བློ་གྲོས་མཐའ་ཡས།
ཕྱི་ལོ་༢༠༠༨ལོར་ངའི་སློབ་མའི་གྲྭལ་དུ་མི་རིགས་ནག་པོའི་གཟའ་འཚོ་གཉིས་ཡོད། ཕལ་ཆེར་ཁོང་གཉིས་ལོ་ཞི་བཅུ་ནས་ལྔ་བཅུ་བར་ཡིན་པ་འདྲ། ཁོང་གཉིས་ཀྱིས་ཟེར་ན་ཏཱ་ལའི་བླ་མའི་ཀུན་སྤྱོད་ལ་སེམས་ཤོར་ནས་ནང་པའི་ཆོས་ཉམས་སུ་ལེན་འདོད་བྱུང་བ་ཡིན་ཟེར། གང་ལྟར་ནུབ་ཕྱོགས་པའི་སློབ་སྦྱོང་གི་ཚད་གཞི་ཧ་ཅང་མཐོན་པོ་རེད། མ་གཞི་མི་རིག ས་ནག་པོ་འདི་འདྲིས་སླ་པོ་དང་། འདྲིས་ཚར་ན་བོད་པ་ལྟར་ཕན་ཚུན་སྙིང་གཏམ་ལྷུགས་པོར་བཤད་མཁན་ཞིག་རེད། ང་ཚོས་ཕན་ཚུན་སྙིང་གཏམ་མང་པོ་འཛེམས་མེད་དུ་བཤད་པའི་ཁྲོད་ནས་ངའི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ནི། ཁོང་གཉིས་ཀྱིས་ད་རེས་ཀྱི་ཨ་རིའི་སྲིད་འཛིན་འགྲན་བསྡུར་ཐོག་ནས་བྷ་རག་ཨོ་བྷ་མ་ཕམ་ན་ཨ་རིའི་མི་རིགས་ནག་པོ་རྣམས་ཕམ་པ་དང་། & nbsp; མ་འོངས་པར་མི་རིགས་ནག་པོའི་མགོ་འགྱོག་རྒྱུ་ཧ་ཅང་དཀའ་བས་མ་ཚད། ཡར་ལངས་རྒྱུ་མེད་པ་ལྟ་བུ་ཞིག་ཟེར། ཁར་སང་ཁར་ཉིན་བལ་ཡུལ་ནས་རྟ་ནག་སྐལ་བཟང་ལུང་རིགས་ཀྱིས་ཀྱང་འདི་དང་གཅིག་མཚུངས་ཀྱི་སྐད་ཆ་བཤད་འདུག་པ་དོན་དངོས་དང་མཐུན་པའི་བདེན་གཏམ་ཉག་གཅིག་རེད།
༢༠༡༡ལོའི་བཀའ་ཁྲིའི་འཚང་ཀར་ཞུགས་མཁན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་། ཚོགས་གཞོན་རྒྱ་རི་སྒྲོལ་མ་སོགས་ཀྱིས་སྐུ་ཚེ་གང་པོར་༧གོང་ས་ཡིད་བཞིན་ནོར་བུ་ལ་ཕྱག་རོགས་རླབས་ཆེན་ཞུས་དེར་ང་ཚོས་ངོས་ནས་སྐུ་དྲིན་དྲན་འོས་པ་དང་། མིག་དཔེར་བལྟ་འོས་པ། ཐུགས་རྗེ་ཆེ་ཞུ་འོས་པ་ཞིག་ཡིན་པ་སྨྲོས་ཅི་ དགོས། ཡིན་ན་ཡང་༢༠༡༡ལོའི་བཀའ་ཁྲིའི་རྐུབ་ཀྱག་གི་ཆེད་དུ། ད་སྐབས་ག་ས་གང་ནས་སྐུ་དྲག་གི་ཕྱོགས་ཁག་བསྒྲིགས་བཞིན་འདུག་པ་འདི་བོད་པའི་སྤྱི་དོན་གྱི་ཐོག་ལ་ཉེན་ཁ་ཤིན་ཏུ་ཆེན་པོ་ཞིག་རེད། དཔེར་ན་ཉེ་ཆར་བལ་ཡུལ་ནས་མི་གྲངས་སྟོང་ཕྲག་གཉིས་ཡོད་པའི་སྐྱིད་སྡུག་ཚོིགས་པ་ཞིག་གིས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་རྒྱུར་ཐག་གཅོད་ བྱུང་བའི་སྐད་ཆ་འདུག་པར་མ་ཟད། ད་དུང་རྒྱ་གར་ལ་ཡང་འབྲེལ་བ་བྱས་ཟིན་པའི་སྐད་ཆ་བྱུང་བ་དང་། དེ་བཞིན་རྒྱ་གར་གྱི་ཕྱི་ཚེས་༡༧ཉིན་བཞུགས་སྒར་དུ་མི་ཁག་ཅིག་གིས་བཀྲས་མཐོང་ལ་རྒྱབ་སྐྱོར་འཚོལ་ཆེད་དྲ་རྒྱ་གསར་བ་ཞིག་སྒོ་འབྱེད་བྱས་པའི་སྟེང་། སྐུ་མགྲོན་གཙོ་བོ་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་གྱིས་གཏམ་བཤད་བྱས་པར། ༼ཕྱོགས་གཅིག་ནས་བལྟས་པ་ཡིན་ན་ཁ་སང་འདིར་ཤོག་ལབ་དུས་མ་བདེ་བ་ཞིག་བྱུང་། དེང་སང་སྤྱི་ཚོགས་ནང་དུ་སྐད་ཆ་མང་ཐག་ཆོད་ནས། ཁོ་ཚོ་གཅིག་གིས་གཅིག་ལ་ངན་པ་ལག་སྦྲེལ་བྱེད་ཀྱི་འདུག བཀའ་བློན་ཁྲི་ཟུར་ཞིག་གིས་བཀའ་བློན་ཁྲི་ཟུར་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག ཁོ་ཚོ་མུ་མཐུད་དབང་འཛིན་པའི་ནང་ལག་བརྡང་སྦྲེལ་ནས་བྱེད་ཀྱི་འདུག་ཅེས་པའི་སྐད་ཆ་དེ་འདྲ་ང་ལ་ཡང་ལབ་མཁན་མང་པོ་བྱུང་། དེར་བརྟེན་མ་བདེ་བ་ཞིག་བྱུང། བསམ་བློ་ཡག་པོ་གཏོང་དུས་དངོས་ཡོད་གནས་ཚུལ་ནི་དངོས་ཡོད་གནས་ཚུལ་རང་རེད། སྐད་ཆ་སྙན་པོ་ཡོད་མེད་གང་ཞིག་སུས་ག་རེ་བཤད་པ་ཡིན་ཡང་འགྱུར་བ་འགྲོ་རྒྱུ་གང་ཡང་ཡོད་མ་རེད། དངོས་ཡོད་གནས་ཚུལ་རེད།༽ ཟེར།
དེས་ན་དོན་ཚན་འདི་གཉིས་དཔེར་གཞག་ནས་གཅིག་བལྟས་ན། དོན་ཚན་སྔོན་མ་དེའི་སྐྱིད་སྡུག་ཚོགས་པར་མི་སྟོང་ཕྲག་གཉིས་ཡོད་ན་སྟོང་ཕྲག་གཉིས་པོ་དེས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བཀྲས་མཐོང་ལ་འོས་ཤོག་འཕེན་འདོད་བྱུང་བ་ཡིན་ནམ་ཟེར་ན་དེ་ནི་ཕལ་ཆེར་མི་སྲིད་པ་ཞིག་རེད། ད་དུང་མི་གྲངས་སྟོང་ཕྲག་གཉིས་མཉམ་འཛོམས་ཀྱི་ཚོགས་འདུ་ཙམ་ཡང་བྱུང་ཡོད་དམ། ཚོགས་གཙོ་དང་རྒྱུན་ལས་སོགས་ལས་བྱེད་སྐོར་ཞིག་གིས ་གྲོས་བྱས་ནས་མར་བཀའ་བབ་རྒྱུ་རེད། ང་ཚོའི་སྐྱིད་སྡུག་གི་མི་ཞིག་ཡིན་ན་བཀྲས་མཐོང་ལ་འོས་འཕེན་དགོས་ཟེར་ནས་བཙན་བཀའ་གཏོང་རྒྱུ་རེད། མགོ་སྐོར་གཏོང་རྒྱུ་རེད། དེས་ན་མང་གཙོའི་ལམ་སྲོལ་དང་མི་མང་གི་ཐོབ་ཐང་དང་ཡང་མཐུན་གྱི་མེད། ད་དུང་རྒས་འཁོག་དང་སློབ་སྦྱོང་མེད་པའི་མི་ཕལ་ཆེ་བ་ལ་རང་ཚུགས་དང་ལྟ་གྲུབ་མེད་པས་འཛུབ་མོ་ག ར་བསྟན་ཤར་རེད།
གཉིས་པ་ལ་བལྟས་ན་བསོད་ནམས་སྟོབས་རྒྱལ་གྱིས་བོད་པའི་ཕྱི་དོན་ལ་བསམ་བློ་གཏོང་གི་མི་འདུག གང་ཟག་སྒེར་གྱི་གྲོགས་པོའི་འབྲེལ་བ་ལ་བསམ་བློ་བཏང་ནས་རྒྱབ་སྐྱོར་བྱེད་ཀྱི་འདུག དེ་ཡིན་པ་ཁོ་རང་གིས་ཁ་གསལ་གཏིང་གསལ་བྱས་ནས་བཤད་འདུག་པ་གོང་གི་དེ་རེད། དེས་ན་འདི་ཚོས་གང་ཟག་སྒེར་བའི་ཐོབ་ཤོར་གཙོ་བོར་འཛིན་པ་ལས་བོད་ཀྱི་སྤྱི་དོ ན་གཙོ་བོར་འཛིན་གྱི་མི་འདུག་པ་ཆེས་བློ་ཕམ་དགོས་པ་ཞིག་རེད་ལ་བོད་ཀྱི་སྤྱི་དོན་ཐོག་ཏུ་ཉེན་ཁ་ཆེན་པོ་ཞིག་ཀྱང་རེད། སྔོན་ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་བཀའ་ཁྲིར་སླེབས་སྐབས། ༧གོང་ས་མཆོག་གིས། ད་རེས་གཞོན་སྐྱེས་ཤིག་བཀའ་ཁྲིར་སླེབས་རྒྱུའི་རེ་བ་བྱས་ཀྱང་། ཡང་བླ་རྒན་མགོ་དཀར་ཞིག་སླེབས་འདུག་ཅེས་ཀུ་རེ་དང་སྦྲགས་ནས་ དོན་དམ་གྱི་གོ་བརྡ་སྤྲད་ཡོད། མའོ་ཙེ་ཏུང་གིས། འཛམ་གླིང་འདི་ང་ཚོའི་རེད་དམ་ཡང་ན་ཁྱོད་ཚོའི་རེད། མཐར་གཏུགས་ན་ཁྱོད་ཚོས་རེད་ཅེས་བཤད་མྱོང་བ་ལྟར། མ་འོངས་པའི་བོད་འདི་མི་རབས་གསར་བའི་གཞོན་སྐྱེས་ཚོའི་རེད་དམ་ཡང་ན་མི་ཚེ་ཕལ་ཆེར་རྫོགས་ཟིན་པའི་རྒས་འཁོག་ཚོའི་རེད། མཐར་གཏུགས་ན་མི་རབས་གསར་བའི་གཞོན་སྐྱེས་ཚ ོའི་ཡིན་པ་སྨྲོས་མ་དགོས། དེར་བརྟེན་༧གོང་ས་ཆེན་པོ་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་མི་རབས་གསར་བའི་གཞོན་སྐྱེས་རྣམས་ལ་གོ་སྐབས་སྤྲོད་དགོས་པ་དང་། མ་མཐའ་ཡང་སྦྱོང་བརྡར་སྤྲོད་དགོས་པ་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཡིན། འོ་ན་གཞོན་སྐྱེས་ཚོའི་ཕྱོགས་ནས་བཤད་ན་ད་སྐབས་མཁས་དབང་བློ་བཟང་སེང་གེ་ལས་ལྷག་པ་ཞིག་གཅིག་ཀྱང་མེད་ པས། ཁོང་ལ་༢༠༡༡ལོའི་བཀའ་ཁྲིའི་རྒྱལ་ཁ་ངེས་པར་དུ་ཐོབ་དགོས་པ་དང་། གལ་སྲིད་ཁོང་ཕམ་པ་ཡིན་ན་མི་རབས་གསར་བའི་གཞོན་སྐྱེས་རྣམས་ཕམ་པ་དང་། མཐར་གཏུགས་ན་བོད་པའི་སྤྱི་དོན་ཕམ་པ་ཡིན།
བློ་བཟང་སེང་གེ་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་ན་བཀའ་ཁྲིའི་འོས་གཞི་གཞན་རྣམས་ལ་མེད་པའི་ཁྱད་ཆོས་གང་མང་ཞིག་ཡོད། &nb sp; དཔེར་མཚོན་ཁ་ཤས་ཤིག་བཀོད་ན།
༡༽ སྟོང་ལོ་འདིའི་ནང་འཛམ་གླིང་ན་མདུན་བསྐྱོད་ཀྱི་མཚན་སྙན་བླ་ན་འབར་བའི་ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་དང་སློབ་གྲྭ་གཅིག་ནས་སློབ་མཐར་ཕྱིན་མཁན་ཞིག་ཡིན་པས་ཨ་རིས་མཚོན་པའི་རྒྱལ་སྤྱིའི་ཐོག་ཏུ་མཚན་མཐོང་དང་སྙན་གྲགས་གདེངས་འཇོག་རྣམས་གཞན་ལས་ཆེ་བ་ཡོད།
༢༽ རྒྱ་ནག་གཞུང་གིས་བོད་དོན་ཟེར་བ་འདི་རང་ཉིད་ཀྱི་ཐོབ་ཐང་རྩོད་པའི་སྐུ་དྲག་ཁག་ཅིག་གི་རྙོག་དྲ་ཡིན་པ་དང་། སྐུ་དྲག་དེ་ཚོ་ཞི་བར་གཟིམ་ཚར་ན་བོད་དོན་ཡང་ཞི་བར་གཟིམ་རྒྱུ་ཡིན་ཚུལ་ཤོད་བཞིན་པར་ཁ་ཆུ་འཐོར་བའི་འགྲམ་ལྕགས་ཆེན་པོ་ཞིག་རྒྱག་ཐུབ།
༣༽ རྒྱ་ནག་གཞུང་དང་བོད་ཕྱི་ནང་གང་སར་བཙན་བྱོལ་བོད་གཞུང་འདི་སྐུ་དྲག་གི་ཁྱིམ་ཚང་ཆེན་པོ་གསུམ་གྱིས་གྲུབ་པར་ངོས་འཛིན་བྱེད་བཞིན་པའི་བག་ཆགས་ངན་པ་དེ་གཙང་མར་བཀྲུ་ཐུབ།
༤༽ གལ་སྲིད་བློ་བཟང་སེང་གེ་ཕམ་ན་བོད་ཕྱི་ནང་གི་གཞོན་སྐྱེས་རྣམས་སེམས་ཤུགས་ཆགས་སྲིད་པ་དང་། བོད་དོན་ལ་དོ་སྣང་བྱེད་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་སྲིད་ལ། བློ་བཟང་སེང་གེ་བཀའ་ཁྲིར་སླེབ་ན་མི་རབས་གསར་བའི་གཞོན་སྐྱེས་ཚོའི་སེམས་ཤུགས་འཕར་ནས་བོད་དོན་ལ་སྔར་ལས་ལྷག་པའི་འབད་བརྩོན་བྱེད་རྒྱུར་སྐུལ་འདེད་གཏོང་ཐུབ། & nbsp;
༥༽ ཕུལ་དུ་བྱུང་བའི་གཞོན་སྐྱེས་མཁས་དབང་བློ་བཟང་སེང་གེ་ལ་བཀའ་ཁྲིའི་རྒྱལ་ཐོབ་ན་༧གོང་ས་ཡིད་བཞིན་ནོར་བུའི་ཐུགས་དགྱེས་ངེས་ཡིན་པ་དང་། འཛམ་གླིང་གང་སར་ཁོང་གི་ཤུལ་འཛིན་པར་མི་རབས་གསར་བའི་ཆབ་སྲིད་ཀྱི་དབུ་ཁྲིད་ཡོང་གི་ཡོད་པའི་ངོམ་སོ་མཛད་ཐུབ།
༦༽ སྐུ་དྲག་གི་ཁྱིམ་རྒྱུད་མ་ཡིན་པ་མི་ཚང་དཀྱུས་མའི་བུ་ཕྲུག་ཕལ་བ་ཞིག་སློབ་སྦྱོང་དང་གདེངས་སྤོབས་ཀྱི་ཐོག་ནས་བཀའ་ཁྲིར་སླེབས་ན། བཙན་བྱོལ་གྱི་གཞུང་འདི་མང་གཙོའི་སྲིད་གཞུང་ཡང་དག་ཡིན་པའི་ར་སྤྲོད་བྱེད་ཐུབ་ལ། མ་འོངས་པར་གང་ཟག་གི་དབང་བསྒྱུར་བྱེད་པའི་ལམ་ལུགས་ཀྱི་ལྷག་རོ་ཡང་གཙང་མ་གཙང་རྐྱང་དུ་བཟོ་བར་ཤུགས་རྐྱེན་ཆེན ་པོ་ཐེབ་ཐུབ།
ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན་རང་རེ་བོད་པ་སང་འདི་རྟེན་འབྲེལ་གྱི་བདག་པོ་ཡིན་པས། བོད་པའི་ལོ་རྒྱུས་ཀྱི་ཐོག་དམངས་གཙོའི་ལམ་ནས་བོད་པའི་གཞོན་སྐྱེས་ཤིག་གི་མགོ་འབུར་བ་དང་པོ་དེ་ཕམ་ན། བོད་ཀྱི་མི་རབས་གསར་བའི་གཞོན་སྐྱེས་རྣམས་ལ་གོ་སྐབས་མེད་པ་དང་། མཐར་གཏུགས་ན་བོད་དོན་འདི་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་འགྱུར་སྲིད་པ འི་རྟེན་འབྲེལ་ངན་པ་ཞིག་ཀྱང་རེད། ཁོ་བོར་མཚོན་ན་རྒྱ་རི་ཚང་འདི་སྐུ་དྲིན་ཆེན་པོ་ཡིན་པར་མ་ཟད། འཚོ་བའི་མཐུན་རྐྱེན་ཚུན་ཆད་ཀྱི་ཐོག་ནས་བཀའ་དྲིན་བརྩེ་སྐྱོང་ཐོབ་མྱོང་མཁན་ཞིག་ཡིན་ལ། བློ་བཟང་སེང་གེ་དང་མི་ཚེ་འདིར་སྐད་ཆ་ཚིག་གཅིག་བཤད་རེས་བྱེད་མ་མྱོང་ཡང་། བོད་ཀྱི་མ་འོངས་པའི་ཕུགས་རྒྱང་ལ་བསམ་བློ་བཏང་སྟེ་རང་ལ་དབང་བའི་འོས་ཤོག་ལྡོག་གཅིག་པོ་དེའི་བདག་པོ་བློ་བཟང་སེང་གེ་མ་གཏོགས་སུ་གཅིག་ཀྱང་མེད།
ཤ་རུས་གདུང་རྒྱུད་གཅིག་པའི་གཅེན་གཅུང་ཚོ།
ད་ང་ཚོ་མི་རབས་གསར་བའི་གཞོན་སྐྱེས་ཚོའི་མགོ་འགྱོག་པའི་དུས་ལ་སླེབས་པ་རེད། མི་རབས་གསར་བའི་གཞོན་སྐྱེས་ཚོས་གོ་སྐབས་བླངས་ཏེ་བོད་དོན་རྒྱུན་འཛིན་བྱེད་པའི་དུས་ལ་སླེབས་པ་རེད། མི་རབས་གསར་བའི་གཞོན་སྐྱེས་ཚོ་ཡར་ལངས་ནས་རྒྱ་ནག་གི་སེམས་ནང་ལ་ཆུ་འཁྱག་བླུགས་རྒྱུའི་དུས་ལ་བབ་པ་ རེད། མི་རབས་གསར་བའི་གཞོན་སྐྱེས་ཚོ་༧གོང་ས་མཆོག་གི་སྐུ་འཁྲིས་སུ་ལངས་ནས་ཐམས་ཅད་མཁྱེན་པའི་ཐུགས་དགོངས་དྲོ་སོབ་དྲོ་སོབ་ཅིག་བཟོ་བའི་དུས་ལ་སླེབས་པ་རེད། མི་རབས་གསར་བའི་གཞོན་སྐྱེས་ཚོས་སྲིད་དོན་གྱི་ཁུར་བླངས་ནས་༧གོང་ས་མཆོག་འཚོ་བཞུགས་ཀྱི་སྐབས་སུ་སྦྱོང་བརྡར་ཆེན་པོ་བྱེད་པའི་དུས་ལ་བབ་པ་རེད། མི་རབས་གསར་བའི་གཞོན་ས ྐྱེས་ཚོ་སྲིད་སྟེགས་མཐོན་པོར་བུད་དེ་ང་ཚོའི་གཞུང་འདི་དམངས་གཙོ་ཚད་ལྡན་གྱི་གཞུང་ཞིག་ཡིན་པའི་བདེན་དཔང་བྱེད་རན་པ་རེད།
ངས་འདི་ནས་རང་དང་ན་མཉམ་གྱི་མི་རིགས་གསར་བའི་གཞོན་སྐྱེས་ཚོར་བཤད་འདོད་པ་ནི། ད་ང་ཚོས་སྐུ་དྲག་མི་དྲག་གི་ངོ་བསྲུང་བྱ་རྒྱུ་དང་། སྐུ་དྲག་མི་དྲག་གི་ཆེད་དུ་ནུས་ཤུགས་འདོན་རྒྱུ་བཅས་མཚམས་བཞག་ནས། བོད་ཀྱི་མ་འོངས་པའི་ཆེད་དུ་ལྡོག་རྩ་གཅིག་དྲིལ་གྱིས་མི་རབས་གསར་བའི་མགོ་འཕང་གནམ་ལ་འགྱོག་རྒྱུའི་དགོངས་པ་བཞེས་དགོས། & nbsp;སྐུ་དྲག་གིས་ལག་ལྡང་སྦྲེལ་ནས་མང་ཚོགས་ལ་བཙན་བཀའ་དང་མགོ་སྐོར་གཏོང་རྒྱུ་ཡན་ཆད་ཇི་དགའ་གང་དྲག་བྱེད་སྐབས། ང་ཚོས་ཀྱང་སྙིང་ལ་རུས་པ་བཅུག་སྟེ་བདེན་གཏམ་དང་སྤོབས་པའི་རུ་དར་ཡར་བསྒྲེང་དགོས། བློ་གྲོས་དང་སྤོབས་པ་སློབ་སྦྱོིང་འཛོམས་པའི་གཞོན་སྐྱེས་ཚོས་ཚོགས་པ་བཟོས་ཏེ་བོད་མི་འདུས་སྡོད་ཀྱི་ས་ཆ་ཁག་ཏུ་སྐོར་བསྐྱོད་བྱས་ནས་དགེ ་སྐྱོན་དྲིལ་བསྒྲགས་བྱེད་དགོས།
ཤེས་དཔྱོད་འཛོམས་པའི་ན་གཞོན་ཚོ། བོད་ཀྱི་ཕུགས་རྒྱང་རིང་པོ་དང་། མི་རབས་གསར་བའི་མདུན་བསྐྱོད་ཀྱི་ཆེད་དུ་ད་རེས་ཀྱི་རྒྱལ་ཁ་འདི་བློ་བཟང་སེང་གེ་ལ་ངེས་པར་དུ་ཐོབ་པ་བྱེད་དགོས། མི་རེ་རེས་ངོས་ནས་འགན་བླངས་ཏེ་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱེད་དགོས། གལ་སྲིད་ཁྱེད་ཆོལ་ཁ་དང་རུས་རྒྱུད་སོགས་ཀྱི་དབང་གིས་སྐུ་དྲག་ གང་རུང་ལ་འབྲེལ་བ་དང་ཞེན་ཁོག་ཡོད་པའི་དབང་དུ་བཏང་ཡང་། ཞེན་ཁོག་དེ་བསྐྱུར་ནས་མི་རབས་གསར་བའི་ཞེན་ཁོག་དང་། བོད་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་བསམ་བློ་གཏོང་དགོས། དེ་ལྟར་བྱས་ན་ད་གཟོད་ཁྱོད་ཀྱིས་ཁྱོད་ལ་དབང་བའི་རང་གི་རྣམ་དཔྱོད་ངོ་མ་དེ་རང་དབང་གིས་བེད་སྤྱོད་བྱེད་ཐུབ། བཀའ་ཁྲིའི་འོས་འགྲན་པ་གཞན་རྣམས་སུ་ཕམ ་ཡང་ཐོབ་ཤོར་དེ་ཙམ་ཆེན་པོ་མེད་ཀྱང་། བློ་བཟང་སེང་གེ་ཕམ་ན་ང་ཚོ་མི་རབས་གསར་བ་ཡོངས་རྫོགས་ཕམ་པ་ཡིན་པས་དེ་ལུགས་ལྟར་སྐ་རགས་དམ་པོར་བསྡམ་རྒྱུ་ཅི་བས་ཀྱང་གལ་ཆེ།
ཕུལ་དུ་བྱུང་བའི་གཞོན་སྐྱེས། མི་རབས་གསར་བའི་དམག་དཔུང་གི་རུ་དར། ཨ་མའི་བུ་མཁས་དབང་བློ་བཟང་སེང་གེ་རྒྱལ་གྱུར་ཅིག མ་འོངས་པའི་བོད་རྒྱལ་གྱུར་ཅིག
ཚོགས་གཙོ་སྤེན་པ་ཚེ་རིང་ཡང་བསྟན་རྣམ་གྱི་སྐེ་ལ་འདོགས་དོན་ཤེས་མ་སོང་། འདིའི་ཐོག་ནས་ཁྱེད་རང་གིས་གང་འདོད་པ་དེ་བཤད་པ་ལས། གང་ཡིན་པ་དེ་བཤད་མེད་པ་གསལ་བོ་རེད། ཡིན་ཡང་ཁོ་བོ་སྤེན་ཚེ་དང་བློ་སེང་གཉིས་ལས་གང་ལེགས་རྩད་གཅོད་བྱེད་ཀྱི་ཡོད།
འདི་འབྲི་མཁན་ཡང་ཨ་མདོ་བ་ཞིག་ཡིན་པ་ཐགས་གི་གཅོད་ཐུབ། ཨ་མདོ་བ་མང་ཆེ་བས་མི་ཞིག་གི་མིང་གི་མགོར་མི་ཚང་གི་མིང་ཡོད་ན་སྐུ་དྲག་ཟེར་གི་རེད། དཔེར་ན་རྒྱ་རི་ཚང་གི་མི་ལ་སྐུ་དྲག་ཟེར་བ་ལྟ་བུ་རེད། དེ་ལྟར་ཡིན་ན་ནུབ་ཕྱོགས་པ་དང་རྒྱ་མི་ཚང་མ་སྐུ་དྲག་ཡིན་ས་རེད། མིང་གི་ཕྱེད་ཀ་མི་ཚང་གི་མིང་རེད། མི་ཞིག་དབུས་གཙང་གི་ཡིན་ན་ཁོ་ལྷ་ས་གི་རེད་ཟེར་གི་རེད། དཔེར་ན་མི་མངའ་རིས་ཀྱི་མི་ཞིག་ན་ཡང་ཁོ་ལྷ་ས་གི་རེད་ཟེར། མ་གཞི་ཅིག་ཅིག་སྐུ་དྲག་རེད་ཟེར་བ་དང་ཅིག་ཅིག་གི་ཀླད་པ་རྙིང་པ་རེད་ཟེར་བ། ང་དང་ང་ཚོ་མི་རབས་གསར་བ་ཡིན་ཟེར་བ་ནི་དམར་ཕྱོགས་ཀྱི་དུག་འབུ་ཀླད་པའི་ནང་ཡོད་པའི་རྟགས་རེད།མི་དེའི་ཤེས་དཔྱོད་དང་ལངས་ཕྱོགས་སོགས་མདོར་ན་ཤེས་ཡོན་གི་ཚད་གཞི་ལ་མི་བལྟ་པར་་་་་་ སྐུ་དྲག་དང་མི་རབས་གསར་རྙིང་ཟེར་བ་ནི་མི་རིགས་དབྱེ་དབྱེད་ཀྱི་ལྟ་སྤྱོད་ངན་པ་ཞིག་རེད། རྒྱལ་སྤྱིའི་འགྲོ་བ་མིའི་བསྒྲིགས་གཞི་དང་འགལ་བ་རེད། མདོར་ན་དེ་ནི་དམར་ཕྱོགས་པའི་གྲལ་རིམ་འཐབ་རྩོད་ཟེར་བ་དེ་རེད།
བཙན་བྱོལ་པའི་ནང་རྒྱལ་རི་ཚང་གི་ནང་མའི་དབང་ཚད་མཐོ་ཞིང་དེའི་ཡོང་ཁུངས་ཞིབ་ཏུ་རྟོགས་ན་སྐུ་དྲག་གི་རྒྱུད་ཡིན
སྐུ་དྲག་མི་དྲག་ཟེར་ནས་རིགས་རུས་ཀྱི་དབྱེ་བ་ཕྱེས་ནས་གྲལ་རིམ་གྱི་རྟགས་འགོད་པ་དེ་ནི་རྒྱ་ནག་དམར་ཤོག་གི་བྱེད་ལས་ཤིག་རེད་ལ་ལྷག་པར་དུའང་འདས་ཚར་བའི་སྐབས་ཀྱི་བྱེད་སྟངས་ཤིག་རེད། ངས་ནི་ཤེས་འཇོན་ལྷག་བསམ་དང་བྱས་རྗེས། ཉམས་མྱོང་སོགས་ལ་ལྟ་གི་ཡོད་མ་གཏོགས་སྐུ་དྲག་ཡིན་མིན་ལ་ལྟ་གི་མེད་ལ་བལྟ་རྒྱུའང་མིན།
ད་སྔ་བལྟས་ཡོང་ན། བཀའ་ཁྲིའི་འོས་མི་གལ་ཆེན་རྣམས་ལ་ཕྱོགས་ཁ་ཤས་ཤིག་ནས་བལྟས་ཏེ་རང་ཉིད་ཀྱིས་སྐར་གྲངས་ཤིག་བརྒྱབ་ཡོང་ན། སྐར་གྲངས་མཐོ་ཤོས་བསྟན་འཛིན་རྣམ་རྒྱལ་རེད། མཐར་ཕྱིན་སློབ་མ་བློ་བཟང་སེང་གེ་དང་སྨན་པ་རྟ་བོ་བློ་བཟང་དཔལ་ལྡན་གཉིས་སྐར་གྲངས་དམའ་བའི་གྲས་རེད། སློབ་མ་གསར་ཐོན་ཞིག་དང་སྨན་པ་ཞིག་ལ་ངའི་རྩ་ཆེ་བའི་བཀའ་ཁྲིའི་རྐུབ་སྟེགས་རྩིས་སྤྲད་ནས་བཀའ་ཁྲིའི་རྐུབ་སྟེགས་དེ་རྩེད་མོ་རྩེད་བྱེད་ཅིག་དང་ཚོད་ལྟ་བྱེད་ས་ཞིག་ཏུ་བསྒྱུར་བར་བློ་ཡིས་མི་སྤོབས་གི
༡ བཀའ་ཁྲིའི་འོས་མི་རྣམས་ཀྱི་འདས་པའི་བྱས་རྗེས་བསྡུར་ན། གཞན་ཚོར་བསྟན་རྣམས་ཀྱི་བྱས་རྗེས་ཀྱི་ཆ་ཤས་ཙམ་ཡང་ཡོད་པ་མ་རེད།
༢ ཉམས་མྱོང་དང་ལྷག་པར་དུ་འཛིན་སྐྱོང་གི་ཉམས་མྱོང་བསྟན་རྣམ་ལ་བསྡུར་ཐབས་ཁོ་རང་ཡོད་པ་མ་རེད།
༣ གསར་བཏོད་ཀྱི་ནུས་པ་བཤད་ན། བསྟན་རྣམས་ཀྱིས་ད་བར་གང་ཞིག་བསྒྲུབས་པ་ཚང་མ་ཁ་ཚ་དགོས་གཏུགས་ཀྱི་ལས་གཞི་རྐྱང་རྐྱང་གསར་བཏོད་གནང་ཡོང་བ་རེད།
༤ སྔོན་མའི་བཀའ་ཁྲི་དང་མི་འདྲ་ས་ཞིག་ནི། ད་ལྟའི་བཀའ་ཁྲི་ལ་དབང་ཚད་ཆེ་བ་ཡོད་པས་ཕྱག་ལས་གནང་བདེ་བོ་ཞེ་དྲག་ཡོད་པར་མངོན།
༥ བསྟན་རྣམ་གྱིས་ངས་འདི་བྱེད་གི་ཡིན་དེ་བྱེད་གི་ཡིན་ཟེར་འུད་བཤད་ཀྱི་མི་འདུག་ཀྱང་འདས་པའི་ཕྱག་ལས་ལས་མཐོང་བ་ནི། ཁོང་ནི་ག་རེ་ཡིན་ན་གནང་ཐུབ་མཁན་ཞིག་ཡིན་པ་མ་ཟད་གསར་བཏོད་གནང་ཐུབ་མཁན་ཞིག་ཏུ་མཐོང་།
༦ ཁོང་གི་ལྷག་བསམ་དང་སེམས་ཤུགས་དེ་ཡང་ཡིད་ཆེས་བྱེད་ཆོག་པ་ཞིག་རེད། ལོ་ན་མཐོ་བོ་འདི་ལྟ་བུ་ཞིག ད་རུང་གཞོན་སྐྱེས་ཚོའི་ནང་བཀའ་ཁྲིའི་འོས་འགྲན་ལ་ཞུགས་པ་དེས་ཆོག ད་བར་གནང་ཡོང་བ་རེད་ད་རུང་གནང་གི་ཡིན་ཟེར་བ་དེས་མ་ཆོག་པ་མི་འདུག
༧ ཤེས་ཡོན་གྱི་ཐོག་ནས་ད་ལྟའི་བཀའ་ཁྲིའི་འོས་མི་ཚང་མར་མ་འདང་བ་ཡོད་པ་མ་རེད་འདོད། དོན་ཚན་འདི་ཁོ་ནའི་ཐོག་བློ་སེང་གཞན་དག་ལས་ཅུང་འབུར་དུ་ཐོན།
གནས་སྐབས་དེ་ཙམ་བྱེད།
སྐུ་དྲག་མ་དྲག་གི་སྐད་ཆ་དང་མི་རབས་གསར་རྙིང་གི་སྐད་ཆ་དེ་ཚོ་རྩད་ནས་རྫོགས་མཐའ་མེད། དེ་ལས་ད་ལྟའི་ཛ་དྲག་ཅན་གྱི་བོད་དོན་བསྒྲུབས་པར་ནུས་ཤུགས་ཡོད་པ་ཞིག་དང་དེ་སྒྲུབ་པའི་སྒྲུབ་སྟངས་ཁྲིམས་ཐོགས་ནས་ཤེས་པ་ཞིག་དགོས་གལ་ཆེ། དེ་ནི་མཁས་དབང་བློ་བཟང་སེང་གེ་ལས་ལྷག་མེད་པ་ཟུར་བལྟས་ལེབ་མཐོང་རེད། དེར་བསྟེན་ངས་མཐའ་གཅིག་ཏུ་ཁོང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ནོ།
ད་ལྟའི་བོད་གཞུང་གི་ལས་བྱེད་པའི་ལས་ཀ་བྱེད་ཕྱོགས་དང་ཁྲིམས་འགས་བོད་མི་མང་པོའི་སེམས་ལ་སྡུག་གང་མང་གཞག་ཡོད། རྒྱུན་མཚན་ནི། ལས་ཁུངས་སུ་ཕྱིན་སྐབས གཞུང་ཞབས་རྒྱ་ཆའི་༩༥ཙམ་གྱི་སྤྱོད་པ་ཡག་པོ་མེད་པ་དང( they have very bad attitude )ལྷག་པར་ཏུ་གསར་འབྱོར་བ་དང་སྐད་ཆ་ཡག་པོར་བཤད་མི་ཤེས་མཁན་དང་དུལ་ལོག་སྐྱོད་པོར་གྱོན་ཞིག་ཡིན་ཚེས་ལས་ཀ་ཆུང་ཆུང་ཞིག་གི་ཆེད་ཆུ་ཚོད་༤འམ་༥འཚམས་རེས་ཉིན་གང་པོར་སྒུག་དུ་བཅུག་གིན་ཡོད་ན་ཡང་མཐའ་མཇུག་དུ་ལས་ཀ་ཡང་རྒྱ་ཆ་༤༠ཙམ་ལས་འགྲུབ་གིན་མེད། དེ་དག་རྒྱུར་ཐུབ་མཁན་ཞིག་དང་ཁའི་ལྷག་བསམ་མ་ཡིན་པར་སེམས་ཀྱི་ལྷག་བསམ་རྩེ་བཅུག་དུ་ཡོད་མཁན་ཞིག་བཀའ་ཁྲི་དགོས་དེ་མིན་སྐབས་བཞི་པའི་བཀའ་ཁྲིའི་སྐབས་བོད་མིའི་རེ་བ་འཇུག་རྫོགས་དངོས་ཡིན།
ཕྱིར་རྒྱལ་དུ་འགྲོ་མཁན་ཚོར་དང་གསར་འབྱོར་ཚོར་བོད་གཞུང་གིས་རོག་རམ་དང་མཐུན་རྐྱེན་གནང་རྒྱུ་ཧ་ཅང་གལ་ཆེ། རྒྱུན་མཚན་ནི་ཕྱིར་རྒྱལ་འགྲོ་མཁན་ཚོས་དཔལ་འཔྱོར་ཐོག་བོད་ནང་གི་མི་དང་སློབ་སྤྱོང་གི་མཐུན་རྐྱེན་མ་ཚང་བའི་བོད་ནང་གི་བྱིས་པ་ཚོར་རོག་རམ་བོད་གཞུང་ལས་ལྷག་བྱེད་ཐུབ་ཀྱིན་ཡོད། གསར་འབྱོར་པ་ཚོས་བཙལ་འབྱོར་བོད་གཞུང་གིས་རྒྱུན་འཛིན་ཆེད་དུ་རང་སྲོག་ལུས་གཏང་དེ་རྒྱ་མིའི་མེ་མདའི་ཁ་རྒྱུན་ཏེ་བཙལ་འབྱོར་ཏུ་ཡོང་གིན་ཡོད།
དེ་དག་བསམ་ཤེས་བྱེད་ཐུབ་མཁན་བཀའ་ཁྲི་དགོས་དེ་མིན་མ་འོངས་བཀའ་ཁྲིའི་སྐབས་བོད་མི་རིགས་ཆེད་སེམས་ཤུགས་ཡོད་མཁན་མེད་པར་གྱུར་སྲིད།
ཁྱེད་ཀྱི་རྩོམ་ཡིག་འདི་ལ་བརྒྱ་ཆ་བརྒྱ་ཐམ་པར་མོས་མཐུན་ཡོད། དུས་རབས་གསར་པའི་གཞོན་སྐྱེས་ཚོ་ཤུགས་རྒྱོབས་ཤོག་ཡ། མཁས་དབང་བློ་བཟང་སེངྒེ་ཡིན་ད། ཁོང་ནི་སྐུ་དྲག་སྲིད་དབང་སྒེར་འཛིན་པའི་རིགས་རྒྱུད་མིན་ལ། གཡོ་སྒྱུའི་རྐུབ་སྟེགས་བསྲུང་མཁན་དང་། གཡེན་སྦྱོར་ཀྲུག་ཤིང་བཟོ་མཁན། སྤྱི་མིང་ཁྱེར་ནས་སྦྱིན་བདག་ཆགས་པ། འཆོལ་ཁའི་འཐེན་ཁྱེར་བྱེད་པའི་རིགས་སོགས་སུའང་མི་གཏོགས་པས་གངས་གཞོན་དག་ད་ལྟའི་གོ་སྐབས་འདི་མ་ཤོར་ཨ། ཤུགས་རྒྱོབས་ཤོག
རྒྱུད་འཛིན་པ་དེ་ཚོའི་བསམ་མེད་འགའ་ལ་རྒྱུ་དངུལ་གྱི་བསྐུལ་སྐྱོད་བྱས་ཏེ་རང་གི་ཕྱོགས་འཛིན་པ་ཞིག་གམ་ཡང་ན་རང་གི་རྗེས་འཇུག་པ་བྱས་ཏེ་དམངས་ཁྲོད་དུ་རྫུན་བཏམ་ཤོད་དུ་འཇུག་པ་དང་ཁྱབ་བསྒྲགས་བྱེད་དུ་འཇུག་བཞིན་ཡོད་པ་གསལ་པོ་རེད་། ཡིན་ནའང་དེ་ཚོའི་ནུས་པ་གསལ་པོ་ཞིག་ཐོན་གྱི་མེད་དུས་འུ་ཐུག་དང་ཐབས་ཟད་ཀྱེ་ལས་ཀ་འགོ་རྩོམ་དང་རྩོམ་མོས་རེད་། ན་བཞོན་ཚོ་་་ ད་ནི་རང་རེ་བསམ་བློ་གུ་ཟུག་དོག་པོ་དེ་འདྲ་བྱས་ཏེ་སྡད་ན་ང་ཚོ་ནི་མུ་མཐུད་དུ་མྱོང་རྒྱུའི་གང་ཟག་དེ་ཡིན་ལ་རྗེས་ལུས་པ་ཞིག་ཀྱང་ཡིན་པས་་་་ ངའི་ན་ཟླ་ཚོ་རྣམ་དཔྱོད་བེད་སྐྱད་དེ་རང་རེའི་གཞུང་དམངས་ལ་ཁ་ཚ་དགོས་གཏུག་གི་ཕན་བརླབས་དཀའ་ཁྲི་ཞིག་ཅེས་ཀྱང་འདེམས་ཐུབ་པ་བྱ་རྒྱུ་དེ་ནི་རང་རེའི་བླ་ན་མེད་པའི་འུས་འགན་དེ་ཡིན་ལ་་་་ལྷག་པར་དུ་རང་རེ་བཞོན་སྐྱེས་ཚོས་འགན་ཁུག་ཆེ་ཤོས་དེ་ཡིན་། སོང་ཙང་ངའི་རེ་བ་ལ་ཁྱེད་ཚོའི་མ་ནོར་བ་ཞིག་གདམས་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད་། དཔེར་ན་ ཤེས་འཇོན་དང་ལྷག་བསམ་ གོ་རྟོགས་སོགས་གང་ཅིའི་ཐད་ནས་ཕུལ་དུ་བྱུང་བ་ཞིག་། ངས་བསམ་ན་མཁས་དབང་བློ་བཟང་སེངྒ་ནི་དེངས་རབས་དང་སྲོལ་རྒྱུན་གང་བྱས་རུང་ཕུལ་དུ་བྱུང་བའི་ཤེས་ཡོད་པ་ཞིག་རེད་ན་འདོད་། ཡིན་ནའང་ངས་ཁྱེད་ཚོར་གདོམས་ཟེར་བའི་སྐུལ་ལྕགས་མེད་ཀྱང་ངས་བློ་གཟུར་ལ་གནས་པའི་ཐོག་ནས་ཡིན་ཡང་འདྲ་མ་འོངས་བོད་ཀྱི་གནས་སྟངས་ལ་བསམ་པ་ཡིན་ན་་ ཡང་ན་ལྷག་བསམ་རྣམ་དག་ཡིན་ཟེར་ཀྱང་ཆོག་ སེམས་དང་བསམ་པའི་བར་ནས་ཁོང་བླ་ན་མེད་པའི་མཁས་དབང་བློ་བཟང་སེངྒེ་ཡིན་རྟོན་མཐའ་གཅིག་ཏུ་ཡོད་པའི་ཐོགས་ནས་ཡིད་ལ་བཟུང་ཟིན་། དགོངས་པ་མ་མཚོམས་ཞུ་། ངའི་བསམ་པའི་ཁྱེར་སོ་ཁོང་ལ་ཤོར་ཐལ་།
ཁྱོད་ཀྱི་བསམ་ཚུལ་འདི་ལ་ཐ་གཅིག་ཏུ་བརྒྱབ་སྐྱོར་ཡོད། གང་ཡིན་ཞེ་ན་གཞོན་སྐྱེས་ཚོས་ག་དུས་ཡིན་ནའང་གཅིག་འགྲིག་མི་འདུག་པ་དང་གཉིས་བརྗེ་དགོས་པ་སོགས་འགན་མེད་པའི་ཁ་སྟོང་ནང་གི་ཚིག་སྟོང་རེ་བཤད་པ་མ་གཏོགས་དོན་དངོས་སུ་མང་གཙོའི་འགན་དེ་འཁྱེར་གིས་མི་འདུག བྱས་ཙང་ང་ཚོ་ལ་གསར་གཏོད་དང་ཆིག་སྒྲིལ་གྱི་ནུས་པ་དགོས་ན་བློ་བསམ་རྩེ་གཅིག་ཏུ་སྒྲིམ་རྒྱུའི་དུས་ལ་བབས་ཡོད་དོ།།
ང་ལ་དབང་བའི་འོས་གཅིག་པུ་འདི་བློ་བཟང་སེང་གེ་ལ་འཕེན་རྒྱུ་བརྒྱ་ཆ་ ༧༠ གཏན་ཁེལ་ཟིན་པ་ཡིན། སྤྱི་ཚོགས་ནང་ཁོ་མགོ་བདེ་པོ་རེད་སོགས་མཛུ་གུ་བཙུགས་ས་མེད་པའི་ཉེས་པ་རྣམས་གཏང་སྙོམས་སུ་བཞག་ནས་རང་གཞུང་ཤེས་རིག་ནས་འགྲོ་གྲོན་ཐོག་ཨ་རིར་སློབ་སྦྱོང་དུ་བཏང་སྟེ་ལོ་གསུམ་གཞུང་ཞབས་གནང་བའི་ཁ་ཆད་རྩི་སྲུང་མ་བྱས་པ་འདིར་རྒྱུ་མཚན་དང་ལྡན་པའི་སྒོ་ནས་གཙང་སེལ་ཞིག་བྱུང་ཚེ་བརྒྱ་ཆ་བརྒྱ་ཁོང་ལ་འདེམས་གི་ཡིན།
དེ་མིན་བཀའ་ཁྲིར་འོས་མིར་བཞུགས་པ་ཚང་མར་གུས་བཀུར་དང་ལྷག་པར་ཡོངས་གྲགས་བཀྲས་མཐོང་། སྤེན་པ་ཚེ་རིང་། རྒྱ་རི་སྒྲོལ་མ་བཅས་ཁོང་ཚོ་གསུམ་པོ་ཡང་བོད་དང་བོད་མིར་བརྩེ་སེམས་དང་ལ་རྒྱ་སོགས་མི་དམན་ཞིང་། མཛད་རྗེས་ཀྱང་གང་ལེགས་འཇོག་གནང་མཁན་ཡིན་སྟབས་རྣམ་ཀུན་གུས་འདུད་དང་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།
གོང་དུ་བློ་གྲོས་མཐའ་ཡས་ཀྱིས་བློ་སེང་ལས་འཕྲོས་ཏེ་ཆེད་རྩོམ་གང་ལེགས་གནང་འདུག འོན་ཀྱང་སྐུ་དྲག་དང་སྐུ་དྲག་ཞེས་མང་པོ་ཞིག་གསུངས་འདུག་པ་སྣང་བ་འགྲོ་མ་སོང་།
སྐུ་དྲག་གིས་གཏན་ནས་མི་འགྲིག་ན་འོ་ན་བློ་སེང་བཀའ་ཁྲིའི་ས་ལ་སླེབས་པ་དང་སྐུ་དྲག་གི་ངོ་བོར་གྱུར་ཟིན་པ་མ་རེད་དམ།
ཡང་ན་སྐུ་དྲག་ཟེར་རྒྱུ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་རེད།
དེ་བས་ན་རིག་གནས་གསར་རྗེའི་སྐབས་ཀྱི་ཨ་ཞང་ཚང་གི་སྐད་ཆ་དེ་ཚོ་སྐྱར་ཟློས་མ་གནང་རོགས།
བོད་རྒྱལ་ལོ།།
རྩོམ་འབྲི་བ་འདིའི་སྐད་ཆ་ཚང་མ་རྙིང་པ་རེད་འདོད་ མི་རབས་གསར་པའི་དར་ཆ་འཁྱེར་ནས་བློ་སེང་ལ་རྒྱབ་སྐྱོར་བྱེད་ཞི་མདའ་ བློ་སེང་བཀའ་ཁྲིར་འཁོད་ཚེ་མི་རབས་གསར་པ་ལྟར་ཡོང་རྒྱུ་ཨེ་རེད་ ཁོ་ཡང་མི་གཞན་གྱི་ཟེར་ཚད་ལ་འགྲོ་ཉེན་ཆེ་ལེ་རེད་ ངོ་མ་ཚེ་བརྟན་ནོར་བུ་ཡག་ལེ་རེད་ རྒས་འཁོགས་ཚོས་བཀྲིས་དབང་འདུད་ལ་བླུགས་རྒྱུ་ཡིན་མདའ་ གཞོན་སྐྱེས་ཚོས་ཚེ་བརྟན་ནོར་བུར་བླུགས་ཤི་མདའ་
བློ་གྲོས་མཐའ་ཡས་ཀྱི་རྩོམ་ལ་རྒྱབ་སྐྱོར་ཐ་གཅིག་ཏུ་ཡོད། སྤྱིར་བཏང་གིས་བཤད་ན་བཀའ་ཁྲི་ལས་འགན་ཆེན་པོ་ཡིན། ཡིན་ནའང་། ད་ལྟ་༧གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་འོག་བཀའ་སློབ་དང་ལམ་སྟོན་གཞིར་བཟུང་ནས་ཤར་བསྐྱོད་བྱེད་སྐབས་གཞོན་སྐྱེས་བློ་བཟང་སེངྒེ་སླེབས་ན་ཡག་པོ་འདུག དོ་བདག་སོ་སོ་ཡིས་བསམ་བློ་གཏོང་རྒྱུར་གལ་ཆེན་རེད། དེ་སྔོན་དངས་བླང་གཞོན་སྐྱེས་ཚོགས་པ་གོ་སྒྲིག་འོག་བོད་གཞུང་ཟློ་གར་ཚོགས་ཁང་ནང་དུ་མཁས་དབང་བློ་བཟང་སེངྒེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ཚོགས་གཞོན་རྒྱ་རི་སྒྲོལ་མ་། བཅས་དོ་བདག་སོ་སོ་མ་འོངས་བཀའ་ཁྲི་ཆག་པ་ཡིན་ན་ག་རེ་བྱེད་རྒྱུ་ཡིན་ཟེར་ནས་དུས་ཡུན་སྐར་མ་ལྔ་མི་དམངས་ལ་གཏམ་བཤད་གནང་སོང་ དེ་ནང་ནས་མཁས་དབང་བློ་བཟང་སེངྒེ་དངོས་ཡོད་ཀྱི་ལམ་ནས་ཅུང་འབུར་དུ་ཐོན་ཡོང་གི་འདུག ཁོང་ལ་ཆ་རྐྱེན་གསུམ་འདུག་ དང་པོ་གཅིག་སྒྲིལ། གཉི་པ་གསར་བསྟོད་། གསུམ་པ་རང་མགོ་རང་ཐོན་རེ་བཞིན་འགྲེལ་བཤད་ཞིབ་ཚག་གནང་སོང་། གཞན་གསུམ་དམིགས་གསལ་གྱི་ཆ་རྐྱེན་བཏོན་རྒྱུ་མི་འདུག དེ་སྐབས་དངས་བླང་གཞོན་སྐྱེས་ཚོགས་མི་གཅིག་ལ་ངས་སྐད་ཆ་དྲིས་པ་ཡིན། ཁྱེད་རང་ཚོས་འོས་མི་གསལ་བསྒྲགས་བཏོན་སྐབས་བཀའ་ཁྲི་འོས་མི་བཀྲས་མཐོང་མ་གཏོགས་བཏོན་འདུག་ དེ་རིང་ཁོ་ཚོ་བཞི་སླེབས་འདུག་དེ་ག་རེ་རེད་དམ་རྒྱུ་མཚན་དྲིས་པ་ཡིན། ང་ཚོས་ངོས་ནས་བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་ས་གནས་ཁག་མང་པོར་རྒྱབ་སྐྱོར་འཚོལ་གྱིས་ཡོད་ཟེར་ནས་བཤད་བྱུང་། ད་དུང་རྒྱབ་སྐྱོར་འཚོལ་བྱེད་ལ་དྲ་རྒྱ་ཞིག་གསར་འཛུགས་བྱ་རྩིས་ཡོད་བཅས་བཤད་བྱུང་། དངས་བླང་གཞོན་སྐྱེས་ཚོགས་མི་དེ་ཡིས་ཤོད་སྟངས་ལ་བལྟས་དུས་དངོས་ཡོད་ཐོག་
ནས་འགྲོ་གིན་མེད་པ་ཉིན་དེ་རང་ནས་ཤེས་སོང་། ཞེན་ཁོག་གི་རྣམ་པ་ཡོད་པ་མངོན་གསལ་འདོད་པོ་འདུག
གལ་སྲིད་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིར་སླེབས་པ་ཡིན་ན། བཀའ་ཁྲིའི་འགན་ཁུར་དུས་ཡུན་ལོ་ལྔ་རིང་མཇུག་བསྐྱོང་ཐུབ་པས་ཆོད་སེམས་བརྟན་པོ་གནས་པ་ཤོག སྔོན་མ་ལྟར་མིན་པ་བཀའ་ཁྲིའི་དུས་ཡུན་མ་རྫོགས་གོང་ཨ་རི་ལ་མི་འགྲོ་བ་ཤོག བོད་མི་ཚོས་དེའི་ཐོག་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་རེད།་ བསམ་བློ་སྔོན་ལ་བཏང་ན་མཁས་པ་ཡིན བསམ་བློ་རྗེས་ལ་བཏང་ན་ལྐུག་པ་ཡིན་ཟེར་བའི་དཔེ་ལྟར།
བློ་སེང་གིས་བཀའ་བློན་ལས་རོགས་སུ་བློ་འདྲི་ས་ལྟ་བུར་བཀའ་བློན་རྒན་པ་ཁ་ཤས་འཇོག་གི་ཡིན་ཟེར། དེ་ནི་རང་ལ་ཉམས་མྱོང་མེད་པས་དཀའ་ངལ་རིམ་པར་འཕྲད་རྒྱུ་ཡིན་པ་གཞི་ནས་ངོས་ཟིན་གྱི་ཡོད་པའི་རྟགས་ཤིག་རེད། དེ་ནི་རང་ཉིད་ལ་བཀའ་བློན་ཁྲི་བ་བྱེད་རྒྱུའི་ནུས་པ་དང་བློ་གདེང་མེད་པའང་སྟོན་གྱི་ཡོད་རེད། བཀའ་བློན་རྒན་པ་ཞིག་གི་ཅི་གསུང་བཀའ་སྒྲུབ་ཞུ་མཁན་གྱི་བཀའ་ཁྲི་རང་ཚུགས་མེད་མཁན་ཞིག་ང་ཚོར་དགོས་པ་ཡོད་རེད་པས། དེ་ལྟར་ན། བློ་འདྲི་ཞུ་ཡུལ་གྱི་བཀའ་བློན་དེ་ག་རང་བཀའ་ཁྲིར་འདེམས་ན་ག་རེ་བྱས་ནས་ཆོག་གི་ཡོད་པ་མ་རེད།
བཀའ་ཁྲི་གཞན་ལ་བློ་དྲིས་སྡོད་མཁན་གྱི་ལོ་གཞོན་ཞིག་དང་། བཀའ་བློན་རྒན་པ་འགའ་བཞག་ན་དེ་ཡག་ག་རེད་དམ། ཡང་ན་བཀའ་ཁྲི་གཞན་ལ་བློ་འདྲི་མི་དགོས་མཁན་རྒན་པ་ཞིག་བཞག་སྟེ། བཀའ་བློན་རྣམས་ལོ་གཞོན་རྐྱང་རྐྱང་བཞག་ན་དེ་ཡག་ག་རེད།
ང་རང་ཉིད་ཀྱི་ད་རེ་བློ་བཟང་སངྒེ་ལགས་སུ་འོས་འཕེན་རྒྱུ་ཡིན་། གང་ཡིན་ཟེར་ན་། མི་ཁ་ཤས་ཞིག་གིས་རང་རང་གི་དགའ་སའི་མི་དེས་། དཔར་དང་ལོ་རྒྱུས་ཕྱོགས་སྡུས་རེ་གྲམས་ཞོར་ཏུ་། འོས་ཤོག་ཁོ་ལ་ཕེན་དགོས་རེད་ཟེར་ནས་འུ་ཚིགས་རྒྱག་སྟང་ལ་ལྟས་ན་། བླུན་རྨོང་ཡིག་རྨོང་བ་ཚོའི་ཐོབ་ཐང་། མགོ་བདེ་ཚག་ཡང་འཚོས་ལེན་ཁོ་ཐག་རེད་། དཀོན་མཆོག་མཁྱེན་་ད་་བོད་མི་དམངས་འདི་། རྒྱ་ནག་མི་དམངས་ཇི་གཞིན་། མཉོམ་ཆུང་ལུག་འདྲ་བོ་ཞིགས་སུ་མི་གནས་པའི་སྨོན་ལམ་འདེབས་ཡ་།
བཀྲས་མཐོང་རྣམ་རྒྱལ་རྒྱལ་ཁ་མི་ཐོབ་ཅིང་། རྒྱ་རི་སྒྲོལ་མ་མ་ལུས་ཕམ་བྱས་ཏེ། བློ་བཟང་སེང་གེ་གེ་སར་རྣམ་ཐར་བཞིན། བཀའ་བློན་གསེར་ཁྲིའི་ཁྲི་ལ་འཁོད་པར་སྨོན།
བློ་བཟང་སེང་གེ་རྒྱལ་གྱུར་ཅིག
གལ་སྲིད་ཁོང་བཀའ་ཁྲི་ལ་མ་སླེབས་པ་ཡིན་ན་ངོ་མ་བློ་ཕམ་འོང་ས་རེད།
ཡིན་ནའང་བོད་རིགས་ཡོངས་ཀྱིས་ཐུགས་བསམ་ཞུམ་མོ་གཏང་ནས་བློ་བཟང་སེང་གེ་མཆོག་ལ་རྒྱལ་ཁ་ཐོབ་ངེས་རེད།
དེ་སྒེར་དོན་མ་རེད།
བོད་སྤྱི་བའི་ཆེད་དུ་ཡིན་པས་ཐམས་ཅད་ཀྱིས་ཐུགས་བསམ་ཡག་པོ་གཏང་རོགས་ཞུ།
ད་རེས། སྤོབས་པ་མཐའ་ཡས་ཀྱིས། རྒྱུ་མཚན་ལྡན་པ་བྲིས་འདུག ཟུར་གནས་སྐྱེ་བོ་ཞིག་གིས་བལྟས་ན། གོ་རྒྱུ་ཆེན་པོ་འདུག
སྤོབས་པའི་རྒྱུ་མཚན་འདིའི་སྟེང་ལ་གུས་པས་རྒྱུ་མཚན་གཅིག་ཚང་མར་དཔྱད་གཞིར་འབུལ་གྱི་ཡིན། དཔྱོད་པ་མཛད་རོགས།
༡༽ བློ་སེང་ལ་བཀའ་ཁྲིའི་འོས་མི་གཞན་ལས་ལྷགས་པའི་ཡོན་ཏན་གཅིག་ཡོད་པ་ནི། ཁོ་པས་བོད་དང་རྒྱ་ནག་གི་ཆབ་སྲིད་དང་། ཁྲིམས་ཀྱི་སྐོར་ལ་ལེགས་པར་ཤེས་མོད། དེ་གལ་ཆེའི་གྲུབ་ཆ་ཞིག་ལ་རྩིས་མི་དགོས་སམ། རང་གི་ཁ་གཏད་ཀྱི་གནས་ཚུལ་ལེགས་པོ་མ་ཤེས་པར་ཁ་གཏད་འཇལ་གྱི་ཡིན་ཟེར་ན། ཉེན་ཁ་ཆེན་པོ་རེད།
༢༽ བློ་སེང་ལ་བོད་ནང་གི་མི་དམངས་ཀྱི་སྐྱིད་སྡུག་ལ་འཚོར་བ་འོས་མི་གཞན་ལས་ཆེ་བ་འདུག ༢༠༠༨ལོའི་བོད་མིའི་ཞི་རྒོལ་སྐབས་ལ། ཁོ་པས་ཕྱོགས་གང་ས་ནས་བོད་མིའི་སྡུག་བསྔལ་གསལ་ཕྱིར་ཕྱི་ནང་ཀུན་ལ་གཏམ་བཤད་མང་པོ་བྱས་སོང་། སྐབས་དེ་དུས། སྤྱི་འཐུས་སྤེན་པ་ཚེ་རིང་ནི་འགྲོ་མཁས་པོ་སྡོད་མཁས་པོའི་ཐོག་དུས་གདའ་སོང་། བསྟན་འཛིན་རྣམ་རྒྱལ་ནི་གསར་འགོད་པས་ཕར་སྐད་ཆ་འདྲིས་ཀྱང་ལན་གསལ་པོ་ཞིག་བརྒྱབ་ཀྱི་མིན་འདུག ཨ་རིའི་ནུབ་ཕྱོགས་མཚོ་འགྲམ་ས་ཁུལ་ནས་བོད་ནང་གདུང་སེམས་མཉམ་སྐྱེས་བྱེད་པའི་བོད་མིའི་ལས་འགུལ་མང་པོ་ཞིག་གི་ནང་ལ་བསྟན་འཛིན་རྣམ་རྒྱལ་ལགས་ནས་བཞུགས་མ་སོང་། སྐུ་མཁྱེན་ཁོང་ལ་ཐད་ཀར་སྐད་ཆ་འདྲི་རོགས།
༣༽ བློ་སེང་ལ་རྒྱ་མི་དང་ཐད་ཀར་བགྲོ་གླེང་བྱེད་པའི་ཉམས་མྱོང་གཞན་ལས་ལྷགས་པ་འདུག དཔེར་ན། ཁོ་པས་གོ་སྐབས་བྱུང་ཚད་ལ། རྒྱ་མིའི་མཁས་དབང་དང་། སློབ་མ། ལས་བྱེད་བཅས་ལ་འབྲེལ་བ་བྱས་ནས་བོད་ཀྱི་གནད་དོན་གླེང་ནུས་ཀྱི་འདུག་ལ་གླེང་བའི་གདེང་ཚོད་ཀྱང་ཆེན་པོ་འདུག སྤེན་པ་ཚེ་རིང་དང་བསྟན་འཛིན་རྣམ་རྒྱལ་ལགས། འདས་པའི་ལོ་གཉིས་ཀྱི་ནང་རྒྱ་མི་ག་ཚོད་དང་བོད་དོན་གླེང་ཡོད་དམ། དེ་ཚོ་སྐད་ཆ་འདྲིས་ན་ལེགས་མོད།
མཁས་དབང་བློ་སེང་ལགས་རྡ་ས་བོད་གཞུང་ལས་ཁུངས་ཞིག་གི་ནང་དུ་ཀུབ་སྟེགས་གཅིག་འཇུས་ནས་ཆོུད་༨རིང་ཁང་སྲུང་བྱས་རྗེས་ སྤྱི་ཐབ་ནང་བྲོད་པ་བཙོང་བསྡད་པའི་ཉམས་མྱོང་མེད་ཀྱང་ ལོ་ངོ་བཅུ་ཕྲག་ལྷག་རིང་༧གོང་ས་མཆོག་གི་བཀའ་སློབ་སྔ་ཕྱིའི་ནང་དོན་ལྟར་བོད་མི་རིགས་དང་བོད་དོན་བདེན་པའི་ཐབས་བརྩོད་ཐོག་ཁོང་མི་གཅིག་གི་དམག་དཔུང་གིས་རྒྱལ་སྤྱིའི་ནང་ཁོང་སྒེར་ནས་འགྲོ་མགྲོན་དང་དུས་ཚོད་སོགས་གྲངས་མེད་བཏང་སྟེ་ལས་མགུལ་ཆེ་ཆུང་རིམ་པ་སྣ་ཚོགས་སྤེལ་ཡོད་པ་དེ་དག་མང་པོ་ཞིག་ཚང་མས་དྲ་རྒྱའི་སྙན་པར་དང་ དྲ་ངོས་མང་པོའི་ནང་ནས་མཐོང་ཐུབ་ ལས་མགུལ་དེ་དག་བཀའ་ཁྲིའི་འོས་ཐོབ་ཆེད་ཉེ་ཆར་གསར་དུ་བརྩམ་པ་ཞིག་མ་ཡིན་པར་ ཁོང་ནི་ལོ་ངོ་བཅུ་ཕྲག་སྔོན་ནས་དམ་བཅའ་བརྟན་པོའི་ངང་རང་གི་ཤེས་ཡོན་དང་ཉམས་མྱོང་ལྗོན་ཐང་སོགས་ནུས་པ་གང་ཡོད་སྒོ་ཀུན་ནས་བོད་དོན་ལས་མགུལ་ཐབས་བརྩོད་ཆེད་དངས་བསླངས་ངང་ལེགས་སྐྱེས་འབུལ་བསྡོད་ཁན་གཟེངས་སུ་ཐོན་པའི་ལྡབ་ཤོག་གཉིས་ལྡན་གྱི་གཞོན་སྐྱེས་བོད་དོན་ཐབས་བརྩོད་པ་ཞིག་རེད་ མི་གཅིག་གིས་རྒྱལ་སྤྱིའི་སྡེང་ཆའི་ཐོག་ཞུམ་པ་མེད་པར་བོད་དོན་ཐབས་བརྩོད་གཞི་རྒྱ་དང་ངང་རྒྱུན་རིང་པོ་འདི་ཙམ་གནང་ཐུབ་ཁན་ སྤེན་པ་ཚེ་རིང་ད་ཕར་ཞོག་ བསྟན་འཛིན་རྣམ་རྒྱལ་དང་ བཀའ་ཁྲི་ལས་ཐོག་ཟམ་གདོང་རིན་པོ་ཆེ་ནས་ཀྱང་དེ་ཙམ་གནང་མྱོང་མེད་ མ་ཟད་ཁོང་གིས་ཕ་དམ་པའི་ཁ་ཆེམ་བཞིན་རང་ཉིད་མ་ཤི་བར་དུ་རང་གི་ཤེས་ཡོན་ནུས་སྟོབས་ཡོད་ཚད་༧གོང་ས་མཆོག་གི་ཐུགས་དགོངས་འགྲུབ་ཆེད་བོད་དོན་ཐབས་བརྩོད་བྱ་རྒྱུ་ཡིན་པའི་དམ་བཅའ་བརྟན་པོ་བཞག་ཟིན་པ་ཡིན་གསུངས་ཡོད་པ་དེ་ནི་མི་རབས་གསར་པར་ཧ་ཅང་གི་མིག་དཔེ་བཟང་པོ་གཟི་བརྗིད་ལྡན་པ་ཞིག་རེད་ བློ་སེང་ལགས་ནི་བཀའ་ཁྲིའི་འོས་མི་གཞན་ལས་ལྷག་ རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ རྒྱལ་སྤྱིའི་སྲིད་དོན་གྱི་འགྱུར་འགྲོས་ལ་བརྟེན་ནས་བོད་དོན་ཐབས་བརྩོད་ལ་ཕན་གནོད་ དེ་བཞིན་རྒྱ་ནག་གི་ཁྲིམས་ལུགས་དང་ བཙན་བྱོལ་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་བཅས་ལ་མཁས་ཞིང་ ཨ་རི་སོགས་རྒྱལ་ཁབ་མང་པོའི་གཞུང་དང་གལ་ཆེའི་ཚོགས་པ་ཁག་གི་སྣེ་ཡོད་མི་སྣ་མང་པོའི་མཉམ་འགྲེལ་ལམ་དམ་ཟབ་ཡོད་བཞིན་པ་དེ་དག་ཐམས་ཅད་བོད་དོན་ཐབས་བརྩོད་ཀྱི་ནུས་ཤུགས་ཆེ་བར་ཕན་པའི་ཐུན་རྐྱེན་མེད་དུ་མི་རུང་བ་ཡིན་ དེས་ན་བོད་སྤྱི་པའི་རྩ་དོན་གྲུབས་རྒྱུར་ལས་དོན་ནུས་ཤུགས་ཆེ་ཤོས་འདོན་ཐུབ་ཁན་དང་ཕྱོགས་གང་སྤྱིའི་ཆ་རྐྱེན་ཚང་ཡོད་པའི་བརྗེས་མའི་བོད་ཀྱི་བཀའ་ཁྲི་གསར་པའི་འོས་མི་དེ་བཁས་དབང་བློ་བཟང་སེངྒེ་ཡིན་ ཆོལ་ཁ་དང་ ཡུལ་ལུང་གི་ཐེན་འཁྱེར་མེད་པར་ གལ་ཆེ་བ་བོད་སྤྱི་པའི་རྩ་དོན་གྲུབ་ཆེད་བོད་མི་ཚོས་ནུས་ཤུགས་རྡོག་རྩ་གཅིག་སྦྲིལ་གྱིས་བོད་དོན་ཐོག་ཕན་ཐོག་ནུས་པ་ཆེ་ཤོས་འདོན་ཐུབ་ཁན་གྱི་བཀའ་ཁྲིའི་འོས་མི་་མཁས་དབང་བློ་བཟང་སེངྒེ་ལགས་རེད་ གལ་སྲིད་ཁོང་ལྟ་བུ་དེང་དུས་ཀྱི་ཤེས་ལྗོན་གཉིས་ལྡན་ཞིག་ལ་བཀའ་ཁྲིའི་འོས་ཤོག་མ་ཐོབ་པར་ཆོལ་ཁ་དང་ཚོགས་སྐྱིད་སོགས་ཐེན་འཁྱེར་གྱི་དཔུང་རྒྱབ་ཡོད་པའི་འོས་མི་ཞིག་བཀའ་ཁྲིར་བསླེབ་ན་གཞོན་སྐྱེས་སོགས་ཤེས་ཡོན་ཅན་མང་པོར་བློ་ཕམ་ཚད་མེད་དང་ མ་འོང་པར་བོད་དོན་ལས་མགུལ་ཐོག་སེམས་ཤུགས་ཉམས་ཉེས་འགྲོ་ཉེན་ཡང་ཡོད་ བློ་སེང་ལགས་ནི་བོད་དོན་ཐོག་སྣོ་ངར་ལྡན་ཞིང་བསམ་ལོ་གསར་སྟོད་ཅན་གྱི་གཞོན་སྐྱེས་འགོ་འཁྲིད་གསར་པ་བོད་ཀྱི་ ཨོ་བྷ་མ་ལྟ་བུ་ཡིན་ བློ་སེང་ལགས་ཀྱི་རྒྱལ་ཁ་ནི་ བོད་ཀྱི་བདེན་དོན་ཉི་མ་མྱུར་དུ་གསལ་པའི་རྒྱལ་ཁ་ཡིན་ལ་ བློ་གསར་གཞོན་སྐྱེས་ཚོའི་ཡིད་མཆེས་དང་ རེ་བ་ སེམས་ཤུགས་ བློ་སྤོབ་སོགས་ཀྱང་མེ་ཤུགས་ཀྱིས་འཕུར་མདའ་འདེགས་པ་བཞིན་གོང་མཐོར་འདེགས་པའི་རྒྱལ་ཁ་ཡིན་ དེས་ན་ བོད་མི་རིགས་དང་ དང་བོད་ཀྱི་རིག་གཞུང་ བོད་དོན་བདེན་པའི་ཐབས་བརྩོད་ཀྱི་རྒྱལ་ཁའི་ཕྱེད་དུ་ ཆོལ་ཁ་ ཆོས་ལུགས་ཀྱི་དུག་རླངས་སྤངས་ཏེ་རང་ལ་ཐོབ་པའི་འོས་གཅིག་པོ་དེ་བློ་སེང་ལགས་སུ་འཕེན་རྒྱུ་ཡིན་ལ་ནང་མི་དང་གཞོན་སྐྱེས་གཞན་མང་པོ་ཞིག་ནས་ཀྱང་བསམ་ཚུལ་གཅིག་མཐུན་འདུག་།
༧རྒྱལ་པའི་བཛད་པ་རྒྱལ་གྱུར་གཅིག་།
བོད་དོན་ཐབས་བརྩོད་རྒྱལ་གྱུར་གཅིག་།
བོད་མི་རིགས་རྒྱལ་གྱུར་གཅིག་།
དེའི་ཆེད་དུ་
མཁས་དབང་བློ་སེང་རྒྱལ་གྱུར་གཅིག་།།
གཞན་ཡང་