འབྲོང་བུ་ཟླ་བ་ཚེ་རིང།
ཆུང་ཆུང་བྱིས་པའི་དུས་ཀྱི་ལོ་ཟླའི་ནང།།
སྐེ་དར་དམར་པོ་ཞིག་ལ་དབྱངས་ཞུགས་ཏེ།།
སྐར་ལྔའི་དར་དམར་འོག་ནས་རུ་སྒྲིག་པར།།
ཀྱེ་ཧུད་བདག་གིས་ལས་ངན་ཅི་ཞིག་བསགས།།
བསམ་མེད་བྱིས་པ་ཞིག་གི་ལོ་ཚོད་ནས།།
སྐྱིད་པའི་རང་ཡུལ་བཞག་སྟེ་གཞན་ཡུལ་ལ།།
དཀའ་བ་གང་མང་སྤྱད་དེ་འགྲིམས་པའི་རྒྱུར།།
ཀྱེ་ཧུད་བདག་གིས་ལས་ངན་ཅི་ཞིག་བསགས།།
གདུང་བ་སྟོང་གིས་བཏུམས་པའི་སེམས་འགྱུ་འདིས།།
སྣ་ཚོགས་རྒྱལ་ཁམས་ཇི་ལྟར་འགྲིམས་ན་ཡང།།
རང་ཡུལ་མཐོང་བའི་གོ་སྐབས་ཁབ་མིག་འདིར།།
ཀྱེ་ཧུད་བདག་གིས་ལས་ངན་ཅི་ཞིག་བསགས།།
འགྲོ་བ་མི་རུ་སྐྱེས་བ་བདེན་ལགས་ཀྱང།།
སྐྱབས་བཅོལ་བ་ཡི་ཐོད་ཡིག་བཙན་པོ་འདི།།
འདོད་དང་མི་འདོད་ཅིས་ཀྱང་འཁུར་དགོས་པར།།
ཀྱེ་ཧུད་བདག་གིས་ལས་ངན་ཅི་ཞིག་བསགས།།
རང་ས་སྤར་ཙམ་མེད་པའི་གཞན་ཡུལ་ནས།།
རང་གི་ངོ་བོ་མིན་པའི་རིག་གཞུང་ཞིག།།
འབད་པ་ཆེན་པོས་སྦྱངས་ལ་བྲེལ་བའི་རྒྱུར།།
ཀྱེ་ཧུད་བདག་གིས་ལས་ངན་ཅི་ཞིག་བསགས།།
རང་ལ་དལ་འབྱོར་མི་ལུས་ཚང་ན་ཡང།།
མི་ལོ་བཅུའི་རིང་ས་མཐའི་འཚོ་བ་འདི།།
ལག་པ་གཞན་ལ་བཟེད་ནས་སྐྱེལ་དགོས་པར།།
ཀྱེ་ཧུད་བདག་གིས་ལས་ངན་ཅི་ཞིག་བསགས།།
གཞིས་བྱེས་མཚམས་མེད་བོད་ཀྱི་སློབ་གྲྭ་ནས།།
གཞན་གྱི་སྐད་ཡིག་ཅིག་ལ་ལེགས་བསྟུན་ཏེ།།
སྔོན་འགྲོའི་ཤེས་བྱ་བརྩོན་པས་སྦྱངས་དགོས་པར།།
ཀྱེ་ཧུད་བདག་གིས་ལས་ངན་ཅི་ཞིག་བསགས།།
ས་མཐར་གྱར་བ་སྔོན་བསགས་ལས་ཡིན་ནམ།།
ཕ་བུ་ཁ་བྲལ་སྔོན་བསགས་ལས་ཡིན་ནམ།།
རང་དབང་མེད་པ་སྔོན་བསགས་ལས་ཡིན་ནམ།།
ཀྱེ་ཧུད་བདག་གིས་ལས་ངན་ཅི་ཞིག་བསགས།།
རང་ས་སྦར་མཐིལ་འདྲ་དེ་རྒྱ་ལ་ཤོར།།
ཕ་མ་གསོན་སྙིང་འདྲ་དེ་རྒྱབ་ཏུ་བསྐྱུར།།
མི་ཡུལ་ངམ་ཐང་འདྲ་འདིར་འཚོ་དགོས་དུས།།
ཁྱེད་ཉིད་མ་ཚད་ང་ཡང་ངུ་སྙིང་འདོད།།
དྲིན་ཆེན་མ་དང་ཕ་ཡུལ་རྒྱབ་ལ་བསྐྱུར།།
རྒྱ་ཡིས་མ་འགྲིག་བཅོ་བརྒྱད་ཁ་ནས་གླེང་།།
མཛེས་པའི་ཕ་ཡུལ་རིང་ནས་རིང་དུ་གྱེས།།
དྲན་པའི་གདུང་བ་ཆེ་ནས་ཆེ་རུ་བྱིན།།
ཨོ་རོགས་ཆ་བོ། ངས་ཁ་སང་ནས་རབ་གསལ་ལ་རྩོམ་ཆགས་ཤིག་བསྐུར་ཡོད་དེ། ད་དུང་དྲ་ངོས་ན་མི་འདུག་ཁྱོད་ཚོས་རབ་གསལ་ལ་ཁ་པར་ཞིག་བཏང་ནས་ངའི་རྩོམ་ཆགས་དེ་སྒོར་འདོན་རོགས་ཞུ་རོགས་གནོངས།
སྐྱེས་ས་བོད་ཡུལ་འཚར་ས་བོད་ཡུལ་ཡིན།།
རིག་པའི་གནས་ལ་སྦྱངས་ས་ས་མཐའ་ཡིན།།
ཀུན་གྱིས་བརྙས་འོས་མིང་རྐྱང་སྐྱབས་བཅོལ་ཡིན།།
ཁྱེད་ཀྱིས་གཟིགས་དང་ང་ཚོའི་ལས་དབང་འདི།།
ལྟེ་ཁྲག་དྭངས་མ་གངས་རི་འདབས་སུ་འཕོས། ལང་ཚོ་དར་མ་འཕགས་པའི་ཡུལ་དུ་རྫོགས།
ཀ་ཁའི་དབྱངས་རྟ་མཐོ་སྒང་རི་ནས་དྲངས། ཤེས་རིག་གཤོག་སྩལ་ཧིན་རྡིའི་ལུང་པར་རྒྱས།
ས་ཡ་དྲུག་གི་བདེ་སྡུག་ཕྲག་ཏུ་ཁུར། གཞིས་བྱེས་གཉིས་ཀྱི་ཕུགས་འདུན་ཐོད་ལ་བླངས།
ལོ་ཀི་ཤྭོ་ར་གཏན་གྱི་སྐྱབས་སུ་འཛིན། སྐྱབས་བཅོལ་བོད་མིའི་ལས་དབང་ཨེ་མ་མཚར།
རྒྱང་རིང་རྒྱང་རིང་ས་མཐའ་དེ་འདྲ་ནས།།
རང་གིས་སེམས་པ་རང་གིས་བདག་པོ་རྒྱོབས།།
རིགས་ཀྱི་དུངས་པ་ཟབ་མོ་བསམ་ཞོར་དུ།།
མ་འོངས་སོན་རྩའི་ཆེད་དུ་ཤུ་རེ་བྱོས།།
ང་ཡི་ཁྱེད་ལ་བཅིངས་པའི་རེ་བ་དང་།།
ཁྱེད་ཀྱི་རང་ལ་བཅིངས་པའི་མདུན་པ་སོགས།།
ནམ་ཡང་འབོར་དུ་མ་འཇུག་རིགས་ཀྱི་བུ།།
སེམས་པ་མ་སྐྱོ་ཨ་རོ་འབྲོང་ཕྲུག་ཁྱོད། སེམས་ཤུགས་བསྐྱེད་ནས་ཟ་འཐུང་འདོད་པ་བྱོས། བུ་ཆུང་རྡོ་རྗེ་རྩལ་གྱིས་རྫོགས་བྱས་ནས། ས་སྟེང་འདི་ནི་རིགས་ཀྱི་མྱུ་གུ་བསྐྱེད། གནས་ཚང་དགོས་ན་ང་ལ་ཁ་པར་ཐོངས། ལྐོག་བལྟ་ལྐོག་ཉན་ཅུང་རེ་བྱེད་ན་ཐང་། ཧ ཧ ཧ ཧ
ལྟེ་བའི་རྒྱུ་ཐག་ས་མཐར་བཅད་ན་ཡང་། །
ཤ་རུས་གངས་ཀྱི་རི་ལས་མཆེད་པས་སྟབས། །
ས་སྟེང་འདི་ན་སྐྱབས་བཅོལ་མིང་ཁུར་མཁན། །
གྲོགས་པོ་ཁྱེད་ཅག་གཅིག་པུ་ག་ལ་ཡིན། །
ཆུང་ཆུང་བྱིས་པའི་དུས་ཀྱི་ལོ་ཟླའི་ནང།
སྐར་ལྔའི་དར་དམར་འོག་ནས་རུ་སྒྲིག་སྟེ།
བསླབ་པའི་སློབ་ཚན་དག་ལ་ལེགས་སྦྱང་ན།
ད་ལྟ་འདི་ལྟར་ལས་ངན་བསགས་དགོས་ཅི།
སྐྱིད་པའི་རང་ཡུལ་བཞག་སྟེ་གཞན་ཡུལ་ལ།
དཀའ་བ་གང་མང་སྤྱད་དེ་འགྲིམས་པའི་རྒྱུར།
བསམ་ཞིང་བསམ་ན་ལས་ངན་མ་ཡིན་ཏེ།
མཐོང་ཐོས་རྒྱ་ཆེའི་བློ་གྲོས་སྒོ་མོ་ཕྱེས།
ཡིད་སེམས་སྐྱོ་བས་སེམས་སྤོབས་མི་ཉམས་པར།
རྐྱེན་ངན་གྲོགས་འཁྱེར་འདི་ཕྱིའི་དོན་ཆེན་སྒྲུབ།
དེ་མིན་འབྲོང་བུའི་ཡིད་ཞུམ་ཆེ་དྲགས་ན།
འབྲོང་ཕྲུག་མ་ཧེའི་གཟུགས་སུ་འགྱུར་ཉེན་ཆེ།
ཀྭ་ཡེ་ཅོ་ཅོའི་མིང་འཛིན་དྲ་གྲོགས་ལགས།།
ཁྱེད་ཀྱིས་སེམས་གཏམ་གསུངས་བར་དགའ་ནས་ཡོད།།
འོན་ཀྱང་ས་ཡ་དྲུག་གི་བདེ་སྡུག་དང།།
གཞིས་བྱེས་གཉིས་ཀྱི་ཕུགས་འདུན་དང་པོ་དེ།།
བྱེས་འབྱོར་འགའ་ཡིས་རྦད་དེ་བརྗེད་འདུག་པས།།
བོད་མིའི་ལས་དབང་བསམ་ན་ཡིད་རེ་སྐྱོ།།
ལྷ་ཀླུ་གཉན་གྱི་སྙིང་གཏམ་དྲོན་མོ་འདི།།
བདག་གིས་སེམས་ཀྱིས་འཐུང་ཡོད་བློ་བདེར་ཕོབ།།
རང་གི་ལས་དབང་བསམ་བཞིན་བསམ་བཞིན་དུ།།
རིག་པའི་གནས་ལ་འབད་པ་བྱེད་བཞིན་ཡོད།།
བོད་འདྲེ་རིག་ལྡན་ཁྱེད་རང་ཕེབས་ལགས་སམ།།
གནས་ཚང་མ་རེག་སེམས་པ་སྐྱོ་ནི་མིན།།
ཕ་ཡུལ་རང་དབང་མེད་པས་སྐྱོ་ནི་ཡིན།།
འོན་ཀྱང་ཁོམ་པ་ཡོད་པའི་དུས་སྐབས་ལ།།
ཁྱེད་ཀྱི་སྒོ་ཆུང་ཡང་ཡང་རྡུང་རྒྱུ་ཡིན།།
མེ་ཏོག་དཀར་པོ་ཁ་བཏགས་དཀར་པོ་འདྲ།།
དྲ་བའི་ཐོག་གི་གཏན་གྱི་མགྲོན་པོ་ཡིན།།
ཁྱེད་རང་ཕེབས་པར་བདག་སེམས་ཤིན་ཏུ་སྤྲོ།།
སྐྱབས་བཅོལ་ཡིན་པའི་ཚོར་བ་རྣོན་པོ་འདི།།
ད་ཐེངས་རང་ལ་དྲན་གསོ་བྱས་དང་བརྒྱུད།།
བདག་དང་འདྲ་བའི་སྐྱབས་བཅོལ་མིང་འཛིན་ཚོས།།
རང་གི་ལས་དབང་མ་བརྗེད་སྐུ་མཁྱེན་ཞེས།།
སེམས་ཀྱི་གཏིང་ནས་འབོད་པ་གཏོང་ན་འདོད།།
ལ་སྟོད་བུ་ཁྱོད་ལ་སྟེང་ལ་བུད་དེ།།
མིག་རྒྱང་རིང་བའི་བསླབ་བྱ་གསུངས་བར་དགའ།།
རྐྱེན་ངན་གྲོགས་སུ་འཆར་བའི་དུས་སྐབས་འདིར།།
དེང་རབས་རིག་གནས་སྟོང་གི་མཁའ་དབྱིངས་ལ།།
གཤོག་ཟུང་བརྐྱངས་ཏེ་འཕུར་གྱིན་འཕུར་གྱིན་ཡོད།།
ཤ་ཁྲག་འབྲོང་བུ་གཉིས་ཀ་དོར་བྱས་ནས།།
ཁ་བརྡའི་ཞིང་ས་རྨོ་ལ་ཞེ་ནས་མཐུན།།
ལ་སྟོད་བུ་ཡིས་སེམས་གཏམ་ཐང་མར་བརྡལ།།
འདྲེ་ངན་རིག་ལྡན་ཞིང་ནང་གར་དགར་རྒྱུགས།།
ཤ་ཁྲག་འབྲོང་བུ་གཉིས་ཀྱིས་གྲོས་མཐུན་ནས།།
ཁ་བརྡ་ཞིང་ས་གཤིན་པོར་སེམས་གཏམ་རྨོ།།
ལ་སྟོད་བུ་ཡིས་གྲོ་ནས་ས་བོན་འདེབས།།
འདྲེ་ཕྲུག་རིག་པ་ལྡན་པས་ལུད་སྨན་བརྒྱབས།
ཉིན་རེ་བསྡད་ཀིན་ལྗང་སྨྱུག་སྐྱེ་བར་ཤོག།
གཅན་བཟོད་རྒྱམ་གྱི་མཆོང་རྩལ་ཐེང་གཅིག་གིས།
སྣ་ཚོགས་དྲྭ་བའི་མཆན་ལ་འཇུག་སྡོམ་བྱས།
ད་ནས་འབྲོང་དང་བུ་ཆུང་འབྲས་བཟང་ལ།
འཇུག་པར་གཅན་གྱིས་འཚེ་བ་མེད་པར་ཤོག