ཁོང་ཉིད་བཀའ་ཁྲིའོས་མིར་ལངས་བ་མི་རིང་བར་བལ་ཡུལ་ནས་གསལ་འགོད་གསལ་བསྒྲགས་སྤེལ་མཆར་འདུག་ལ་་་་་བལ་ཡུལ་ན་ཁོང་གི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་འགྲེམས་སྤེལ་སྦྱར་བྱས་ཡོད་པའི་ཁྱབ་བསྒྲགས་ཡིག་ཆ་ཁག་ལ་འཁོད་པ་ལྟར་ན་་་་་་་་
བལ་ཡུལ་གྱི་རྒྱལ་སའི་ཏི་རེ་པའུ་ཝན་གཙུག་ལག་སློབ་གྲྭ་ཆེན་མོ་ནས་MBA་སློབ་མཐར་ཕྱིན། དེ་ནས་རིམ་པས་ཧྥེ་ལེ་པིན་དང་། ཉི་ཧོང་སོགས་གྱི་ཆེད་ལས་སློབ་གྲྭ་ཁག་ནས་སློབ་སྦྱོང་བྱས།
ལས་ཀའི་ཉམས་མྱོང་།
སྤྱི་ལོ་བརྒྱ་ཅུའི་ནང་ནས་བལ་དོན་ཁང་དང་སྣེ་ལེན་ཁང་བཅས་སུ་མི་ལོ་བཞི་རིང་ཞབས་ཞུ་བསྒྲུབ། དེ་ནས་མུ་མཐུད་མི་ལོ་བཅུ་ཙམ་རིང་བདེ་སྲུང་འབྲེལ་ཡོད་བོད་གནས་ཉམས་ཞིབ་ཁང་ལ་ལས་ཀ་བྱས། ཀ་ཐཱ་མན་ཀྲུའུ་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ལོ་ཤས་རིང་བྱས་རྗེས་དབུས་བོད་གྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་མི་ལོ་དྲུག་ཙམ་ལ་ཁུར། བལ་ཡུལ་ས་འདན་བཟོ་ཚོང་མཐུན་ཚོགས་ཀྱི་དྲུང་ཆེ་མི་ལོ་དྲུག་རིང་བྱས། བལ་ཡུལ་བོད་ལྟེ་གནས་ཁང་གསར་འཛུགས་བྱས་བ་དང་ཚོགས་གཙོའི་འགན་བཞེས་མུས་ཐོག་ད་ཆ་བོད་མི་མང་སྤྱི་འཐུས་ལས་ཐོག་པ་ཡིན་པ་མདོར་ན་འདས་བའི་མི་ལོ་སུམ་ཅུ་ཙམ་རིང་བོད་ཀྱི་སྤྱི་ཚོགས་ནང་དུ་དཀའ་ལས་བརྒྱབས་པ་དང་མཉམ་བོད་གཞུང་དམངས་ལ་ཞབས་འདེགས་ཞུས་ཡོད།
བཙན་གནོན་འོག་གི་བོད་ཡུལ་གཉིས་བ་དེ།
བལ་ཡུལ་བོད་མིའི་དཀའ་སྡུག་བརྗོད་ལས་འདས།
བལ་ཡུལ་བོད་མིར་ལྷག་བསམ་སྙིང་སྟོབས་ལྡན།
ང་ཚོའི་མངོན་འདོད་མཁའ་ལ་འཕགས་བྱེད་པར།
ཚེ་ནོར་ཅན་ལ་རྒྱབ་སྐྱོར་འོས་བསྩོལ་རོགས།
ཁོས་་་་་་་་་་ད་བར་་་་་་་་་
རྙིང་ཞེན་དང་མཁྲེགས་འཛིན་མ་གནང་།
ཨ་གསར་དང་གཡམ་རྒྱུག་མ་བྱས།
རྒྱལ་བའི་དགོངས་གཞི་དང་མ་འགལ།
བོད་མིའི་མངོན་འདོད་དང་མ་བྲལ།
གསར་བརྗེ་ཡི་ཆེད་དུ།
མངོན་འདོད་དེའི་ཆེད།
བཀའ་ཁྲིར་ལངས་ཡོངས་དུས་རྒྱབ་སྐྱོར་བྱེད་དགོས།
ཁོ་རེ།
བྱས་རྗེས་རྟ་རྔ་ཙམ་ཡང་སྟོན་རྒྱུ་མེད་པར་བཀའ་ཁྲིར་ལངས།
ཁྱེད་རང་བཀའ་ཁྲིར་ལངས་བར་དགའ་ཡོད། འོན་ཀྱང་ང་ཚོ་ལ་ཀླད་རྙིང་གི་ལྟ་བ་ཁྱེར་མཁན་དག་དགོས་པ་མི་འདུག ད་ལྟ་དུས་རབས་གསར་པ་ལ་ལས་ཀ་གསར་པ་ཡོད་ཅིང་། བཀའ་ཁྲི་གསར་པ་ལོ་གཞོན་དེང་དུས་ཀྱི་ཤེས་ཡོན་དང་མཉམ་མྱོང་ལྡན་པའི་མཁས་དབང་བློ་བཟང་སེངྒེ་མ་གཏོགས་གཞན་དག་དགོས་པ་མི་འདུག ངས་ནི་ཐག་བཅད་ཟིན་པ་ཡིན།
གཡོ་ར྄ྒན་དེ་ལ་འོས་ཤོག་འཕེན་ན་བླུན་པོ་ཡིན། མ་བར྄ྟགས་མ་དཔྱད་མཁན་མི་ས྄ྣ། ཆེ་འཇིགས། ཡར་མཐོ་ས་ལ་པད་ལེས། མར་དམའ་ས་ལ་མཐོང་ཆུང་བྱེད་མཁན་ཞིག་ཡིན།
དྲ་གྲོགས་ལགས་བཀའ་མོལ་ལྷོད་ཙམ་གསུང་ན་བཟང་་་་བོད་མི་དམངས་ནས་ཐག་བཅོད་གནང་གི་རེད་
སྨ་བརྗོད་ཀྱིས་རང་དབང་ང་ཚོ་ཚང་མར་ཡོད་་་་ཆ་རྐྱན་ཚང་ཡོད་ན་ཁྱེད་རང་ཡང་བཀའ་ཁྲིའི་འོས་གཞིར་ལང་ཆོག་ཐུགས་བརྗེ་ཆེ།།
ད་མི་ཆོ་མེད་ལེ་འདི་ཚོས་ལྗོན་འདོག་པ་རིལ་ཁྲབ་སྟེ་མི་མང་གི་འོས་ཤོག་དེ་ཁ་ཐོར་དགུ་ཐོར་བཏོང་རྩིས་སམ་ ཡང་ན་བཀའ་ཁྲིའི་འོས་གཞི་འདིར་མཐོང་ཆུང་བཟོ་འོང་ཞི་བདའ་། ཨ་རོག་ བོད་སྤྱི་དོན་ལ་སེམས་འཁུར་ངོ་མ་ཡོད་ན་རྟ་ལམ་དེ་བོང་བུའི་མ་བཀག་ན་དགའ་ལེ་རེད་།
དམངས་གཙོ་ལམ་ལུགས་ནང་དུ་ཕེབས་པར་བཀྲིས་བདེ་ལེགས་ཞུ་ ཁོང་ནི་འཇོན་ཐང་ཡོད་པ་དང་མི་བཟང་པོ་ཞིག་རེད་ ད་ཕལ་ཆེར་ཁོང་ལ་འོས་ཤོག་བླུགས་མཁན་ཆེས་མང་པོ་ཡོང་གི་རེད་ བློ་བཟང་སེང་གེ་ལ་ཧང་སངས་རྒྱུ་ཅི་གང་མི་འདུག་ ཉམས་མྱོང་མེད་པའི་མ་ཚད་ གོ་སྐབས་འཚོལ་མི་ཞིག་རེད་མདའ་
དམངས་གཙོ་ལམ་ལུགས་ནང་དུ་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ། བོད་ཀྱི་གཏམ་དཔེ་ལ་སྟགས་གིས་མཆོང་ས་ལ་ལྦ་མོ་ཡིས་མཆོང་པ་ཡིན་ན།་ ལྦ་དེ་སྐེད་པ་ཆགས་བཤད་གསོལ་ཡོད། གྲོགས་པོ་བཞེངས་པ་ལས་བཞུགས་ན་ལེགས།
ཚེ་བརྟན་ནོར་བུ་ནི་སྔོན་མ་དབུས་གཙང་སྤྱི་འཐུས་ནང་ནས་འོས་ཤོག་མང་ཤོས་རེད་ཟེར་གྱི་འདུག འོན་ཀྱང་འདིས་ཁ་སང་གྲོས་ཚོགས་ར་བའི་སྡིངས་ཆ་བེད་སྤྱོད་བཏང་ནས། ཁོ་རང་བཀའ་ཁྲིར་ལངས་རྒྱུ་ཡིན་ཚུལ་བརྗོད་འདུག་པ་ནི་ཆེས་བྱེད་སྟངས་ཐ་ཤལ་ཞིག་རེད། བཀའ་ཁྲིར་ལངས་འདོད་ཡོད་ན་བརྒྱུད་ལམ་ག་རེ་བེད་སྤྱོད་བྱས་ཀྱང་འགྲིག་གི་རེད། འོན་ཀྱང་མི་སྒེར་ཁྱབ་བསྒྲགས་བྱེད་ས་གྲོས་ཚོགས་ར་བའི་ནང་མ་རེད། དེའི་ཐད་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུང་བཤད་སྐབས་སུ་གསལ་པོ་གསུངས་སོང་།
ལྡི་ལི་ནས་པ་སངས་ཚེ་རིང་གིས་བཏང་པ་ཡིན།
ང་བལ་ཡུལ་ནང་སྡོད་མཁན་ཞིག་ཡིན་པའི་ཆ་ནས་ཚེ་ནོར་ག་འདྲ་ཡིན་ངས་རོབ་ཙམ་ཧ་གོ་སོང་།
འདི་ཚོ་སྤྱི་ཚོགས་ནང་མ་བཏོན་ན་མང་ཚོགས་ཀྱིས་ཧ་མ་གོ་བར་ཆུ་ངན་ལམ་ཞུགས་སུ་འགྱུར་ཉེན་ཆེ།
དེར་བརྟེན་ངས་གནས་ཚུལ་ཁ་ཤེས་ངོ་སྤྲོད་བྱེད་འདོད་བྱུང་། དེ་སྔོན་ཡིན་ན་ཕྱི་ལོ་༢༠༠༨ལོར་བོད་ནང་གི་གནས་ཚུལ་ཛ་དྲག་ཆགས་པའི་སྐབས་བལ་ཡུལ་ནང་གི་བོད་མི་དངས་བླངས་པ་ཚོས་སེམས་ནས་མ་བཟོད་པར་ཉིན་ལྟར་རྒྱ་ནག་གཞུང་ཚབ་ཁང་དང་། བལ་ཡུལ་ནང་གི་མཉམ་འགྲེལ་རྒྱལ་ཚོགས་ཀྱི་སྒོ་སོགས་སུ་རྣོ་ངར་ཅན་གྱི་ངོ་རྒོལ་དང་སྐད་འབོད་ཤུགས་ཆེ་བྱེད་བཞིན་པའི་སྐབས་སུ་མེ་འབར་ཐོགས་ལ་ཆུ་བླུགས་པ་ནང་བཞིན་བྱས་ནས་མང་ཚོགས་ནང་མཛུམ་མོ་བཙུགས་ནས་ཁྱེད་རང་ཚོ་རྒྱ་མིའི་གཞུང་ཚབ་སྒོར་སྐད་འབོད་ལ་འགྲོ་མཁན་དེ་ཚོའི་ནང་རྒྱ་མིའི་སོ་བ་ཡོད་དཱ། ལབ་པ་རེད། དེ་ལབ་ས་ན་ང་རང་ཡོད། སྐབས་དེར་ངའི་སེམས་ནང་དངོས་གནས་དཀའ་ལས་རྒྱག་མཁན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཕར་བཞག་ནས་ད་དུང་འདི་འདྲ་ལབ་དགོས་དོན་གང་ཡིན་ནམ་མཉམ་པ་ཤར། ཁོང་ཚོ་ལ་མཚོན་བལ་ཡུལ་ཉེན་རྟོག་པས་ཉིན་ལྟར་ཉེས་རྡུང་ཚད་མེད་བཏང་ནས་བཙོན་ཁང་དུ་བཅུག་གི་ཡོད་པ་རེད་དེ་དེ་འདྲ་ལབ་པ་རེད། འོན་ཀྱང་འོག་རིམ་གི་མང་་ཚོགས་དཀྱུས་མ་དེ་ཚོར་ཁ་གྲགས་དབང་ཙམ་ཡང་སྤྲད་འདོད་མི་འདུག དེར་བརྟེན་འདི་ཚོའི་རིགས་དཔོན་སར་མ་བསྐོ་ན་དགེ་མཚན་ཆེ། རྒྱ་ཆེའི་མང་ཚོགས་མང་ཚོགས་ཀྱིས་མཁྱེན་དགོས་པ་ལ། བོད་མི་ས་ཡ་དྲུག་གི་ཡིད་སྐྱོ་བའི་ལས་དབང་ལ་བསམ་བློ་བཏང་ནས། ལར་ཞེན་གྱི་སྙིང་སྟོབས་ཆེན་པོ་ཁོག་ཏུ་བཅངས་ནས་དུས་རྒྱུན་དུ་རང་དོན་བློས་བཏང་ནས་མདུན་ལ་མཆོང་མཁན་འདི་ཚོར་དངོས་གནས་རྒྱབ་སྐྱོར་མ་བྱས་ན་དངོས་གནས་ཐབས་སྐྱོ་བོ་རེད་བསམ་སོང་། ཡིན་འང་ངས་དེ་རིང་མ་གཏོག་འདི་ཚོའི་སྐོར་བཏོན་འདོད་མ་བྱུང་། ད་དུང་འདི་ཚོས་རང་ཚོད་མི་ཟིན་པར་ང་བཀའ་བློན་བྱེད་རྒྱུ་ཡིན་ལབ་དུས་དམིགས་ཡུལ་ག་རེ་ཡིན་ནམ་སྙམ་པའི་དྭོགས་པ་དང་། བོད་མི་མང་གི་ལས་དབང་རྡོག་རོལ་བཏང་མི་ཡོང་ངམ་བསམ་པའི་སེམས་འཁྲེལ་སྣ་ཚོགས་ལ་བརྟེན་ནས་ངས་འདི་འབྲི་དགོས་བྱུང་སོང་། འོན་ཀྱང་རྒྱ་ཆའི་མང་ཚོགས་ཀྱིས་གཙོ་བོ་ཞིབ་འཇུག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེང་སང་ཁ་བདེ་བོ་བཤད་མཁན་ཧ་ཅང་མང་པོ་ཡོད་པ་རེད། ཁ་བདེ་བོ་བཤད་པ་ཙམ་གྱིས་མང་ཚོགས་འགོ་འཁོར་གཏན་ནས་མི་ཉན་པར་དགོངས་པ་བཞེས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། རྒྱ་ཆེའི་མང་ཚོགས་ཀྱིས་དགོངས་པ་ཡག་པོ་ཞིག་མ་བཞེས་ན་གྱོང་བོད་སྤྱི་པའི་ཐོག་ལ་རགས་ཡོང་གི་རེད།
ཉིན་ཤས་རིང་ང་ཚོའི་སྡོད་གནས་བྷོ་དྷི་བྷི་ཧར་གྱི་སྲང་ལམ་ནང་ཆུ་འཕྱུར་ནས་དཀའ་ལས་ཕྲན་བུ་ཕྲད་པས་དྲ་རྒྱ་ལྟ་ཀློག་བྱེད་རྒྱུ་མ་བྱུང་། དེ་རིང་དྲ་རྒྱ་ཁ་ཕྱེས་དུས་སྤྱི་འཐུས་ཚེ་ནོར་ད་རེས་བཀའ་བློན་ཁྲི་བར་ལངས་པ་ཡིན་ལབ་འདུག་པ་མཐོང་བ་དང་། བསམ་ཚུལ་ཤིག་མ་བཏོན་ཐབས་མེད་བྱུང་སོང་། བལ་ཡུལ་ནང་གི་སྤྱི་འཐུས་འདི་ཚོར་ང་ལ་རྒྱུས་མངའ་ཡོད། ཁྱེད་ཚོས་ཡག་དང་མི་ཡག་གི་སྐད་ཆ་འདྲ་མིན་བཤད་དགོས་དོན་མི་འདུག དེ་སྔོན་ཕྱི་ལོ་༢༠༠༨ལོར་ང་བལ་ཡུལ་ནང་ཡོད་སྐབས་བོད་ནང་གི་ཛ་དྲག་གི་དོན་རྐྱེན་དེ་གོ་ཡོང་དུས་བལ་ཡུལ་ནང་གི་བད་རིགས་མང་ཚོགས་ཀྱིས་གང་དགའ་ཇི་ལེགས་ཀྱིས། ལས་འགུལ་སྤེལ་མཁན་གྱིས་ལས་འགུལ་སྤེལ། ཞབས་རིམ་སྒྲུབ་མཁན་གྱིས་ཞབས་རིམ་སྒྲུབ། ཞལ་འདེབས་ཕུལ་མཁན་གྱིས་ཞལ་འདེབས་ཕུལ་བ་སོགས་རྣོ་ངར་ཆེ་བའི་ངང་ནས་ཚ་ཚ་འུར་འུར་གྱིས་ལས་འགུལ་ཤུགས་ཆེན་པོ་སྤེལ་སོང་ལ། བདག་པོ་རང་ཉིད་ཀྱང་དེའི་གྲས་སུ་གང་ཐུབ་ཐུབ་འགྲོ་ཁུལ་བྱས་པ་ཡིན། སྐབས་ཤིག་བོད་ཟླ་༤པའི་ས་ཟླའི་དུས་ཆེན་བསླེབ་ལ་ཉེ་བའི་ཚེ། བལ་ཡུལ་ནང་གི་ཛ་དྲག་ཚོགས་ཆུང་གི་ལས་མི་ཁ་ཤས་ཀྱིས་བློ་བུར་དུ་ལས་འགུལ་མཚམས་འཇོག་བྱས་སོང་། སྐབས་དེར་ས་གནས་བད་རིགས་མང་ཚོགས་ཀྱིས་བད་ནང་གི་ཛ་དྲག་གི་གནས་ཚུལ་ད་དུང་ཞི་འཇམ་དུ་མ་སོང་གོང་ནས་ང་ཚོ་རང་དབང་ལུང་པར་བསྡོད་མཁན་ཚོས་གནས་སྐབས་ཁོང་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་སོགས་ཕྱོགས་ཡོངས་ནས་བསྟས་ན་ལས་འགུལ་དེ་མཚམས་མ་བཞག་ན་ལབ་ཀྱང་ཁོང་ཚོས་ཁ་ཚོན་བཅད་ནས་བད་མི་མང་ཚོགས་ཀྱི་བསམ་ཚུལ་ལ་ཟུར་ཙམ་ཡང་མི་ལྟ་བར་ཐག་སྦད་དེ་བཅད་ནས་ལས་འགུལ་མཚམས་བཞག་སོང་། ད་དེ་མཚམས་བཞག་ནའང་བཞག་ཏུ་བཅུག་བསམ་སོང་ཡང་། མང་ཚོགས་འཛོམས་ས་དེ་ག་རང་ལ་སྤྱི་འཐུས་ཚེ་ནོར་གྱིས་མཛུམ་མོ་ཡར་ལངས་ནས་ཁྱེད་རང་ཚོ་རྒྱ་མིའི་གཞུང་ཚབ་སྒོ་ལ་སྐད་འབོད་ལ་འགྲོ་མཁན་ཚོའི་ནང་རྒྱ་མིའི་སོ་བ་ཡོད་རྡ་ཟེར་ནས་སྐད་ཤུགས་ཆེན་པོས་བརྗོད་བྱུང་། དེ་ལབ་ས་དེ་ག་རང་ལ་ང་ཡང་ཡོད། སྐབས་དེར་ལས་འགུལ་བ་མང་པོའི་སེམས་ལ་བཟོད་མི་ཐུབ་པའི་རྨ་ཁ་ཤིག་བཟོས་སོང་སྙམ་པ་ཤར། འོན་ཀྱང་གང་ཡང་ལབ་ལོང་ཡང་མ་བྱུང་ལ་ལབ་ཀྱང་ཕོད་མ་བྱུང་། ངས་ཕོད་མ་བྱུང་ཟེར་པ་འདི་སྐྲག་ནས་མིན། སྐབས་དེར་བད་ནང་གི་གནས་ཚུལ་ཛ་དྲག་ཆེ་དྲག་པས་ནང་ཁུལ་གྱི་ཙག་ཙིག་དེ་ཚོར་རྩོད་པ་རྒྱག་འདོད་མ་བྱུང་ཡང་སེམས་ལ་གཏན་ནས་བབ་མ་བྱུང་། སྐད་འབོད་ལ་འགྲོ་མཁན་དེ་ཚོ་ལ་མཚོན་ན་མང་ཆེ་བ་བོད་ནས་གསར་དུ་འབྱོར་ནས་ཁ་འཐོར་དུ་གནས་པའི་གཞོན་སྐྱེས་ཤ་སྟག་དང་། དགེ་འདུན་པ་དང་། བཙུན་མ་དེ་འདྲ་རྐྱང་པ་རེད། ཁོང་ཚོ་ནི་དཔལ་འབྱོར་གྱི་ཆ་ནས་ཀྱང་སྐྱོ་བོ་རེད་ལ། འཛིན་བཟུང་བྱས་ནའང་ལག་ཁྱེར་སོགས་གང་ཡང་བསྟན་རྒྱུ་མེད་མཁན་ཤ་སྟག་རེད། ད་དུང་ལས་འགུལ་བ་དེ་ཚོའི་ཁྲོད་ནས་ཁ་ཤས་ཀྱིས་བད་གྱི་རྒྱལ་དར་ཉོ་བྱེད་མ་རག་པར་རང་ཉིད་ཀྱི་ལག་ཐོགས་ཁ་པར་དེ་ཚོ་བཙོང་ནས་ཉོས་པ་དེ་འདྲ་ང་རང་གིས་དངོས་སུ་མཐོང་བྱུང་། ཁོང་ཚོ་ནི་དངོས་གནས་སེམས་ཤུགས་ཆེན་པོ་རེད་དེ། མེ་འབར་ཐོག་ལ་ཆུ་བླུགས་པ་ནང་བཞིན་བྱས་ནས་ཛ་དྲག་ཚོགས་མི་རེ་ཟུང་གིས་ཁོང་ཚོའི་མགོར་གཏམ་བཤད་རིང་པོ་བྱས་སོང་། དངོས་གནས་དཔལ་འབྱོར་སྐྱོ་བོ་དང་། རྒྱབ་སྐྱོར་མེད་མཁན་དེ་ཚོ་བད་དོན་ལ་སེམས་ཤུགས་ཇི་ཙམ་ཡོད་ཀྱང་ཤེས་མཁན་དཀོན་པོ་རེད་བསམ་ནས་བློ་ཕམ་བྱུང་། འོན་ཀྱང་དེ་རིང་མ་གཏོགས་བརྗོད་འདོད་མ་བྱུང་། དེ་རིང་གནས་ཚུལ་འདི་ཚོ་གསལ་པོ་བྱས་ནས་མ་བརྗོད་ན། མ་འོངས་པར་འདི་ཚོས་ད་དུང་ཡང་ག་རེ་བྱས་ཡོང་བསམ་ནས་སེམས་ཀྱིས་མ་བཟོད་པར་འདི་བརྗོད་དགོས་བྱུང་། ད་དུང་དེའི་ཡང་མི་ཚད་སྤྱི་འཐུས་སྒྲོལ་མ་འཚོ་མོ་ཟེར་པ་དེས་ཡང་སྐེ་འཁྱོག་འཁྱོག་བྱས་ནས། ཁྱེད་རང་ཚོ་ལ་བད་ནང་སྤུན་མཆེད་ཡོད་རྒྱུ་རེད། ལོས་ཡོད་སེམས་འཁྲེལ་ལོས་བྱེད། ང་ཚོ་ལའང་སྤུན་མཆེད་མང་པོ་བོད་ནང་ཡོད། སེམས་འཁྲེལ་ཁྱེད་ཚོ་ནང་བཞིན་ཡོད་ལབ་བྱུང་། ཚང་མས་གཟིགས་དང་བཤད་སྟངས་འདི་ཚོ་ག་འདྲ་འདུག ལས་འགུལ་བ་ཚོའི་ནང་ང་ཚོའི་ཕ་མ་སྤུན་མཆེད་ཀྱིས་སྡུག་པོ་མྱང་སོང་ཟེར་ནས་རྒྱུགས་མཁན་ཧ་ཅང་དཀོན་པོ་རེད། ཁོང་ཚོ་ནི་བད་མི་རིགས་ཀྱི་ཐོག་ཛ་དྲག་གི་དོན་རྐྱེན་དེ་འདྲ་བྱུང་བ་ལ་བརྟེན་ནས་བློས་མ་བཟོད་པར་ལས་འགུལ་ནང་ཞུགས་པ་ཤ་སྟག་མ་གཏོགས། སྒེར་གྱི་དོན་གང་ཡང་ཡོད་པ་མ་རེད། ད་དུང་ཀུན་གྱིས་གཟིགས་པ་ལྟར་ལས་འགུལ་པ་ལ་བལ་ཡུལ་ཉེན་རྟོགས་པས་ག་འདྲ་ཉེས་རྡུང་བཏང་ཡོད་པ་རེད། དེའི་ཁྲོད་ནས་བད་མི་གཞོན་སྐྱེས་མང་པོ་ལ་རྨས་སྐྱོན་ཕོགས་པ་རེད། ལྷག་པར་དུ་རྒྱ་ནག་གི་སྟོབས་ཤུགས་ཀྱིས་ལས་འགུལ་པ་ལ་ཁྱེད་རང་ཚོ་རྒྱ་ནག་ལ་རྩིས་སྤྲད་རྒྱུ་ཡིན་ལབ་ནས་ཞེད་སྣང་ཡང་ཐེངས་མང་སྐུལ་བ་རེད། ད་དུང་ལས་འགུལ་བའི་ནང་དུ་ཉན་རྟོག་པ་རྒྱུགས་ནས་མཚན་མོ་ཉལ་སའི་ནང་མི་ཁ་ཤས་འཛིན་བཟུང་བྱས་པ་དེ་འདྲ་བྱུང་པ་རེད། སྐབས་དེ་དག་གི་ཁྲོད་ཛ་དྲག་ཚོགས་མི་རེ་ཟུང་སྡོད་མ་ཕོད་པར་བྲོས་ཕྱིན་པ་རེད། འདི་ཚོ་ལ་བསམ་བློ་བཏང་ན་གད་མོ་གྲོ་བོ་རེད། གང་ལྟར་ཀྱང་ལས་འགུལ་བ་ཚོས་སྒེར་གྱི་ཐོག་བྱ་བ་གང་བྱུང་ཡང་བློས་བཏང་ནས་ཉེན་རྟོག་པས་ཇི་ཙམ་བརྡུགས་ཡང་དེ་ཙམ་གྱིས་བཟོད་སྒོམ་བྱས་པར་ཉེན་རྟོག་པ་ཁོ་རང་ཚོ་ཡང་ཧང་སང་དགོས་བྱུང་པ་རེད། འཛམ་གླིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་གདན་ཆའི་ཐོག་མཐོང་རྒྱུ་ཡོད་པའི་བལ་ཡུལ་ནང་ལས་འགུལ་པ་འདི་ཚོ་ནི་ཛ་དྲག་ཚོགས་ཆུང་གིས་གོ་སྒྲིག་བྱས་པ་དེ་འདྲ་མ་རེད། ཁོང་ཚོ་བད་མི་དྭངས་བླངས་པ་དེ་ཚོ་རེད། ཡིན་ནའང་བད་པའི་ནང་འགོ་ཁྲིད་རེ་ཟུང་གིས་དཀའ་ལས་རྒྱག་མཁན་ཚོར་རྒྱབ་སྐྱོར་བྱེད་རྒྱུ་ཕར་བཞག་ནས་དེ་འདྲ་བྱས་པ་རེད། ད་དུང་བལ་ཡུལ་ནང་ལ་མཚོན་ན། བད་མི་འབོར་གང་མཚམས་ཆེ་ས་རེད། ཞལ་འདེབས་ཀྱང་བལ་སྒོར་འབུམ་བརྒྱ་དང་ལྔ་བཅུ་ལྷག་བྱུང་འདུག དེ་ཚོ་ཡང་ཆོལ་ཁ་གསུམ་གྱི་ས་གནས་ཀྱི་མི་སྣ་དེ་ཚོ་ལ་གྲོས་བསྡུར་ཙམ་ཡང་མ་བྱས་པར། བལ་ཡུལ་ནང་གི་ཛ་དྲག་ཚོགས་མི་རེ་ཟུང་གིས་དབང་ཆོད་བྱས་ནས་འབུམ་སུམ་བཅུ་རྩ་གྲངས་ཤིག་ཞབས་རིམ་བཅོལ་བྱེད་དུ་མིང་སྙན་པོ་རེ་བཏགས་ནས་བལ་ཡུལ་ནང་གི་དགོན་སྡེ་ཁག་ཉི་ཤུ་རྩ་གྲངས་ལ་བགོ་འགྲེམས་བྱས་པ་རེད། བགོ་འགྲེམས་བྱེད་ཡུལ་ཀྱང་ཕར་ཆེ་བ་བད་དོན་ལ་དོ་སྣང་མེད་མཁན་དང་བད་རིགས་གཙང་མ་མིན་པའི་དགོན་སྡེ་ཁག་རེད། དེའི་གྲས་ནས་དགེ་ལུགས་པའི་དགོན་སྡེ་ཁག་ཅིག་གིས་ད་ལོ་བད་ནང་ལ་གནས་ཚུལ་ཛ་དྲག་པོ་འདི་འདྲ་རེད། ང་ཚོ་ལ་ཞབས་བརྟན་བཅོལ་བྱེད་ཀྱི་དངུལ་མ་སྤྲད་ཀྱང་། ཞབས་བརྟན་ལོས་སྒྲུབ་ལབ་ནས་ཕར་ཕུལ་བའི་དངུལ་དེ་ཚོ་ཕྱིར་ལོག་བྱེད་མཁན་ཡང་བྱུང་ཡོད་པ་རེད། དེ་ནས་བལ་ཡུལ་ནང་གི་བད་མི་དྭང་བླངས་ལས་འགུལ་བ་དེ་ཚོ་ལ་གཞུང་འབྲེལ་མ་རེད་ལབ་ནས་དཔའ་འབྱོར་རོགས་རེམས་མེད་སྟབས། ས་ཟླའི་དུས་ཆེན་ཚེས་༡༥ཉིན་བྷོ་དྷའི་སྐོར་ལམ་དང་འཕགས་ཤིང་སྐོར་ལམ་ནང་ནས་སློང་རྒྱག་དགོས་བྱུང་པ་རེད། ཚང་མས་གཟིགས་དང་བྱེད་སྟངས་འདི་ཚོ་ག་འདྲ་འདུག ད་དུང་གོང་དུ་བརྗོད་པའི་ཞལ་འདེབས་ཀྱི་དངུལ་དེ་ཚོའི་ལྷག་མ་ག་རེ་བྱས་ཡོད་མེད་ཀྱང་མང་ཚོགས་ལ་ཁ་གསལ་བྱུང་མི་འདུག དེ་ལས་ལྷག་རྡ་རམ་ས་ལའི་རང་གཞུང་གིས་ཀྱང་འདི་ཚོའི་མགོ་སྔ་མཁྱེན་ཨེ་ཡོད་དམ་སྙམ་པའི་དོགས་པ་རང་སར་ཡོད། མདོར་ན་འདི་ཚོའི་རིགས་ཀྱིས་བཀའ་བློན་དང་སྤྱི་འཐུས་ཕར་བཞག་ནས་བད་མི་རིགས་ཀྱི་ལས་དོན་ལ་ཁ་གཡར་ནས་ག་རེ་བྱས་ཡོང་བསམ་ནས་སེམས་ཁྲལ་བྱུང་པས་འདི་བྲིས་པ་ཡིན། མཐའ་དོན་ང་ཁྱེད་ལ་རྒྱབ་སྐྱོར་མེད་ལ་ཁྱེད་ལྟ་བུའི་རིགས་ལ་ཡིད་ཆེས་ཡང་མེད། མང་ཚོགས་ནང་ཁ་བདེ་པོ་མ་གསུང་རོགས་གནང་། ད་དུང་འདི་འདྲ་བྲིས་བསྡད་ན་རྫོགས་རྒྱུ་མེད་པ་དེ་འདྲ་རེད། ཡིན་ནའང་ཡིག་ཚོགས་ཀྱིས་འབྲི་མཚམས་འདི་ནས་འཇོག་དགོས་བྱུང་སོང་།
༡ྲ་ཚེ་བར྄ྟེན་ནོར་བུ་ཟེར་བའི་མི་དེ་ བཙན་བྱོལ་བོད་གཞུང་གིས་བལ་ཡུལ་ས྄ྐུ་ཚབ་དོན་གཅོད་བཟོ་ཐབས་བྱས་ས྄ྐབས་ ར྄ྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཁོང་ལ་ཡིད་ཆེས་མི་ཐུབ་པའི་ས྄ློབ་ས྄ྟོན་གནང་བའི་ལོ་ར྄ྒྱུས་ཡོད་ མི་དེ་འདྲ་ཞིག་ས྄ླར་ཡང་བོད་མིའི་ས྄ྤྱི་ཚོགས་ཀྱི་ས྄ྣེ་ཡོད་གོ་གནས་ལ་མི་ས྄ླེབས་ཆེད་ ངས་ཆོས་ས྄ྐྱོང་སྲུང་མར་གསོལ་འདེབས་བྱེད་ཀྱི་ཡོད་
མི་ཆོ་མེད་ཚོ་བཀའ་ཁྲིར་མི་སླེབས་པའི་འགན་དེ་ང་ཚོ་མི་དམངས་ཚོ་ལ་ཡོད་པས་ངེས་པར་ཟབ་དགོས། ཚེ་བརྟན་ནོར་བུ་བཀའ་ཁྲིར་དགོད་རྒྱུ་བོད་ལ་མི་ཟད་ཐེབས་མེད།