ཀླུ་སྨྱོན།
ཁེ་ཉིན་དགོང་མོར་འདི་གའི་NBCབརྙན་འཕྲིན་གྱི་ལས་རིམ་ལྟད་ མོ་ཞིག་ལ་བལྟས་པ་ཡིན། ལྟད་མོ་དེ་ནི་སྤྱི་ལོ་ཉིས་སྟོང་བདུན་ལོར་དངོས་སུ་བྱུང་བའི་གནས་ཚུལ་ཞིག་རེད་ ལ། གནས་ཚུལ་དེ་འབྱུང་ས་ནི་ཨ་རིའི་སྲིད་འཛིན་རྙིང་པ་རྗོར་རྗེ་སྦུ་ཞི་ཡི་ཕ་ཡུལ་ ཁྲེག་སི་སི་ཞེས་པའི་ཞིང་ཆེན་དེའི་ས་གནས་ཤིག་ཏུ་རེད། ཁྱིམ་ཚང་ཞིག་ལ་ཕ་མ་གཉིས་དང་ལོ་ན་བཅུ་དགུར་སོན་པའི་བུ་མོ་ཞིག ད་དུང་ལོ་བཅུ་གཉིས་དང་བཅུ་ལ་སོན་པའི་བུ་གཉིས་འདུག ཁོ་ཚོ་སྡོད་ས་དེ་ཞིང་གྲོང་ཞིག་ཡིན་ཞིང་ནམ་རྒྱུན་དོན་དག་ཕྲན་ཚེགས་རེ་བྱུང་ དང་འབྱུང་བཞིན་ཡོད།
བུ་མོ་དེར་སྐད་ངག་ བདེ་མོ་ཞིག་ཡོད་པས། ནམ་རྒྱུན་གཟའ་ཉི་མ་རེ་རེ་བཞིན་ཉེ་འཁོར་གྱི་ཡེ་ཤུའི་ལྷ་ཁང་དུ་སོང་སྟེ་འཕགས་ མ་ཡེ་ཤུའི་སྐུ་བསྟོད་དང་གསོལ་འདེབས་ཁག་གདངས་སུ་གྱེར་ཐེངས་རེ་རེར། དེར་འཛོམས་པའི་དད་ལྡན་པ་དག་གིས་ཐལ་མོ་བརྡབས་ནས་དགའ་བསུ་ཤུགས་ཆེར་བྱེད་བཞིན་འདུག
ད་ དུང་བུ་མོ་དེས་ཉེ་འདབས་ཀྱི་ཆང་ཁང་ཆུང་ཆུང་ཞིག་ཏུ་ལས་ཀ་བྱེད་བཞིན་ཡོད་ཅིང་གླ་ཕོགས་ཀྱང་ས་ཆ་དེ་ལ་དཔགས་པའི་ཡག་ཐག་ཆོད་ཅིག་འདུག ཉིན་ཞིག་བུ་མོ་དེ་ལས་ཀས་བྲེལ་བཞིན་པའི་སྐབས་སུ་ཕོ་གསར་གཉིས་ཆང་ཁང་གི་ནང་དུ་འཛུལ་ཡོང་སྟེ་སྒེའུ་ཁུང་འཁྲིས་ཀྱི་ཅོག་ཙེ་ཞིག་བདམས་ནས་བཟའ་བཏུང་གང་ཞིག་ལ་རོལ་ནས་བསྡད། བུ་མོ་དེས་མགྲོན་པོ་དེ་གཉིས་ལ་འཛུམ་མདངས་བསྟན་ནས་སྣེ་ལེན་བྱེད་དུས། ཕོ་གསར་ལོ་ན་ཉི་ཤུ་རྩ་གཅིག་ལ་སོན་པ་དེས་ལག་པ་ཕར་བསྲིངས་ནས། བདེ་མོ། ངའི་མིང་ལ་ཆར་ལེ་སི་ཟེར་ཞེས་རང་ཉིད་ངོ་སྤྲོད་བྱས་པས། བུ་མོ་དེས་ཀྱང་ཕོ་གསར་དེར་ལག་འཇུ་ཞིག་བྱས་ནས་ངའི་མིང་ལ་ཨེ་རོལ་ཟེར། སྐུ་ཁམས་བཟང་ཞེས་འཚམ་འདྲི་བྱས། དེ་ལྟར་བུ་དེ་དང་བུ་མོ་དེ་གཉིས་ངོ་ཤེས་ཤིང་རིམ་བཞིན་དགའ་རོགས་ཆགས།
ཉིན་ཞིག་བུ་མོའི་ཁྱིམ་དུ་ཐུགས་སྤྲོ་ཞིག་གཏོང་བཞིན་འདུག་ཅིང་། བུ་མོས་རང་གི་དགའ་རོགས་ཆར་ལེ་སི་ནང་ལ་ཁྲིད་ནས་ཕ་མར་ངོ་སྤྲོད་བྱས། བུ་མོའི་ཕ་རྒན་ནི་དུས་ཚོད་དེ་རང་ལ་ཆར་ལེ་སིའི་ཁྲོ་ཉམས་ལྡན་པའི་གདོང་རིས་དེ་ལ་ མི་དགའ་བར་གྱུར་ཅིང་། ལྷག་པར་དུ་ཆར་ལེ་སི་ཆང་གིས་བཟི་རྗེས་བུ་མོ་དེར་འོ་ཚོད་མེད་སྐྱེལ་བཞིན་བརླ་བར་ དུ་ལག་པ་བསྲིངས་པའི་ངང་ཚུལ་དེར་བུ་མོའི་ཕ་མ་གཉིས་སོགས་དེར་འདུས་དག་ཅུང་ཟད་ ཧང་སངས་པར་གྱུར།
གང་ལྟར་ཐུགས་སྤྲོ་དེའི་རྗེས་སུ་བུ་མོའི་ཕ་མ་གཉིས་དང་ལྷག་ པར་དུ་ཕ་རྒན་གྱིས་བུ་མོར་བུ་དེ་ཁྲིད་ནས་ནང་དུ་མ་ཡོང་ཞེས་དགག་བྱ་ཤུགས་ཆེན་ བྱས་ཤིང་། རིམ་བཞིན་ངེས་པར་དུ་བུ་དེ་དང་ཁ་འབྲལ་བར་གྱིས། དེ་མིན་ཁྱིམ་འདི་རུ་ཡོང་ས་མེད་ཅེས་ཐ་ཚིག་ནན་པོ་བསྒྲགས་པས། བུ་མོ་དེས་རང་གི་སྙིང་ནས་བརྩེ་བའི་དགའ་རོགས་ཆར་ལེ་སི་ལ་ངའི་ཕ་མ་གཉིས་གསོད་རོགས་ གནང་། ངས་ཁོ་གཉིས་མི་ཡུལ་འདིར་འཇོག་ན་མི་འདོད་ཀི་ཞེས་ལན་མང་བསྐུལ་བས། ཉིན་ཞིག་བུ་དེས་རང་གི་གྲོགས་པོ་གླེན་པ་ཞིག་ཡོད་པ་དེ་སྐད་བཏང་ནས་རང་གི་དགའ་ རོགས་མ་དང་གླེན་པའི་དགའ་རོགས་མ་བཅས་བཞི་བོས་རླངས་འཁོར་བསྐོར་ནས་བུ་མོ་ཚང་ གི་ཁང་པའི་སྒོར་ཐོན་རྗེས། ཆར་ལེ་སིས་ལག་མདའ་ཞིག་དང་གླེན་པས་གྲི་རིང་ཞིག་ཁྱེར་ནས་བུ་མོ་ཚང་གི་ཁང་པའི་ནང་ དུ་བརྒྱུགས། བུ་མོ་དེ་དང་མོའི་རོགས་པ་བུ་མོ་ཞིག་གཉིས་ཀྱིས་ཕྱི་རོལ་ནས་རླངས་འཁོར་གྱི་ནང་ དུ་འཛུལ་ཏེ་ཁུ་སིམ་མེར་རང་ཁྱིམ་ནས་གནས་ཚུལ་འཇིགས་སུ་རུང་བ་ཅི་ཞིག་འབྱུང་ མིན་ལ་ལྟ་ཉན་བྱེད་བཞིན་བསྡད།
ཕོ་གསར་དེ་གཉིས་བུ་མོའི་ཁྱིམ་དུ་བརྒྱུགས་ནས་བསམ་ལོང་ དྲན་ལོང་མེད་པར་བུ་མོའི་ཕ་རྒན་དང་མ་རྒན། ནུ་བོ་ཆུང་ཆུང་གཉིས་བཅས་ལ་གྲི་དང་མེ་མདའ་བསྣུན་ནས་ཁྲག་དམར་གྱི་ནང་དུ་ བསྒྱེལ་རྗེས་ཁང་པའི་ནང་དུ་འཚིག་སླ་བའི་དངོས་པོ་དག་ལ་མེ་སྦར་ཏེ་སྒོར་བུད་པ་ ན། སྐར་མ་འགའི་རྗེས་སུ་ཁང་པ་ཡོངས་རྫོགས་མེ་ཕུང་གི་ཀློང་དུ་བཏུམས། སྐབས་དེར་ཕྱི་རོལ་གྱི་རླངས་འཁོར་ནང་གི་བུ་མོ་གཉིས་ཀྱིས་མདུན་གྱི་ཁང་པའི་ནང་ གི་རྒྱོབས་སོད་འཇིགས་སྐུལ་གྱི་སྒྲ་དང་མེ་མདའི་སྐག་སྒྲ། ཨ་ན་སྲོག་སྐྱོབ་ཀྱི་འབོད་སྒྲ་སོགས་སྤེལ་མར་ཐོས་ན་ཡང་འབག་སྐུ་ཇི་བཞིན་གཡོ་ འགུལ་མེད་པར་ལུས་འདུག
ཁོ་ཚོས་དེ་ལྟར་བུ་ མོའི་ནང་མི་ཡོངས་སུ་རྫོགས་པ་བསད་ཅིང་བསྲེགས་རྗེས་དགའ་དགའ་སྤྲོ་སྤྲོའི་ངང་ རླངས་འཁོར་བསྐོར་ནས་ཕྱིར་བུ་དེའི་སྡོད་གནས་སུ་ལོག བུ་མོའི་ཁང་པའི་ཕྱི་རོལ་མེ་ལྕེས་བཏུམས་པའི་ཀློང་ནས་མོའི་ཕ་རྒན་འཁྱར་འཁྱོར་ ངང་ཕྱི་རོལ་ཏུ་གོག་མ་ནུར་གྱིས་བསླེབས་སོང་། གོག་ནུར་འགའ་རེའི་མཚམས་སུ་ཁ་རྦབ་ཏུ་འགྱེལ་བཞིན་ཡོད་ཅིང་། ཡང་སྐྱར་གོག་མ་ནུར་གྱིས་ཅུང་ཐག་རིང་གི་ས་རུ་ཡོད་པའི་ཁྱིམ་མཚེས་ཚང་གི་སྒོ་ཁ་ སྙེག་བཞིན་ཡོད། གོག་བཞིན་བརྒྱལ་བཞིན་མཐའ་མར་ཁྱིམ་མཚེས་རྒད་པོ་ཁེར་འདུག་དེའི་སྒོ་འགྲམ་བར་ དུ་བསླེབས་ཤིང་། དེ་ནས་སྐད་ཤུགས་ཡོད་ཚད་ཕྱུངས་ཏེ་སྲོག་སྐྱོབས་ཤིག་ཅེས་བོས་རྗེས་དྲན་མེད་དུ་ བརྒྱལ།
སྐར་མ་འགའི་རྗེས་སུ་ས་གནས་མེ་ གསོད་རུ་ཁག་དང་ཉེན་རྟོག་པའི་རླངས་འཁོར་སྔ་གཞུག་བྱས་ནས་བསླེབས་ཤིང་། དེ་དུས་མི་ཚང་དེའི་ཁང་པ་ཕལ་ཆེར་མེ་ལྕེ་དྲག་པོས་ཟོས་ནས་ཅུང་ཟད་ལས་ལྷག་མི་ འདུག ཉེན་རྟོག་པས་ཉེ་འཁོར་གྱི་མི་ལ་སྐད་ཆ་དྲིས་རྗེས་དོན་དག་ཅིག་གི་ཁུངས་སྣེ་ རྙེད་དེ་ལམ་སེང་བུ་ཁྲོ་གདོང་ཅན་དེའི་ནང་དུ་བསྐྱོད་ནས་ཁོ་རང་ཉལ་ཁྲིའི་སྟེང་ ནས་འཇུས། བུ་དེར་ལག་ལྕགས་བརྒྱབ་ནས་ཉེན་རྟོག་པའི་རླངས་འཁོར་ནང་བཞག་སྟེ་ཁྲིད་འགྲོ་ སྐབས་ཁོས། ང་ལ་ནག་ཉེས་མེད། ངའི་དགའ་རོགས་ཀྱིས་ཁོ་མོའི་ཕ་མ་གཉིས་གསོད་དགོས་པའི་སྐུལ་མ་བཏང་བྱུང་ཞེས་ བརྗོད་པས། ཉེན་རྟོག་པས་ལམ་སང་བུ་མོ་དེ་གང་དུ་ཡོད་མེད་རྩད་གཅོད་བྱས།
ཆར་ལེ་སིའཇུས་ནས་ཁྲིད་རྗེས་ཉེན་རྟོག་པ་གཞན་པ་སྐོར་ཞིག་གིས་བུ་དེའི་ཁང་པའི་ནང་ སྔོག་གཤེར་བྱེད་སྐབས་གྱོན་ཆས་འགེལ་སའི་རྩིག་སྒམ་ཞིག་ལས་བུ་མོ་དེས་རང་ལུས་ ཉལ་ཆས་ཤིག་གིས་བཏུམས་ནས་བསྐུངས་བསྡད་ཡོད་པ་རྙེད་ཅིང་། སྐད་ཆ་ཁ་ཤས་དྲིས་རྗེས་བུ་མོ་ཉམ་ཆུང་མདོག་ཁ་བོ་དེ་མི་ཞིག་གི་རླངས་འཁོར་གྱི་ ནང་དུ་བཞག་ནས་ཁོ་མོའོ་སྤོ་བོ་དང་རྨོ་མོ་སྡོད་སར་སྐྱོལ་ཅེས་མངགས་རྫོངས་བྱས། ཡིན་ན་ཡང་ལམ་སྐེད་ཙམ་ལ་བསླེབས་དུས་ཉེན་རྟོག་པའི་རླངས་འཁོར་ཞིག་བྱ་འཕུར་བ་ ལྟར་བརྒྱུགས་ཡོང་ནས་ཁོ་ཚོའི་རླངས་འཁོར་དེ་བཀག་རྗེས། ལམ་སེང་སྒོ་ཕྱེས་ཏེ་བུ་མོ་དེའི་ལག་མགོར་རྣོ་ལྕགས་ལས་གྲུབ་པའི་ལག་ལྕགས་ཁྲ་ སིང་སིང་ཞིག་བརྒྱབ་རྗེས་ཉེན་རྟོག་པའི་རླངས་འཁོར་ནང་དུ་བཅུག་རྗེས་ཁ་ཕྱོགས་ གཞན་ཞིག་བསྙེགས་ནས་མུན་ནག་གི་ཁྲོད་དུ་ཡལ།
དེ་ ལྟར་མཚན་མོ་གཅིག་གི་རིང་ལ་མི་གསུམ་ཤི་མ་གསོན་གྱི་ངང་མེ་ལྕེ་དམར་པོའི་ནང་དུ་ བསྲེགས་ཤིང་། མི་གཅིག་དབུགས་ཆད་ལ་མ་ཆད་ཙམ་དུ་ཛ་དྲག་སྨན་ཁང་དུ་བསྐྱལ་ཅིང་། བརྩེ་དུང་གི་ཆེད་དུ་ཅི་ཡང་བློས་གཏོང་ཕོད་པའི་ན་གཞོན་ཕོ་མོ་གཉིས་འཛིན་བཟུང་ བྱས། ས་གནས་དེའི་གསར་འགྱུར་ལས་རིགས་ཡོད་ཚད་ཀྱིས་དམིགས་པ་རྩེ་གཅིག་ཏུ་གཏད་དེ་གནས་ ཚུལ་འདི་ལ་སྒྲོག་ལུང་སྒྲོག་བྱས། བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་མི་རྟག་སྒྱུ་མའི་ཆོ་འཕྲུལ་གྱི་ཀློང་དུ་ཐིམས།
ནུབ་ཕྱོགས་བདེ་བ་ཅན་དུ་གྲགས་པའི་སྟོབས་ཆེན་ཨ་ རིའི་རྒྱལ་ཁབ་འདིར། རྒྱུ་ནོར་དང་བརྩེ་དུང་གི་ཆེད་དུ་ཕ་མ་གཉིས་དངོས་དང་བརྒྱུད་དེ་དམར་གསོད་གཏོང་ མཁན་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད་པས། གོང་དུ་བྲིས་པའི་གཏམ་རྒྱུད་ཐུང་ཐུང་འདི་ནི་དེ་དག་གི་དཔེ་མཚོན་ཙམ་ཞིག་ཡིན་ལ། ལོ་འགའི་སྔོན་གྱི་དགོང་མོ་ཞིག་ལ། བརྙན་འཕྲིན་ལས་ཕ་མ་གཉིས་ཀ་ཁྲིམས་རྩོད་པ་ཡིན་པའི་བུ་ཞིག་གིས་རང་གི་ཕ་མ་གཉིས་ ཉལ་སའི་ནང་དུ་གཉིད་བསྡད་ཡོད་དུས་མགོ་ལ་སྟ་རེ་རྣོན་པོ་ཞིག་གིས་བརྒྱབ་ནས་ཕ་ རྒན་གྱི་མགོ་བོ་ཕྱེད་གཤགས་ཀྱིས་དེ་རང་དུ་བསད་ཅིང་། མ་རྒན་ཤི་མ་གསོན་དུ་ལུས་ནས་ཉེན་བརྡའི་ཁ་པར་ཨང་གྲངས་གནོན་ཐུབ་ཙམ་བྱུང་བས་ ཉེན་རྟོག་པས་བསྐྱབས་པ་ཞིག་གི་གནས་ཚུལ་མཐོང་བ་དང་། ཡང་ང་རང་སྡོད་སའི་ས་གནས་འདིའི་བུ་མོ་ཞིག་དང་མོའི་དགའ་རོགས་གཉིས་ཀྱིས་བུ་ མོའི་ཕ་མ་གཉིས་དང་ནུ་བོ་གསུམ། ད་དུང་བུ་མོའི་ཨ་མའི་སྲིང་མོ་གཉིས་བཅས་ལ་མེ་མདའ་གཞུས་ནས་དམར་གསོད་གཏང་རྗེས་ བྲོས་བྱོལ་དུ་སོང་བའི་ལམ་བར་ནས་འཛིན་བཟུང་བྱས་པའི་གནས་ཚུལ་ཡིད་སྐྱོ་བ་ཞིག་ བྱུང་སོང་། གང་ལྟར་མི་ལ་ལས་རྒྱུ་འབྲས་ཀྱི་བསམ་བློ་ཞིག་མེད་དུས་དྲག་སྤྱོད་ཀྱི་བསམ་བློ་ འདི་དུས་དང་གནས་སྐབས་གང་དུ་ཡང་འབྱུང་ཆོག་ཆོག་ཏུ་ཡོད་ཅིང་། ཕར་བལྟས་ཚོད་ལ་བརྩེ་དུང་གི་ཆེད་དུ་ཡིན་པ་འདྲ་བ་གང་ཞིག་ལ་ལ་ཞིབ་ཏུ་དཔྱད་ན་མ་ རིག་རྨོངས་པའི་རང་བཞིན་དུ་གྱུར་ནས་འདོད་ཆགས་ཉི་ཚེ་བ་ཞིག་གི་ཆེད་དུ་རང་གི་ དྲིན་ཆེན་ཕ་མ་དང་བརྩེ་བའི་ནུ་བོ། རང་གི་མི་ཚེའི་མདུན་ལམ་སོགས་སྐད་ཅིག་གཅིག་གི་དུས་ཡུན་ལ་རྩ་མེད་བཟོས་པའི་ ཡིད་སྐྱོ་ཞིང་ཡུ་མུག་པའི་གཏམ་རྒྱུད་རེ་རེ་བཞིན་མིག་སྔར་བཤམས་དུས། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་སྲིད་པ་འཁོར་བའི་སྡུག་བསྔལ་དང་དང་དྲིན་ ཆེན་ཕ་མའི་བཀའ་དྲིན་སོགས་ཆེས་སྙན་ཞིང་འཇེབས་པའི་བཀའ་སློབ་ཀྱི་ལམ་ནས་བསྟན་ གནང་མཛད་པའི་ངོ་མཚར་གྱི་འཕྲིན་ལས་རེ་རེ་བཞིན་སྙིགས་མའི་དུས་ཀྱི་འགྲོ་བ་འདི་ དག་ལ་ཇི་འདྲ་ཞིག་གལ་ཆེ་ཨང་སྙམ་པའི་བསམ་བློ་ཞིག་ངང་གིས་འཁོར་ཡོང་ངོ་།།
ཀྱེ་མ་ཀྱེ་ཧུད། ཆགས་པ་དེ་ཤུགས་ཆེ་རང་དྲག་ནས། མི་རྣམས་ལ་སྡུག་བསྔལ་བཟོད་དུ་མེད་པ་སྦྱིན། ད་ཕ་མ་འདས་པོ་གཉིས་དང་བུ། དེ་བཞིན་བུད་མེད་བཅས་ལ་མཚོན་ན། ཁོང་ཚོ་ཆུང་བྱིས་པའི་དུས་ནས་གཤིབ་མཉམ་གཤིབ། ཟས་མཉམ་བཟས་བྱས་ནས་འཚར་ལོངས་བྱུང་། ཕ་མའི་སེམས་ནང་ནམ་ཞིག་སྙིང་ནས་བསྐྱངས་པའི་བུ་མོ་འདིས་ནང་མི་ཚང་མ་གསོད་ཀྱི་རེད་བསམ་པ་ཡིད་ལ་འཁོར་མེད་སྲིད།
གངས་དཀར་ལྷ་མོ།
ཁྱོད་ལ་མེ་དམའ་ཞིག་རག་ན་གཏེར་སྟོན་ཚང་མ་གསོད་གྲབ་མེད་འགྲོ
ཨ་ལ་སྐུ་རྩེད་ཞུས།
བུ་མོ་དེ་སྲིན་མོ་ཞེས་པ་དེའི་རིགས་ཨེ་ཡིན།
མ་གཞི་ཕ་མ་གསོད་མཁན་མང་པོ་ཞིག་གིས་སྟ་རེ་བེད་སྤྱོད་བྱེད་ཀྱི་ཡོད་པ་འདྲ།
འདི་རག་སླ་ཞིང་ཐར་པར་མི་གཏོང་མཁན་ཞིག་ཡིན་པ་ཁོ་ཚོས་འདོད་ཀྱི་ཡོད་པ་འདྲ།
གནའ་སྔ་མོ་ཞིག་ལ་ཕ་ཡུལ་བོད་ནས་ཀྱང་ཆུང་མའི་ཆེད་དུ་ཕ་རྒན་ལ་སྟ་རེ་བརྒྱབ་ཏེ་ལྔ་ལམ་དུ་
བརྫངས་སོང་ཞེས་རྒན་རབས་པ་དག་ལ་བཤད་རྒྱུ་འདུག
རྒྱ་འཕགས་པའི་མི་འདི་ཚོས་འདི་འདྲ་མང་པོ་ལས་ཀྱི་འདུག
Detective crime magzine ལ་ལྟོས་དང་།
གནས་ཚུལ་འདིའི་འབྱུང་ཁུངས་དང་པོ་ནི་ནུབ་ཕྱོགས་པའི་ལུགས་ལྟར་བྱིས་པ་སྐྱེས་མ་ཐག་ནས་ཕ་མས་བདག་པོ་མི་རྒྱག་པར་བུ་བཅོལ་ཁང་སོགས་སུ་སྐྱེལ་བའམ་སྐྱེད་མ་ཞིག་ལ་བདག་པོ་རྒྱག་ཏུ་འཇུག་པ། ཨ་མས་འོ་མ་མི་ལྡུད་པ། ཅུང་ཙམ་གཉོམ་ལག་རྒྱས་པ་ནས་རང་དབང་གི་འཚོ་བར་གོམས་པ། གཞན་གྱི་ཐེ་གཏོགས་ལ་མི་ཉན་པ། ད་དུང་ལོ་ངོ་བཅོ་བརྒྱད་སོན་དུས་རང་མགོ་རང་ཐོན་བྱེད་དགོས་པ་སོགས་ཀྱི་ལུགས་སྲོལ་འདིས་ལན་པ་རེད། ཁོར་ཡུག་འདི་འདྲ་ཞིག་ན་ང་ཚོ་བོད་པ་ཚོས་གཅེས་པར་བརྩི་བཞིན་པའི་ཕ་མ་བུ་ཕྲུག་གི་བརྩེ་དུང་སོགས་ལ་རིན་ཐང་དེ་འདྲ་ཡོད་མི་སྲིད། ཡིད་སྐྱོ་བ་ཞིག་ནི་ལུགས་སྲོལ་འདི་རང་རེའི་བོད་པའི་སྤྱི་ཚོགས་སུ་ཡང་ག་ལེར་དར་བཞིན་པ་འདི་རེད།
མྱི་མ་ཤི་ཡ་བསྡད་ན་འདི་མོའི་འདི་རིག་རྒྱུ་མང་གི་ཡ་་་་་་་་་་་་
testing
བདག་གིས་ཀྱང་དངོས་ཡོད་གནས་ཚུལ་གྱི་གསར་འགྱུར་དེ་ལྟ་བུ་གང་མང་མཐོང་བས་སྨྲ་མི་ཤེས་པའི་ཚོར་བ་སྐྱེན་པོ་ཞིག་གིས་ངའི་སེམས་ལྷོང་ལྷོང་པོར་བྱས། རང་ཅག་བོད་ཁ་བ་གངས་ཅན་གྱི་ནང་ཆོས་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ཡ་རབ་སྤྱོད་བཟང་གི་གོམས་གཤིས་དེས་ཕ་མ་དང་རྒན་རྒོན་རྣམས་ལ་བདེ་སྐྱིད་དང་ཐོབ་ཐང་བཟང་པོ་ཞིག་བསྐྲུན་ཡོད་སྙམ།