ཆེད་ཞུས་བགྲོ་གླེང་བ་རྣམས་ཀྱི་མཚན་དང་བརྗོད་གཞི་ཁག་གཤམ་གསལ།
༡༽ བོད་ཀྱི་དུས་བབ་རྩོམ་སྒྲིག་ལས་རོགས་དོན་འགྲུབ་བཀྲ་ཤིས།
བརྗོད་གཞི། བོད་མི་མང་གི་འཐུས་ཚབ་ཚད་ལྡན་ཞིག་ཡོང་ཐབས་སུ་གསར་འགྱུར་བརྒྱུད་ལམ་ཁག་གིས་འགན་ལེན་ག་འདྲ་བྱེད་དགོས་སམ།
༢༽ བོད་ཀྱི་བང་ཆེན་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར།
བརྗོད་གཞི། སྤྱི་འཐུས་དང་འབྲེལ་བའི་གསར་འགྱུར་ལེགས་ཉེས་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་གང་གི་ཆེ་མིན་གྱི་རྒྱབ་ལྗོངས་ལ་གཞིགས་ཏེ་འོས་འདེམས་ཇི་ལྟར་བྱ་དགོས།
༣༽ བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས།
བརྗོད་གཞི། རྙིང་བརྗེ་གསར་གཏོད་ཀྱི་སྒོ་ནས་བོད་མི་མང་གི་འཐུས་མི་རྣམས་འདེམས་སྒྲིག་ཇི་ལྟར་བྱ་དགོས།
༤༽ཤེས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་པ་ཨ་འབྲུག་དཀོན་མཆོག
བརྗོད་གཞི། ད་ལྟའི་སྤྱི་འཐུས་ཀྱི་གྲུབ་ཆ་དང་སྒྲོམ་གཞི་ལ་གཞིགས་ནས་མ་འོངས་པའི་སྒྲོམ་གཞི་སོགས་ཀྱི་ཁ་ཕྱོགས་ཇི་ལྟར་བསླང་དགོས།
༥༽ རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས།
བརྗོད་གཞི། ཆོས་བརྒྱུད་ཁག་གི་སྤྱི་འཐུས་མི་དགོས་པའི་རྒྱབ་ལྗོངས་བཙན་པོ་གང་ཞིག་ཡོད་དམ།
1
༦༽ དབུ་མའི་ལམ་དུས་དེབ་རྩོམ་སྒྲིག་པ་རྨོག་རུ་བསྟན་པ།
བརྗོད་གཞི། དབུ་མའི་ལམ་དང་འབྲེལ་བའི་བོད་མི་མང་གི་སྤྱི་འཐུས་ཇི་ལྟར་འོས་འདེམས་བྱེད་དགོས་སམ།
༧༽ དབུས་གཞོན་ལྷན་གྱི་ཚོགས་གཞོན་དོན་འགྲུབ་ལྷ་དར།
བརྗོད་གཞི། རང་བཙན་དང་འབྲེལ་བའི་བོད་མི་མང་གི་སྤྱི་འཐུས་འདེམས་སྒྲིག་ཇི་ལྟར་བྱེད་དགོས་པ་གཟིགས་ཀྱི་ཡོད་དམ།
༨༽ དབུས་གཞོན་ལྷན་གྱི་རྒྱུན་ལས་བསྟན་འཛིན་དབྱངས་འཛོམས།
བརྗོད་གཞི། བུད་མེད་ཀྱི་ནུས་པ་ཆེ་མཐོང་དང་འབྲེལ་བའི་བུད་མེད་སྤྱི་འཐུས་འོས་འདེམས་གང་འདྲ་ཞིག་བྱས་ན་ལེགས་སམ།
༩༽ བུད་མེད་ཉམས་ཞིབ་པ་ཤར་གླིང་ཟླ་སྒྲོན།
བརྗོད་གཞི། ད་ལྟའི་བུད་མེད་སྤྱི་འཐུས་ཡོང་སྟངས་འགྲིགས་མིན་དང་མ་འོངས་པར་ལམ་ཁ་གང་ཞིག་གི་ཐོག་ཏུ་འགྲོ་དགོས་པ་མཐོང་གི་ཡོད་དམ།
༡༠༽ རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་འབྲེལ་མཐུད་པ་ཚེ་རིང་ཆོས་གྲུབ།
བརྗོད་གཞི། བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་སྤྱི་འཐུས་ཇི་ལྟར་འཚོལ་དགོས་པ་དང༌། བྱང་ཨ་རི་དང་ཡོ་རུབ། ཨེ་ཤ་ཡ་བཅས་ཀྱི་བོད་མིའི་གྲངས་འབོར་ལ་གཞིགས་ཏེ་སྤྱི་འཐུས་ཇེ་མང་དུ་གཏོང་དགོས་སམ།
༡༡༽ སྒྱུ་རྩལ་བ་མགོ་ལོག་ཟླ་བྷེ།
བརྗོད་གཞི། གཞིས་བཞུགས་བོད་རྒྱ་ཆེའི་མི་མང་གི་རེ་འདུན་དང་འཚམ་པའི་སྤྱི་འཐུས་ཇི་ལྟར་འཚོལ་དགོས་པ་གཟིགས་ཀྱི་ཡོད་དམ།
གོ་སྒྲིག་པ། སྒྲོན་མེ་རྩོམ་སྒྲིག་ཁང་དང་བཀའ་བློན་ཁྲི་པའི་ཚགས་པར་རྩོམ་སྒྲིག་ཚན་ཆུང་།
འཚོགས་ཡུལ། མེག་ལོར་ཉིན་སློབ་རྒྱལ་ཡུམ་ཚོགས་ཁང་།
དུས་ཚོད། ཟླ་འདིའི་ཚེས་ ༡༩ གཟའ་ཉི་མའི་ཉིན་རྒྱབ། ༣ ཐོག་ཡིན།
གློག་འཕྲིན། donmetsogpa@gmail.com ལག་འཛིན་ཁ་པར་ཨང་གྲངས། 0 9816356766
བགྲོ་གླེང་ལྷུག་པོ་ཡོང་བར་ཤོག བསྟན་འཛིན་བརྩོན་འགྲུས་ལ་བརྗོད་གཞི་སྤྲད་པ་དེ་ནི་འཚམ་པོ་ཞིག་མཐོང་མ་སོང་། དེ་མིན་གཞན་དག་གསལ་བོ་ཞིག་མི་ཤེས། བསྟན་འཛིན་བརྩོན་འགྲུས་ལ་བརྗོད་གཞི་གཞན་ཞིག་སྤྲད་ཡོད་ན་ཏག་ཏག་ཡིན། དེ་མིན་གཞན་དག་བསམ་ཚུལ་ཅུང་མི་ཤེས། གང་ཡིན་ཟེར་ན། ཚང་མ་གཞོན་སྐྱེས་རྐྱང་རྐྱང་རེད། དེ་ནི་དགའ་འོས་པ་ཞིག་ལོས་ཡིན། གཞོན་སྐྱེས་དག་གིས་ཀྱང་སྔ་མ་དག་གིས་རྗེས་ལ་སྙེགས་ནས་བཤད་རྒྱུ་རྐྱང་བ་ཞིག་ལས་ལག་ལེན་མེད་པའི་སྐད་ཆ་དེ་འདྲ་མིན་པ་དང་ལག་ལེན་བྱེད་མཁན་རང་ཉིད་མིན་པ་ལྟ་བུའི་སྐད་ཆ་བཤད་མཁན་དེ་འདྲ་མི་ཆགས་པར་སེམས་གཏིང་ནས་རེ་སྐུལ་ཞུ། རྒྱང་རིང་ས་ཞིག་ནས། སྒྲོན་མེ་རྩོམ་སྒྲིག་ཁང་གི་ལས་མི་ཡོངས་ལ་ཡང་ཡང་འདི་འདྲའི་ལས་གཞི་རྒྱ་ཆེ་རུ་དང་སྟོབས་ཤུགས་ཡོད་པ་ཞིག་དུ་བསྐྲུན་ཐུབ་པར་རེ་སྐུལ་ནན་པོ་ཡོད་ལགས།
ཨ་ཁུ་མགོ་ལོག་དྷ་བྷེ་ལ་ཞུ་རྒྱུར།
ཁྱེད་ནི་རྒྱ་གར་ལ་ཕེབས་དོན་ཅི་ཡིན།
ད་ལྟ་ཁྱེད་ཀྱི་ཚོང་རོགས་བྷོ་ར་བ་གཉིས་ལ་སྲོད་ཆད་གཏང་ཚར་ཡོད་དམ། ཁྱེད་རང་དེའི་བར་ནས་ག་འདྲ་བྱས་སྟེ་ཐར་བྱུང་ངམ། ཁྱེད་རང་དྷ་ས་རུ་ཆབ་སྲིད་བཙོན་པ་ཡིན་འདོགས་བྱེད་ཀྱི་ཡོད་པའི་སྐོར་གོ་ཐོས་བྱུང་།
ཁྱེད་རང་ལ་བོད་ལ་ལ་རྒྱལ་མེད་པ་གསལ་པོ་རེད།
གལ་སྲིད་ཁྱེད་ལ་ཡ་ང་དང་སྙིང་རྗེ་ཅུང་ཙམ་ཡོད་ན།
ཁྱེད་རང་རྒྱ་གར་ལ་ཡོང་དགོས་དོན་གསལ་བཤད་ཞིག་བྱས་ན་ག་འདྲ་འདུག
ཁྱེད་རང་ཁ་བདེ་བོ་ཡོད་པ་ཁེ་ལན་ཡོད།
སྤྱིར་བཏང་མི་ཕ་མ་ཞིག་གིས་སྨད་ཚོང་ཁང་ཞིག་སྒོ་ཕྱེས་པ་ཡིན་ན།
དེ་ལ་བཤད་ཚིག་ཡག་པོ་ཞིག་ནམ་ཡང་རག་ཐབས་མེད།
ཁྱེད་ཀྱི་ལྷ་ས་ནས་སྨད་ཚོང་ཁང་ཞིག་ཕྱེས་པ་ལ་ཁ་ཤག་སོགས་ཀྱི་ཐོག་ནས་བཟང་ཕྱོགས་འགྲེལ་བཤད་རྒྱབ་ཡོད།
ཡང་ན་བོད་མི་ཚོས་བོད་ནང་དང་། ཡང་ན་དྷ་ས། ལྡི་ལི་མན་ཇི་ཊ་ལ་སོགས་ནས་སྨད་ཚོང་ཁང་ཕྱེས་པ་ཡིན་གཞན་གྱི་ཇི་བཤད་ཀྱི་རེད།
ད་ལྟ་ཁྱེད་རང་དྷ་ས་ལ་ཡོང་ནས་ཡང་ཉིན་ལྟར་རྒྱན་རྩེ་ཚད་ལས་འགལ་བ་ཞིག་བྱེད་ཡོད་སྐོར་གོ་ཡི་འདུག
བཀའ་དྲིན་ཆེ། ལོ་ངོ་དུ་མའི་རིང་ལ་བོད་ལ་དཀའ་ངལ་འཕྲད་པའི་དུས་ནས་བཞུགས་སྒར་ནི་ལོ་ངོ་ལྔ་བཅུའི་རིང་གི་བོད་ཀྱི་རྒྱལ་ས་གཉིས་པ་ལྟར་བུ་ཞིག་ཆགས་ཡོད། ཁྱེད་ཀྱི་རྒྱལ་ས་དང་པོ་ནས་བྱ་ངན་སྤེལ་བའི་མ་ཚད། ད་ལྟ་ཡང་རྒྱལ་ས་གཉིས་པ་ལ་ཡོང་ནས་བྱ་ངན་རིགས་མི་སྤེལ་བའི་རེ་བ་རྒྱ་མི་ཆུང་བ་ཞུ་བཞིན་ཡོད།
ལྷ་སྨྱོན་གྱིས་ཉོན། དྷ་བྷེའི་ལྷ་ས་ནས་ཟ་ཁང་གཉེར་བ་ལས་གཞང་ཁང་བཟུང་བ་མ་རེད། གལ་སྲིད་གཞང་ཁང་བཟུང་བ་ཡིན་ནའང་ཧ་ལས་ཡ་མི་འདུག རྒྱ་མིས་གཞང་ཁང་འཛིན་ཆོག་ན་དྷ་བྷེའི་འཛིན་མི་ཆོག་པ་གང་ཡིན། དེ་མིན་གཞང་ཁང་འཛིན་ཐུབ་པ་ནི་བསམ་བློ་མདུན་ལ་སྐྱོད་དཞིན་པའི་སྔོན་རྟགས་རེད།
ཇ་མ་ལགས། ཁྱེད་ཀྱི་སྐད་ཆ་དེ་ཚོ་ཧ་ཅང་ཐལ་དྲག་པ་མ་རེད་དམ། རྒྱ་མིས་གང་བྱས་ན་དྷ་བྷེས་ཀྱང་དེ་ལྟར་བྱས་ན་ལེགས་ཚུལ་ཁྱེད་ཀྱིས་ཁས་ལེན་ཐུབ་བམ། དེ་ཡིན་ན་རྒྱ་མིས་ད་བར་དུ་༧གོང་ས་རྒྱལ་དབང་རིན་པོ་ཆེ་ལ་མཚན་དམད་དང་བཙན་བྱོལ་བོད་གཞུང་གི་ཁ་གཏད་དུ་ལངས་ནས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་རྒྱུའི་ཇུས་ངན་
འདི་ཚོ་ནང་བཞིན་དྷ་བྡེས་ཀྱང་བྱས་ན་འགྲིག་གམ། དྷ་བྷེ་ཟེར་པ་འདི་བཤད་ན་ཁ་བདེ་མོ་ཞིག་ཡིན་པ་ལས་དོན་དམ་པའི་ཁོ་རང་གི་བྱེད་སྟངས་ལས་སྟངས་གང་ལ་བསྟས་ཀྱང་མི་འདི་བོད་མི་རིགས་ལ་ཤ་ཞེན་དང་། མི་རིགས་ཀྱི་ལ་རྒྱ་ཁ་ནས་བཤད་པ་ནང་བཞིན་སོ་སོས་སྣ་གཅིག་ཀྱང་ལག་བསྟར་མི་ཐུབ་མཁན་དེ་འདྲ་རེད། གལ་དེ་བོད་མི་རིགས་ལ་དངོས་གནས་ལར་ཞེན་ཡོད་ན། བོད་ནང་རྒྱ་མིས་གཡོ་རྒྱུ་ཅན་གྱི་བྱེད་ཐབས་སྣ་ཚོགས་ཀྱིས་བོད་རིགས་གཞོན་སྐྱེས་ཚོའི་སྤྱོད་པ་འཆར་སའི་གཞང་འཚོང་ཁང་དང་། ཆང་ཁང་། བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་དང་མི་མཐུན་པའི་བུད་མེད་གཅེར་བུར་མཚན་ཚོགས་ཁང་ནས་ཞབས་གྲོ་ཁྲབ་ས་སོགས་མིག་གིས་ལྟ་མི་བཟོད་པ་དེ་འདྲ་ཕྱེ་ཡོད་པ་འདི་ཚོ་བོད་རིགས་བསམ་ཡོད་རྣམས་ཀྱིས་སེམས་འཁྲེལ་དང་བློ་ཕམ་བྱེད་ཀྱིན་ཡོད་ཀྱང་། དྷ་བྷེས་ཁ་ནས་བོད་ཀྱི་ལ་རྒྱ་བཤད་ནས་ལས་ཀ་བོད་མི་རིགས་ལ་གནོད་པའི་རང་བཞིན་ཅན་གང་མང་ཞིག་བྱེད་པ་འདི་ཚོ་མཐོང་དུས་དངོས་གནས་ཐབས་སྐྱོ་བོ་རེད། ད་དུང་དེའི་མི་ཚད་བོད་ནང་ནས་བསླེབས་པའི་ཕ་ཡུལ་ཨ་མདོ་འབོ་ར་ནས་ཡིན་པའི་རྒྣན་པོ་ཞིག་གིས་ལབ་སྟངས་ལ་བལྟས་ན་དྷ་བྷེས་ནག་འཚོང་རྒྱག་རོགས་ཀྱི་རོགས་པ་གཉིས་ད་དུང་རྒྱ་གཞུང་གི་བཙོན་ཁང་ནང་སྲོག་ཁྲིམས་ཕོག་ནས་ཡོད་ཚུལ་ཀྱང་བརྗོད་ཀྱིན་འདུག དེ་ཚོ་ལ་ངས་རྗེས་ནས་ཞིབ་འཇུག་གཙང་མ་བྱས་ནས་དྲ་ཐོག་ཏུ་འཇོག་གི་ཡིན། སེམས་ཁྲེལ་དང་བྲེལ་བ་མ་གནང་། ང་སྤྱི་ཚོགས་ནང་མི་ངན་པ་འབུར་འཇོམས་བྱེད་རྒྱུར་དགའ་བོ་ཡོད།