལ་བརྟེན་ནས་ཡོངས་རྫོགས་ལ་རྒྱུགས་པ་ལེབ་བརྡུང་མ་བྱས་ནས་ལེགས།
དེ་ལྟར་ན་ཁྱེད་རང་སྤྲུལ་སྐུ་ཞེས་པ་དེའང་མགོ་ན་རྒྱུ་ཞིག་རེད་གང་རེད་ཅེས་ན།
བླ་མ་བཟོད་པ་རིན་པོ་ཆེ་ཡིས་ངོས་འདིན་བྱས་པའི་ཁོང་གི་དགེ་རྒན་གྱི་ཡང་སྲིད་ཕྱི་རྒྱལ་ཕྲུག་གུ་མགོ་སེར་དེ་ཡིས་བྱེད་བབས་ལ་ལྟོས་དང།
གཞན་ཡང་གྲྭ་བ་ཟེར་མཁན་དེ་མགོ་ན་རྒྱུ་ཞིག་རེད་གྲྭ་བ་ཡིན་ཟེར་མཁན་འཆལ་སྤྱོད་བྱེད་མཁན་ཐེ་ཝན་ལ་ག་ཚོད་བྱུང་སོང།
གཞན་ཡང་མི་ཟེར་བ་འདིའང་མགོ་ན་རྒྱུ་ཞིག་རེད་མི་འགའ་ཞིག་གིས་བྱེད་བབས་ལ་ལྟོས་དང་དཔེར་ན་ཧིཌ་ལར་དང་མའོ་ཀྲུ་ཞི་བྷིན་ལ་ཌིན་ལས་སོགས་ཀྱིས་བྱེད་བབས་སོགས་ལའང་དཔེ་མཚུངས་སོ།
དེས་ན་ཁྱེད་རང་ཉིན་ལྟར་མགོ་ན་ནས་བཞུགས་རྒྱུ་ལས་མེད།
མགོ་སྨན་ཞིག་ནམ་རྒྱུན་དུ་གྲྭ་སྒྲིབ་བྱེད་དེ་བཞུགས་རོགས་ཉན་ཁ་ཆེན་པོ་རེད་མགོ་ནད་དེ།
ལ་སྟོད་བུས་གསུངས་བདེན་གི གངས་ལྷ་ལྟར་ན་དགེ་སློང་ཟེར་བ་དེ་ཡང་མགོ་ན་ཡ་རེད་འདུག དགེ་སློང་བཟང་སྤྱིན་གྱིས་མི་ཚང་སྤྱོད་པ་རེད། གནམ་གྲུ་ཟེར་པ་དེ་ཡང་མགོ་ན་ཡ་རེད། བ་ཡུལ་དུ་གནམ་གྲུ་གཅིག་བརྡབས་ནས་མི་མང་པོ་ཤི་འདུག ད་ཕྱིན་ཆད་གནམ་གྲུའི་ནང་ནས་འགྲོ་རྒྱུ་མིན། བླ་མ་ཟེར་བ་དེ་ཡང་མགོ་ན་ཡ་རེད། གངས་ཅན་བླ་མས་་་་་་་་་་་་་
ལོ་རྒྱུས་འདི་དག་བདེན་པ་མིན་ཞིང་རང་ཉིད་ཀྱི་ཞེན་འདོད་གཙོ་བཟུང་ལ་རྒྱབ་སྐྱོར་བྱེད་པའི་ལྟ་གྲུབ་འོག་བྱུང་བས་མདོར་ན་བོད་ཀྱི་གཏེར་ཡིག་ཐམས་ཆད་རྫུན་པ་ཡིན་ཞེས་བཤད་ན་ཆོག རྫུན་མའི་གཏམ་ལ་ཡིན་རྟོན་ཅི། ཡིན་རྟོན་བྱེད་ན་སྨྱོན་པ་རེད། རྩོད་པའི་དགོས་བའང་མ་མཆིས། སློབ་དཔོན་ཟེར་རུང་དྲང་མོ་ལྟོས་ན་རྒྱ་གར་གྱི་སཱ་ཐུབ་བྷ་བྷ་ཞིག་རེད།
དགོངས་དག་ཡིད་རྟོན་ཟེར་ནས་བཅོས་རོགས།
ལོ་རྒྱུས་འདི་བཀོད་མཁན་ལ་ཐུགས་རྗེ་ཆེ། གནའ་བོའི་ལོ་རྒྱུས་རྫུན་མ་རྣམས་གཅིག་གཅིག་གཉིས་གཉིས་ཀྱིས་བཀོད་དེ་དཔྱད་བསྡུར་བྱེད་རྒྱུ་གནད་དགགས་སུ་མཐོང་།
བོན་གྱི་ཐ་སྙད་འདི་ཁྲི་སྲོང་གི་རྗེས་སུ་བྱུང་བས་སློབ་དཔོན་གྱིས་བོན་ཞེས་ཚིག་འདི་ངོས་སུ་བེད་སྤྱོད་བཏང་བ་འདི་ཁོ་ནས་ལོ་རྒྱུས་འདི་རྫུན་མ་ཡིན་མ་རྟོགས་ཐུབ། གལ་སྲིད་དེ་ལྟར་མིན་ན་བཀའ་ཡང་དག་གི་མདོའི་ནང་བོན་ཞེས་ཟུར་ཙམ་མེད་པས་མ་ངོས་སོ།
འོ་ལ་སྟོད་བུ་འདིས་དེ་རིང་བཤད་ནོ་མ་ཁྱབ་ཁྱབ་ཆེས་མི་སྲིད་པའི་སྐྱོན་གསུམ་དང་བྲལ་ཡོད་མེད་མི་ཤེས་མོད། འོན་ཀྱང་སུན་འབྱིན་ཡང་དག་ཞིག་རེད་འདུག ལ་སྟོད་བུ་ལ་མངོན་པར་བསྟོད་དོ།
ད་གཏེར་ཐམས་ཅད་རྫུན་མ་ཡིན་ཟེར་ལུགས་འདི་ལ་ལྟས་ན།
གོང་དུ་ཞུས་པ་བཞིན་ཤིན་ཏུ་ལྐོག་ཏུ་གྱུར་བའི་གནས་ཚུལ་ཐམས་ཅད་ལ་ཡིད་ཆེས་ཡོད་མདོག་ཁ་བོ་མ་རེད་དེ་ནས་ནང་པ་ཟེར་བ་དེ་ག་འདྲ་ཞིག་ཆགས་རྒྱུ་ཡིན་ནམ།
དེ་ནས་ལས་འབྲས།
དེ་ནས་ཚེ་སྔ་ཕྱི།
དེ་ནས་འགྲོ་བ་རིགས་དྲུག
དེ་ནས་འབྲས་བུ་རྣམ་མཁྱེན།
དེ་ནས་སྤྱན་རས་གཟིགས་ཞེས་ཡོད་པར་ཡིད་མི་ཆེས་པས་དེ་ཡི་སྤྲུལ་པ་ཞིག་ཀྱང་ཡོད་པར་ཡིད་མི་ཆེས།
དེ་ནས་ཐམས་ཅད་འདྲ་འདྲ་དོ་མཉམ་དུ་འདོད་རྒྱུ་རེད།
ཨ་ཁ་ད་དེང་དུས་ཀྱི་ནང་པ་བ་ཟེར་མཁན་དེ་འདི་འདྲ་ཞིག་དགོས་ཀྱི་ཡོད་པ་འདྲ།
ཨོ་་་་་་་་་སློབ་དཔོན་རིན་པོ་ཆེ་རྒྱ་གར་གྱི་ས་དྷུ་བྷ་བྷ།
མ་གཞི་ནས་སློབ་དཔོན་རིན་པོ་ཆེ་ལ་ཆོས་རྒྱུད་བཞི་ཀ་དང་བོན་པོའི་ཕྱོགས་ནས་ཀྱང་བོན་གསར་མས་དད་གུས་ཆེན་པོ་བྱེད་ཀྱི་ཡོད།
ཁོང་ནི་བྲག་ཕུག་ཡོད་ཚད་ལ་ཕེབས་མྱོང་མཁན་ཞིག་ཡིན་ས་རེད་ཧི་མ་ལ་ཡ་རྒྱ་གར་བལ་ཡུལ་འབྲུག་བོད་སོགས་ཀྱི་བྲག་ཕུག་མང་ཆེ་བར་སློབ་དཔོན་རིན་པོ་ཆེ་ཡིས་ཞབས་བཅག་ཡོད་ས་རེད།
བཤད་རྒྱུན་འདུག
མ་གཞི་ནས་སློབ་དཔོན་རིན་པོ་ཆེ་ཙམ་དུ་མ་ཟད་ཀླུ་གྲུབ་དང་ཐོགས་མེད་ལས་སོགས་རྒྱ་གར་གྱི་པཎ་གྲུབ་རྣམས་རྒྱ་གར་པ་རང་རེད།་་གཅིག་བྱས་ན་ས་དྷུ་བྷ་བྷའི་བཟོ་འདྲ་ཞིག་ཡིན་རྒྱུ་རེད།
འོན་ཀྱང་བོད་ཀྱི་ལྷ་རིས་པ་དེ་དག་གིས་པཎ་གྲུབ་དེ་རྣམས་ཀྱི་ཞལ་གྱི་དབྱིབས་གཟུགས་རྣམས་བོད་པ་འདྲ་བོ་ཞིག་བཞེངས་འདུག
ངོ་མ་བྱས་ན་ཤང་རིང་པོ་སྐུ་མདོག་ནག་ཙམ་དང་སྐུ་ལུས་ལ་སྤུ་རིང་མང་ཙམ་ཞིག་འབྲི་དགོས་ངེས་རེད།
ལྷག་པར་དུ་ས་སྨད་ཀྱི་རྒྱ་གར་གྱི་མི་དང་འདྲ་བོ་ཞིག་དགོས་པ་ནི་དངོས་ཡོད་གནས་ཚུལ་རེད།
དེང་སང་རྒྱ་གར་གྱི་སཱ་ཐུབ་བྷ་བྷ་ཚོ་ཡོ་རབ་དང་ཨ་རི་ནས་མཛེས་མ་མང་པོ་རེག་སྟེ་ཆང་ས་རྒྱག་མཁན་ཡང་མང་དུ་འདུག ནུབ་ཕྱོགས་ཀྱི་མཛེས་མ་ཁག་ཅག་རྒྱ་གར་གྱི་ཡོ་རྒཱ་དང་ཆོས་ལུགས། སྐུ་མཉེ། སྨན་དང་ཞབས་བྲོ་སོགས་ལ་དོགས་སྣང་ཆེ་ཞིང་དགའ་མོས་ཡོད་པས་རྒྱ་གར་གྱི་སཱ་ཐུབ་བྷ་བྷ་མཚོན་ན་གོ་སྐབས་ཡག་ཤོས་རེད། ང་ཡང་ཉིན་ཞིག་སཱ་ཐུབ་བྷ་བྷ་བྱེད་འདོད་ཡོད། དེ་ནས་་་་་
ཁ་སང་སཱ་ཐུབ་བྷ་བྷ་ལོ་༤༠ཙམ་ཞིག་མཛེས་མ་ལོ་ཉི་ཤུ་ཅན་དང་ཆང་ས་བརྒྱགས་ཡོད་མཁན་ཞིག་ལ་ཐུག་སོང་། མཛེས་མ་ནི་ལྷ་མོ་རང་རེད། རང་དབང་མེད་པར་ཐེངས་ཁ་ཤས་ལྟ་དགོས་བྱུང་། ལྷ་མོ་དེ་སཱ་ཐུབ་བྷ་བྷ་ལས་གཟུགས་ཁྲི་ཙེ་གཅིག་ཙམ་རིང་ཞིང་ད་ལྟའང་བུ་མོ་དེ་ཡིད་ལ་དྲན་ན་བདེ་སྣང་འདྲེན།
ལ་སྟོད་བུ་འདི་ལ་བསྟོད་པ་གཅིག་བྱས་ན་རྫོར་རྟགས་གཉིས་ལྷོད་གི འ་ཁ་ཁ། གཏེར་ཆོས་ཤིན་ཏུ་ལྐོག་གྱུར་རེད་ཟེར་བ་འེ་རེད། འདི་འདྲ་ཞིག་བྲིས་འདུག ༼ད་གཏེར་ཐམས་ཅད་རྫུན་མ་ཡིན་ཟེར་ལུགས་འདི་ལ་ལྟས་ན། གོང་དུ་ཞུས་པ་བཞིན་ཤིན་ཏུ་ལྐོག་ཏུ་གྱུར་བའི་གནས་ཚུལ་ཐམས་ཅད་ལ་ཡིད་ཆེས་ཡོད་མདོག་ཁ་བོ་མ་རེད་དེ་ནས་ནང་པ་ཟེར་བ་དེ་ག་འདྲ་ཞིག་ཆགས་རྒྱུ་ཡིན་ནམ།༽ འདི་འདྲ་ཞིག་གིས་གཏེར་ཆོས་ཤིན་ཏུ་ལྐོག་གྱུར་ཏུ་སྒྲུབ་ཀྱི་ཡིན་ནམ་རེ་བ་ཅན་པོ།
ཡང་དེའི་དཔེ་ལ་ལས་རྒྱུ་འབྲས་སོགས་དྲང་འདུག ལས་རྒྱུ་འབྲས་སོགས་ཤིན་ཏུ་ལྐོག་གྱུར་འེ་རེད། དང་པོ་གཞལ་བྱའི་གནས་གསུམ་གྱི་གོ་དོན་ནམ། མཚན་ཉིད་བཞག དེ་ནས་ལས་རྒྱུ་འབྲས་དང་གཏེར་ཆོས་གཞལ་བྱའི་གནས་གང་གི་ཁོངས་གཏོགས་ཡིན་མིན་བྲིས་ན་དེ་ཡག་ས་མ་རེད་དམ།
གོང་དུ་མ་རྩོམ་བཀོད་པ་ནི་མིག་ལ་མཐོང་རྒྱུ་འདུག དབང་པོའི་སྤྱོད་ཡུལ་ཡིན་པ་ང་ཚོ་ཀུན་པོས་དྲ་རྒྱའི་ལམ་ནས་ཀློག་བཞིན་ཡོད་པ་རེད། དེ་ཤིན་ལྐོག་ཏུ་ཅི་ལྟར་སོང་བ་ཡིན་ནམ།
ཨ་ཙི་གཞོན་ནུ་ཟླ་མེད་ཁྱོད་ཀྱིས་ཡག་པོ་བྱས་ནས་ང་ཡི་མཆན་དེར་གཟིགས་དང།
ངས་གཏེར་ཆོས་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་རེད་ཅེས་བཤད་མེད།
ངས་བཤད་རྒྱུ་ནི་གཏེར་ཅེས་བཤད་ཡོད།
ལམ་སེང་ཤོག་ཐོག་ཏུ་བྲོ་བརྡུང་མ་གནང་ན་ལེགས།
ལས་རྒྱུ་འབྲས་ཁྱོད་ཀྱིས་མངོན་སུམ་དུ་མཐོང་ཐུབ་བམ།
ཚེ་སྔ་ཕྱི་ཁྱེད་ཀྱིས་མངོན་སུམ་དུ་མཐོང་ཐུབ་བམ།
ཤིན་ཏུ་ལྐོག་གྱུར་གྱི་མཚན་གཞིར་སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བ་ལྟ་བུ་བཞག་ཡོད་པས་དེ་ནི་རང་རང་གི་ལས་དང་རྒྱུ་སྔ་མ་སྔོན་དུ་སོང་བ་ལས་འབྲས་བུ་འབྱུང་བར་བཤད་པ་རེད།
ལས་རྒྱུ་འབྲས་དང་ས་འོག་གི་གཏེར་ལས་སོགས་ཁྱེད་ཀྱིས་མངོན་སུམ་དུ་མཐོང་ཐུབ་པ་ཞིག་ཡོད་ན་ཁྱེད་ལ་ཡུལ་གྱིས་བསྐལ་བའི་མཆན་ལན་འབྲི་བ་པོ་གུས་པའང་ཡང་ཁྱེད་ཀྱིས་མཐོང་ངེས།
ད་མང་པོ་མི་བཤད།
གཏེར་སྟོན་ཟེར་ཚད་ཚང་མ་གྲུབ་པ་ཐོབ་འ་འདྲ་ཡིན་པའི་ངེས་པ་མེད། དཔེར་ན་ཨ་ཙཱ་ར་མི་གསུམ་ལྟ་བུ་རེད། ཁོང་གསུམ་བོད་ལ་གསེར་འཚོལ་དུ་ཡོང་བ་དང་བསམ་ཡས་གཙུག་ལག་ཁང་དུ་གནས་ཚང་གཡར་ནས་མཚན་མོ་གཙུག་ལག་ཁང་ནས་སྒམ་ལྗིད་ཁོག་ཅན་གསུམ་གྱི་ནང་དུ་གསེར་ཡོད་པར་སྙམ་ཏེ་རྐུན་མ་བརྐུས། ནམ་གསལ་ནས་ཁ་ཕྱེས་དུས་གསེར་བྲིས་དང་དངུར་བྲིས་ཀྱི་བོན་པོའི་དཔེ་ཆ་འབའ་ཞིག་ཡིན་པ་ཤེས། དེ་ནས་གྲོང་གསེབ་པ་བོན་པོ་ཞིག་ལ་ཟས་ཉུང་ངུ་ཞིག་དང་བརྗེས་པའི་ལོ་རྒྱུས་ལ་ལྟོས་དང་། ཁོང་གསུམ་བོན་གྱི་གཏེར་སྟོན་གྱི་གྲས་སུ་ཡོད་པ་རེད། འདི་ལྟ་བུ་ལ་ཡིད་མི་ཆེས་དོན་ཆེར་མི་འདུག་སྙམ། ལར་ནས་གཏེར་སྟོན་ཟེར་བ་ཙམ་གྱིས་སྣ་བརྫེས་འགྲོ་བ་འདྲ་ཡིན་ན་དེར་ཟད་དོ།
བོད་ཀྱི་རྡོ་རིང་དང་ཏུན་ཧོང་ཡིག་རྙིང་གི་ནང་དུ་གུ་རུ་རིན་པོ་ཆེའི་སྐོར་མཐོང་རྒྱུ་འདུག་གམ། ལོ་རྒྱུས་མཁས་པ་གྲགས་ཆེན་འགའ་རེས་ཁོང་བྱུང་མྱོང་ཡོད་མེད་ལའང་དོགས་པ་ཟ་བཞིན་འདུག
ཡང་ལ་སྟོད་བུ་ནས། ༼ངས་གཏེར་ཆོས་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་རེད་ཅེས་བཤད་མེད།
ངས་བཤད་རྒྱུ་ནི་གཏེར་ཅེས་བཤད་ཡོད།༽ ཅེས་གཏེར་ཆོས་ཤིན་ཀློག་མ་ཡིན་པ་དང་། གཏེར་ཤིན་ཀློག་ཡིན་པའི་ཞིབ་ཆ་ཕྱེས་འདུག རྒྱ་ནག་གིས་བོད་ཀྱི་གཏེར་ཁ་དེ་ཚོ་སྔོག་ཡོང་དུས་ཤིན་ལྐོག་སྔོག་པ་འེ་རེད། གཏེར་དང་གཏེར་ཁ་ལ་ཁྱད་པར་ཕྱེ་རྒྱུ་འེ་ཡིན།
ཡང་༼ལས་རྒྱུ་འབྲས་ཁྱོད་ཀྱིས་མངོན་སུམ་དུ་མཐོང་ཐུབ་བམ། ཚེ་སྔ་ཕྱི་ཁྱེད་ཀྱིས་མངོན་སུམ་དུ་མཐོང་ཐུབ་བམ།༽ འོ་ངས་མངོན་སུམ་གྱིས་མ་མཐོང་ན་ཤིན་ལྐོག་ཡིན་དགོས་པ་འེ་རེད། མི་གཅིག་གིས་མངོན་སུམ་གྱིས་མ་མཐོང་ན་ཤིན་ལྐོག་ཡིན་དགོས་ན་ཡོད་ཚད་ཐམས་ཅད་ཤིན་ལྐོག་དུ་འགྱུར་རོ།
ཡང་༼ཤིན་ཏུ་ལྐོག་གྱུར་གྱི་མཚན་གཞིར་སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བ་ལྟ་བུ་བཞག་ཡོད་པས་དེ་ནི་རང་རང་གི་ལས་དང་རྒྱུ་སྔ་མ་སྔོན་དུ་སོང་བ་ལས་འབྲས་བུ་འབྱུང་བར་བཤད་པ་རེད།༽ འདི་ལ་རྟགས་མ་གྲུབ་པའི་སྐྱོན་འདུག སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བ་ཙམ་ཤིན་ལྐོག་མ་རེད། ལས་རྒྱུ་འབྲས་དང་གཅིག་པ་རེད། གཞལ་བྱའི་གནས་གསུམ་འགལ་བ་ཡིན་ནོ།
ཡང་༼ལས་རྒྱུ་འབྲས་དང་ས་འོག་གི་གཏེར་ལས་སོགས་ཁྱེད་ཀྱིས་མངོན་སུམ་དུ་མཐོང་ཐུབ་པ་ཞིག་ཡོད་ན་ཁྱེད་ལ་ཡུལ་གྱིས་བསྐལ་བའི་མཆན་ལན་འབྲི་བ་པོ་གུས་པའང་ཡང་ཁྱེད་ཀྱིས་མཐོང་ངེས།༽ས་འོག་གི་གཏེར་མངོན་སུམ་གྱིས་མཐོང་མི་ཐུབ་ན་རྒྱ་ནག་གིས་བོད་ཀྱི་ས་འོག་གི་གཏེར་ཅི་ལྟར་བླངས་པ་ཡིན་ནམ།
ངས་ཁྱོད་ལ་ངོ་ནས་ཅིག་བཤད། ཁྱོས་བོན་ལ་དད་པ་བྱས་པ་རྗེས་སུ་ཡི་རངས་ཡོད། རང་གི་ཚེ་འདི་ཕྱི་གཉིས་ཀྱི་ལེགས་ཚོགས་འབྱུང་བའི་སྒོ་རེད། འོན་ཀྱང་བོན་གྱི་རྫོགས་པ་ཆེན་པོའི་རྣམ་བཞག་ཤེས་ནས་བོན་སྐུའི་ངོ་བོར་སངས་རྒྱས་པར་འདོད་ན། དད་པ་ཙམ་མ་ཡིན་པར་བོན་གྱི་ཐེག་པ་རིམ་པ་དགུ་བོའི་གཞི་ལམ་འབྲས་གསུམ་གྱི་རིམ་པ་ཞིབ་ཚགས་པོའི་ཐོག་ནས་སྦྱང་གལ་ཆེན་པོ་རེད། གོ་ལོ་ཐོས་ལོས་ཅང་ཕན་རྒྱུ་མ་རེད།
ཨ་ནུ་ཐང་། གྲུབ་མཆོག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ་རྒྱ་གར་གྟི་ས་དྷུ་བྷ་བྷ་ཡིན་པ་ང་ཚོས་ལོས་ཤེས།
ཡིན་རྒྱུ་བསྟན་པའི་བདག་པོ་སྟོན་པ་ནས་བཟུང་སྟེ། འཕགས་པའི་གནས་བརྟན་བཅུ་དྲུག རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་བཅུ་སོགས་ཀྱང་ས་དྷུ་བྷ་བྷའམ་རྒྱ་གར་བ་རེད།
དགེ་བཅུ་སྤྱད་ན་མཐོ་རིས་འགྲོ་ཞེས་པའི་ལུང་བོན་ཅན།
རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ།
དཔྱད་གསུམ་དག་པའི་ལུང་ཡིན་པའི་ཕྱིར།
རྟགས་ཡང་དག་རེད་དམ་མ་རེད།
ཁྱོད་ལྟར་ན་དགེ་བཅུ་སྤྱད་ན་མཐོ་རིས་སུ་འགྲོ་བ་ཤིན་ཏུ་ལྐོག་ཏུ་མ་གྱུར་བར་ཁས་བླངས་འདུག
འདི་ནི་ཡིད་ཆེས་ཀྱི་རྟགས་ཡང་དག་གི་མཚན་གཞིའི་ནང་ཚན་ཞིག་རེད།
ཡིད་ཆེས་ཀྱི་རྟགས་ཡང་དག་གི་མཚན་ཉིད་དྲན་གྱི་འདུག་གམ།
ཕལ་ཆེར་དྲན་ཁག་པོ་ཡིན་འགྲོ་ག་ས་ག་ལ་མཆན་བུ་འདེབས་དགོས་དུས་ཐུགས་བྲེལ་ཆེན་པོ་ཡོད་ངེས།
ཨ་ཙི་གཞོན་ནུ་ལོ་ཆུང་ཆུང་ཁག་མེད། རྒྱ་ནག་གི་བོད་ཀྱི་གཏེར་ཁ་སྔོགས་པ་ཐམས་ཅད་ལམ་སློང་བྱུང་བར་ཁས་ལེན་དུ་རུང་ངམ། གཏེར་ཡོད་པར་ངོས་འདིན་བྱས་ཏེ་ས་སློག་རྡོ་སློག་བྱས་པའི་མཐར་གཏེར་མ་བརྙེད་ནས་བཟོ་ཚོང་བདག་པོ་ཧ་ལོག་པར་གོ་མ་མྱོང་ངམ།
ལོ་རེར་རྒྱ་ནག་གི་གཏེར་སྔོག་འདོན་བྱེད་མཁན་སྟོང་ཚོ་མང་པོ་ས་འོག་ཏུ་ཆུ་ལོག་རྒྱུགས་པ་དང་མེ་འབར་བྲག་རྡོ་ཞིག་པ་སོགས་ཀྱིས་རྐྱེན་བྱས་ནས་འཆི་བ་གོ་མ་མྱོང་ངམ། ཁོང་ཚོས་དེ་རིགས་ཀྱི་ཉེན་ཁ་མངོན་སུམ་དུ་མཐོང་བཞིན་དུ་རང་ཤི་རྒྱབ་པ་རེད་དམ། ད་དེ་འདྲ་མ་གསུང་དེ་ལས་དཔེ་ཐོག་ཏུ་བྲོ་བརྡུང་གི་ཚུལ་དུ་མ་ཡིན་པར་གཞུང་དོན་ལ་ཅུང་ལེགས་ཙམ་སྦྱང་ན་ཡག་པོ་མེད་དམ་སྙམས།
དེ་ལྟར་ན། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་བཀོད་དགོས་པའི་རྒྱུ་མཚན་མི་འདུག མི་ཟོས་སྲུང་སྐར་དེ་ཚོའི་བརྒྱུད་ནས་མངོན་སུམ་དུ་མཐོང་ཐུབ་ཀྱི་རེད།
རྟགས་ལ་མ་བརྟེན་པར་རྒྱང་ཤེལ་ཆེ་ཤེལ་དེ་ཚོས་མཐོང་ཐུབ་ཀྱི་རེད།
ད་ནང་པའི་རྟགས་རིགས་དེ་ཚོའི་རིགས་པའི་དུས་ཚོད་ཡོལ་པ་ཡིན་ས་རེད།
ཡང་ཁྱོད་ཀྱིས་ཀརྨ་པ་ལ་ཀ་ཁ་དང་སྤྱན་རས་གཟིགས་ལ་མ་ནིའི་ལུང་ཟེར་བ་ཞིག་ཤོད་ཀྱི་འདུག་ངས་རྫོགས་པ་ཆེན་པོའི་གཞུང་ལུགས་ལ་ཁྱོད་ལ་དཔགས་ན་སྦྱང་བ་ཕུལ་དུ་ཕྱིན་ཚར་བ་རེད།
མ་གཞི་ནས་རྫོགས་པ་ཆེན་པོའི་ལུགས་ལ་གཞི་ལམ་འབྲས་གསུམ་ཞེས་བཞེད་ཀྱི་མ་རེད། ཐུགས་ཁག་ག་བ་ཡོད་སྟོང་པ་སྟོང་རྐྱང་མེ་དགག་གི་རྣམ་ཅན་གྱི་ལྟ་བར་དབུ་འཁོར་བའི་སྐྱོན་རེད།
དགོངས་དག་གཞོན་ནུ་ལགས་སྐུ་རྩེད་ཞུས་ཡིན་ལོ།
དྲ་གྲོགས་མེ་ཏོག་དཀར་པོ་ལགས།
ངོས་ནས་ཁྱེད་ལ་དྲི་བ་ཞིག་འདོན་འདོད་བྱུང།
བསྟན་པའི་བདག་པོ་སྟོན་པ་ནས་བཟུང་སྟེ། འཕགས་པའི་གནས་བརྟན་བཅུ་དྲུག རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་བཅུ་སོགས་རབ་ཏུ་བྱུང་བ་པ་རེད་དང་མ་རེད།
གལ་ཏེ་རབ་བྱུང་བ་ཡིན་ན་དེ་དག་མང་ཆེ་བའི་འདྲ་སྐུ་དང་ཐང་རིས་སོགས་སུ་ད་ལྟ་བོད་པའི་གྲྭ་བ་རྣམས་ཀྱི་གྱོན་པའི་སྟོད་གོས་སམ་སྟོད་འགག་ཅེས་པ་ཞིག་གྱོན་མི་འདུག
དེ་འདྲ་ཡིན་དུས་དེང་སང་རྙིང་མའི་བརྒྱུད་འདྷིན་རྣམས་ཀྱི་གྲྭ་བ་དེ་ཚོའི་ན་བཟའ་མཆོད་སྟང་ས་དེ་འགྲིག་པ་ཡིན་ནམ།
ཡང་ན་སྟོད་གོས་དེ་བོད་ལ་ག་དུས་ནས་དར་བ་ཡིན་ནམ།
ཡང་ན་ཆོས་ལུགས་གཞན་མ་ཞིག་གི་ཤན་ཞུགས་པ་ཡིན་ནམ།
ད་ལྟ་ཤར་གླིང་པ་རྣམས་སཱ་ཐུབ་བྷ་བྷ་ལ་རྒྱུས་མངའ་མང་དྲགས་པས་ཁོང་ཚོའི་འགྲོ་དོན་དེ་ཙམ་སྐྱོང་དཀའ་ཡང་ནུབ་ཕྱོགས་སུ་འགྲོ་དོན་ཆེན་པོ་འདུག ལྷག་པར་ནུབ་ཕྱོགས་ཀྱི་ལོ་ཆུང་གཞོན་ནུ་མ་ཁག་གི་རེ་བའི་གོམ་པ་སྤོ་ས་དང་བསམ་པའི་དུང་བ་བཅང་ཡུལ་ཁོ་ཚོ་རེད། དངོས་གནས་བདེན་པ་རེད། གམ་དུ་གནས་ན་མིག་གི་རྫི་མ་བཞིན་ཤར་གླིང་པ་རྣམས་ཀྱིས་མ་མཐོང་ཡང་ནུབ་ཕྱོགས་ཁག་ཅིག་གིས་མཐོང་གི་འདུག མཐོང་སྟངས་ཡག་པོ་རེད། སྙན་པ་མ་གཏོགས་ཞེན་ཆ་གཅིག་ཀྱང་ཐོས་མྱོང་མེད་པས་དག་སྣང་སྒོམས་ཆོག་ཆོག་རེད། མ་གཞི་ཆོས་ལུགས་ཟེར་བའང་རང་ཡུལ་ལས་གཞན་ཡུལ་བྲིན་པ་དངོས་འབྲེལ་རེད། ང་ལྟ་བུ་ཡིན་ཡང་བོད་ཀྱི་སྤྱི་ཚོགས་ནང་བླ་མ་བྱེད་མི་ཐུབ་ཀྱང་ནུབ་ཕྱོགས་སུ་བྱེད་ཆོག་ཚོག་རེད། རེམ་དང་། བོད་པ་ཚོ། གོ་སྐབས་འདུག བླ་མ་བྱེད་རྒྱུ་གོ་སྐབས་བོད་པ་ཀུན་ལ་འདུག སེམས་ཤུགས་མ་ཆགས།
ཤཱཀྱ་ཐུབ་དང་གཤེན་རབ། ཀོང་ཙེ་སོགས་ཐུགས་རྒྱུད་གཅིག་པ་ཡིན་ཟེར་བའི་བཤད་རྒྱུན་ནི་མཐུན་ལམ་གྱི་ཆེད་དུ་མིན་པར་གནའ་བོའི་ཆོས་ལུགས་སམ་གྲུབ་མཐའ་གང་ཞིག་བྱུང་ཡང་དེང་སྐབས་དང་མི་འདྲ་བར་རང་དབང་མེད་པར་སྤྱི་ཚོགས་ཀྱི་འགོག་རྐྱེན་སྣ་ཚོགས་ཡོད་པས་ངེས་བར་དུ་མི་མང་གི་མོས་གུས་ཆེ་ཤོས་ཀྱི་ཆོས་དེའི་ཡན་ལག་གམ་འབྲེལ་བ་ཡོད་ཚུལ་ཞིག་མ་སྨོས་དགོས་ཤིང་། མ་སྨོས་ཚེ་ལྟ་གྲུབ་དེ་དང་ཆོས་ལུགས་དེ་ཁོར་ཡུག་དེར་འཇིག་རྟེན་འདིར་གནས་ས་ཡེ་ནས་མེད་པས་མགོ་བདེའི་ཆོས་བྱེད་པ་ཚོས་དུས་ཀུན་མི་མང་གང་ལ་མོས་སུའི་ཕྱོགས་དེ་གཙོ་བཟུང་གིས་དེ་དང་འབྲེལ་ཡོད་ཚུལ་གྱིས་རང་ཕྱོགས་སུ་བསྒྱུར་བའི་སྲིད་ཇིས་ནག་པོ་ཡོད་ན་མེད་ན་ཞིག་ཡིན། རྒྱུ་མཚན་ནི། དུས་སྐབས་དེར་ཆོས་ལུགས་ལ་བརྟེན་ནས་འཇིག་རྟེན་སྐྱོང་བས་རེད་ལ། གྲུབ་མཐའ་ཙམ་མ་ཟད་རྒྱལ་པོ་ཡོད་ཚད་ཆོས་ལུགས་གང་ཞིག་གི་ལྷའང་དཀོན་མཆོག་གི་ཕོ་ཉ་ཡིན་ཞེས་བཤད་དགོས་ཆགས་པ་རེད། དེ་ནི་དེང་སྐབས་ཀྱི་མི་རིགས་རིང་ལུགས་ཀྱི་སྲིད་ཇིས་ལྟ་བུ་ཁ་ནས་ང་ཚོ་ང་མར་ཁྱིམ་གཅིག་གི་མི་དང་ངའི་རྒྱལ་ས་ཁྱེད་ཀྱི་རྒྱལ་ས་ཡིན། ཁྱེད་ཀྱི་རྒྱལ་ས་ངའི་རྒྱལ་ས་ཡིན། མཐུན་སྒྲིལ་དང་མཛའ་གྲོགས་ཟེར་ནས་ཡིད་འོང་གི་མིང་ཚིག་འདི་དང་བེད་སྤྱོད་བཏང་ནས་དོན་གྱིས་རིགས་རུས་དེའི་ཡོད་ཚད་ཡོད་ཚད་ནས་འཕྲོགས་རྒྱུ་དང་རྩ་མེད་བཟོ་རྒྱུ་དེ་རེད། གནའ་བོའི་ཚོས་བྱེད་པ་ཚོས་ལོ་རྒྱུས་ཀྱི་བདེན་དོན་གུས་བཀུར་མེད་པར་རང་སྣང་གང་དྲན་གྱི་སྙན་རྩོམ་ལྟར་གཏེར་ཡིག་ཟེར་ནས་ལོ་རྒྱུས་བཅོས་
སྒྱུར་བཏང་བ་ནི་མི་སེར་སྤེལ་པའི་རིང་ལུགས་པ་ཚོས་དབང་ཕྱུག་གིས་ལོ་རྒྱུས་སྒྱུར་བཏང་བ་དང་གཉིས་སུ་མ་མཆིས། དེ་གཉིས་གནས་ལུགས་ཀྱི་མདུན་དུ་ཐབས་ལམ་མི་འདྲ་བ་ལས་དོན་གྱིས་གཅིག་པ་ཡིན་པ་ཡིན་པས་ཉེས་མ་འདག་ཐབས་མེད། མི་རབས་རྗེས་མ་ཚོས་གུ་ཡང་བཏང་མི་སྲིད།
ལ་སྟོད་རགས་མོ་ན་རེ། སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བ་དང་། ལས་རྒྱུ་འབྲས་སོགས་ཤིན་ལྐོག་ཡིན་ཏེ། ༼དགེ་བཅུ་སྤྱད་ན་མཐོ་རིས་འགྲོ་ཞེས་པའི་ལུང་བོན་ཅན། རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། དཔྱད་གསུམ་དག་པའི་ལུང་ཡིན་པའི་ཕྱིར།༽ ཞེས་པའི་གཏན་ཚིགས་འདི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡིན་པའི་ཕྱིར་ཟེར་ན། དྲི་བ་ཞིག་ཡོད་པ་ནི། དགེ་བཅུ་སྤྱད་ན་མཐོ་རིས་སུ་འགྲོ་ཞེས་པའི་ལུང་བོན་ཅན། ཁྱོད་ཀྱི་བསྟན་དོན་ལ་གཞལ་བྱའི་གནས་གསུམ་ཡོད་པར་ཐལ། དཔྱད་པ་གསུམ་གྱིས་དག་ཚུལ་ཡོད་པའི་ཕྱིར། ཡང་ལུང་དེ་བོན་ཅན། ཁྱོད་ཀྱི་བསྟན་དོན་ལ་དཔྱད་པ་གསུམ་གྱི་ཡུལ་ཡོད་པར་ཐལ། ཁྱོད་དཔྱད་གསུམ་གྱི་དག་པའི་ལུང་ཡིན་པའི་ཕྱིར། འདོད་ན་ལུང་དེ་གཞི་ལ་བཞག་ནས་དཔྱད་པ་གསུམ་དང་། དཔྱུད་པ་གསུམ་གྱི་ཡུལ་ཏུ་གྱུར་བའི་གཞལ་བྱའི་གནས་གསུམ་པོ་ཞོག་དང་གྲོགས་པོ། དེ་ནས་སྦྱིན་པ་བཏང་པ་ལས་ལོངས་སྤྱོད་འབྱུང་བ་དང་། དགེ་སོགས་སྤྱོད་པ་ལས་མཐོ་རིས་སུ་འགྲོ་བ་སོགས་ཤིན་ལྐོག་ཡིན་མིན་ལྷང་ལ་འབུད་ཀྱི་རེད། དེ་མིན་ཁྱོད་རང་གིས་འདི་ལྟར་ག་དུས་ཡིན་ན་ཡང་ལུང་སྦོམ་པོ་ཞིག་མདུན་ལ་བཞག་ནས། གོ་དོན་གཞན་པ་རྐྱང་བཤད་བསྡད་ན། ལོག་ལམ་རེད་ཡ།
ཡང་ལ་སྟོད་པ་ན་རེ། ༼མ་གཞི་ནས་རྫོགས་པ་ཆེན་པོའི་ལུགས་ལ་གཞི་ལམ་འབྲས་གསུམ་ཞེས་བཞེད་ཀྱི་མ་རེད། ཐུགས་ཁག་ག་བ་ཡོད་སྟོང་པ་སྟོང་རྐྱང་མེ་དགག་གི་རྣམ་ཅན་གྱི་ལྟ་བར་དབུ་འཁོར་བའི་སྐྱོན་རེད།༽ ཟེར་ན་སྟོང་བ་སྟོང་རྐྱང་ཁས་ལེན་མཁན་དེ་བོན་པོའི་རྫོགས་པ་ཆེན་པོ་ཡིན་པར་ཐལ། གཞི་མེད་པར་ཁས་ལེན། བོན་སྐུའི་ངོ་བོར་སངས་རྒྱས་བྱེད་ཀྱི་ལམ་ཡང་ཁས་མི་ལེན། འབྲས་བུ་བོན་སྐུ་ཡང་ཁས་མི་ལེན་པའི་ཕྱིར་རྟགས་ཁས་བླངས་སོ། འདི་ཁྱེད་རང་གིས་ཁས་བླངས་པ་རེད་ལོ། རིགས་པས་ཕུད་པ་ཡང་མ་རེད་ལོ།
གྲྭ་གྲོགས་དག་ལ་སྙན་ཞུ་ཆུང་ཆུང་ཞིག་འབུལ། སུ་ཡིན་ན་ཡང་ལུང་དང་རིགས་པ་ལ་བརྡར་ཤ་ཆོད། འོན་ཀྱང་སྟོན་པ་ཤཀྱྰ་ཐུབ་པ་ཟེར་ནས་མིང་སྣ་ཚོགས་མ་འདོགས། ཡང་སྟོན་པ་གཤེན་རབ་ཟེར་ནས་མིང་སྣ་ཚོགས་མ་འདོགས། ཡང་སློབ་དཔོན་རིན་པོ་ཆེ་ཟེར་ནས་མིང་སྣ་ཚོགས་མ་འདོགས། ང་ཚོ་སྤྱི་ཚོགས་འདིའི་ནང་གི་དད་པའི་ཡུལ་དག་རེད། དེ་དག་ལ་དམོད་པས་སྤྱི་ཚོགས་ལ་བསམ་བློ་བཏང་ན། མི་སྒེར་བ་རང་ལ་བསམ་བློ་བཏང་ན། སུའི་ཕྱོགས་ལ་བསམ་བློ་བཏང་ན་ཡང་ཕན་པ་ཅུང་ཟད་མེད་པར་མ་ཟད། སྐྱོན་ཆ་ཆེ། ཤིན་ཏུ་སྐྱོན་ཆ་ཆེ་ཀི མ་རེད་དམ།
ང་ནི་སྔོན་ཆད་ཆུང་ཆུང་སྐབས་སུ་སློབ་གྲྭ་ནང་ནས་ཁ་བདེ་བོ་ཞིག་ཡིན་པས་སློབ་གྲྭའི་དགག་རྒྱག་བྱེད་མཁན་གྱི་གྲས་རེད། དད་པའི་ཡུལ་དག་ལ་མིང་ཇི་ལྟར་འདོགས་དགོས་པ་དང་། དགག་པ་ཇི་ལྟར་རྒྱགས་དགོས་པའི་སྐོར་དེ་ངས་ཤེས་ནི་རེད། གོང་རིམ་ནས་མིང་རེ་རེ་བཞིན་དུ་ཡོད་ཀི ཤཀྱྰ་ཐུབ་པ་ཙི་པན་རྒྱ་ཡི་བྱི་ལི་རེད་ཟེར་བ་དང་། ཨོརྒྱན་པདྨ་བལ་ཡུལ་རྒྱལ་མཚམས་ནས་བྲག་ལ་ལྷུང་ནས་ཤི་བ་རེད་ཟེར་བའི་བཟོ་འདྲ་བོ་འདི་ཚོ་གང་ཞིག་ནས་བཟོ་གི་ཡོད་མེད་མི་ཤེས། ཡི་གེ་སྟེང་དུ་བྲིས་ནས་སློབ་མ་སྣ་ལུག་དེ་ཚོའི་ལག་ཏུ་བཞག་ན། དེ་ཚོས་ཏ་ཧེ་ཐོག་ནས་འདོན་དགོས་པ་རེད། འདི་ན་མང་པོ་ཞིག་གིས་མིང་སྣ་ཚོགས་འདོག་བཞིན་པ་དེ་དེད་ནས་སོང་ན་དེའི་སྐབས་ཞིག་ལ་འཁེལ་ཡོད་ཀྱི་རེད།
གུ་རུ་རིན་པོ་ཆེ་ལོ་རྒྱུས་མཁས་པ་གྲགས་ཆེན་འགའ་རེས་ཁོང་བྱུང་མྱོང་ཡོད་མེད་ལའང་དོགས་པ་ཟ་མཁན་ཁོ་རང་མཁས་པ་མིན་པའི་རྟགས་རེད།
ཤཱཀྱ་ཐུབ་པ་དང་གཤེན་རབ། ཀོང་ཙེ་སོགས་ཐུགས་རྒྱུད་གཅིག་པ་ཡིན་ཟེར་བ་ནི། རང་ལུགས་མེད་པའི་འཆལ་གཏམ་ཞིག་ལས་མ་འདས།
67 གཞོན་ནུ་ཟླ་མེད་ཀྱི་མཚན་བུ་ལ་རྒྱབ་སྐྱོར་དང་འབྲེལ་ལ་སྟོད་བུ་ལ་ཞུ་རྒྱུ།
སྟོན་པ་ཤཀ་ཐུབ་ནས་གནས་བརྟན་བཅུ་བཅུ་དྲུག རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་བཅུ་སོགས་རབ་བྱུང་རེད་དམ་མ་རེད་གསུངས་པར་སྟོན་པ་ཤཀ་ཐུབ་ནི་རབ་བྱུང་ཡིན་པ་སྨོས་མ་དགོས། ངད་ནོར་མེད་ན་གནས་བརྟན་བཅུ་དྲུག་ཚང་མ་དགེ་བསྙེན་དང་། གྲུབ་ཆེན་བརྒྱད་བཅུ་ཕལ་ཆེའང་དགེ་བསྙེན་རེད། རྒྱན་དྲུག་མཆོག་གཉིས་ཚང་མ་དགེ་སློང་རེད།
ཁོང་ཚོས་བོད་ཆས་སྟོད་འགག་བསྣམས་ཡོད་མ་རེད། དེ་དག་ཚང་མ་རྒྱ་གར་བ་དང་བོད་ལ་ཕེབས་མ་མྱོང་པ་ཤ་སྟག་རེད།
དེང་སང་རྙིང་མའི་བརྒྱུད་འཛིན་རྣམས་ཀྱི་ན་བཟའ་མཆོད་སྟངས་འགྲིག་ཡོད་རེད།
སྟོད་འགག་བོད་ལ་ག་དུས་དར་མིན་ནི་མཁན་པོ་ཞི་བ་འཚོ་བོད་ལ་ཕེབས་དུས་གསར་དུ་དར་བ་རེད་ཟེར་བ་ཐོས་ཀྱང་ངེས་གཏན་མ་ཤེས།
ཆོས་ལུགས་གཞན་པའི་ཤན་ཞུགས་པ་ནི་མིན་པར་ངེས་སོ་ལགས།
བློ་ལྡན་ཨ་ནུ་ཐང་དོན་དང་ལྡན་པའི་ཁ་བརྡ་བྱེད་པའི་རེ་བ་ཡོད།
དྲྭ་གྲོགས་གཞོན་ནུ་ཕྲ་ཆུང་ལགས།
ད་རིག་པ་དང་ལོ་རྒྱུས་སོགས་གང་གིས་ཐད་ཕན་ཐོགས་ཆེར་མེད་པར་རྩོད་གཞི་སློང་འདོད་མེད།
མཐོང་བ་མངོན་གྱུར་སྟོན་པ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ།
མ་མཐོང་ལྐོག་གྱུར་སྟོན་པ་ལ་དངོས་སྟོབས་རྗེས་དཔག་གམ་རྗེས་དཔག་ཚད་མས་གནོད་པ་མེད་པ། ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་ཡིད་ཆེས་རྗེས་དཔག་ཚད་མས་གནོད་པ་མེད་པ་སྟེ་གཞལ་བྱ་མངོན་གྱུར་དང་ལྐོག་རྒྱུར་ཤིན་ཏུ་ལྐོག་གྱུར་དང་གསུམ་ལ་གཞལ་བྱའི་གནས་གསུམ་ཟེར།
དཔྱད་པ་གསུམ་ནི་གཞལ་བྱ་དེ་གསུམ་རྟོགས་པའི་ཚད་མ་གསུམ་དེ་རང་ལ་ཚང་ཡོད་པས་ཐུགས་འཇག་ཞུ། འདིར་སྐབས་དཔྱད་གསུམ་དག་པའི་ལུང་ཞེས་པ་ནི་དགེ་བཅུ་སྤྱད་ན་མཐོ་རིས་སུ་འགྲོ་ཞེས་པའི་ལུང་དེ་ནི་སངས་རྒྱས་ཀྱི་གསུང་ཡིན་པས་དེ་དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་དགོས། ལུང་དེ་ལ་ཚད་མ་གསུམ་གང་གིས་ཀྱང་གནོད་པ་མེད་པའོ། ཁྱོད་གཞུང་ལུགས་ལ་སྦྱང་བ་ཡིན་ཁུལ་འདུག་པས་དེ་ཙམ་གྱིས་ཆོག་གོ། བོན་ཅན་ཙམ་གྱིས་ཁྱད་པར་ལས་ཁྱེད་རང་ཚོའི་རྟགས་རིགས་སོགས་སུའང་དེ་ལྟར་ཡོད་ངེས་པས་རྒྱས་བཤད་མི་དགོས།
རྒྱས་པར་རྟགས་རིགས་ཀྱི་གཞུང་ལས་གསལ་བའི་རྟགས་ཡང་དག་གི་དབྱེ་བར་བཤད་པའི་སྐབས་དངོས་སྟོབས་ཀྱི་རྟགས་ཡང་དག་གྲགས་པའི་རྟགས་ཡང་དག་ཡིད་ཆེས་པའི་རྟགས་ཡང་དག་སོགས་ཀྱི་སྐབས་ནས་གཟིགས། ལོ་རིམ་གཉིས་པའི་སྐབས་ཀྱི་རྟགས་གསལ་འདིར་ཁྱེར་ནས་དགོས་པ་ཆེན་པོ་ཞིག་མི་འགྲུབ་ངེས།
རྫོགས་པ་ཆེན་པོའི་སྐོར་འདིར་མི་བཤད་སྤྱིར་གསང་བ་ཆེན་པོ་ཡིན་པར་མ་ཟད་ངས་བཤད་ཀྱང་དྲྭ་གྲོགས་མང་པོས་བཀའ་བསྐྱོན་གནང་ཡོང་གི་འདུག
གལ་ཏེ་ཤེས་དགོས་ཀྱི་འདུན་པ་ཡོད་ཚེ་རྙིང་མ་དང་བོན་པོའི་གདན་ས་སོགས་སུ་ཕེབས་ཏེ་ཞུས་ན་ཁྱེད་ལ་ཐུགས་ཕན་གསོ་བ་ཡོང་སྲིད།
[ཟེར་ན་སྟོང་བ་སྟོང་རྐྱང་ཁས་ལེན་མཁན་དེ་བོན་པོའི་རྫོགས་པ་ཆེན་པོ་ཡིན་པར་ཐལ། གཞི་མེད་པར་ཁས་ལེན། བོན་སྐུའི་ངོ་བོར་སངས་རྒྱས་བྱེད་ཀྱི་ལམ་ཡང་ཁས་མི་ལེན། འབྲས་བུ་བོན་སྐུ་ཡང་ཁས་མི་ལེན་པའི་ཕྱིར་རྟགས་ཁས་བླངས་སོ།]་་་ངས་དེ་ལྟར་ཁྱབ་པར་ཁས་ནམ་ཡང་ལེན་རྒྱུ་མ་བྱུང།
རིགས་པ་རགས་པ་སྦམ་པོས་ལྟས་ཀྱང་རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་མི་འདུག
གཞོན་ནུ་ཆོས་མེད་དེ་བོན་ཅན།
མེ་ཏོག་དཀར་པོ་ལགས།
ཐུགས་རྗེ་ཆེ་ཁྱེད་ཀྱིས་ལན་འདེབས་གནང་བར།
ང་ཚོས་སྟོད་འགག་གི་སྐོར་ལའང་བཤད་ན་དེ་ཡང་བོད་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་ཞིག་གི་དཔྱད་པ་ཆགས་རྒྱུ་རེད།
དེ་སྔོན་དྲྭ་རྒྱ་འདིར་དེ་ཡི་སྐོར་ལ་བཤད་པ་བྱེད་པ་ཞིག་མཐོང་བྱུང།
འོན་ཀྱང་གསལ་ཁ་དོད་པ་དང་ངེས་ཤེས་བརྙེད་པ་ཞིག་མ་བྱུང་བས་འདརི་ཁྱེད་ལ་དྲི་བ་ཕུལ་བ་ཡིན།
༣༩ གངས་ལྷ་དཀར་མོའི་མཆན་བུ་དེ་ལ་དག་སེལ་ཁུངས་སྐྱེལ་མ་བྱུང་སྟབས་རང་བཞིན་གྱིས་ནུས་མེད་དུ་གྱུར་ཟིན་པར་བརྟེན།
འདི་མན་ཆད་མཆན་བུ་ ༣༩ པ་ལས་འཕྲོས་པའི་གླེང་སློང་སུས་ཀྱང་བྱེད་མི་ཆོག
དང་བླངས་དགེ་སྐོས་ནས།
ཧ་ཧ་ཧ་ཧ་
ཀརྡོ་ལགས། ཁོ་རང་ཚོ་མཁས་པ་མ་ཡིན་པའི་རྟགས་འདི་རྟགས་ཡང་དག་ཅིག་རེད་དམ། མཁས་པ་ཡིན་མཁན་དང་ལྷག་པར་དུ་ལོ་རྒྱུས་ལ་མཁས་པ་ཡིན་ཟེར་མཁན་ཚོས་ཏུན་ཧོོང་ཡིག་རྙིང་སོགས་བོད་ཀྱི་ཡིག་རྙིང་ཁག་ཏུ་གུ་རུ་རིན་པོ་ཆེའི་ལོ་རྒྱུས་དང་མཚན་མི་འབྱུང་བའི་རྒྱུ་མཚན་ཅི་འདྲ་ཞིག་བཤད་དམ། མཁས་པ་མ་ཡིན་མཁན་འདི་ཚོའི་ལོག་རྟོག་སེལ་བྱེད་ཀྱི་རྟགས་ཤིག་འགོད་རྒྱུ་ཡོད་དགོས་པ་ལས། ངན་སྨྲ་དང་ཁྱད་གསོད་ཀྱིས་བདེན་པ་འགྲུབ་ཐུབ་རྒྱུ་མ་རེད་ཡ།
དང་བླངས་དགེ་སྐོས་ལགས། ང་ཅུང་རྗེས་ལུས་ཐེབས་འདུག་པས་བཀའ་བཀྱོན་མི་གནང་བར་ཞུ། མཆན་སུམ་ཅུ་སོ་དགུ་པའི་ལན་མ་བཏབ་སྔོན་ལ་དེར་ནོར་བཅོས་ཤིག་བྱེད་ཆོག་པ་གྱིས། ༼གཏེར་ནས་གསུངས་པ་དང་སངས་རྒྱས་ཀྱི་གསུངས་དང་མ་མཐུན་ན་ཇི་ལྟར་བྱེད།༽ འདི་ གཏེར་དཔེ་ནས་གསུངས་པ་དེ་སངས་རྒྱས་ཀྱི་གསུངས་པ་དང་མ་མཐུན་ན་ཇི་ལྟར་བྱེད། ཅེས་བཅོས་དགོས་པ་འདྲ། མིན་ན་དགོངས་དག སངས་རྒྱས་ཀྱི་གསུངས་པ་དང་མ་མཐུན་ན་གཏེར་ཆོས་རྫུན་མ་ཡིན་རྒྱུ་རེད། ཡང་ གཏེར་དཔེ་ནས་གསུངས་པ་དེ་སངས་རྒྱས་ཀྱི་གསུངས་པ་དང་མ་མཐུན་ན་གང་དྲན་དྲན་ཡིན་པའི་ཁྱབ། ང་ལ་རྭཅོ་ཡོད་པའི་ཁྱབ། ཁྱོད་ལ་རྔ་མ་ཡོད་པའི་ཁྱབ། ཁོང་ལ་་་་་་་་་ཁོང་ལ་་་་་་་་ཁོང་ལ་་་་་་ ཡ་ད་ཁཛྷོང་ལ་ག་རེ་ཡིན་ནའང་ཡོད་པའི་ཁྱབ། ཧིན་རྡུ་སོགས་ལའང་གཏེར་དཔེ་འདྲ་ཡོད་སྲིད་པས་དེ་དག་ལ་ཟེར་བ་མིན་ནོ། ཨོ་ཡ་ དང་བླངས་དགེ་སྐོས་ལགས་ཐུགས་རྗེ་ཆེ། ད་ང་ཡང་གཏེར་འདོན་ཏུ་འགྲོ་རྒྱུ་ཡིན། ག་ལེར་བཞུགས་ཨཱ།
ལ་སྟོད་བུ། ཁྱོད་ཀྱིས་༼མ་གཞི་ནས་རྫོགས་པ་ཆེན་པོའི་ལུགས་ལ་གཞི་ལམ་འབྲས་གསུམ་ཞེས་བཞེད་ཀྱི་མ་རེད། ཐུགས་ཁག་ག་བ་ཡོད་སྟོང་པ་སྟོང་རྐྱང་མེ་དགག་གི་རྣམ་ཅན་གྱི་ལྟ་བར་དབུ་འཁོར་བའི་སྐྱོན་རེད།༽ འདི་ལྟར་བཤད་ཡོད་པ་རེད། ཡ་ད་སྟོན་པ་བཤེན་རབ་མི་བོ་རང་གི་གསུང་པ་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ལས། གཞི་ཉིད་ཀ་དག་ཆེན་པོ་ལ། །ལྷུན་གྲུབ་ངང་ལྡན་གཏན་ཚིགས་ཀྱིས། །རང་བཞིན་རོལ་པ་ངོ་བོ་ཉིད། ། ཞེས་དང་། ལམ་ལྔ་སྤྱད་པས་ཡེ་ཤེས་བསོད་ནམས་རྫོགས། ། ཞེས་དང་། འབྲས་བུ་འཕྲིན་ལས་ཙམ་ཁྱད་པར་འཕགས། ། ཞེས་དང་། འབྲས་བུ་འཐོབ་པའི་རང་བཞིན་ནི། །ཡེ་ཤེས་བླ་ན་མེད་པའི་ས་ཆེན་ནོན། །ཞེས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་གསུངས་པ་དང་ཡང་ཁོང་གི་འདི་དག་ལ་གཏིང་མནོན་གྱིས་ཚུལ་དུ་ཐེག་པའི་རིམ་པ་བཤད་པའི་མདོ་རྒྱུད་འདི། །གཤེན་ལྷ་འོད་དཀར་སྟོན་པ་ང་ཡིས་བསྒྲགས། ། ཞེས་གསུངས་ཡོད་པ་རེད།
ད་ལ་སྟོད་བུ་ཁྱོད་བོན་ལ་རྫུས་ནས་མ་འདུག ཁྱོད་ནི་སྟོན་པ་གཤེན་རབ་མི་བོའི་གསུངས་ཁས་མི་ལེན་པའི་བོན་བྱེ་བྲག་པ་ཞིག་སྟེ། མིང་འདོགས་བྱེད་མི་དགོས་པ་ཞིག་ཡིན་པར་གཏན་འཁེལ་འདུག
ཡང་ཁོ་ལ་དགེ་སོགས་སྤྱད་པ་ལས་མཐོ་རིས་སུ་སྐྱེས་པར་གསུང་པའི་ལུང་གི་བསྟན་པའི་གཞལ་བྱའི་གནས་གསུམ་ཤོད་ཟེར་ན་དེའི་བསྟན་དོན་དུ་གྱུར་བའི་གཞལ་བྱའི་གནས་གསུམ་བཞག་མི་འདུག དེ་བསྟན་དོན་དུ་གྱུར་བའི་གཞལ་བྱའི་གནས་གསུམ་མེད་ན་ལུང་དེ་ལ་དཔྱད་པ་གསུམ་ཅི་ལྟར་འཇུག་སོམས་ཤིག
བོད་ཀྱི་ལོ་རྒྱུས་ཡོད་ཚད་ཏུང་ཧོང་ཤོག་ཧྲུལ་ལ་ཁུངས་གཏུགས་དགོས་ན་ཧ་ཅང་ཐལ་དྲགས་པ་རེད།
དེ་ཡང་ཇི་སྐད་དུ། མྱ་ངན་ལས་འདས་པའི་མདོ་ལས། ཤིང་ས་ལའི་དྲུང་རྩ་མཆོག་གཉིས་ཀྱི་བར་ན། བཅོམ་ལྡན་འདས་ལ་འོད་སྲུངས་དང་། ཅུང་དགའ་བོ་མ་གཏོགས་པ་དགེ་གློང་གི་དགེ་འདུན་བརྒྱ་ཕྲག་བཅུས་བསྐོར་ནས། གནས་ཆེན་པོ་ཀ་ཏ་ཡྰ་ན་དང་། ཙུནྡ་དང་། མ་འགགས་པ་དང་། ཀུན་དགའ་བོ་རྣམས་ལ་བཀའ་སྩལ་པ། ང་ནི་ཡོངས་སུ་མྱ་ངན་ལས་འདའ་འོ། ཁྱེད་རྣམས་མྱ་ངན་མ་བྱེད་ཅིག །མདངས་ལྡན་དྲི་མེད་མཚོ་དཀྱིལ་དུ། ང་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་དང་། གཞན་ཡང་། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་དང་གཉིས་ཙམ་ན། །དྷ་ན་ཀོ་ཤའི་མཚོ་གླིང་དུ། ང་བས་ལྷག་པའི་སྐྱེས་བུ་འབྱུང་། ཞེས་དང་། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོག །ཨོ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །པདྨ་འབྱུང་གནས་ཞེས་བྱ་བ། །པདྨ་ལས་ནི་འབྱུང་བར་འགྱུར། ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་འཆང་། །ཞེས་གསུངས་འདུག་གོ །
གངས་དཀར་ལྷ་མོའི་ཁ་གཏད་ཚོ་ལ།
གུས་མོ་འདིར་རྩ་དོན་འགའ་དང་བཅས་ཁྱེད་མཁས་དབང་རྣམས་དང་གྲུབ་པའི་དབང་པོ་རྣམས་ལ་གསལ་བཤད་ཞུ་རྒྱུ་ཡིན།
རང་དབང་ལུང་པའི་ནང་སྐྱེ་བསྲིང་བྱུང་ཞིང་། རང་དབང་དང་བདེན་པ། དྲ་མཉམ་བཅས་ཀྱི་སྤྱི་ཚོགས་ནང་འཚོ་སྡོད་བྱེད་པའི་གུས་མོ་ང་ལ། འཇིགས་སྐུལ་དང་དམད་ར། མཐའ་ཚིག་སྒྲོག་པ་དག་གིས་ ངའི་སྟོབས་ཤུགས་ཟད་བ་ལ་ལྟ་ཅི། དེ་ལས་ལྡོག་ཏེ། ངར་ཤུགས་ཤིག་སྦྱིན་བཞིན་འདུག
ཆོས་ལུགས་ཅི་ཡིན་ཡང་། དེ་ལ་བརྡར་བཤེར་དང་བརྟག་དཔྱད་བྱེད་དབང་མེད་ན། ཆོས་ལུགས་དེ་ཀླ་ཀློའི་རྨོངས་དད་ལས་མ་འདས། སྤྱིར་ཁྱེད་ཚོས་གཏེར་དེ་ནང་པའི་ཆོས་དཔེ་ལ་ངོས་འཛིན་བྱེད་ཀྱི་ཡོད་ན། དེ་བས་དེ་ལ་བརྟག་དཔྱད་དང་དག་བཤེར་བྱ་རྒྱུ་འདི་ང་ཚོའི་ཐོབ་ཐང་རེད། དགོས་པ་ནི། ཆོས་འདིའི་སྟོན་པས་གསལ་པོར་བཀའ་གནང་འདུག “དགེ་སློང་དག་གམ་མཁས་པ་རྣམས། ལེགས་པར་བརྟག་ལ་ང་ཡི་བཀའ་”ཟེར་བས་མཚོན་ནོ།
ད་སྟོན་པ་བཀའ་དྲིན་ཅན་གྱི་གསོལ་རས་དེ་ཞུས་ནས། དག་བཤེར་བྱེད་ཀྱི་ཡིན། ཁྱེད་ཚོས་ལན་རྒྱོབ་ཤོག་ཨ།
༡༽བཀའ་འགྱུར་དང་བསྟན་འགྱུར་པོད་དེ་ཚོའི་ནང་མེད་པ་དང་གཏེར་ཡིག་དེ་ཚོའི་ནང་ཡོད་པའི་ཆོས་ཀྱི་རྣམ་གྲངས་ག་ཚོད་ཡོད་དམ། དཔེར་རེ་རེ་བཞིན་སྟོན་རོགས། དེ་དག་སྟོན་པའི་གསུང་ཡིན་པ་དང་། བཀའ་འགྱུར་དང་བསྟན་འགྱུར་གྱི་ནང་དོན་དང་མི་འགལ་བ་ལུངས་རེ་རེ་བཞིན་དྲོངས་ཤོག
༢༽གཏེར་སྟོན་མཁན་དེ་དག་ཇི་ལྟར་མི་ལས་འདས་པའི་རྣམ་དཔྱོད་ཡོད་པ་དཔེ་དང་ཁུངས་རེ་རེ་བཞིན་སྟོན་རོགས། འདིར་ང་ཚོས་ཚན་རིག་དང་། རིགས་པ། རྣམ་དཔྱོད། དཔང་རྟགས་བཅས་འདེད་ནས་བགྲོ་གླེང་བྱེད་ཀྱི་ཡིན།
༣༽འདིར་རྒྱུ་མཚན་དང་རིགས་པ། དཔང་རྟགས། ཁུངས། མིའི་ཆོས་ཉིད་དང་ལྡན་པའི་སྐད་ཆ་ཤོད་རོགས། ཁྱེད་ཚོའི་ཀླད་པ་ཕོར་པ་ལྟ་བུ་འདིའི་ནང་མ་ཚུད་ན། དྲེ་མོ་དང་། ཤུགས་ལྡན་བསྟེན་མཁན་ཞེས་ཁ་བཏགས་ནས་བདེན་པ་དོར་ཐབས་མ་བྱེད། མཁས་དབང་ཁྱེད་རྣམས་ཀྱིས་མཁྱེན་གྱི་ཡོད། ངས་ཀྱང་ཤེས་ཀྱི་ཡོད། གཞན་གྱིས་བདེན་ཤ་གཅོད་དུས། རང་ལ་བདེན་པ་མེད་ན། ཁོང་ཁྲོ་དང་ངར་རྒྱལ་སླེབས་ཀྱི་རེད། དེ་ཆོས་ཉིད་ལ་སོང་སྟབས། སེམས་རྣལ་ལ་ཕབ་ནས་ཀླད་པ་དཀྲུག་རོགས། ཆགས་སྡང་མ་དཀྲུག ཁྱེད་ཚོ་གཏེར་ཆོས་འདི་ཚོ་ལ་ནུས་པ་ཡོད་ན། དང་པོ་ང་རྒྱལ་དེ་ལ་སྟངས་འཛིན་བགྱིད།
༤༽སྔོན་མ་དཔལ་གྱེར་རྡོར་ཟེར་བ་འདི། ཆོས་རྣལ་མ་ཞིག་བཤད་ཚུལ་བྱེད་ཀྱི་འདུག ཏོག་ཙམ་སྣང་བ་ཕྱིན་སོང་། འོ་མི་འདི་ལ་ཆོས་ཀྱི་བྲོ་བ་རེ་འཐོབ་འདུག་བསམ་པའི་སྐབས་ལ། ད་རེས། མར་སྐོག་མར་གྱིས་མ་འཐུལ་ཟེར་བའི་དཔེ་བཞིན། དགྱེས་རྡོར་དེས། རང་མདོག་གསལ་པོ་བསྟན་བྱུང་། ཡིད་ལ་འདི་འདྲའི་སྤྲོ་སྣང་ཞིག་ཐོབ་པ་ནི། ད་བར་བརྫུས་ནས་རིས་མེད་ཟེར་བ་དང་། མར་འགྱུར་ནམ་མཁའི་སེམས་ཅན་ཟེར་བ་འདིའི་བློ་འོག་ནས། དྲེ་མོ་དང་ཤུགས་ལྡན་བསྟེན་མཁན་ཞེས་ངར་ངར་ཤོར་ཤོར་བྱེད་དུས། ཁོང་ཕྱི་ལ་ཆོས་གོས་གྱོན་པ་ཙམ་ལས་ནང་ལ་དོན་དངོས་བདག་འཛིན་གཏི་མུག་གིས་ཡོངས་སུ་བཅིངས་པའི་དྲེ་རྡོར་ངོ་མ་ཞིག་རེད་འདུག་ཨང་སྙམས་ནས་རང་དབང་མེད་པར་གླུ་འདི་འདྲ་ཞིག་ཤོར་སོང་།
ཀུན་རྫོབ་བྱང་ཆུབ་སེམས་པའི་དགྱེར་རྡོར་འདི།
དོན་དམ་ཆགས་སྡང་ཀུན་གྱི་དྲེ་གཏོར་རེད།
རིས་མེད་དག་སྣང་ཆོས་པའི་དགྱེས་རྡོར་འདི།
ཁོག་ཆུང་ཀླད་མེད་ཀླ་ཀློའི་ཀླུ་གཏོར་རེད།
དགྱེར་རྡོར་མ་སྡོད་དགྱེས་རྡོར་ཕེབས།
དགྱེས་རྡོར་ཁ་ཆེའི་ཡུལ་ལ་ཕེབས།
དེ་ལ་བདེན་པ་དགོས་པ་མེད།
དེ་ལ་བདག་འཛིན་འདུལ་དགོས་མེད།
ང་རྒྱལ་རྨོངས་དད་མཆོག་ཏུ་འཛིན།
ཁ་ཆེའི་ཡུལ་དེ་ཁྱེད་ལ་འཚམས།
ད་དུང་ཡོད། སྔོན་ལ་འདྲིས་པའི་གཏམ་ལ་ལན་ཡག་པོ་ཞིག་རྒྱོབ་ཤོག
སློབ་དཔོན་པད་མ་ཀ་ར་ཟེར་བ་དེའི་ཞྭ་དང་ལྷམ་དང་ཁ་སྤུ་གང་ལ་བལྟས་ཀྱང་རྒྱ་གར་ནུབ་བྱང་པན་ཇབ་ཡས་མས་ཀྱི་མི་ཞིག་ཡིན་ཐག་ཆོད་རེད། བོད་ལྗོངས་ལྷོ་ཁ་སྣེ་གདོང་རྫོང་གི་ཁྲ་འབྲུག་དགོན་པ་རུ་ཡོད་པའི་སློབ་དཔོན་པདྨའི་འདྲ་སྐུ་དེ་སློབ་དཔོན་པདྨ་རང་ཉིད་བཞུགས་དུས་སུ་བཞེངས་པ་རེད་ཟེར་སྲོལ་འདུག སྐུ་འདྲ་དེ་ལས་ཁོང་གི་ཞལ་རས་དང་ཆ་ལུགས་རགས་པ་ཙམ་ཞིག་ཤེས་ཐུབ་ངེས་རེད། རྫུས་སྐྱེས་ཟེར་བ་ཞིག་ཡོད་རྒྱུ་མ་རེད། ཏུན་ཧོང་ཡི་གེ་ལས་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐོར་འཁོད་པའི་ཡིག་ཆ་རྙེད་སྐོར་ཞིག་ན་ནིང་དྲ་ཐོག་འདིར་ཡོང་སོང་། ག་འདྲ་ཞིག་ཡོད་མིན་མི་ཤེས། ཡིག་ཆ་ག་འདྲ་ཞིག་ཡོད་མེད་ཤེས་འདོད་ཆེན་པོ་ཡོད། ངས་བསམ་ན་སློབ་དཔོན་པདྨ་འབྱུང་གནས་ཟེར་བ་འདི་ཆ་ལུགས་དང་སྤྱོད་ལམ་ལ་ཡང་ངེས་པ་ཆེར་མེད་པ། སྡོད་གནས་ཀྱང་གཅིག་ཏུ་ཆེར་མི་འདུག་པར་རྒྱུན་དུ་ཡར་མར་ཉུལ་ནས་འགྲོ་མཁན་ཞིག་མིན་ནམ་སྙམ། གང་ལྟར་མི་དེ་ཐབས་མཁས་པ་དང་། འཇོན་ཐང་ཆེན་པོ། ཤེས་རྒྱ་ཆེན་པོ། ཡུལ་དུས་སྤྱི་ཚོགས་དང་བསྟུན་ཤེས་མཁན། མི་རྒྱ་བོ་གླགས་མི་ཁེལ་བ་ཞིག་རེད་འདུག
༢༠༠༩ལོའི་གྲུང་གོའི་བོད་རིག་པ་དེབ་དང་པོའི་སྟེང་དུ་དཔྱད་རྩོམ་འདི་འདྲ་ཞིག་ཡོད་ཚུལ་འདུག ཏུན་ཧོང་ཡིག་རྙིང་ཁྲོད་རྙེད་པའི་སློབ་དཔོན་པད་འབྱུང་གི་རྣམ་ཐར་ཐོག་མའི་བརྡ་དོན་ལ་རྣམ་པར་དཔྱད་པ། ཁ་སྒང་བཀྲ་ཤིས་ཚེ་རིང་།
ཉང་གི་ཆོས་འབྱུང་ན་གུ་རུ་རིན་པོ་ཆེའི་ལོ་རྒྱུས་གཞན་གྱི་བཤད་སྟངས་དང་མི་འདྲ་བ་མི་ཞིག་གི་ལོ་རྒྱུས་དང་ཤིན་ཏུ་འབྱོར་བ་ཞིག་འདུག དེར་རྣམ་པ་ཚོས་གཟིགས་ན་ཏན་ཏན་བསམ་བློ་གཏོང་ས་ཞིག་ཡོང་ངེས། འགའ་རེས་ཁོང་སིག་གི་སྟོན་པ་གུ་རུ་ནཱ་ནཱག་རེད་ཟེར་མཁན་ཡང་འདུག་མོད། པན་ལྗབ་punjabཆོས་པ་ཚོར་དྲིས་དུས་ཁོང་ཚོས་ངེད་ཀྱི་སྟོན་པ་བོད་དུ་བྱོན་པའི་ལོ་རྒྱུས་གཏན་ནས་མེད་ཀྱིས་བཤད་ཀྱིན་འདུག ད་ཡོད་ཀྱི་ཐང་ག་དང་སྐུ་འདྲ་རྣམས་ཀྱི་ཆ་ལུགས་དེ་ཡང་སིག་གི་ལྷ་ཁང་ནང་ཡོད་པའི་གུ་རུ་ནཱ་ནཱག་གི་ཆ་ལུགས་དང་གཏན་ནས་འདྲ་བོ་མི་འདུག དེ་བས་རྒྱ་གར་གྱི་ཁྲོམ་ཚོགས་གང་སར་ལག་ཏུ་དྲིལ་བུ་བཟུང་མགོ་ལ་རྨ་བྱའི་སྒྲོ་གཟེར་བའི་ཆོས་པ་དེ་དག་དང་ཤིན་ཏུ་འདྲ་བོ་འདུག་པར་མ་ཟད་རྒྱ་གར་བ་ཚོས་ཀྱང་ཁོང་རྣམས་ཧ་ཅང་མཐུ་ནུས་ཆེན་པོ་རེད་ཅེས་སྒོ་ཁར་བྱུང་ན་ཞེད་སྣང་གིས་ལག་སྟོང་དུ་གཏོང་གི་མི་འདུག ངེད་བོན་གྱི་གཏེར་སྟོན་དུ་བསྙད་པའི་ཨ་ཙཱ ར་མི་གསུམ་དང་གུ་རུ་རིན་པོ་ཆེ་སོགས་བོད་དུ་ཡོང་བའི་དམིགས་ཡུལ་གཅིག་པ་མིན་ནམ་སྙམ། ཁྱད་པར་ཅུང་ཙམ་ཡོད་པ་ནི་རྒྱ་གར་བས་རྒྱཱ་དྷུ་དང་བོད་ཀྱི་རྫུ་འཕྲུལ་ཟེར་བ་འདི་ཡོད་མེད་ཀྱི་ཁྱད་པར་ལ་བརྟེན་ནས་བོད་ཀྱི་ཡུལ་དུ་རླུང་རྟ་དར་མ་དར་ཙམ་རེད་འདུག་་གོ
སྤོབས་པ་མཐའ་ཡས་ལགས། རྩོམ་ཡིག་དེ་ཇི་ལྟར་རེགས་ཐུབ་བམ། ལམ་སྟོན་ཞིག་གནང་རོགས། བལྟ་འདོད་ཧ་ཅང་ཆེ།
ཁ་སྒང་བཀྲ་ཤིས་ཚེ་རིང་གིས་སློབ་དཔོན་ཨོ་རྒྱན་ཡུལ་དུ་ཕེབས་མི་འདུག་།མདོ་སྨད་དུ་ཕེབས་པ་རེད་ཅེས་ཏུན་ཧོང་གཏེར་ཡིག་ཏུ་འདུག་ཅེས་བཤད་ཡོད་པ་རེད་ཟེར་བ་ཞིག་གོ་མྱོང་།
སྤྱིར་སྐད་ཆ་དེ་འདྲ་བཤད་སྔ་དྲགས་སྙམ་པ་ཞིག་འདུག་།རྒྱུ་མཚན་ཅི་ཡིན་ཟེར་ན་།
ད་དུང་བོད་མི་ཤིག་གིས་ཨོ་རྒྱན་གྱི་ཡུལ་གྱི་སྐོར་ལ་ཞིབ་དཔྱད་བྱས་མི་འདུག་ལ།
མཁའ་འགྲོ་བ་རྡོ་ཆར་འབེབས་པ་དེ་དག་གི་ཡུལ་ད་ལྟ་ཁ་ཆེ་ཐ་ལེ་པན་དག་གིས་ལག་ཏུ་བཟུང་ཏེ་།ཉིན་དང་མཚམས་མེད་པར་མེ་མདའི་ཆར་བ་འབེབ་ཀིན་འདུག་པ་དེ་འདྲ་རེད་།དེ་བས་དེ་ལ་འགྲི་ཐུབ་ཀིན་མི་འདུག་།
ཡུལ་དེའི་སྐོར་གྱི་ལོ་རྒྱུས་རྙིང་བ་དེ་འདྲ་ཡང་མཐོང་མ་སོང་།
ལར་ཏུ་བཀའ་བསྟན་གྱི་ནང་དུ་་ཨོ་རྒྱན་གྱི་ཡུལ་ཞེས་བ་འདི་མང་པོ་འདུག་གམ་།དོ་སྣང་ཆེན་པོ་མ་བྱུང་།རྒྱུད་སྡེ་ནང་གི་ཡུལ་ཆེན་ཉེར་བཞི་་ནང་དུ་ཨོ་རྒྱན་གྱི་ཡུལ་འདུག་གམ་།
སྤྱིར་བཏང་ཨོ་རྒྱན་ཡུལ་འདི་དང་།བོད་ཡུལ་གཉིས་ལ་འབྲེལ་བ་མང་པོ་འདུག་བསམ་ཀིན་འདུག་།བོད་སྨན་ནང་གི་་དངུལ་ཆུ་དཀར་པོ་དེ་ཡང་།གྲུབ་ཆེན་ཨོ་རྒྱན་པས་ཨོ་རྒྱན་ཡུལ་ནས་ཁྱེར་ཡོང་བར་བཤད་།དེ་མིན་ཡུལ་དེ་སྔོན་ཆད་གྷི་རིག་གི་དམག་དཔོན་ཆེན་པའི་ཨར་ལག་ཟན་ཏར་གྱི་དམག་དཔུང་ཤུལ་ཏུ་བཞག་པ་དག་གིས་ཡུལ་ཡང་ཡིན་པས་།བོད་ཀྱི་རྡོ་སྐུ་བཟོ་སྟངས་སོགས་ལ་།ས་དེ་ཕྱོགས་ཞིག་ནས་ཤན་འདྲ་ཞུགས་པ་ཡིན་ནམ་སྙམ་པ་ཞིག་ཀྱང་འདུག་།
གཞོན་ནུ་ཟླ་མེད་ལགས།
ངོ་མ་ངོས་རང་དགའ་བོ་བྱུང་ཁྱེད་ཀྱི་བོན་གྱི་དཔེ་ཞིག་དངོས་སུ་གཟིགས་ཐུབ་པ་འདི་ལ་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་འདོད་བྱུང།
དཔེ་དེར་གཟིགས་དང་བོན་གྱི་གྲུབ་མཐའི་སྐོར་ལ་ཡག་པོ་མཁྱེན་པའི་རེ་བ་ཡོད།
གཞི་ནས་ཁྱེད་ཀྱིས་མ་འོང་པར་བོན་དང་བོན་པོར་དགག་དགོས་འབྱུང་ཚེ་དགོག་ཐུབ་ངེས་རེད།
རེད་རེད་རྫོགས་པ་ཆེན་པོའི་ལུགས་ལ།
གཞི་དང་རང་བཞིན་ཐུགས་རྗེ་གསུམ།
གཞི་དང་ཀ་དག་ལྷུན་གྲུབ་གསུམ།
དེ་འདྲ་བཤད་སྲོལ་ཡོད།
རྫོགས་པ་ཆེན་པོའི་ལུགས་ལ་ས་ཆིག་ཆོད་ལམ་ཆིག་ཆོད་ཡིན་པས་ས་ལམ་གྱི་རྣམ་བཞག་མདོ་ལུགས་ལྟ་བུར་མི་བཞེད་དོ།
ཁྱེད་རང་རྫོགས་པ་ཆེན་པོའི་ལུགས་ལ་གཟིགས་འདོད་པ་ཡོད་ན་གདན་ས་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ནས་དཔེ་དེབ་མང་པོ་ཞིག་པར་སྐྲུན་བྱེད་བཞིན་འདུག་པས་རེག་ཐབས་གནང་ན་ལས་སླ་བའི་སྒོ་ནས་ཐོབ་ངེས།
འོན་ཀྱང་གཞི་དང་ལམ་དང་འབྲས་བུ་ཞེས་ལོགས་སུ་དགར་རྒྱུ་མེད་པར་མ་ཟད་ས་རིམ་གྱིས་པ་དང་ལམ་རིམ་གྱིས་པ་སོགས་བགྲོད་རྒྱུ་མེད་པས་འབྲས་བུ་ཡང་གཞི་ངོ་ཤེས་པ་ལས་ལོགས་སུ་ཐོབ་རྒྱུ་མེད་པར་འདོད།
འོན་ཀྱང་མ་རྟོགས་སེམས་ཅན་ཚིག་གིས་མ་འཁྲིད་ན།
མན་པའི་མརྫུབ་ཡུག་དེས་ཀྱང་བརྡ་མི་འཕྲོད།
ཅེས་གསུང་ཡོད་པས་མ་རྟོགས་པའི་སེམས་ཅན་རྣམས་ལ་ཚིག་དང་ཡི་གེ་བརྡ་ལས་སོགས་ཀྱིས་ས་དང་ལམ་དང་འབྲས་བུ་ལས་སོགས་ཀྱི་བརྡ་ཐབས་རྟེན་འབྲེལ་གྱི་འཁྲིད་ལས་སོགས་ཡོད་པར་འདོད་དོ།
ང་ལ་ཁྱེད་རང་གིས་གང་བཤད་ནའང་འགྲིག་རྫུན་མ་ཟེར་ནའང་འདྲ་འདྲེ་ཟེར་ནའང་འདྲ་ཁྱད་པར་མེད་ཁྱེད་རང་ཕྱོགས་རིས་ཀྱི་རྣམ་རྟོག་གི་དྲྭ་རྒྱ་ལས་རྒལ་ཏེ་བོན་དཔེ་དངོས་སུ་གཟིགས་ཏེ་ངོས་ལ་གླེང་མོལ་གནང་ཚུལ་དེ་ལ་སླར་ཡང་རྗེས་སུ་ཡི་རངས་ཞུ།
གངས་དཀར་ལྷ་མོ་།
༼གཏེར་སྟོན་མཁན་དེ་དག་ཇི་ལྟར་མི་ལས་འདས་པའི་རྣམ་དཔྱོད་ཡོད་པ་དཔེ་དང་ཁུངས་རེ་རེ་བཞིན་སྟོན་རོགས། འདིར་ང་ཚོས་ཚན་རིག་དང་། རིགས་པ། རྣམ་དཔྱོད། དཔང་རྟགས་བཅས་འདེད་ནས་བགྲོ་གླེང་བྱེད་ཀྱི་ཡིན།༽
ག་རེ་བྱས་ན་ཚན་རིག་གི་ལམ་ནས་བརྟག་དཔྱད་བྱས་ཀིན་ཡིན་།ནུབ་ཀྱི་མཁས་བ་ང་ཡིན་ཁྱོད་ཡིན་ཟེར་བ་དག་གི་ཁྲོད་དུ་སྐད་ཆ་འདི་འད་བཤད་ཀིན་མི་འདུག་།རྒྱ་མིའི་སློབ་གྲྭ་ནང་གི་སྐད་ཆ་དེ་ཚོ་འདི་བཤད་ན་ཁྱད་མཚར་བོ་ཤིག་མཐོང་གིན་འདུག་།
སྤྱིར་བཏང་ཚན་རིག་གི་ལམ་ནས་།ཆོས་ལུགས་མེད་པར་གཏོང་ཟེར་བའི་སྐད་ཆ་རྙིང་བ་ཞིག་རེད་།
དེ་བས་ཚན་རིག་དེའང་ཆོས་ལུགས་འདྲ་བ་ཞིག་ལ་བཏང་བ་རེད།
ཚན་རིག་གི་ལམ་ནས་།ཆོས་ལ་དགག་འདོད་ན་།
richard dawkins་ཟེར་བའི་མཁས་བ་ཤིག་འདུག་།དེ་ཡི་དཔེ་ཆ་འགའ་ལ་ལྟོས་དང་།དེ་ནས་བློ་བསྐྱེད་འབུད་ན་ཐང་།
ཡིན་ནའང་མཁས་བ་འདིས་ཀྱང་།
ཆོས་བཟང་རིགས་པའི་རྣམ་དཔྱད་བསམ་པ་ཅན་།རྟག་ཏུ་བདུད་ཀྱི་བད་ཆད་ཟེར་བ་མེད་།ཟེར་བའི་ལྟ་གྲུབ་དེ་ལ་དགག་པ་རྒྱག་གིན་མི་འདུག་།
ཚན་རིག་ཚན་རིག་ཟེར་ནས་།མི་ལ་སྐྲག་མ་སློང་།དམར་པོའི་སློབ་ཁང་འདྲ་བ་ཞིག་ཏུ་མཐོང་བྱུང་།
འཇམ་དཔལ་རྩ་རྒྱུད་སོགས་ལུང་བསྟན་གྱི་མདོ་ལུང་མང་དུ་གསུངས་ཤིང་མཇལ་རྒྱུ་ཡོད་ཀྱང་དེ་དག་ཁྲོད་ཀྱི་གཅིག་གིས་བོད་ཀྱི་བན་བོན་བསྟན་ལ་རྒྱ་ནག་གི་དཀའ་ངལ་འཕྲད་ཚུལ་གྱི་ཟུར་ཙམ་ཡང་མེད་པ་མ་ཟད། དེ་ལས་ལྡོག་སྟེ་གནའ་བོའི་མཁས་པ་མང་པོས་ལུང་བསྟན་དུ་རྒྱ་ནག་ནི་འཇམ་པའི་དབྱངས་ཀྱི་རྡུལ་བྱ་ཡིན་ཞིང་རྒྱ་རྒྱལ་ཡང་དེའི་རྣམ་སྤྲུལ་ཡིན་པ་བཤད་ཀྱིན་ཡོད། མ་ཟད་གོང་ཁྲན་ཏང་བོད་དུ་མ་ཡོང་གི་གོང་བླ་མ་དང་མཁས་རེ་ཟུང་གིས་མོའོ་ཡང་སངས་རྒྱས་བྱང་སེམས་གང་ཞིག་གི་རྣམ་སྤྲུལ་ཡིན་པ་བཤད་ཀྱིན་ཡོད་ཀྱང་། མོའོ་ཡིས་རང་ཉིད་སྤྲུལ་སྐུ་ཡིན་པ་ངོས་བྱེད་པ་ལྟ་ཅི། ཐ་ན་ཆོས་ཀྱང་ཆོས་ཀྱང་ཁས་མ་བླངས་ཤིང་བོད་ཀྱི་དགོན་སྡེ་མང་པོ་རྩ་མེད་དུ་བཟོས་བས་བོད་མི་རྣམས་ཀྱིས་མོའོ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་སྐུ་ཡིན་པའི་ལྟ་ཚུལ་དེ་བྱེ་མ་ཆུ་གསེབ་ཏུ་ཐིམས་པ་བཞིན་རིམ་གྱིས་བརླགས། གཅིག་བྱས་ན་རྒྱ་མིས་བོད་ལ་བཙན་འཛུལ་བྱས་བ་ནི་ལོ་རྒྱུས་ནང་མི་ཁ་ཤས་ལ་གལ་ཆེ་བ་ལས་ལུང་བསྟན་མཁན་ཚོ་དེ་ཙམ་མཁོ་གལ་མ་ཆེ་བས་ལུང་གིས་མ་ཟིན་པ་ཡིན་ཤས་ཆེ་སྟེ། ལུང་གི་མ་ཟིན་པའི་ཆོས་ཤིག་གང་དུ་ཡོད། མེད་དེ་སངས་རྒྱས་ཀྱིས་མ་མཁྱེན་པའི་གནས་ཤིག་མེད་པས་སོ། བློ་ཕམ་པ་ཞིག་ལ་ལུང་བསྟན་གྱི་ཡིག་ཆ་མང་པོ་ཞིག་ལ་འབྱུང་འགྱུར་གྱི་གནད་དོན་དེ་ཙམ་ཁ་གསལ་མེད་པར་ཡོད་པ་ནི་བྱུང་ཟིན་པའི་ལོ་རྒྱུས་སམ་འབྱུང་ལ་ཉེ་བའི་ལོ་རྒྱུས་ཙམ་རེད། བོད་པའི་བླ་མ་རྣམས་ཀྱིས་སྐྱེས་བ་འདི་ནི་ཕྱི་མ་མཐོང་ཞིང་ཕྱི་མ་ནས་རྗེས་མ་མཐོང་པའི་ནུས་ཡོད་ཅིང་། ནུས་བས་སྤྲུལ་སྐུ་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་ངོས་འཛིན་བྱེད་ཐུབ་ཀྱང་བོར་བརླགས་སུ་ཕྱིན་པའི་པཎ་ཆེན་ད་ལྟའང་རྟོགས་མཁན་མེད། ཕལ་ཆེར་དུས་ལ་མ་བབས་པས་ཡིན་རྒྱུ་རེད། དུས་བ་བབས་ཤིང་སེམས་ཅན་གྱི་ལས་ཀྱིས་ལྕོགས་ན་བོད་ལ་་སྐྱེས་བ་འདི་ཙམ་རྟོགས་མཁན་མང་པོ་ཡོད། འདི་ཕྱིའི་སྐྱབས་གནས་བཅོལ་སའི་བླ་མ་མང་པོ་ཡོད། ཁོང་ཚོས་བོད་པ་བསླུ་མི་སྲིད། རྒྱུ་མཚན་ནི་ང་ཚོ་སྟེ་བོད་མི་རྣམས་ཀྱིས་རང་ཉིད་སྡུག་དུས་སྐྱབས་བཅོལ་བྱེད་ཡུལ་དུ་བཟོས་བས་ཡིན། གལ་སྲིད་ཁོང་བོད་པ་བསླུ་བ་ཡིན་ན་བོད་མི་རྣམས་ཀྱིས་ལོ་ངོ་གཅིག་སྟོང་གིས་བཟོས་བའི་ཐོན་དངོས་གལ་ཆེན་ཞིག་མེད་པ་ཆགས་རྒྱུ་རེད། རྒྱུ་མཚན། སྤྲུལ་སྐུ་ནི་དཀོན་མཆོག་གི་ཐོན་རྫས་མ་ཡིན་པར་བོད་མིའི་ཐོན་རྫས་ཡིན། ཐོན་རྫས་དེ་བོད་མི་རྣམས་ཀྱིས་རང་ཉིད་སྡུག་དུས་སྐྱོབས་ཆེད་དུ་བཟོས་བ་རེད། བཟང་གི མུ་མཐུད་དུ་བཟོས།
མངལ་སྐྱེས། སྒོང་སྐྱེས། དྲོད་གཤེར་ལས་སྐྱེས་དང་། རྫུས་སྐྱེས་བཅས་སྐྱེས་གནས་བཞི་ལས། སློབ་དཔོན་པདྨ་འབྱུང་གནས་ནི། མཚན་དོན་ལྟར་རྫུས་སྐྱེས་ཡིན་ཏེ། སྐུའི་སྐྱེ་བ་བཞེས་དོན་ཡང་། རྫུས་སྐྱེས་གཞན་རྣམས་འདུལ་བའི་ཕྱིར་དུ་འཁྲུངས་པའི་ཕྱིར་རོ། །
ཨ་ནུ་ཐང་བསོད་ནམས་ནས་དངོས་གནས་བཤད་འདུག
ངས་ཀྱང་མ་ཧོ་ཀྲུ་ཞི་སངས་རྒྱས་ཀྱི་རྣམ་སྤྲུལ་ཞིག་ཏུ་ལུང་དུ་བསྟན་པར་གོ་མྱོང།
ང་ཚོའི་དུས་གསུམ་མཁྱེན་པའི་བླ་མ་དང་སྤྲུལ་སྐུ་མང་པོ་ཞིག་ལྔ་བཅུ་ང་དགུའི་ལོར་སྦས་ཡུལ་དང་སྲོག་ཐར་སའི་གནས་ཤིག་མ་བརྙེད་ནས་རྒྱ་ལག་ནས་ལྔ་ལམ་དུ་ཕྱིན་པ་རེད།
དེ་བཞིན་མོ་མ་དང་རྩིས་པ་སྐྱེ་བ་སྔ་ཕྱི་མཁྱེན་པའི་བདག་པོ་དེ་དུས་ལྔ་ལམ་དུ་ཕེབས་དགོས་བྱུང་བ་འདི་ཡིད་སྐྱོ་བ་ཞིག་རེད།
དེ་ག་ནང་བཞིན་ད་ལྟའང་དུས་གསུམ་མཁྱེན་པ་དང་སྐྱེ་བ་སྔ་ཕྱི་མཁྱེན་མཁན་བུད་མེད་ཀྱི་ཁོག་ཏུ་མངལ་ཆགས་མ་ཐག་ཏུ་བུ་དང་བུ་མོ་གང་ཡིན་སྤྲུལ་སྐུ་ངོས་འདྷིན་བྱེད་པ་སོགས་མང་མ་དྲགས་ཀྱང་མི་ཉུང་བ་ཞིག་ཡོད་མོད་ཆུང་སྲིད་པཎ་ཆེན་རིན་པོ་ཆེ་དང་དེ་བཞིན་བཙོན་པ་མང་པོ་ཞིག་གར་ཡོད་མཁྱེན་མ་ཐུབ་པ་ཞིག་ཡོད།
མ་ཟད་སྤྲུལ་སྐུ་མང་པོ་ཞིག་འཁྲུངས་དང་འཁྲུངས་བཞིན་ཡོད་མོད་དེ་དག་གིས་རང་གི་སྔར་གྱི་ལྷག་ལུས་རྒྱུ་ནོར་ཏེ་འཕྲེང་བ་དང་ཕྱག་འཁོར་དབྱུག་པ་སོགས་རང་གིས་སྤྱད་པའི་རྒྱུ་ནོར་ཙམ་ལས་སྔར་གྱིས་མཁྱེན་པའི་ཡོན་ཏན་རྒྱ་མཚོ་དེ་ཚོ་ཕར་བཞག་ཀ་ཁ་ཙམ་ཡང་མི་མཁྱེན་པའི་གནས་སྟངས་འདིས་མ་འོང་པར་བོད་ཀྱི་སྤྲུལ་སྐུས་རྐྱེན་གྱིས་བོད་ཀྱི་ཆོས་ལུགས་ལའང་དད་པ་ལོག་པའི་གནས་ཚུལ་མི་ཡོང་པའི་ངེས་པ་མེད།
འོན་ཀྱང་བོན་གྱི་མ་འོང་ལུང་བསྟན་གྱི་དཔེ་ནང་དུ་རྒྱ་ནག་དང་དུ་རུ་ཁ་སོགས་ཀྱིས་ལྷ་ས་ཁྲག་གིས་གང་ཚུལ་ལས་སོགས་བོད་ལ་དུས་འགྱུར་གྱིས་རྐྱེན་ངན་ལྷགས་ཚུལ་ཞིག་གསལ་བ་མ་ཟད་ལོ་ཚིགས་ཀྱང་ངོས་འདིན་བྱས་པ་ཞིག་ཡོད་འདུག
འོན་ཀྱང་མི་རྣམས་ཀྱིས་དེ་ཙམ་གྱི་དོ་སྣང་བྱས་མེད་པ་རེད།
ལ་སྟོད་བུ་དང་ཨ་ནུ་ཐང་བསོད་ནམས་།
ངས་འདི་ལྟར་ཅིག་བསམ་ཀིན་འདུག་།ཁྱེད་གཉིས་ཀྱིས་བཤད་པ་དེ་འདྲ་མང་པོ་ཡོད་པ་རེད་།ལུང་བསྟན་ཟེར་བ་དེ་ཚོ་སྐབས་རེ་རྫུན་འདྲ་བ་ཤིག་དང་།དངོས་འདྲ་བ་ཞིག་མཐོང་གིན་ཡོད་པ་རེད་།དེ་ལ་ཡ་མཚར་རྒྱུ་ཅི་ཡང་མི་འདུག་།
དོན་གྱིས་མི་ཚང་མས་ལུང་བསྟན་རྒྱག་གིན་ཡོད་པ་རེད་།དེ་ཐོག་ཏུ་འགྲོ་མིན་སུས་ཤེས་།
༼༡༽མ་འོངས་བར་བསྐལ་བཟང་མངོན་འགྱུར་བྱས་ཏེ་།མི་ལ་འདྲ་མཉམ་དང་།རྒྱུ་ནོར་གྱི་མང་ཉུང་གི་ཁྱད་པར་མེད་པར་གུང་ཁྲང་རིང་ལུགས་བྱེད་ཀིན་རེད་ཟེར་བ་དོན་གྱིས་ལུང་བསྟན་ཆེན་པོ་ཤིག་རེད་།དེའི་ཐོག་ཏུ་འགྲོ་མིན་སུས་ཤེས་།བཤད་མཁན་ཚང་མ་དོན་གྱིས་གཏེར་སྟོན་པ་འགའ་རེད།
༼༢༽ཚན་རིག་པ་འགའ་ཤས་ཀྱིས་མ་འོངས་བར་འདི་ཡོང་རྒྱུ་རེད་དང་།མ་རེད་ཀྱིས་སྐད་ཆ་མང་པོ་བཤད་ཀིན་ཡོད་པ་རེད་།ཞིབ་ཏུ་བསམ་བློ་གཏོང་དུས་།དོན་གྱིས་དེ་རྣམས་ཡང་ལུང་བསྟན་པ་འགའ་རེད་།
༼༣༽དམངས་གཙོའི་རྒྱལ་ཁབ་བཙུགས་ན་།འདི་ཡོང་རྒྱུ་རེད་དང་མ་རེད་ཅེས་མང་པོ་བཤད་ཀིན་ཡོད་པ་རེད་།འདི་དག་ཡང་དོན་གྱིས་ལུང་བསྟན་པ་འགའ་རེད་།
༼༤༽དེ་བཞིན་བོད་ཀྱི་བླ་མ་མང་པོས་འདི་དང་།འདི་ཡོང་རྒྱུ་རེད་ཅེས་དང་མ་རེད་ཅེས་སྐད་ཆ་མང་པོ་བཤད་ཡོད་པ་དེ་དག་ཡང་ལུང་བསྟན་པ་རེད་དམ་།
གཞི་ནི་།་ཚང་མས་མ་འོངས་བ་ཞིག་བཤད་ཀིན་བསྡད་ཡོད་པ་དང་།ཁ་ཅིག་གིས་རིགས་པ་ཟེར་བ་དང་།ཁ་ཅིག་དད་པ་ལ་བརྟེན་ནས་བཤད་ཀིན་ཡོད་པ་རེད་།
རིགས་པའི་བཤད་པ་དག་ལ་ཚན་རིག་པ་དང་།རྟོག་གེ་སྨྲ་བ་ཟེར་བའི་མིང་འདོགས་ཤིང་།
དད་པའི་བཤད་པ་དག་ལ་མོ་བ་།ལྷ་བ་།ཆབ་སྲིད་པ་དང་།སྐབས་རེ་དམར་སྲུང་དམག་མི་ཞེས་ཀྱངའདོགས་ཀིན་མེད་དམ་སྙམ།
ལམ་།ཁ་ཅིག་གི་ལུང་བསྟན་དེ་དག་དངོས་སུ་ཐོབ་པའི་ཆེད་དུ་དམག་དང་།མཚོན་ཆ་སོགས་བཀོལ་བཞིན་པ་དང་།ཁ་ཅིག་གིས་གཏམ་བཤད་།མགོ་མདར་ནས་།རིམ་གྲོ་སོགས་བྱ་མཇུག་གིན་ཡོད་པ་རེད་།བོད་ཀྱི་མོ་བ་དང་ལྷ་བ་དེ་ཚོ་རྔ་ཤིག་ཀྱང་རྡུང་རྒྱུ་ཡོད་པར་བཤད་།དེ་བཞིན་དམར་སྲུང་དམག་དག་ལ་ཁུ་ཚུར་ཟེར་བ་དང།རྐང་བརྫིས་ཟེར་བ་ཤིག་ཀྱང་ཡོད་པར་བཤད་།ཚན་རིག་པ་སོགས་ཀྱིས་དཔེ་དེབ་དང་།རྒྱང་བསྒྲགས་སོགས་ཀྱི་ཐོག་ནས་།ལུང་བསྟན་རྒྱག་གིན་ཡོད་པ་རེད།
འབྲས་།
ཐམས་ཅད་ཀྱིས་གཞན་གྱིས་མ་ཤེས་བ་ཞིག་བཤད་བསམ་ཀིན་ཡོད་པ་རེད་དམ་།
དེ་འདྲ་མ་རེད་དམ།
ཨོ་ཡ་་་་་་་བོང་རྫིས་བཀའ་སྐྱོན་ཡིན་ནའང་འདྲ་དགག་པ་ཡིན་ནའང་འདྲ་གཞི་ལམ་འབྲས་གསུམ་རྣམ་བཞག་གི་འཁྲིད་ཡིན་ནའང་འདྲ་གཅིག་བཤད་ཡོང་གི་འདུག
བོད་ཀྱི་བླ་མས་ལུང་བསྟན་དང་། ཚན་རིག་པས་ཚོད་དཔག ཆབ་སྲིད་པས་མ་འོང་པའི་འཆར་གཞི། ཞིབ་འཇུག་པས་ཚོད་དཔག རྟོག་གེ་བས་རྗེས་དཔག བཤད་སྟངས་དེ་ཚོ་རིགས་པ་མཚུངས་ས་མེད། བླ་མས་བཤད་པ་རྣམས་ནི་མ་འོང་མངོན་གཟིགས་ཀྱིས་བཤད་པར་ཁས་ལེན་གྱི་རེད། གཞན་མ་རྣམས་ནི་མངོན་གཟིགས་དེ་འདྲ་མ་རེད།
རྟོག་གེ་བས་རྗེས་དཔག་གིས་རྟོགས་ཚུལ་དང་ཤེས་ཚུལ་ནི་འཁྲུལ་བ་དང་ཐེ་ཚོམ་ཚོད་དཔག་དེ་འདྲ་མ་ཡིན་ཀྱང་མངོན་སུམ་དུ་བཤད་པ་དང་རྟོགས་པ་དེ་འདྲར་ཁས་ལེན་གྱི་མ་རེད་དེ་ཡིན་དུས་ཅུང་འདྲ་ས་མེད།
མ་གཞི་ནས་མོ་བ་དང་ལྷ་བ་དེ་ཚོར་སྣང་ཆུང་བརྩི་ག་ལ་རུང་བོད་གཞུང་ཡིན་ནའང་མཐར་ཐུག་ས་དེ་ཚོར་ཐུག་ཡོང་གི་མི་འདུག་གམ།
ང་དགུ་ལོར་བོད་ལ་དུས་འགྱུར་བྱུང་སྐབས་སུའང་དབུ་ནས་གཞུག་གུའི་བར་གྱི་གར་འགྲོ་གར་འདུག་ཐམས་ཅད་གྲོས་འདྲི་ས་ཁོང་ཚོ་རེད།
ལ་སྟོད་བུ་།
དེ་དེ་བཞིན་རེད།དམར་སྲུང་དམག་རྣམས་ལ་རྙིང་བ་དང་།ལྷག་པར་ཏུ་ལྷ་བ་དང་མོ་བ་སོགས་ཀྱི་ཚིག་གོ་ཡོང་དུས་།ཁོ་ཚོ་སེམས་སུ་འདུག་མི་ཐུབ་པ་རེ་ཡོང་གིན་འདུག་།ཡིན་ནའང་ངས་གོང་དུ་བཤད་ཡོད་པ་བཞིན་།ཐབས་དང་ཤེས་རབ་མི་འདྲ་དག་གི་སྟེང་ནས་མ་འོངས་བའི་རྒྱུ་མཚན་རེ་བཤད་ཡོང་གིན་མ་གཏོགས་།དོན་གྱི་ཚང་མས་མ་འོངས་བ་བཤད་ཀིན་ཡོད་པ་རེད་།
ལྷག་པར་ཏུ་ཁོ་ཚོས་ལུང་བསྟན་བཤད་བཤད་ཅིག་།བོད་ཀྱི་ལྷ་བ་དང་མོ་བ་སོགས་ཀྱིས་རྨི་ལམ་དུའང་རྨིས་ཐུབ་ཡོད་པ་མ་རེད་།
སེམས་རྣལ་ཏུ་ཐོངས་ལ་ཞིབ་དཔྱད་བྱོས་དང་།དེ་འདྲ་མ་རེད་དམ་།
ལ་སྟོད་ཀྱིས་གསུངས་བ་དེ་དག་བདེན་དུ་འཁུམས་ཤིང་ངས་བསམ་པའང་ཁོང་གིས་ཕལ་ཆེར་ཞུས་ཟིན་པས་དེ་ལྟར་ཡིན།
བོང་རྫི།
མ་འོངས་བཤད་པ་འདྲ་ཡང་བཤད་སྟངས་ཐ་དད་རེད། ལ་སྟོད་ཀྱིས་གསུངས་བ་བཞིན་རེད། དེ་ལ་རྩོད་པ་མི་འདུག དེ་ཙམ་མ་ཤེས་བའམ་མི་ཤེས་ཁུལ་བྱེད་པ་ནི་རྒྱབ་ལྗོངས་གཞན་པ་ཞིག་ཡོད་རྒྱུ་རེད་མ་གཏོགས་གནད་དོན་དེ་ནི་རྟོགས་མི་ཐུབ་པ་ཞིག་མ་རེད།
བོང་རྫི་ལགས།
ངས་ཇི་ལྟར་དཔྱད་ཀྱང་བོད་ཀྱི་མོ་བ་དང་ལྷ་བ་གཉིས་ཀྱིས་བསྟན་པའི་ལུང་བསྟན་དང་དམར་སྲུང་དམག་གིས་མ་འོང་ལུང་དུ་བསྟན་ཚུལ་གཉིས་ཕན་ཚུན་བསྡུར་ཚེ་དམར་སྲུང་དམག་གིས་ལུང་བསྟན་གསལ་པོར་སྟོན་པར་ཡིད་ཆེས་ཀྱང་མེད་ལ་དེ་ལྟར་སྟོན་མི་སྲིད་པ་ཞིག་ཀྱང་རེད།
ཁྱེད་རང་དེ་ལྟར་ཡིད་ཆེས་ཡོད་ན་ངས་དེ་ལ་དགག་འོས་མ་མཆིས།
གང་ལྟར་བཏགས་པ་དེ་ལྟར་སྣང།
རིགས་དྲུག་ཆུ་ལ་དྲུག་ཏུ་མཐོང།
ཞེས་པ་ལྟར་རེད།
ཁྱེད་ལྟར་ན་བོད་གཞུང་ལས་སོགས་ཀྱིས་གནས་ཆུང་ལ་ལུང་བསྟན་ཞུས་པ་ལས་དམར་སྲུང་དམག་ལ་ཞུས་ན་ལེགས་སམ།
ཨ་ད་བཞག་ཞོག་དུས་ཚོད་དེ་འདྲ་ཞིག་དུ་སླེབས་ཡོད་ས་རེད།
སྔོན་མ་ང་དགུའི་ཡས་མས་སུ་བོད་མི་ན་བ་དང་གདོན་སོགས་བཞུགས་དུས་བོད་ཀྱི་བླ་མ་དང་སྲུང་མ་ལས་མ་ཧོ་ཀྲུ་ཞིའི་པར་མགོ་ཐོག་ཏུ་བཞག་ན་ཕན་རབས་ཤིག་གོ་མྱོང་མ་ཟད་དམར་སྲུང་དམག་གིས་བོད་དུ་ལམ་ཁ་བཟོ་དུས་སུ་རི་ཉིལ་བྲག་ཞིག་གིས་རྐྱེན་པས་ལམ་ཁ་བཟོ་རུ་མི་འཇུག་དུས་འབར་གས་གཡུག་ན་ཕན་རབས་ཤིག་ཀྱང་གོ་མྱོང་ཁག་མེད་བོད་ཀྱི་ལྷ་ཀླུ་གཞི་བདག་དེ་ཚོ་རང་མཆོད་མཁན་མེད་དུས་ཁོང་ཚོ་ཚང་མ་ཡང་ལུས་ཤུགས་དང་སེམས་ཤུགས་ཉམས་ནས་གར་སོང་ཆ་མེད་དུ་ཕེབས་ཡིན་རྒྱུ་རེད།
ད་བྱེད་དུས་ཁྱེད་ཀྱི་བསམ་ཚུལ་འདྲ་བོ་དེ་དུས་ནས་དབུ་འཁྱུད་དེ་བོད་ལ་བརྩམས་ཡོད་ས་རེད།
ད་དུང་ང་ལ་དངོས་བྱུང་གི་ལོ་རྒྱུས་ཞིག་བཤད་རྒྱུ་ཡོད།
བོད་ཁམས་སྦྲ་ཆེན་རྫོང་གི་བོད་མི་ཞིག་གིས་དུས་ལོག་སྐབས་སུ་ངན་སེམས་ཀྱིས་མ་ཧོ་ཀྲུ་ཞིའི་པར་རང་གི་རྐང་ལྷམ་གྱི་ནང་དུ་བཅུག་སྟེ་ཕྱིན་པར་ཕྱིས་སུ་ཧུར་བརྩོན་པ་ཞིག་གིས་མཐོང་སྟེ་ཡར་ཞུས་པར། ཁོ་ལས་ཁུང་དུ་འབོད་བཀུག་བྱས་དུས་གཤེད་གཤེད་གྲྭ་མ་ཞིག་གཏོང་དུས་ཁོས། དེ་ལས་བཟློག་སྟེ་ང་ཡིས་རྐང་པ་ན་གི་འདུག མི་ཚོས་ཟེར་ན་མ་ཧོ་ཡི་པར་ག་བར་ན་གི་ཡོད་ན་དེར་བཞག་ན་ཕན་རབས་བཤད། རྒྱུ་མཚན་དེ་ལ་བརྟེན་ནས་ངས་མ་ཧོའི་པར་རྐང་ལྷམ་ནང་དུ་བཞག་པ་ཡིན་ཞེས་བརྗོད་དུས། ཁོང་ཚོ་ཚང་མ་ཧང་སངས་ནས་ཅི་ལབ་འདི་ལབ་མེད་པར་བཏངས་བྱུང་ཟེར།
བོང་རྫི་ལགས་
ཁྱེད་ཀྱིས་གང་གསུང་གི་ཡོད་མེད་ཤེས་མ་སོང། ཕྱོགས་ཅིག་ནས་ཁྱེད་ཀྱིས་མོ་བ་དང་ལྷ་བ་དེ་ཚོར་ཡིད་མི་ཆེས་རབས་དང་དམར་སྲུང་དམག་ལ་ཡིད་ཆེས་དགོས་རབས་ཤིག་བཤད་སོང།
ང་བརྒྱད་ལོར་གནས་ཚུལ་ཅི་ཡོང་། མོ་བ་དང་དམར་སྲུང་དམག་གཉིས་ཀྱིས་ལུང་དུ་བསྟན་པར་མོ་མས་ལོ་རྗེས་མ་རྩ་བཟའ་དགོས་ཐུག་རབས་དང་། གཞན་མ་དེ་ཡིས་དེ་ལྟར་མི་ཡོང་རབས་ཤིག་བཤད་པར་ ལོ་རྗེས་མར་རྩ་བཟའ་དགོས་པ་བྱུང་ཚུལ་མི་རྒན་པ་དེ་ཚོར་དྲིས་གསུང་འདུག་ངས་བྱེད་ན་མོ་མ་བདེན་འདུག་པས་མི་རྒན་པ་དེ་ཚོས་དཔང་པོ་བྱས་འདུག་གཱ
ད་ཁྱེད་ཀྱིས་ག་རེ་བཤད་ཀྱི་ཡོད་མེད་ཤེས་ཀྱི་མི་འདུག ཡང་འཇུག་ཏུ་ཁྱེད་ཀྱིས་སྐད་ཆེན་པོ་རྒྱབ་ན་དགོས་པ་ཆེ་རབས་ཤིག་ཀྱང་གསུང་འདུག ད་བོང་བུའི་སྐད་དེ་རྒྱབ་ན་མ་གཏོགས། ཁག་ཅི་ཡོད་བོང་བུའི་རྫི་བོས་བོང་བུ་མ་གཏོགས་རིག་མེད་དུས་མི་ཐམས་ཅད་ཀྱིས་བོང་བུའི་སྐད་རྒྱོབ་ཤོག་ཅེས་བསྐུལ་གྱིས་འདུག
ཁྱེད་ཀྱིས་མ་མཐོང་གནས་མང།
བོང་བུས་མ་བགྲོད་ས་མང།
ཨོ་ཀུ་རྩེད་ཞུས་ཡིན་དཱ།
ཡིན་ནའང་ངས་ཁྱེད་ཀྱི་ཐུགས་དོན་འགྲུབ་ཕྱིར་བོང་བུའི་སྐད་ཅིག་རྒྱབ་ཀྱི་ཡིན་དཱ།
ཨོང་ཨུང་ཨོང་ཨུང་་་་་་་ ཨོང་ཨུང་ཨོང་ཨུང་་་་་་་ ཨོང་ཨུང་ཨོང་ཨུང་་་་་་ ཨོང་ཨུང་ཨོང་ཨུང་་་་ཨོང་ཧུང་་་་་་
ཡིན་ནའང་ངས་བོང་བུའི་རྫི་བོར་འགྲོ་མ་མྱོང་བས་བོང་བུའི་སྐད་ལའང་དེ་ཙམ་གྱིས་རྒྱུས་མངའ་མེད་པས་འགྲིག་མེད་ན་དགོངས་དྭངས་ཞུ།
ལ་སྟོད་བུ་།
ཨ་ཨ་།
མཐའ་སྡོམ་མོ་བ་ཟེར་བ་དང་་།་ཚན་རིག་པ་ཡིན་ཟེར་བ་།འཇིག་རྟེན་གྱི་གནས་ལུགས་ཤེས་ཟེར་བ་༼དཔེར་ན་དམར་སྲུང་དམག་༽དོན་གྱིས་གཅིག་རེད་།
དེ་བས་མོ་བ་ཟེར་ནས་སྡིག་རྒྱུ་ཞིག་མི་འདུག་ཟེར་བ་དེ་རེད་།
ད་ཧ་གོ་སོང་ངམ་།
བོང་རྫི་ལགས།
དེ་ཡིན་ན་ང་གཉིས་བསམ་ཚུལ་མཐུན་པ་རེད།
ངས་ཀྱང་མོ་བ་དང་ལྷ་བ་སོགས་ལ་སྡིག་རྒྱུ་མེད་པར་བརྩི་མཐོང་བྱེད་དགོས་ལུགས་བཤད་ཡོད་དོ།
ད་ཧ་གོ་སོང་ངམ།
བོང་རྫི།
ད་ཧ་གོ་སོང་ངམ། དོན་ངོ་མའི་ཐོག་ལ་འབབ་དུས། ཁྱེད་ཚོར་ལན་རྒྱག་ཡས་མིན་འདུག་ག
བྱས་ཙང་ང་གངས་དཀར་ལྷ་མོ་ཁ་རོག་ཞོག གཉིད་སད་ན། ཁྱེད་ཚོ་རྔོ་ལོ་ལངས་ནས་འཕྱར་བཅུག་གི་ཡིན་དཱ།
ཡ་བོང་རྒན།
འགྲིག་སོང་། དོན་ཐོག་ལ་ལན་རྒྱག་ཡས་མིན་འདུག དང་པོ་གཏེར་ལ་འདྲི་བ་ཞིག་འདོན་པར་ཤུགས་ལྡན་བསྟེན་མཁན་རེད་ཟེར། དེ་ནས་འདྲི་བ་འདི་སྙིང་ལ་འཁེལ་བ་རེ་འདོན་དུས་ད་དམར་སྲུང་དམག་རེད་ཟེར། བཤད་རྒྱུ་མེད་ན་དང་པོ་ནས་ངར་རྒྱུ་བཞག་ན་ལེགས།
མཐའ་མ་དེར་གཏེར་དེ་ཚོ་ཡིད་ཆེས་ཁུངས་བརྟན་མེད་པ་ཁས་བསླངས་སོང་བ་དེ་ངའི་འདྲི་བ་ལ་ལན་རྒྱག་མ་ཐུབ་པའི་ཕྱིར། ཁྱོད་ལ་ཆོས་འཇིག་བརྟེན་གཉིས་ཀའི་ཡོན་ཏན་ཏིལ་འབྲུ་ཙམ་མེད་པར་འདིར་ཡོང་ནས་ང་ལ་རྫིག་རྫིག་བཏང་ཡས་ཞོག་ཨ། ད་དུང་རྙོག་འདྲ་བཤད་ན་ཁྱོད་ཀྱི་འདི་ཕྱི་གཉིས་ཀར་ཚད་མར་འཛིན་པའི་གཏེར་ཆོས་འདི་ཚོའི་བརྫུན་ཁུང་འདོན་གྱི་ཡིན་ད།
གངས་དཀར་ལྷ་མོ་།
རེད་ལགས་།
ཁྱོད་ཀྱིས་གཞན་གྱིས་བཏོན་པའི་དྲི་བ་ཚང་མ་ལན་བཏབ་ནས་ཡོང་བ་ཡིན་ཕྱིར་།གཞན་གྱིས་ཀྱིས་ཁྱེད་ལ་ལན་ཁྱེད་ཀྱིས་སེམས་ན་དྲན་པ་བཞིན་དུ་འདེབས་དགོས་ཡོད་པ་རེད།
དགོངས་དག་།
འཇིག་རྟེན་ནི་ཁྱོད་ཀྱིས་དྲན་པ་བཞིན་དུ་འཁོར་གིན་ཡོད་པ་མ་རེད་།
ཁྱོད་གཏེར་མ་གང་ལ་ཡིད་ཆེད་མེད་ཅེས་བཤད་ཀིན་ཡོད་།སུས་ཁྱོད་ལ་ཡིད་ཆེད་བྱོས་་དགོས་།ཡིད་ཆེན་མ་བྱས་ན་།
གསར་བརྗེ་ངོ་ལོག་དང་།བཀས་བཀོད་རྒྱུན་འཛིན་གྱི་མིང་ཐོག་ནས་བཙོན་དུ་བསྡུ་གིན་མི་འདུག་།དེ་བས་གཞན་ལ་ཡིད་ཆེད་ཡོད་མེད་དེ།གཞན་གྱི་ལག་ཏུ་སྤྲོད་ཞོག་།
དངོས་གནས་”མི་བུ”་དང་”མི་གཞི་”སྙིང་སྟོབས་གླེང་བ་དག་གིས་འདིས་ཁྱད་པར་ཙམ་ཡང་ཤེས་ཀིན་མི་འདུག་གམ་།
ང་དུང་སྒུག་བསྡད་ཡོད་།
ཁྱོད་ཀྱིས་”ཚན་རིག་གི་”ཐོག་ནས་ལྷ་བ་མོ་བ་ཚང་མ་རྫུན་མ་ཡིན་པ་སྒྲུབ་རྒྱུ་ཟེར་ཀིན་ཡོད་པ་མ་རེད་དམ་།
ཚན་རིག་གི་ལམ་ནས་ཅིག་སྒྲུབ་དང་།དེ་ནས་སྐད་ཆ་ཡོང་གིན་རེད་།
དེ་མིན་འདི་སློབ་གྲྭ་ནང་གི་”ཆབ་སྲིད་”སློབ་སྤྱོང”་དང་།”སློབ་གྲྭའི་དམག་སྤྱོང་”མ་རེད།
ནུབ་དང་གཞན་ལ་གནོད་པ་མ་བྱེད་པའི་འོག་ཏུ་རང་གི་ག་རེ་བྱས་ཀྱང་།རང་གི་ཐོབ་ཐང་རེད་།དེ་བས་མི་བློ་ལྡན་པ་གཉིས་ཀྱིས་གཅིག་གིས་གཅིག་སྤྲུལ་སྐུ་རུ་ངོས་བཟུང་།གཅིག་གིས་དེ་ཡིན་པའི་བློ་བསྐྱེད་།
ཁྱེད་ཚོ་འདུག་མི་ཐུབ་པ་ཅིག་གང་ནས་ཡོང་གིན་འདུག་།
གོང་གི་ངས་དྲིས་བའི་སྐད་ཆ་ཚང་མ་ལན་ཐོབས་དང་།དེ་ནས་སྐད་ཆ་སྐྱིད་པོ་ཡོང་གིན་རེད་།
ལྷག་པར་ཏུ་”ཚན་རིག་”དང་”མི་གཞི”་ཡི་སྒོ་ནས་ལོབ་དང་།དེ་ནས་ཕྱི་གསལ་ནང་གསལ་ཡོང་གིན་རེད་།
མ་རེད་དམ་།
ལན་ག་རེ་འདེབས་རྒྱུ་ཡིན་པ་སེམས་སུ་ཏན་ཏན་རེད་།
ཁྱད་པར་དུ་བཀུར་འོས་པའི་༧ བློ་གྲོས་མཐའ་ཡས་ལགས། མཆོག་གིས་བདག་ལ་ཐུགས་སྨོན་གནང་བར་བཀའ་དྲིན་ཆེའོ། གོང་དུ་མཆོག་ཉིད་ཀྱིས་བཤད་པ་བདེན་རེད་ལགས། ཡིན་ན་ཡང་གཏམ་ལན་པོ་མེད་ན་ལྐུག་པ་དང་ཟས་ལན་པོ་མེད་ན་ཁྲམ་པ་ཟེར་བའི་དཔེ་བཞིན་སོང་ན་མི་ཉན་པས། དུས་ཚོད་ཅུང་ཟད་རེ་གཏོང་བ་ཡིན། ནམ་རྒྱུན་དུ་ང་ཚོ་གངས་རིའི་ལས་དབང་ལ་བསམ་བློ་གཏོང་ཆེ་ནས་རྨི་ལམ་བཟང་ངན་མང་ པོ་རྨིས་ཀྱིན་འདུག ང་ལ་ཡོན་ཏན་གཞན་སྣ་གཅིག་མེད་ཀྱང་ང་ཡི་རྨི་ལམ་འདི་དག་ལུང་བསྟན་དངོས་དག་ཅིག་ ཡིན། ང་ཡི་རྨི་ལམ་རྩ་ཆེན་ཞིག་ཏུ་འཛིན་མཁན་ཞིག་ཡིན་ནས་བཟུང་། ང་ལ་ཡིད་ཆེས་ཡོད་པ་ཚོས་གསོན་དང་། ཁྱད་པར་ལ་རྒྱ་ཅན་གྱི་མཁན་སྤྲུལ། རང་ཆོས་བསམ་པའི་ཕོ་རབ། རང་རིགས་དྲན་པའི་མཛངས་མ། བོད་རིགས་རྒན་གཞོན་བྱིས་པ་ཕལ་ཆེ་བས་ངེད་ཅག་གངས་རིའི་ལྗོངས་ཀྱི་ལས་དབང་ དང་། ལ་རྒྱ་བསམ་ནས་རང་སྲོག་ལ་མི་འཛེམ་པ་འདི་ཚོ་དྲན་ཚེ་གཉིད་ཀྱང་ཡེ་ཡོང་གི་མི་འདུག་མོད། གཉིད་མ་འོང་ན་རྨི་ལམ་ག་ནས་འབྱུང་། ད་ཡིན་ན་སད་རྨི་བར་ནས་སྣང་ཆ་གལ་ཆེན་པོ་ཞིག་ཞུ་འདོད་བྱུང་ཡ། སྔོན་བདག་གི་བལྟས་ངན་གྱི་རྨི་ལམ་ལས། པོ་ཏ་ལ་ཡང་གས་ཆག་་་་་སོགས་བཤད་པ་དེ་དག་སྣང་མེད་དུ་མ་བཞག་ན་བསམ་གྱིན་ཡོད། གང་ཡིན་ན་ང་ཚོ་ཚང་མ་བོད་ཀྱི་བསྟན་སྲིད་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ཚེ། བོད་རིགས་རྒྱལ་ཕྱི་ནང་གི་ཁྱད་པར་མེད་པར་རང་རང་གི་ཁ་རྒྱབ་ཙམ་གྱི་ཆེད་དང་ཕ་ མའི་ལྟ་བ་ལོག་ལམ་དུ་སོང་བ་དེ་རྩ་ཆེན་ཞིག་དུ་མི་འཛིན་པར། ཁ་ངོ་ལྐོག་མཚུངས་པར་ ༧གོང་ས་ཡིད་བཞིན་ནོར་བུའི་དགོངས་བཞེད་བཞིན་དུ་བོད་རིགས་གཅིག་ཡིན་ནས་བཟུང་ སྟེ་དོལ་རྒྱལ་དམ་སྲིའི་རིགས་ལ་མཆོད་གསོལ་སྐྱབས་འཇུག་བྱེད་པ་འདི་དག་མཚམས་ འཇོག་དགོས་ཀྱིན་འདུག དེ་མ་སྤངས་ན་གངས་རིའི་རང་བཙན་ཞེས་པ་དེ་ཡང་ནམ་ལངས་ཀྱི་སྐར་མ་བཞིན་དུ་འགྱུར་ ཉན་འདུག་པས། ཀུན་གྱིས་བག་ཡོད་པར་གྱིས་ཤིག ། མདོར་ན་བོད་ཡུལ་གྱི་བསྟན་སྲིད་སྤྱི་དོན་ལ་བསམ་ནས་དོལ་རྒྱལ་ལ་སྐྱབས་གནས་ བསྟེན་པ་དེ་མཚམས་འཇོག་བྱེད་མ་ཐུབ་ན་བོད་ཡུལ་རང་ཆོས་ཟིན་པའི་དུས་ཞིག་མེད་པ་ ནི་ཤེས་པར་མཛོད་ཅིག དེ་ངའི་རྨི་ལམ་དང་ཉམས་སྣང་རེད་ཡ། དེ་མིན་མང་པོ་ཞུས་ན་ཉོབ་འགྲོ་གི་འདུག གལ་ཆེན་པོའི་རེ་བ་ཞིག་ཞུས་ན་དོལ་རྒྱལ་ད་སྔོན་བསྟེན་པའི་གངས་ཅན་བླ་མ་རྒྱ་བོ་གཙོས་བོད་རྒྱལ་ཕྱི་ནང་གི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ནང་ན་དོལ་རྒྱལ་ལྷ་ རུ་འཛིན་པ་ཚོས་མི་བརྟེན་པ་དང་མི་བརྔན་པར་༧གོང་ས་མཆོག་ལ་བཤགས་སྡོམ་བཟོད་གསོལ། དོལ་རྒྱལ་མི་སྒྲུབ་པར་ཁས་ལེན་མཛད་པར་མཁྱེནན། ཁྱད་པར་རྒྱལ་ངན་དེས་དར་ལྕོག་བོད་ཡུལ་གྱི་རི་གླིང་ལ་སྒྲོན་པ་དེས་ལྷག་རང་ཡུལ་ ཉམས་བསྐྱེད་ཞིག་མི་འདུག་པས་མི་མཛད་པར་མཁྱེན་མཁྱེན། འདི་ནི་མི་ཆོས་བླ་མ་བཤད་པ་ཞིག་ཡིན་ཡང་མི་ཆོས་བླ་མའི་རྫུན་ཞིག་ནི་གཏན་ནས་ མིན་ནོ། ། ད་དུང་དེ་འདྲའི་རིགས་བོད་རིགས་སྤྱི་ལ་ཕན་བདེའི་རིགས་ལ་གོང་སྤེལ་དང་གནོད་ པའི་རིགས་ལ་བག་ཡོད་པར་བྱས་ན་ཀུན་འདུས་ཀུན་འཛོམས་ཀྱི་དགའ་སྟོན་ཆེན་པོ་ཞིག་ཀྱང་འཆར་རྒྱུ་ཡོད་ངེས་སོ། ། མ་ཏི་རཏྣའི་བསྐུལ་མ་ལ་བསྟེན་ནས་གུས་པ་ཤྲྰིའི་སྙིང་ཁྲག་དྲོན་མོ་དེ་ཁ་ནས་ཐོལ་བྱུང་དུ་ཐལ་ལོ། །
ཚན་རིག་པས་འགྲེལ་མི་ཐུབ་པའི་དོན་དངོས་ཀྱི་བྱུང་བ་གང་མང་ཡོད། དཔེར་ན། རང་ཉིད་སྐྱེ་བ་སྔོན་མ་གང་དུ་སྐྱེས་པ་དང་དེའི་དུས་ཀྱི་ཕ མ་སྤུན་ཉེ་སོགས་རེ་རེ་བཞིན་ངོན་འཛིན་ཐུབ་པ་དེ་འདྲ་བྱུང་བ་རྣམས་ལ་ཚན་རིག་པས་ཇི་ལྟར་འགྲེལ་བཤད་རྒྱག རྩ་ལྷག་པ་ཞིག་ཡོད་པ་རེད་ཟེར་རྒྱུ་རེད་དམ་ཡང་ན་རྩ་འཁྲུགས་པ་རེད་ཟེར་རྒྱུ་རེད། དེར་མ་ཟད་མི་འགའ་རེས་ཁྱོད་ཀྱིས་སྔོན་ཆད་ཅི་བྱས་དང་མ་འོངས་པར་ཅི་འབྱུང་སོགས་གསལ་གསལ་ཐིང་ཐིང་ངང་གླེང་ཞིང་། ཁྱོད་ཀྱི་ཡུལ་དང་ཁྱིམ་དུ་གཏན་ནས་འགྲོ་མ་མྱོང་ནའང་ཁྱོད་ཚང་གི་ཁང་པ་གང་འདྲ་ཡིན་པ་དང་སྒོ་ཕྱོགས་གང་དུ་ཡོད་པ། ཁང་པའི་ཁོར་ཡུག་ན་གང་དང་གང་ཡོད་པ་སོགས་ཁྱོད་རང་ལས་ཀྱང་ལྷག་པ་བཤད་ཐུབ་ཀྱིན་འདུག་པ་དེ་འདྲ་ལ་ངའང་ཐུག་མྱོང་། འདི་འདྲ་ལ་ཚན་རིག་པས་ཅི་ཟེར་རམ། ཉམས་ལེན་ལ་བརྟེན་ནས་འཆི་ཁར་ཐུགས་དམ་དུ་བཞུགས་ཏེ་ཉིན་མང་པོའི་རིང་དེ་ག་གང་དུ་བཞུགས་པའི་ཚུལ་འདི་ལ་ཚན་རིག་པ་ཚོས་ཅི་ཟེར་རམ། ད་དུང་མང་པོ་འདུག་ཀྱང་དཔེ་མཚོན་ཙམ་གྱིས་ཆོག་པར་བྱས་སོ།
དཔལ་དགྱེས་ཚང་ཕེབས་པར་དགའ་བསུ་ཞུ།
ཨོ་ཡ། དགྲ་གྲོགས་ལ་ངེས་པ་མེད་ཟེར་བ་དེ་ཅི་མ་བདེན་མོད། གང་ལྟར་དྲྭ་གྲོགས་ཚོས་ལེགས་པོ་དཔྱོད་དང་འདྲེ་དོལ་རྒྱལ་འཐད་ནས་བས་ཞིབ་བསམ་ལེགས་པོ་གནང་དང་ངས་འདི་ནས་བན་བོན་གང་ཡང་དགྲ་རུ་བཟུང་བ་གཅིག་ཀྱང་མེད་པས། དགྲ་གྱོད་མི་དགོས་སར་དགྲ་གྱོད་ཆེན་པོ་ཡོད་མདོག་གིས་ལྷག་བསམ་ཁྱེད་ཚོས་ཁ་མཆུ་མི་དགོས་པར་བསྟན་དོན་ལ་ང་རང་བསད་ཀྱང་ཆོག་ལགས །བསྟན་པ་ཡང་དག་སྤྱི་ལ་བསམ་ཞིབ་བྱས་ནས་ང་རང་གི་ཤེས་བཞིན་བརྗོད་པ་ཞིག་ཡིན། དོལ་འདྲེ་ཤྭགས་རྒན་དངོས་དེ་མེད་པར་བསྒྲལ་དུ་ཟིན་ཀྱང་ཟ་འདྲེ་ཤི་གཤེད་གདུག་པའི་དཔུང་ཚོགས་ཉི་རྡུལ་ལས་མང་བ་ཡོད་པ་དག་ལ། སྐྱབས་སུ་མ་འཛིན་པར་སྙིང་རྗེའི་ཡུལ་དུ་བཟུང་ནས་མགྲོན་བཞི་དབྱེ་གསལ་ཞིག་གངས་ཅན་པ་ཁྱེད་ཚོས་ཤེས་ན་བསམ་ཡོད། དེ་ལྟར་ཤེས་ན་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ནང་ན་གྲུབ་མཐའ་ཁ་ལ་ཁྱེར་ནས་སྒྲུབ་མཁན་འདི་རེད་དེ་རེད་བཤད་དགོས་པ་དང་། ཆོལ་ཁའི་ཕྱོགས་ཞེན་ཁ་ཁོག་ཏུ་འཛིན་ནས་ཁ་བརྡ་བཤད་པ་སོགས་གང་ཡང་མིན་པར་གངས་ཅན་ལྗོངས་ཀྱི་ལྷ་དང་འདྲེ་གཉིས་མ་ནོར་བ་ཞིག་ཤེས་ནས་སྒྲུབ་པར་བྱས་ན་ལེགས་སོ་བཤད་ཀྱིན་ཡོད་པས་བློ་གྲོས་རྣམ་དཔྱོད་དང་ལྡན་པ་ཚོས་མཁྱེན་པར་མཛོད་ཅིག ། གོང་གི་གཤིས་བོན་དག་མ་ཕུར་བ་སྐྱབས་དང་བན་དེ་དག་མ་འཇམ་དཔལ་རྣོན་པོ་སོགས་དགོངས་པ་མ་ཚོམས་ན། ཨ་ཆེན་ཐང་ནས་རྟ་རྒྱུགས་དུས། བྲག་ཕུག་བན་རྒན་རྐུབ་ཚ་དགོས་ཅི་ཡོད། ། ཟེར་བའི་དཔེར་ལྟར་ལྷག་བསམ་མིང་འཛིན་ཤི་འདྲེ་གཟུགས་མེད་ཁྱེད་དེ་ཙམ་ངར་དགོས་དོན་ཅིག་འདུག་གམ། ཡོད་ན་ལྷག་བསམ་མཆོག་གིས་བན་བོན་གང་རུང་གི་རང་ལུགས་ཉི་ཚེ་བ་ཞིག་བཟུང་དང་ངས་ཁྱི་སྐྱུག་པ་བཞིན་དུ་བྱེད་ཆོག་ཡ། ། གང་དྲན་དུ་ཤྲྰི་མ་ར་ཡས་སོ།
སྨོན་ལམ་བཟང་པོས་༧རྒྱལ་བའི་བསྟན་པ་ལ། །
འཁུར་བླང་དཀར་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྦྱོར་བཟང་བའི་འཇུག་པ་མ་ལུས་པ། །
མཆོག་གསུམ་བདེན་པས་རྩེ་མོར་རྒྱལ་གྱུར་ཅིག །
ཨོ་ཡ། ད་ཡིན་ན་དགྱེས་རྡོར་ལུང་པའི་ཕུགས་ལ་དེད་འདུག་གཱ གངས་དཀར་ལྷ་མོ་འདི་ངར་མ་ཞིག་ཡིན་ས་རེད།
དགྱེས་པ་རྡོ་རྗེའི་རྡོ་རྗེ།།
ལྷ་མོའི་འོག་ཏུ་ཤོར་སོང་།
དགྱེས་པ་དགྱེས་རྒྱུ་མེད་ན།
མི་གཏོང་ཁོ་ཐག་རེད་ཤག
xxxxxx
གསལ་བཤད་དང་རེ་སྐུལ།
ད་ཕན་ཁ་བརྡའི་ངོས་ནས། དོན་མེད་གླེང་རྙོག་བཟོ་མཁན་དང་ྐླན་ཀ་འཚོལ་མཁན། ཁུངས་མེད་སྐྱོན་འཛུགས་བྱེད་མཁན་སོགས་ཕར་བཞག
གཞན་དྲ་གྲོགས་ཚང་མའི་བསམ་ཚུལ་ལ་བརྩི་བཀུར་གང་ཐུབ་ཞུ་བཞིན་ཡོད། འོན་ཀྱང་། དྲ་གྲོགས་རེ་ཟུང་དུས་རྟག་ཏུ་མིང་འདྲ་མིན་འོག་ཡིབ་ནས།
ྐླན་ཀ་འཚོལ་བའི་ལས་ཀ་རྐྱང་བྱེད་ཀྱིན་འདུག་པས། དེའི་རིགས་འགོག་བཞིན་ཡོད། བོང་རྫི་ལགས་གནས་སྐབས་སུ་བཀག་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
གོང་དུ་༼གལ་ཆེན་པོའི་རེ་བ་ཞིག་ཞུས་ན་དོལ་རྒྱལ་ད་སྔོན་བསྟེན་པའི་གངས་ཅན་བླ་མ་རྒྱ་བོ་གཙོས་བོད་རྒྱལ་ཕྱི་ནང་གི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ནང་ན་དོལ་རྒྱལ་ལྷ་རུ་འཛིན་པ་ཚོས་༽ཞེས་པ་འདི་ནི་ང་རང་སྒེར་མིང་བེད་སྤྱོད་ལྟ་བུ་ཞིག་གིས་བཤད་པ་ལས་ཁ་བརྡ་དྲ་བ་དང་ཆོལ་ཁ་ཆོས་ལུགས་སོགས་ཕྱོགས་ཞེན་གྱི་དགྲ་གྱོད་བྱས་པ་གཅིག་གཏན་ནས་མིན་ལགས།
སོ་ཟིན་འཛིན་མཚམས་མེད་པའི་ཁ་བརྡ་ཙམ་དུ་མ་སོང་བར་ལྷག་བསམ་ཁྱོད་ཚོས་ངོ་གདོང་གསལ་བོ་ཞིག་སྟོན་དང་གཟོད་དོལ་རྒྱལ་ལྷ་རུ་འཛིན་པའི་ཕྱི་ནང་གསང་བའི་ལོ་རྒྱུས་དང་བཅས་པ་ཁ་གསལ་བོ་བཅས་བཤད་ཆོག་ཡ། །
འཕྲོས་དོན་ཞིག་ལ་སྲིང་ཆུང་རླིག་ཅན་འདིས་ངའི་གཡག་རྩོམ་དེ་ཚོ་བདག་ཏུ་འཟུང་ལུགས་ལ་བལྟས་ན་ཞེ་གཏིང་ནས་བན་སར་ངའི་རྐུབ་ལ་ཡང་ང་དགའ་དད་བྱེད་ཀྱིན་ཡོད་པ་འདྲ། ཡིན་ན་ཡང་ང་སུ་ཡིན་ཙམ་ཡང་ཤེས་ཀྱིན་མི་འདུག ང་ལ་ཚོགས་པ་ཞིག་ཐེ་ཝན་ན་གཏན་ནས་མེད་པར་མ་ཟད། ངས་ཐེ་ཝན་རྒྱ་མོ་ཧ་ཡང་མི་གོ ཐེ་ཝན་དུ་འགྲོ་ཡང་མ་མྱོང་ན། ཅི་ཟེར་སྒྲོ་བཀུར་བྱེད་པ་ཁྱོད་རང་མགོ་ན་གཟེས་རེད་ལགས་། ཨོྃ་བྷྲུྃ་སྭྰ་སྭ།
ཕུར་པ་སྐྱབས་ལགས་གཡམ་རྒྱུགས་མ་གནང་དགའ་ཡ། ན་ནིང་ངས་ཧི་གཟུགས་ནང་དུ་བྲིས་པའི་རྒྱ་ནག་འདྲེ་མོ་ཁྱི་ཁ་ར་མཆུ་ལ་ཕུལ་བ་ཟེར་བ་དེ་གོ་མེད་པར་བལྟས་ན་ཁྱེད་ཚོ་ལ་འདྲེ་མོ་དང་བདུད་གསོལ་མཁན་གྱི་ཞྭ་མོ་གཡོག་པར་ཙམ་མ་ཡིན་པར་རང་རྟགས་ཕྱི་རུ་བསྟན་པ་རེད། ། གྲྭ་འཁྱམ་ང་ཤེས་འདོད་ཡོད་པ་ཚོས་རྡོ་འབུམ་དྲ་བའི་ནང་དུ་ཤོག་དང་ངའི་གཞི་ཁྱིམ་ཚང་མ་དེ་ན་ཡོད་དོ། །
མ་ཚད་ཁྱོད་ཀྱིས་གཏེར་ཆོས་ཀྱིས་མགོ་ན་ནས་གྲུབ་དབང་ཡིད་བཞིན་ནོར་བུ་ལ་མཚན་སྨད་དང་གཟན་དཀར་རིན་པོ་ཡོད་ས་ནས་བགྲོ་གླེང་བཤད་འདོག་བསྟན་པ་འདི་དང་བགད་བྲོ་བ་སྐྱུག་བྲོའི་སྐད་ཆ་སྔ་ཕྱི་མི་མཚུངས་པར་རང་རེད། དེང་དུས་འདོད་ཆུང་ཆོག་ཤེས་དང་མཚན་ལྡན་གྱི་བླ་མ་དམ་པ་བཤད་སྒྲུབ་ཕྲིན་ལས་ཅན་༧སྐྱབས་རྗེ་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་འདྲ་བ་འཛམ་གླིང་ན་དཀོན་པའི་མཁས་དབང་ཚོ་ལ་སྤྱི་གསལ་ཡིན་པ་མངོན་སུམ་རེད། ང་རང་དང་ཆོས་ནོར་རྒྱུ་ཡི་འགྲུལ་འབྲེལ་སོགས་འབྲེལ་བ་མེད་ཀྱང་དམ་པ་དེ་ལ་རྒྱུ་མཚན་ཤེས་པའི་དད་གུས་ཡོད། ཁ་སྔོན་ཞིག་ལ་༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་གྱི་མིང་མཛོད་ལ་ཡི་རང་དང་སྔོན་གཏམ་གླེང་བ་སོགས་གངས་ལྗོངས་རིག་གནས་སྤྱི་ལ་ཕན་བདེ་ཉག་གཅིག་མཛད་མཁན་གྱི་བླ་མ་བྱ་བྲལ་བ་ཞིག་རེད། དེ་ཚོའི་ཞབས་སུ་ཐག་པ་འདོག་བསམ་གྱིན་ཡོད་དམ། ང་ཚོའི་བརྗོད་གཞི་གཙོ་བོ་ནི་ཨོ་རྒྱན་པདྨས་མཛད་པའི་བོན་ཆོས་རྣམ་དབྱེ་བཞུགས་སོ། །ཞེས་པ་འདི་རེད། དེས་ཁྱེད་མགོ་ན་བ་རེད་དམ་མ་རེད། ཨོ་རྒྱན་པདྨའི་མཚན་དང་གཏེར་ཆོས་གཏེར་སྟོན་ལ་སྡང་ནས་ཁྱེད་ལ་མགོ་ནད་ཕོག་པར་དེ་དྲན་ཀི་འདུག་གམ། དྲན་གྱིན་འདུག་གམ། དེས་ན་་་་་་་ང་ཡིས་འདི་དག་ལུང་ཡང་དག་ཡིན་མིན་སོགས་་་ད་དུང་་་་་་་ཤྲྰིས་སོ
ཨོ་ཁ་བརྡ་ཚང་ནས་མིང་རྫུས་འོག་ནས་བྱ་སྤྱོད་ལོག་པར་བེད་སྤྱོད་མཁན་བོང་རྫི་མཐའ་ཡི་རྒྱ་མཚོའི་ཕ་མཐར་བསྐྲད་ཡིན་གསུང་སོང།ཁོ་དེ་འདྲ་ཞིག་ཡིན་རྒྱུ་རེད།
ད་བོང་བུའི་རྫི་བོ་ཞིག་བཀོད་དགོས་འདུག
དེ་མིན་བོང་བུ་ཐམས་ཅད་སྟག་གིས་བཟའ་རྒྱུ་ཉག་ཅིག་རེད།
དྲ་རོགས་གྲོགས་པོ་ཚོ། དཔལ་དགྱེས་པ་རྡོ་རྗེ་འདི་ནི་གཞན་དང་མ་འདྲ་བ་ཞིག་འདུག
དྲ་ཁང་དག་གི་ནང་དུ་ནང་ནས་ཉུལ་འདུག་ཀྱང་ལེགས་པའི་ཆ་ཡང་འདུག
གཟིགས་དང་སྔོན་ཁོས་བྲིས་པའི་ལུང་བསྟན་ཞིག་འདི་ན་འདུག
http://www.facebook.com/profile.php?id=100000455764759#!/photo.php?pid=356999&fbid=153558314669360&id=100000455764759
གལ་ཏེ་སྒོ་ཕྱེ་མ་ཐུབ་ན་འདིར་བྲིས་ཡོད།
༄༅། །རྨི་ལམ་གྱི་མཐོང་ཚུལ་དང་ཡིད་ཆེས་བརྙེས་པའི་ལུང་བསྟན་དུས་གསུམ་གསལ་བའི་མེ་ལོང་། །
ན་མོ་མ་ཧྰ་གུ་རུ་པདྨ་ཀ་ར་ཡེ། །
བདེ་ཆེན་ལྷན་སྐྱེས་དགྱེས་པ་རྟག་རོལ་བ། །
ཉིན་མཚན་ཁོར་ཡུག་འོད་གསལ་ངང་གནས་པའི། །
འཕགས་བོད་མཁས་གྲུབ་བླ་མ་བརྒྱུད་པར་བཅས། །
མི་ཕྱེད་དད་པའི་ཕྱག་གིས་ཡང་ཡང་འདུད། །
རྩ་ཁམས་ལས་རླུང་གཡོས་པའི་ཀུན་རྟོག་རྩལ། །
བག་ཆགས་རང་སྣང་ཞེན་པའི་འཁྲུལ་རྟོག་ཆེ། །
སྟོང་གཟུགས་རྨི་ལམ་སྒྱུ་མའི་གྲོང་ཁྱེར་དུ། །
སྐྱེ་བོ་ཕལ་ཆེར་རང་དབང་མེད་པར་འཁྲུལ། །
མ་བརྟགས་བདེ་སྡུག་ཚོར་བ་བསླུ་མེད་ཅིང་། །
བརྟགས་ན་རྡུལ་ཙམ་རང་བཞིན་མ་གྲུབ་པས། །
རྨི་ལམ་དང་ནི་ད་ལྟའི་སྣང་བ་ལ། །
བདེན་རྫུན་ཁྱད་པར་གང་གིས་འབྱེད་པར་ནུས། །
རྣམ་རྟོག་བློ་ལས་འགོངས་པའི་ལྐོག་གྱུར་ཅིག །
རྣམ་དཔྱོད་རྩལ་ལས་མིན་པའི་འཁྲུལ་སྣང་ཉིད། །
དུས་གསུམ་བརྟག་པའི་ལུང་བསྟན་འཁྲུལ་མེད་དེ། །
རྨི་ལམ་བར་དོའི་སྒྱུ་འཕྲུལ་ཨེ་མ་ཧོ། །
བརྒྱ་ཕྲག་དཀའ་བའི་ཚེགས་ལ་མ་ལྟོས་པར། །
ཐུན་གསུམ་མནལ་དུ་ཡུར་བའི་གཉིད་ཁུང་ནས། །
མི་ཚེའི་གསང་གནད་འཚོལ་བའི་མན་ངག་དེ། །
རྨི་ལམ་རྣལ་འབྱོར་ལས་གཞན་མེད་ཅེས་གསུངས། །
ལྕགས་ལ་གསེར་འགྱུར་རྩི་ཡིས་བཏབ་པ་བཞིན། །
རྨི་ལམ་སྤྲུལ་བསྒྱུར་འོད་གསལ་འབྱོངས་པ་ཡིས། །
སྣང་སྲིད་དག་པའི་ཞིང་དུ་བསྒྱུར་བའི་ཚེ། །
ཡ་མཚན་ལྟད་མོ་སེམས་ཀྱི་གསང་ནས་མཐོང་། །
གྲངས་མེད་འཇིག་རྟེན་མང་པོས་ཆོད་པ་ཡི། །
དག་པའི་ཞིང་ཁམས་མིག་འཕྲུལ་ལྟར་བགྲོད་ནས། །
རྒྱལ་དང་རྒྱལ་བའི་སྲས་ལས་ཟབ་རྒྱས་ཀྱི། །
ངོ་མཚར་གདམས་ངག་ནོད་པར་ཨེ་མ་ཧོ། །
སྔོན་དུས་སྟོན་མཆོག་ལྷ་ལས་བབས་པ་གཅིག །
པདྨ་འབྱུང་གནས་བོད་དུ་ཕེབས་པ་གཉིས། །
དམ་པ་མང་པོའི་གཟིམ་ལམ་ལུང་བསྟན་གསུམ། །
མཇལ་བས་རྨི་ལམ་གདམས་པ་ཤིན་ཏུ་ཟབ། །
བདག་ལ་བཟང་པོ་ཡོན་ཏན་ཆེར་མེད་ཀྱང་། །
ཆུང་ནས་རྨི་ལམ་བཟང་ངན་ཐིག་མོ་ཞིག །
ཡིད་ཆེས་ང་ཡི་མི་ཚེ་འདི་ལ་བརྟེན། །
དེས་ན་བདེ་སྡུག་འཁྲུལ་མེད་བདག་གིས་མཐོང་། །
སྔོན་ཡང་བདག་གི་ཨ་ཕ་འདས་ཚུལ་དང་། །
དྲིན་ཆེན་ཨ་མ་ནད་ཀྱིས་ཟིན་ཚུལ་དང་། །
ང་རང་རྒྱལ་ཁམས་གང་དུ་འགྲོ་འདུག་ཀུན། །
རྨི་ལམ་ལུང་བསྟན་འདི་ལ་བསྟེན་ནས་སྒྲུབ། །
རང་ཡུལ་མ་དབང་རྒྱ་ཡི་བྲན་དུ་བཀོལ། །
རང་བླ་དམ་པ་ཕྱི་གླིང་ཡུལ་དུ་བཞུགས། །
རང་ཆོས་གཙང་མ་འཛིན་པའི་བན་འཁྱམ་ངས། །
རང་ཆོས་བསྟན་སྲིད་ཕྱོགས་ལ་དྲན་པ་བརྟས། །
རང་གི་རྨི་ལམ་ལུང་བསྟན་མ་མཐུན་ན། །
ཀརྨ་གྲགས་ཆེན་ཡིན་ནས་དད་རྒྱུ་དང་། །
གྲོགས་པོ་རྒྱུ་ཆེན་རིགས་ནས་བརྩེ་གདུང་ཞིག །
མ་བྱུང་ད་བར་ལ་རྒྱའི་དཔལ་ལ་ཆགས། །
ཨ་རིའི་ཕོ་བྲང་གནམ་གྲུས་གཏོར་བ་དང་། །
བལ་ཡུལ་རྒྱལ་འབངས་རང་མྱིས་བསད་པ་དང་། །
རང་ཡུལ་སྐྱེ་དགུར་ས་ཡོམ་གནོད་པ་དག །
བདག་ལ་སྔོན་ནས་རྨིས་ཀྱང་བཅོས་ཐབས་བྲལ། །
གཅིག་ན་བདག་ནི་གྲོགས་མེད་གཅིག་པུར་དགའ། །
གཉིས་སུ་སྙིགས་དུས་སྐྱེ་བོ་མགུ་ཐབས་དཀའ། །
གསུམ་ན་དམ་པ་རྣམས་ནི་སྨྲ་བ་ཉུང་། །
དེས་ན་ཡིད་ཆེས་རྨི་ལམ་བྱེད་པར་དཀོན། །
བོད་རིགས་འདྲ་བའི་དྲང་བདེན་བྱམས་བརྩེ་ཅན། །
བདག་གིས་སྙིང་གྲོགས་དག་ལ་བཤད་པ་ལགས། །
སྐྱེས་བའི་སྒྱུ་ལུས་དངོས་སུ་མ་འཕྲད་ཀྱང་། །
བརྩེ་བའི་གདུང་བ་དྭངས་མ་བོད་ལ་ཕྱོགས། །
ཀུ་རེ་རྩེད་མོ་མིན་པར་སེམས་ནས་དྲན། །
དྲེད་མོ་གཏམ་འཆལ་མིན་པར་དགོས་པར་ལྡན། །
རྨི་ལམ་འཁྲུལ་བ་ཡིན་ཡང་ཐ་སྙད་ཙམ། །
སད་རྨི་བར་དོ་ཚང་མ་འདྲ་མཉམ་ལགས། །
མཆོག་གསུམ་སྐྱབས་སུ་འཛིན་པའི་གངས་ཅན་པས། །
རྒྱལ་འགོང་དམ་སྲིར་བརྟེན་ན་མི་ལེགས་པས། །
བསླུ་མེད་སྐྱབས་གནས་དམ་པ་བཞུགས་པའི་དུས། །
ཐབས་མཆོག་རྟེན་འབྲེལ་མ་རལ་ས་མ་ཡ། །
བླ་མ་ལྷག་པའི་ལྷ་ལ་སྐྱབས་འགྲོ་བར། །
འདི་ཕྱི་བར་དོའི་འཇིགས་པ་བསལ་ཕྱིར་དང་། །
རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་ཕྱིར། །
ཚེ་རབས་གཏན་གྱི་སྐྱབས་གནས་བསྟེན་པ་ལགས། །
ངོ་དགའ་ཁོག་ནག་རང་དོན་ཁ་རྒྱབ་ཙམ། །
དཀོར་རྫས་ཚོང་ལས་ཞིག་ལ་མི་རེ་བར། །
ལས་འབྲས་བདེན་པའི་མཐའ་ལ་ལེགས་བསམ་ནས། །
དད་གསུམ་མི་ཕྱེད་འདུན་པས་སྐྱབས་འགྲོར་འབོད། །
ཤ་རུས་ཁྲག་རྒྱུན་བོད་ལས་མཆེད་པའི་དོན། །
བློ་སྙིང་བྲང་གསུམ་དཀར་པོ་བོད་ལ་མཛོད། །
ལུས་ངག་ཡིད་གསུམ་མཐུན་ན་བོད་རིགས་ཀུན། །
འདོད་གཟུགས་སྲིད་པའི་ཁམས་འདིར་འགྲན་ཟླ་བྲལ། །
ཆོས་ལུགས་ཟེར་ནས་ཕྱོགས་རིས་མཁན་ཞིག་དང་། །
འཚོགས་འདུ་ཟེར་ནས་རང་དོན་ཉི་ཚེ་བ། །
མདོ་སྔགས་རིག་པའི་གཞུང་དང་མི་མཐུན་པའི། །
ལ་རྒྱ་དེ་འདྲ་སྲིད་ན་དབེན་གྱུར་ཅིག །
བཀའ་བསྟན་མན་ངག་རྒྱ་མཚོ་མ་མཐོང་བར། །
སྔ་དུས་སྲོལ་རྒྱུན་དོན་མེད་ཟུར་ཟའི་ཚིག། །
དེང་དུས་ཨ་གསར་ངོ་གཉིས་གྲགས་རྒྱུག་ལས། །
གནའ་དུས་བོན་བན་དེ་ཚོ་ཁྱད་དུ་འཕགས། །
རང་གཤིས་བདེན་པའི་རང་བཞིན་མ་དོར་ནས། །
རང་ལུགས་བྱམས་བརྩེ་ལྷག་བསམ་རྣམ་དག་གིས། །
རང་ཡུལ་གངས་རིའི་འདུག་ཆོས་བསམ་པ་ཚོ། །
རང་གཞན་མི་འདུག་མི་མཆོག་རྒྱལ་བའི་སྲས། །
སྙིང་བརྩེའི་བོད་ཡུལ་ཁ་བ་གངས་ཅན་པས། །
སྙིང་གཏམ་གཙང་མ་ཐུགས་ལས་མི་འདོར་མཁྱེན། །
སྙིང་དང་སྲོག་ལས་གཅེས་པའི་ཆོས་སྲིད་ལ། །
སྙིང་ནས་དམ་ཚིག་དོན་དང་ལྡན་པར་མཛོད། །
རིག་འཛིན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །
རིག་པ་དམ་པའི་ཡིད་དམ་དངོས་གྲུབ་ཐོབ། །
རིག་མ་དགྱེས་པའི་སྙིང་བརྩེས་རྗེས་སུ་བཟུང་། །
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །
ཅེས་པ་རབ་རྒྱན་ལྕགས་སྟག་སྤྲེལ་ཟླ་བའི་དབང་ཕྱོགས་དགའ་བ་དང་པོར་རང་གི་རང་ཡུལ་དྲན་པའི་གདུང་དབྱངས་དང་རྨི་ལམ་ཐིག་པའི་ངོ་སྤྲོད་མདོར་བསྡུས་ཤིག་ཡིད་ངོ་ལ་ཅི་་དྲན་དུ་མྱུར་བྲིས་སུ་དཔལ་དགྱེས་པ་རྡོ་རྗེས་བྲིས་པ་དགེའོ། ། ཤྲྰི་སརྦ་བི་ཛ་ཡནྟུ་ཨ་ལ་ལ་ཧོ། །
པདྨ་གེ་སར་གྱིས་འདིར་དཔལ་དགྱེས་པ་རྡོ་རྗེ་ཚང་གི་ངོ་དེབ་དེ་འདིར་འདྲ་བཤུས་བྱས་པ་པས་དགོངས་པ་མ་ཚོམས། དགོངས་དག
གྲྭ་གྲོགས་རྣམ་པ་ཚོ།
ཅི་འདྲའི་རྣོ་ངར་ཞིག་གིས་རྩོད་ཀྱིན་འདུག གང་ལྟར་ཁྱེད་ཚོས་རང་དོན་ཕྱོགས་
རེ་ཁོག་ཏུ་བཅུག་ནས་སྐད་འདྲ་ཆགས་རེ་ཤོད་ཀྱིན་འདུག་ཀྱང་དོན་དུ་གནའ་བོའི་ནད་རྙིད་དེ་ལངས་ཤག
མཁས་དབང་ཁག་གཅིག་གིས་གུ་རུ་མ་བྱུང་བར་མ་འདོད་ཙང་གུ་རུ་མེད་དགོས་ན་
མཁས་ཁག་གཅིག་གིས་རྗེ་རིན་པོ་ཆེ་བདུད་ཀྱི་སྤྲུལ་པ་ཡིན་པར་འདོད་ཡོད་པས་དེ་ཁས་ལེན་ནུས་སམ།
བདུན་ཡིན་མིན་གང་ཤེས་ཏེ་ས་སྐྱའི་ཆོས་རྒྱུད་ལས་ཆེ་མཐོང་མ་རག་ཙང་གྲུབ་གསར་དུ་བཟོས་མཁན་ཞིག་ནི་་རེད།
ཨ་ཅག་མིང་ཅན་དེ་གཏེར་ཆོས་དང་གཏེར་སྟོན་ལ་མགོ་ན་སོང་ན་ནང་ཆོས་ཡོངས་རྫོགས་ལ་མགོ་མི་ན་བ་གང་ཡིན་ནམ།
གཏེར་ཆོས་ཡིན་ཟེར་ཚད་གང་ཤེས་ཏེ་ཚད་ལྡན་དག་གི་ནང་དོན་ནི་ནང་པའི་གཞུང་གི་ཕྱགས་རྒྱ་བཞི་དང་
བདེན་པ་གཉིས་དང་བཞི་སོགས་ཀྱི་དོན་མ་ནོར་བསྟན་ཡོད་པ་རེད།
ཁྱེད་ཀྱིས་རྟོན་པ་བཞི་ཟེར་བ་ཞིག་གོ་མ་མྱོང་ངམ། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཞེས་དང་ཚིག་མི་རྟོན་དོན་རྟོན་ཞེས་པ་ལ་དོན་སོམ་དང་། འགའ་རེས་གཏེར་ཆོས་ལས་ཁ་ཆེ་དང་གཅིག་ཞེས་ཐོན་སོང་ན་ཞེས་
བཤད་ཀྱི་འདུག
ངོ་མ་དགོད་ཤོར་ས་རེད།
དེ་ན་བསྟན་བཅོལ་ལ་ཡང་ཡིད་ཆེས་མི་རུང་བར་ཐལ་ཏེ།
བསྟན་བྱེད་པོས་ཀྱང་གང་བྱུང་བཤད་སྲིད་པས་སོ།
ཡིན་ཡང་འཇོན་ཐང་ཁ་ཁ་སོ་སོ་རེད།
དགོངས་དག་ངས་དེ་ཡག་པོ་བཀླགས་མི་འདུག
འདི་དྲང་མོར་ཞུས་ཁེ་མཚར་ཞིག་འདུག
སྐྱབས་བཅོལ་ལགས།
དགོངས་དག་ངས་དེ་ཡག་པོ་བཀླགས་མི་འདུག
འདི་དྲང་མོར་ཞུས་ན་ཁེ་མཚར་ཞིག་འདུག་ག
དགྱེས་རྡོ་ལགས། ༼རྒྱ་ནག་འདྲེ་མོ་ཁྱི་ཁ་ར་མཆུ་ལ་ཕུལ་བ་༽ཟེར་ན་ཅི་ཟེར་བ་རེད། ཁྱོད་ཀྱི་སྐད་ཆ་འདི་ངོ་མ་གོ་དཀའ་བར་འདུག
ཁ་བརྡས་འདི་མ་བསུབ་རོགས་གནང་།
འདི་སྐྱབས་བཅོལ་ལགས་ལ་ཡིན།
སྨོན་ལམ་ལོག་པའི་༧རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཤུགས་ཅན་གཤུགས་མེད་སྡེ། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །
མཆོག་གསུམ་བདེན་པའི་རྩད་ནས་གཅོད་གྱུར་ཅིག །
ང་དང་དགྱེས་རྡོར།ཀླུ་སྨོན་གསུམ་གྱིས་དོལ་རྒྱ་བསྟེན་བགྱིད་འདུག་ཟེར་ན། ཟེར་མཁན་སེམས་མི་བདི་བའི་རྱགས་རེད།
ང་དོལ་རྒྱལ་བསྟེན་མཁན་རེད་ཟེར་མཁན་ཁོ་རང་ཁོག་པར་དོལ་རྒྱལ་འདོན་འདྲེ་བཞུགས་པའི་རྟགས་རེད། སང་ཉིན་ཧང་གྷ་རི་འདིར་༧གོ་ང་མཆོག་ཕེབས་བགྱི་ཡོད་རེད། ང་གདན་འདྲེན་ཞུ་མཁན་གྲས་ལ་ཡོད་པ་འདི་སྨྱུག་མིང་སྐྱབས་བཅོལ་བ་ཁྱོད་ཀྱིས་ག་ལ་ཤེས། ད་དུང་དྭོགས་པ་དང་ཤེས་འདོད་ཡོད་ན། སུད་སི་དོན་གཅོད་ཚེ་བརྟན་ཆོས་སྐྱབས་པ་ལ་བཀའ་དྲི་ཞུ་རོགས་གནང་།
xxxxx
ཨོ་རིག་ལགས། ངོ་མ་ཡིན། xxxxx
ཐོག་མར་ཁ་བརྡའི་དྲ་བདག་དང་ཚོགས་མི་ཚོ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་ད་སྔོན་ཡན་ཆོད་ལ་རང་ཡུལ་ཀུན་ལ་འབྱུང་བཞི་གནོད་པ་དང་གལ་ཆེན་པོ་བོད་རྒྱལ་ཁབ་ཆེན་པོའི་ཕྱི་ནང་གི་གནས་ཚུལ་དང་སྐྱིད་སྡུག། ༧གོང་ས་མཆོག་གི་མཛད་ཕྲིན་བཅས་ལེགས་ཆ་དག་བཀོད་ཡོང་གི་འདུག་པས་བཀའ་དྲིན་ཆེ། སྐྱིད་སྡུག་གི་སྐད་ཆའམ་ཁ་བརྡ་བཤད་ས་ཡང་ཡག་པོ་ཞིག་འདུག ང་ཚོ་ཚང་མས་སྔོན་ཧི་གཟུགས་ཟིན་བྲིས་བཞིན་དུ་མི་འགྲོ་བར་གཟབ་དགོས་ཀྱི་འདུག དེ་ཡང་མིང་རྫུན་དང་ཁ་འཁྲུག་དག་དག་བཤད་ནས་ཕུང་སོང་། དེ་འདྲ་མི་འབྱུང་བར་སྨོན། ང་ཚོ་ལ་ཤེས་བྱའི་འདུ་ར་ཁྲ་མོ་ཞིག་གསར་བསྐྲུན་གནང་འདུག ལ་ས་རིག་གནས་དར་སྤེལ་ཆེད་དུཕྲན་པ་བདག་ནི་ཡི་རང་ཡོད་དོ། །
ཨོ། ཀརྡོ་རབ་འབྱམས་པ་འདི་མི་ངོ་ཤེས་ཀྱང་ཁ་བརྡའི་དྲ་བ་ནང་གི་ཀ་ངོ་ཤེས་ནས་བཟུང་ཁ་བརྡ་བྱས་པས་མི་གཤིས་དང་བསམ་པ་བཟང་པོ་འགྱུར་བ་མེད་པ་གསེར་འདྲ་བ་་ཞིག་འདུག
ཝེ། གངས་དཀར་ལྷ་མོ་གང་ན་བུད་སོང་ནི་ཡིན་ན། ཡང་མགོ་ན་འདུག་་གི་མེད་དམ་སྙམ་ནས།
ཚེ་རིང་ནད་མེད་དང་སེམས་ཁམས་དྭངས་བའི་སྨོན་ལམ་ཞིག་བརྒྱབས་ཡོད་ལགས།
འོ། ཕུར་བ་སྐྱབས་ལགས། ཐུགས་ཁག་མེད་ཡ། ངའི་སྐད་དེ་པུ་ཤ་ཙིའི་སྐད་ཡིན་པ་འདྲ། ཨ་ལ་ཀུ་རེ་ཡིན་གདའ། ༼རྒྱ་ནག་འདྲེ་མོ་ཁྱི་ཁ་ར་མཆུ་ལ་ཕུལ་བ་༽ཞེས་པ་འདི་ནི་ན་ནིང་ཧི་ཟིན་བླ་བདེའི་ནང་དུ་ངས་བྲིས་པའི་ཉིན་ཐོ་ཞིག་གི་མིང་རེད། རྡོ་འབུམ་དྲ་བ་བའི་ཨེ་མ་ཧོའི་ཀུན་རྟོག་ཅེས་པའི་ནང་དུ་ཡོད་པས་དེར་གཟིགས་རོགས། ཤྲྰིས་སོ།
དྲ་གྲོགས་དཔལ་དགྱེས་ལགས། ༼ཀརྡོ་རབ་འབྱམས་པ་འདི་མི་ངོ་ཤེས་ཀྱང་ཁ་བརྡའི་དྲ་བ་ནང་གི་ཀ་ངོ་ཤེས་ནས་བཟུང་ཁ་བརྡ་བྱས་པས་མི་གཤིས་དང་བསམ་པ་བཟང་པོ་འགྱུར་བ་མེད་པ་གསེར་འདྲ་བ་་ཞིག་འདུག༽ཀརྡོ་རབ་འབྱམས་པ་ངོ་ཤེས་སམ་མི་ཤེས། དེ་ང་ལ་གསལ་བཤད་ཅིག་གནང་རོགས། ཁོ་གཏེར་ཆོས་ཡོད་ཚད་རྫུན་མ་རེད་ཟེར་མཁན་དེ་རེད།
ལགས་སོ་གཟུར་གནས་བློ་གྲོས་ལྡན་པའི་འཇམ་དཔལ་རྣོན་པོ་ལགས།
དྲི་བ་གནད་ལ་ཁེལ་བ་ཞིག་བྲིས་འདུག་ཀྱང་། ཀརྡོ་རབ་འབྱམས་པས་གཏེར་ཆོས་ཡོད་ཚད་རྫུན་མ་རེད་ཅེས་གང་ན་བཤད་འདུག ངས་མཐོང་མ་སོང་། ཚང་མ་བལྟ་གི་མེད་པས་ངས་མ་མཐོང་བ་མང་པོ་ཡོད་ཀྱི་རེད། དེ་འདྲ་བཤད་པ་ཡོད་ན་དྲ་བདག་པས་བསུབ་སོང་ཡོད་པ་འདྲ། གང་ལྟར་དམ་པའི་ཆོས་ཀྱི་བཀའ་གཏེར་རྣམས་རྫུན་མ་བཤད་ཀྱིན་ཡོད་ན། རང་རྐུབ་དམར་རྗེན་དུ་སྟོན་པ་ཞིག་རེད། འགའ་རེས་སྔ་བརྩམས་ཚང་མ་སྣང་མེད་དུ་བཞག་པ་ནང་བཞིན་རེད། མིང་འདྲ་བ་ལ་མི་མི་འདྲ་བ་མངཔོ་འདུག་པས་གཟབ་དགོས་པར་འདུག དངོས་སུ་ཤེས་འདོད་ན་ངས་ཤེས་པའི་ཀརྡོ་དེ་ཁྱེད་ལ་ཁོ་རང་གི་གསལ་བྱེད་དེ་ཁྱེད་ལ་ཡིག་ཟོམ་རྒྱུད་ནས་བསྐུར་ཆོག་ལགས་སོ། །
གོང་གི་ཀརྡོ་སོགས་ཞེས་པ་དེ་དཀར་ལྷ་སོགས་སུ་བཅོས་རོགས།
དགོངས་དག
ང་ནི་གཏེར་ཆོས་ལ་དད་མོས་ཡོད་མཁན་ཅིག་དང་། དོལ་རྒྱལ་ལ་དགའ་བོ་མེད་མཁན་ཡིན་ཅིག་ཡིན། འོན་ཀྱང་ཁ་ཤས་ཀྱིས་ང་ལ་གོ་ཟློག་སྟེ་ཉེས་འཛུགས་གནང་ནའང་བཟོད་པ་སྒོམ་གང་ཐུབ་བྱེད་བགྱིད་ཡིན། འགའ་ཤས་ཀྱིས་ང་ལ་མི་དགའ་བ་བྱེད་ས་གཙོ་བོ་ཅིག་ནི། མཁར་རྨེའུས་བན་བོན་རྩོད་པ་བླངས་བར་ངས་དྲི་བ་ཁ་ཤས་འདྲིས་པ་དེ་ཡིས་ཡིན་བགྱིད་རེད། དེ་ནི་སྤྱི་དོན་ལ་ཐུག་ཙང་རེད།
རྩོམ་འདི་ལ་གནས་སྐབས་རིང་མཆན་སྒོ་བཀག་པ་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།