སྤྲིན་བྲལ། མདོ་སྨད་ཟི་ལིང་།
སྟག་འཚེར་སྡེ་བར་ཐོན་མ་ཐག་ང་ཚོའི་མིག་མདུན་ཏུ་མངོན་ཡོང་བ་ནི་ཉག་ཁའི་ལབ་རྩེ་དང་དར་ལྕོག མཆོད་རྟེན་རྣམས་ཡིན་པས། བོད་སྡེ་ཞིག་ཏུ་ཐོན་པའི་སྣང་བ་ཡིད་ལ་འགོག་མེད་དུ་སྟེར་སྲིད། དེ་ནས་སྡེ་མི་རྣམས་དང་ཁ་བརྡ་བྱེད་དུས། ད་གཟོད། ང་ཚོ་རིམ་བཞིན་ག་འདྲ་ཞིག་ཏུ་འགྱུར་འགྲོ་གིན་ཡོད་པ་གཞི་ནས་རྟོགས་ཐུབ། ང་རང་སྡེ་བའི་མདུན་གྱི་ལབ་རྩེ་སྒང་ན་ཡོད་དུས། སྡེ་མི་གཉིས་དེར་ཡོང་བས་ང་ཚོས་ཁ་བརྡ་བྱས་བ་ཡིན། སྡེ་བ་འདིར་སྔོན་གྱི་དུས་སུ་སྐུ་འབུམ་སྟག་འཚེར་ཞེས་འབོད་བཞིན་ཡོད་ལ། ད་ལྟ་བདེ་ཁམས་རྫོང་གི་ཁོངས་སུ་རེད།
ང་ཚོའི་སྡེ་བའི་ནང་དུ་བོད་སྐད་ཤེས་བའི་མི་རྒན་པ་འགའ་མ་གཏོགས་མེད། ལོ་འགའི་སྔོན་ལ། སྡེ་བའི་སློབ་ཆུང་ནས་བོད་ཡིག་དང་བོད་སྐད་སློབ་མགོ་བརྩམས་ཀྱང་། བདེ་ཁམས་རྫོང་ན་བོད་ཡིག་སློབ་འབྲིང་མེད་རྐྱེན། རིམ་བཞིན་བོད་ཡིག་སློབ་ཆུང་ཡང་ཉམས་སོང་། རྒྱ་ཡིག་མ་བསླབ་ན་བྱིས་བ་རྣམས་འགྲོ་སའི་སློབ་འབྲིང་མེད་པས། འདི་ལྟར་མི་བྱེད་ཐབས་མེད་རེད་ཟེར། ཡང་ཡུལ་གཞན་ལ་ཞོར་ལས་སུ་འགྲོ་བཞིན་པའི་ན་གཞོན་འགས་བོད་སྐད་ཡག་པོ་ཤེས་ཟེར། རེད་ཡ། ཞིབ་ཏུ་བསམས་ན་གང་ཡིན་ཡང་ཚད་མི་འདྲ་བའི་འགྱུར་བ་འགྲོ་གིན་འདུག
གོ་ན་སེམས་སྐྱོ་བས་གནས་ཚུལ་འདི་འདྲ་གང་མང་མང་གོ་བྱུང་ལ། དེ་རིང་ཆེད་དུ་ཡིད་བཞིན་ནོར་བུའི་འཁྲུངས་ཡུལ་ཟེར་ནས་ཁ་བྱང་འདོག་དགོས་དོན་དེ་ག་རེ་ཡིན་མིན་ཤེས་མ་སོང་། རྩོམ་ཡིག་འདི་གཞན་ནས་ཚུར་བཤུས་པ་ཞིག་ཡིན་པ་འདྲ། ཕལ་ཆེར། རྒྱ་ནག་གི་བཙན་འོག་གི་དུས་དེབ་ཞིག་ནས།
རྩོམ་ཡིག་འདི་རྩོམ་པ་པོའི་རེ་བ་བཞིན་འདིར་བཀོད་པ་ཡིན།
བོད་ནང་གི་བོད་མི་རྩོམ་པ་པོ་རྣམ་པའི་རྩོམ་ཡིག་གང་ཐུབ་ཐུབ་འདིར་བཀོད་ཐུབ་ན་ཡག་པོ་འདུག་་སྐར་ཆེན་ལགས་སུ་ཐུགས་རྗེ་ཆེ་ཞུ་།
ངེད་ཀྱིས་གང་ཐུབ་བྱེད་ངེས