རྩོམ་སྒྲིག་པའི་གཏམ།
བཙན་བྱོལ་བོད་མིའི་མང་ཚོགས་ཁྲོད་བཀའ་ཁྲི་མ་གཏོགས། ཁྲིམས་བཟོ་མཁན་སྤྱི་འཐུས་ཚོའི་སྐོར་ལ་། དོ་སྣང་དང་བགྲོ་གླེང་། བསམ་ཚུལ་ཤུགས་ཆེར་ཡོང་གི་མེད་དོན་ཅི།
འདི་ཁྲིམས་དང་ཁྲིམས་བཟོ་མཁན་གཉིས་ཀྱི་གལ་ཆེའི་རང་བཞིན་མ་རྟོགས་པས་རེད་དམ། ཨེ་ཡིན་ན། བཀའ་ཁྲིར་ལངས་མཁན་ཇེ་མང་དང་བཀའ་ཁྲིའི་བགྲོ་གླེང་ཇེ་འཁྲུགས་ལ་འགྲོ་བཞིན་པ་འདི།
ཕྱོགས་ངོས་གཅིག་ནས་བལྟས་ན། མང་གཙོའི་མདུན་བསྐྱོད་ཀྱི་གོམ་ཞེང་ཆེན་པོ་ཞིག་རེད། མདུན་བསྐྱོད་ཀྱི་ལམ་ཁར་ལངས་མཁན་དེ་གང་ཟག་གཅིག་རེད། གང་ཟག་དེ་ཡར་ལ་འཇོག་མཁན་མི་མང་རེད། འོན་ཀྱང་།
མི་མང་གིས་ཡར་འཇོག་སའི་གང་ཟག་དེ་ཁྲིམས་བཟོ་མཁན་མིན། གང་ཟག་དེ་ལ་ཁྲིམས་བཟོའི་དབང་ཚད་ཀྱང་མེད། གང་ཟག་དེའི་མིང་ལ་བཀའ་བློན་ཁྲི་བ་ཟེར།
མིང་འདི་ཚིག་གི་སྒང་ནས་བརྗིད་ཆེ། དོན་གྱི་སྒང་ནས་ཇི་འདྲ་རེད། ཕྱག་ལས་ཀྱི་ཐོག་ལ་བབས་ན་ག་འདྲ་ཡིན་ན། མི་མང་གིས་གང་ཟག་དེ་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད། གང་ཟག་དེ་གལ་ཆེན་པོར་བརྩི་བཞིན་ཡོད། གང་ཟག་དེས་ཁྲིམས་ལས་ལྷག་ཅིག་བྱེད་ཐུབ་ཀྱི་རེད་བསམ་ཡོད། གང་ཟག་དེས་ལམ་གསར་བ་ཞིག་དང་སྒོ་གསར་བ་ཞིག་འབྱེད་གི་རེད་བསམ་གིན་ཡོད། ད་ཕན། མི་མང་ཕལ་ཆེ་བས། སྒེར་གྱི་བསམ་བློ་དང་ནུས་བ། དུས་ཚོད་སོགས་ཚང་མ། བཀའ་བློན་ཁྲི་བའི་བགྲོ་གླེང་དང་ལས་འགུལ་གྱི་སྒང་ལ་གཏོང་གི་འདུག ཇི་འདྲའི་མི་མང་ལྐུགས་པ་ཞིག་ཨང་། མ་རེད་མ་རེད། མི་མང་ལ་ལྐུགས་པ་ཟེར་མི་ཉན།
མང་གཙོའི་ལམ་ལུགས་ཚད་ལྡན་ཞིག་ཡོང་བ་ལ། ཁྲིམས་དང་ཁྲིམས་བཟོ་མཁན་དེ་གལ་ཆེ། ཁྲིམས་ཡག་པོ་ཞིག་ཡོང་བ་ལ། ཁྲིམས་བཟོ་མཁན་ཚད་ལྡན་ཞིག་འདེམས་ཐུབ་དགོས། ཁྲིམས་བཟོ་མཁན་ཚད་ལྡན་ཞིག་འདེམས་པ་ལ། མི་མང་གི་ཤེས་ཡོན་དེ་གལ་ཆེ། མི་མང་གི་ཤེས་ཡོན་ཨེ། རེད། མི་མང་གི་ཤེས་ཡོན།
མི་མང་ལ་ཤེས་ཡོན་མེད་ན། ཁྲིམས་དང་ཁྲིམས་བཟོ་མཁན་གྱི་གལ་ཆེ་ཆུང་དེ་མི་མཁྱེན། གལ་ཆེ་ཆུང་དེ་མ་མཁྱེན་ན། ཁྲིམས་ལས་གང་ཟག་གལ་ཆེན་པོར་བརྩི། བཙན་བྱོལ་མི་མང་ཡང་གནས་སྟངས་འདིའི་སྒང་ན་ཡོད།
གནས་སྟངས་འདིའི་འོག་ན་ལྷག་ནས་ཡོད། མ་འོངས་བའི་ལོལྔའི་གཞུང་གི་སྒྲིག་འཛུགས་དང་ལས་དོན་ཁག་ཚགས་ཚུད་ཡོང་མིན་ནི། བཀའ་བློན་ཁྲི་བ་དེའི་ལག་ན་མེད། གཙོ་བོ་ཁྲིམས་བཟོ་མཁན་གྱི་སྤྱི་འཐུས་ལྷན་ཚོགས་དེའི་ལག་ན་ཡོད། སྤྱི་འཐུས་ལྷན་ཚོགས་དེའི་རྒྱབ་སྐྱོར་མེད་ན། བཀའ་བློན་ཁྲི་བ་དེ་རྐུབ་སྟེགས་སྲུང་མཁན་ཙམ་ཡིན། མི་མང་གིས་འདིའི་ཁྱད་པར་དེ་མཁྱེན་དགོས་ཀྱི་འདུག ཁྱད་པར་དེ་མཁྱེན་པའི་ཐོག་ནས་ཁྲིམས་བཟོ་མཁན་གྱི་སྐོར་ལ། བགྲོ་གླེང་དང་བསམ་ཚུལ་ཤུགས་ཆེར་གླེང་དགོས་ཀྱི་འདུག མི་མང་ཚོ་ལྐུགས་པ་མིན་པའི་ཁུངས་སྐྱེལ་ལ། ཁྲིམས་བཟོ་མཁན་ལྐུགས་པ་རྐྱང་འདེམས་མི་ཉན། དེས་ན། ཁྲིམས་བཟོ་མཁན་དེ་གལ་ཆེ། ཁྲིམས་བཟོ་མཁན་ཨེ། རེད། ཁྲིམས་བཟོ་མཁན་ཟེར་གྱི་ཡོད། ཁྲིམས་བཟོ་མཁན་དེ་གལ་ཆེ། གལ་ཆེ་བ་དེ་འདེམས་ནོར་མ་ཤོར་བ་བྱེད་རྒྱུ་གལ་ཆེ།
རེད་ལགས། ཁྲིམས་ལ་མཁས་པ་བློ་བཟང་སེང་གེའི་བཙན་བྱོལ་བོད་གཞུང་ནང་བསྒྱུར་བའི་གོམ་པ་དང་པོ་དེ་ཟམ་གདོང་རིན་པོ་ཆེ་ནང་བཞིན་དང་པོར་ཁྲིམས་བཟོ་ལྷན་ཚོགས་ནང་ཡིན་ན་ཅི་མ་རུང་། བཀའ་ཁྲིའི་སྒྲིག་འོག་ཏུ་ཚུད་པའི་རྐུབ་འཇོག་ས་དེ་ལས་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དེ་ཚོ་གནད་འགག་ཆེན་པོ་དང་སྒྱུར་བཅོས་བྱེད་དགོས་པ་དུ་མ་ཞིག་ཡོད་པར་མངོན། ཡིན་ནའང་། ཁོང་གི་གོམ་པ་དང་པོ་དེ་བཀའ་ཁྲིའི་རྐུབ་སྟེགས་ཕྱོགས་ཁ་བསྒྱུར་དགོས་དོན་གྱི་གསང་གནས་དེ་ཅི་ཡིན་མིན་ངས་ད་རུང་མགོ་ཚོས་གི་མི་འདུག
གཅིག་བྱས་ན། ཁོའི་སེམས་ཤུགས་དེའང་གོ་གནས་ཀྱི་ཆེད་དུ་ཚ་དྲོད་འབར་བཞིན་པའི་སེམས་ཤུགས་ཤིག་ཡིན་ནའང་ཐང་གི
སྒྲིག་འོག་ཏུ་ཚུད་པའི་བཀའ་ཁྲིའི་རྐུབ་འཇོག་ས་ཟེར་ནས་བཅོ།
ཁྲིམས་བཟོ་མཁན་ལྐུག་པ་གཅིག་ཀྱང་བདམས་ཡོད་པ་མ་རེད།
འོན་ཀྱང་བླུན་པོ་བླུན་ནག་ལུག་འདྲ་བ་སྐད་ཆ་ཚུར་བཤད་ལ་གོ་རྒྱུ་མེད་པ། ཕར་བཤད་ལ་ཉན་འདོད་མེད་པ་དེ་འདྲའི་རིགས་གཏན་ནས་འདེམས་ཉན་གི་མ་རེད། མ་གཞི་ནས་ཁྲིམས་བཟོ་ལྷན་ཚོགས་ཀྱི་མི་བརྒྱ་ཆའི་བདུན་ཅུ་བརྗེས་ཏེ་གསར་པ་གསར་རྐྱང་འདེམས་བཞག་ན་ཡག་ས་རེད། དེ་མིན་མི་རྙིང་པ་དེ་ཚོ་ལོ་བཅུ་ནས་བཅོ་ལྔ་ཉི་ཤུ་སུམ་ཅུ་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་སྟེང་ནས་བསྡད་པ་རེད། ཉམས་མྱོང་ཟེར་ན་སྤྱི་འཐུས་སུ་དང་སུ་གང་དང་གང་གི་ཕྱོགས་གཏོགས་ཡིན་པ་དང་། སུ་དང་སུས་སྐད་ཆ་བཤད་པ་དེ་སུ་དང་སུ་ལ་བཤད་ཀྱི་ཡོད་པ་ཤེས་ན་ཐང་། དེ་མིན་བོད་སྤྱི་བའི་ལས་དོན་དང་ལྷག་པར་རྒྱ་ནག་གི་ཆབ་སྲིད་གཙོས་རྒྱ་ནག་ནང་གི་འགྱུར་བའི་སྐོར་སོགས་ནི་ཞར་བ་ཞིག་ལ་ནམ་མཁའི་སྐར་མའི་དཔེ་རེད་སྙམ། གང་ཡིན་ཟེར་ན། ང་ཚོས་གྲོས་ཚོགས་ཀྱི་བརྙན་འཕྲིན་ཆ་ཚང་བར་ཐད་གཏོང་གི་ལམ་ནས་ལྟ་བཞིན་ཡོད།
དེང་སྐབས་ཀྱི་ང་ཚོའི་སྤྱི་འཐུས་མང་ཆེ་བ་ནམ་རྒྱུན་རང་གི་ཁྱིམ་ཚང་དང་ཚོང་ཁང་སོགས་ལ་མགོ་བོ་རྨོངས་ནས་སྡོད་མཁན་དང་། བོད་སྤྱི་བའི་ལས་དོན་དང་ལྷག་པར་བོད་རྒྱའི་གནད་དོན། རྒྱ་ནག་གིས་རྒྱལ་སྤྱིའི་སྒང་ལ་བྱེད་སྟངས་དང་རྒྱ་ནག་གི་དེང་གི་ཡར་རྒྱས་དང་སྟོབས་ཤུགས། བོད་དོན་ཐོག་ལ་རྒྱ་ནག་གིས་དྲིལ་བསྒྲགས་ཅི་བྱེད་སོགས་ལ་ཡ་ལན་དོ་སྣང་ཙམ་ཡང་མེད་པར་སྤྱི་འཐུས་གྲོགས་ཚོགས་འཚོགས་པའི་སྐབས་སུ་སྤྱི་འཐུས་གཞན་པ་རེ་ཟུང་གིས་བཤད་པའི་སྐད་ཆའི་ཚིག་ཟུར་རེ་དྲོས་ནས་རང་གི་བསམ་ཚུལ་ཙམ་བཤད་ཁུལ་བྱེད་མཁན་མང་པོ་འདུག འདི་རིགས་རྗེས་མ་ནས་སྤྱི་འཐུས་འོས་མིར་མི་འདེམས་རྒྱུ་དང་། རབ་བྱུང་ན་ཕྱོགས་ཞེན་དུ་མ་སོང་བའི་བོད་སྤྱི་དོན་ལ་ཕན་པའི་མི་གཅིག་ལས་མ་བྱུང་ནའང་དེ་གྲོས་ཚོགས་སུ་སླེབས་ཐུབ་པར་འབད་བརྩོན་བྱ་དགོས་པར་འདོད།
མདོ་སྨད་ཀྱི་སྤྱི་འཐུས་བཅུ་བོ་དེའི་ནང་དུའང་འདི་འདྲ་རེ་ཟུང་འདུག དེ་ཚོས་རང་གིས་གྲོས་ཚོགས་སུ་སྐད་ཆ་ཅི་བཤད་དང་དེས་ཀྱང་བོད་སྤྱི་དོན་ལ་ག་ཙམ་གྱིས་ཕན་གི་ཡོད་མེད་ལ་བསམས་ཏེ་རྗེས་མའི་སྤྱི་འཐུས་སུ་མི་འདུག་རྒྱུ་དང་། ཡང་ན་དགོངས་ཞུ་བྱེད་རོགས་ཤེས་འབོད་སྐུལ་ཡང་ཞུ་འདོད་བྱུང་། ད་ཉོག་བཤད་ཀི་ལོག་ཐལ། དགོངས་དག་ཞུ།
རྒན་མགོན་པོ་དང་གཅན་བཟོད་རྒྱམ་གཉིས་ཀྱིས་བསམ་ཚུལ་གནང་བར་བཀའ་དྲིན་ཆེ།
ད་འདི་རུ་འཕྱི་བོ་རེད་འདུག སང་ཉིན་ངས་བསམ་ཚུལ་ཁ་སྣོན་འགའ་ཞུ་གི་ཡིན།
ཁྱེད་ཀྱི་གསུངས་པ་དེ་ལ་ཡིད་ཆེས་གཙང་མ་ཡོད། སྤྱིར་མང་གཙོ་མཚན་ཉིད་ཚང་བ་ཞིག་ཡོང་བ་ལ་གང་ཟག་གི་དབང་བསྒྱུར་དུ་མ་སོང་བ་ཁྲིམས་ཀྱིས་དབང་བསྒྱུར་འོག་འགྲོ་བ་ཞིག་དགོས་ཀྱང་ད་ལྟ་བར་དེ་ལྟ་བུ་བྱུང་མེད་པའི་ཚོར་སྣང་བྱུང༌། ཁྲིམས་དེ་མིས་བཟོས་ཀྱང་ཁྲིམས་ཀྱོ་གོང་དུ་…གང་ཟག་སུ་ཡང་མེད་པ་ཞིག་དགོས་པ་སྤྱིར་མང་གཙོའི་ལྟ་གྲུབ་ཞིག་ལ་ཐུག་པར་སེམས། དེ་ལྟར་ཡོང་བ་ཐོག་མར་མི་མང་རྣམས་ཆབ་སྲིད་ཀྱི་ཤེས་རྟོགས་དང་སོ་སོའི་གཞུང་དེ་གལ་གནད་ཆེན་པོ་ཡིན་པ་ཤེས་ནས་འགན་ཁུར་དང་སྤྱི་སེམས་ཡོད་པ་ཞིག་དགོས། འོན་ཀྱང་འདས་པའི་མང་གཙོའི་འཕེལ་རིམ་ནང་ཕྱིར་ལྟས་ཤིག་བྱེད་དུས་བོད་སྤྱི་བའི་གཞུང་དེ་ལས་རང་རང་གི་ལུང་ཚན་གཅིག་པ་ཆོལ་གཅིག་པ་དང་ཆོས་ལུགས་གཅིག་པའི་མི་ཞིག་བོད་གཞུང་གི་སྤྱི་འཐུས་ཀྱི་སྐུབ་སྟེགས་སླེབ་ཐབས་ཁོ་ན་གནང་ནས་མཚན་ཉིད་ཚང་བའི་སྤྱི་འཐུས་བདམས་མ་ཐུབ་པའི་ཚོར་སྣང་བྱུང༌།
བརྗོད་གཞི་འདིའི་ཐོག་ལ་རང་ཉིད་ཀྱིས་བསམ་ཚུལ་ཅུང་བཤད་ན་བསམ། མི་མང་གིས་བཀའ་ཁྲི་ཐོག་དོ་སྣང་ཤུགས་ཆེ་བྱས་ཏེ་ཁྲིམས་བཟོ་མཁན་གྱི་སྤྱི་འཐུས་ལྷན་ཚོགས་ཐོག་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པ་དེར་སྤྱི་སེམས་དང་ལྷག་བསམ་ཅན་གྱི་མི་མང་པོ་ཞིག་གིས་སེམས་ཚབ་དང་བཅས་འབོད་སྒྲ་སྒྲོག་གིན་ཡོད་ནའང་མི་མང་གིས་ཆབ་སྲིད་ཀྱི་ཤེས་རྟོགས་སྐྱོ་དྲག་པའམ་ཡང་ན་འགན་མ་འཁུར་བས་དབང་གིས་འདི་ལྟར་འཐུས་ཤོར་ཏུ་འགྲོ་བཞིན་པ་ཞིག་རང་བཞིན་གྱིས་མཐོང་ཡོང་གི་འདུག དེར་བརྟེན་གཞོན་སྐྱེས་ཤེས་ཡོན་ཅན་ཚོས་གནད་དོན་འདི་དག་གི་སྐོར་ལ་མར་སྤྱི་ཚོགས་ནང་དུ་ཕྱིན་ནས་འགན་ཅིག་འཁུར་བ་ཡིན་ན་ཏན་ཏན་འགྱུར་བ་ཞིག་འགྲོ་གི་རེད་། ཤེས་ཡོན་མེད་པའི་རྒན་རབས་པ་རྣམས་ལ་ཁག་ཡོད་མ་རེད་བསམ་གྱིན་འདུག་ གང་ཡིན་ཟེར་ན་ཁོང་ཚོའི་རྒྱུད་ལ་ད་དུང་ཡང་སྔར་སྲོལ་གྱི་ལམ་ལུགས་སམ་ལུགས་སྲོལ་དེ་འཇགས་ནས་ཡོད་ཙང་འགྱུར་བ་གཏོང་རྒྱུའི་བསལ་བློའི་ནུས་པ་དེ་ཧ་ཅང་ཞེན་པ་རེད་། དེ་ལ་འགྱུར་བ་ཅིག་དགོས་ན་ཁོང་ཚོར་དེ་དང་འབྲེལ་བའི་གོ་རྟོགས་ཤིག་སྤེལ་དགོས་རེད་དྲན་གྱི་འདུག
དྲྭ་གྲོགས་ཚོས་གསུངས་དང།
གྲོས་ཚོགས་སུ་མ་བཅར་མཁན་གྱི་སྤྱི་འཐུས་དེ་ཚོ་སུ་སུ་རེད་དམ། ངས་ཤེས་འདོད།
དྲྭ་གྲོགས་རྣམ་པས་གསུངས་རོགས་མཛོད།
ཐུགས་རྗེ་ཆེ།་།་།་།་།་།་།་།་།་།་།
བཙན་བྱོལ་དུ་ཁྲིམས་བཟོ་ལྷན་ཁང་དུ་ཁྲིམས་བཟོ་མཁན་ཞིག་བསྐོ་རྒྱུ་ཨེ། ཁྲིམས་ཤེས་མཁན་གྱི་མི་མང་ཞིག མ་རེད། ཁྲིམས་ཤེས་མཁན་གྱི་སྤྱི་འཐུས་ཤིག ད་མ་རེད། ཁྲིམས་བརྩི་མཁན་གྱི་སྤྱི་འཐུས་ཤིག རང་དོན་བོར་ནས་སྤྱི་དོན་ཁོ་ན་སྙེགས་མཁན་གྱི་ཁྲིམས་དཔོན་ཞིག ཨ་་་ཨ་་་་ ཨ་་་་་་ ད་ལྟའི་བརུ་དུ་བཀའ་བློན་ཁྲི་བ་དང་སྤྱི་འཐུས་ཀྱི་སྐོར་ལ་ཉན་ནས་བསྡད་པ་ཡིན། ད་དུང་ཡང་། དེ་ལས་མ་འདས་པ་ཞིག་གསུངས་མེད་ཀྱང་། གསུངས་སྟངས་འདི་ལ་ཁྱད་པར་ཞིག་འགྲོ་སྲིད་དམ། གསུངས་ལུགས་འདི་ལ་འགན་ལུགས་བྱེད་མཁན་གྱི་མི་སྡེ་ཞིག་བཙན་བྱོལ་དུ་ཡོད་དམ། བྱེས་སུ་ཡོད་དམ། སྤྱི་འཐུས་ལས་ཐོག་པ་དག་གི་ཁྲོད་དུ་ཡོད་དམ། ཡང་ན། བསྐྱད་འདེམས་ཀྱི་ཁྲོད་དུ་ཡོང་སྲིད་དམ། ད་དངོས་ནས་་་ གྲོགས་པོ་ཚོ་ཀློག་ཚར་སོང་། ཕྱི་རུ་སོང་ནས་ཐ་མག་ཞིག་འཐེན་ནས་ལྷོད་ལྷོད་ཅིག་བྱེད་ཀྱི་ཡིན་་་་ སང་ཉིན་སོ་ཁོམ་ན་ཡོང་ཡ
སྤུན་ཟླ་ཁྱེད་ཅག་གི་ཤ་དང་རུས་པའི་གསེང་ནས་བཞུར་བཞིན་པའི་སྐད་ཆ་དག་ལ་ཉན་དུ་ཡོང་ངེས་ཡིན་་་
རྩོམ་འདིའི་སྒང་ལ། ངོ་དེབ་ཀྱི་སྒང་དུ་གྲོགས་པོ་འགའི་བསམ་ཚུལ་གླེང་བ་འདི་རུ་བཀོད་ཡོད།
1)བསྟན་འཛིན་ཉིན་བྱེད།
བཀའ་ཁྲི་དེ་བཙན་བྱོལ་མི་མང་ཁྱོན་ཡོངས་སམ་ཆོལ་གསུམ་དང་ཆོས་ལུགས་ཇི་ཡོད་ཚང་མས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་སྟབས་ཧ་ཅང་གི་ནུས་པ་ཆེན་པོ་ཡོད་པ་རེད། བྱས་ཙང་བཅའ་ཁྲིམས་གཞིར་བཟུང་ཁྲིམས་བཟོའི་དབང་འཛིན་སྤྱི་འཐུས་རྣམ་པ་ཚོར་ཡོད་ནའང་འདེམས་འཐོན་བྱུང་བའི་བཀའ་ཁ…ྲིས་སྤྱི་འཐུས་ལྷན་ཚོགས་ནང་གྲོས་འཆར་ Bill བཅར་འབུལ་ཞུས་པ་དེ་ཕལ་ཆེར་མང་མོས་གཏན་འབེབས་བྱེད་རྒྱུ་ཡིན་པ་ཉགས་གཅིག་རེད། གང་ལ་ཞེ་ན། སྤྱི་འཐུས་སུ་འདྲ་ཞིག་གིས་གྲོས་འཆར་དེ་དགག་བྱ་བྱེད་ཚེ་བཙན་བྱོལ་མི་མང་ཚོར་དགག་ཆ་བྱེད་པའི་རྣམ་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད། བྱས་ཙང་བགྲོ་གླེང་གང་ཙམ་བྱེད་རྗེས་མང་མོས་ཐག་གཅོད་ཡོང་རྒྱུ་རེད།
སྤྱིར་བཀའ་ཁྲིའི་འོས་བསྡུར་དོ་སྣང་ཤུགས་ཆེ་སླེབས་པའི་རྒྱུ་མཚན་གཙོ་བོ་ནི་ད་རེས་འོས་མིར་ལངས་མཁན་དབར་འགྲན་ཟླ་ཡག་པོ་ཡོད་པས་ཡིན། མི་མང་ལ་གདམ་ག་ཡོད་པས་ཡིན། ལྷག་པར་ལོ་བཅུའི་རིང་སྲིད་བྱུས་དང་དབུ་ཁྲིད་གཅིག་གི་འོག་སྡོད་པ་དེས་མི་མང་ཚོ་འདོད་བློ་རྦད་དེ་ཁེངས་པ་རེད། སྲིད་དོན་ཚན་རིག་ནང་བརྗོད་པ་བཞིན། anti-incumbency གྱི་ཚོར་བ་ཤུགས་ཆེན་པོ་ཡོད་པ་རེད། མདོར་བསྡུས་ན་མི་མང་ལ་ཁ་རླུང་གསར་པ་ཞིག་དགོས་ཀྱི་ཡོད་པ་རེད། འགྱུར་བ་དགོས་ཀྱི་ཡོད་པ་རེད། ལྷག་པར་དུ་བཀྲས་མཐོང་དང་བློ་བཟང་སེང་གེ་རྣམ་གཉིས་ནས་ཀྱང་ནུས་པ་ཆེན་པོ་ཐོན་ཡོད་པ་རེད། ཁོང་གཉིས་ཤེས་འཇོན་དང་གཏམ་སྙན་གྲགས་ཆེན་པོ་རེད།
གོང་གསལ་ཆ་རྐྱེན་དེ་དག་སྤྱི་འཐུས་ཀྱི་འོས་སྡུའི་ནང་འཚང་མེད་པ་རེད། མི་ཕལ་ཆེ་བ་རང་འཇགས་རེད། ལྟ་བ་རང་འཇགས་རེད། འོས་བསྡུའི་འགྲོ་སྟངས་དེ་ཡང་མང་པོ་ཞིག་གིས་འདོད་པ་འཚིམས་ཀྱི་མེད་པ་རེད། མདོར་ན་ཁ་རླུང་གསར་པ་མེད་པ་རེད། འགྱུར་བ་མེད་པ་རེད། འགྲན་བསྡུར་མེད་པ་རེད། བྱས་ཙང་སྲིད་དོན་ཚོགས་པ་དགོས་རྒྱུ་ཧ་ཅང་གལ་ཆེ། དེ་འདྲ་བྱུང་ན་མི་མང་གིས་རང་བཞིན་དོ་སྣང་སླེབས་ཀྱི་རེད།
སྲིད་དོན་ཚོགས་པ་དགོས་ཀྱི་འདུག་ཟེར་བ་འདི་གནད་འགག་རེད་དྲན། དེ་གཅིག་ཡིན།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ། བཀའ་བློན་ཁྲི་བའི་དབང་ཚད་ནི་།
བཀའ་ཤག་ལྷན་རྒྱས་སྐབས་འགོ་འདོམས་བྱེད་རྒྱུ་དང་། ཕྱག་རོགས་བཀའ་བློན་སོ་སོར་འགན་དབང་དང་ལས་ཁུངས་ཆ་བགོས་བྱེད་པ། རྒྱུ་…མཚན་ལྡན་པའི་སྒོ་ནས་བཀའ་བློན་བྱེ་བྲག་པ་གང་རུང་དགོངས་ཞུ་བྱ་དགོས་བའི་བསམ་འཆར་གནང་ཆོག་པ་བཅས་རེད།
2) རིག་འབྱུང་དོན་གྲུབ་བཀྲ་ཤིས།
སྲིད་དོན་ཚོགས་པ་དགོས་ཀྱི་འདུག་ཟེར་བ་འདི་གནད་འགག་རེད་དྲན། དེ་གཅིག་ཡིན།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ། བཀའ་བློན་ཁྲི་བའི་དབང་ཚད་ནི་།
བཀའ་ཤག་ལྷན་རྒྱས་སྐབས་འགོ་འདོམས་བྱེད་རྒྱུ་དང་། ཕྱག་རོགས་བཀའ་བློན་སོ་སོར་འགན་དབང་དང་ལས་ཁུངས་ཆ་བགོས་བྱེད་པ། རྒྱུ་…མཚན་ལྡན་པའི་སྒོ་ནས་བཀའ་བློན་བྱེ་བྲག་པ་གང་རུང་དགོངས་ཞུ་བྱ་དགོས་བའི་བསམ་འཆར་གནང་ཆོག་པ་བཅས་རེད།
3) གཅན་བཟོད་རྒྱམ།
འདི་ཁྲིམས་ཀྱི་སྟེང་ནས་དགོངས་ཞུ་བྱ་ཆོག་པ་བཟོས་ཡོད་པ་རེད། ཐ་ན་བཀའ་ཁྲི་ཡིན་ཀྱང་མ་འགྲིག་མ་འཐུས་བ་བྱུང་ཚེ་མི་དམངས་ཀྱིས་དབང་ཚད་བེད་སྤྱོད་བྱས་ཏེ་བཀའ་ཁྲིའི་དུས་ཡུན་མ་ལོངས་ཀྱང་བརྗེ་བསྒྱུར་བསྐྱར་འདེམས་བྱ་ཆོག་པ་ཁྲིམས་ལ་འཁོད་པ་རེད། འདིའི་སྐོར་༸གོང་ས་མཆོག་གིས་ཀྱང་ཁ་གསལ་གསུངས་མྱོང་།གཙོ་བོ་དེ་ང་ཚོའི་མི་དམངས་རེད། དེང་སྐབས་ང་ཚོའི་མི་དམངས་ལས་བརྒྱ་ཆའི་དགུ་ཅུ་ལ་སྐད་ཆ་འདི་འདྲ་ཞིག་བཤད་ཚེ་བློ་ཡུལ་དུ་མི་ཤོང་བ་འདྲ་ཞིག་འདུག ངས་ཀྱང་དྷ་ས་ནས་འདི་འདྲ་རིགས་ངོ་སྤྲོད་དང་འབྲེལ་བའི་མི་དམངས་ཀྱི་ཁེ་དབང་དང་དམངས་གཙོ་ངོ་སྤྲོད་བྱེད་ཁུལ་མང་པོ་བྱས་མྱོང་མོད། མཐའ་མ་དེར་ཁོ་ཚོས་ང་རིག་ས་མེད་པ་འདྲ་ཞིག་ཆགས་སོང་།
4) བསྟན་འཛིན་ཉིན་བྱེད།
གཙོ་བོ་འཛིན་སྐྱོང་གི་དབང་ཆ་ཡོངས་རྫོགས་བཀའ་ཤག་ལ་ཡོད་པ་རེད། བྱས་ཙང་གནད་འགག་རེད།
5) གཅན་བཟོད་རྒྱམ།
དེ་རེད། ཡིན་ནའང་བཀའ་ཤག་གིས་བཟོས་བའི་འཆར་གཞིའམ། ལས་རིམ་དེར་ཁྲིམས་བཟོ་ལྷན་ཚོགས་སམ་སྤྱི་འཐུས་ཀྱིས་མང་མོས་བརྒྱ་ཆའི་གྲངས་ཀ་ངེས་ཅན་ཞིག་མ་ཐོབ་ན་ངོས་ལེན་མ་བྱས་ནའང་ཆོག་གི་རེད། འདི་དེང་སྐབས་ཀྱི་བོད་གཞུང་གིས་ཁྲིམས་ཀྱི་འགྲོ་སྟངས་རེད། འོན་ཀྱང་ཟམ་གདོང་རི…ན་པོ་ཆེ་མཁས་དབང་ཡིན་པ་དང་ཟམ་གདོང་རིན་པོ་ཆེ་ཡིས་སྐད་ཆ་ཅི་བཤད་རྣམས་མཚན་ཉིད་རིག་པའི་ལམ་ནས་ཁ་གཏད་ཡུལ་དེ་ཁ་གྲགས་རྒྱུ་མེད་པ་ཞིག་བཟོ་གི་རེད། དེ་བས་སྤྱི་འཐུས་མང་ཆེ་བ་སྐྲག་ནས་རང་གི་གང་འདོད་པ་དེ་བཤད་ཐུབ་ཀི་ཡོད་པ་མ་རེད། འདི་ཡང་དེང་སྐབས་ཀྱི་གྲོས་ཚོགས་ནང་གི་གནས་སྟངས་སམ་བཀའ་ཤག་ལ་དབང་ཚད་མཐོ་ཤོས་དེ་ཡོད་པའི་སྣང་བ་སྤྲོད་ཀི་རེད།
སྤྱིར་སྐད་ཆ་བཤད་དུས་རྒྱུ་ལྡན་དགོས་པ་གཙོ་བོ་རེད། འོན་ཀྱང་དོན་དག་མང་པོ་ཞིག་མཚན་ཉིད་རིག་པའི་ལམ་ནས་ཐག་བཅད་ན་ནོར་འཕྲུལ་རེད།
6) རིག་འབྱུང་དོན་གྲུབ་བཀྲ་ཤིས།
ད་འདི་རུ་མཚན་དཀྱིལ་ལ་སླེབས་འདུག
འཛིན་སྐྱོང་གི་དབང་ཆ་བཀའ་ཤག་ཡོད་པ་དེ་བདེན་པ་རེད། འཛིན་སྐྱོང་གི་དབང་ཆ་ལག་བསྟར་བྱེད་དུས།
སུའི་རྒྱབ་སྐྱོར་དགོས་སམ། འདི་གནད་འགག་རེད། ལྷན་ཁང་སོ་སོའི་ལོ་རེའི་སྔོན་རྩིས་དེ་སུ་བརྒྱུད་དགོས་སམ།
འཛིན་སྐྱོང་བཀའ་ཤག་དེ་གཙང་བོ…་ཡིན་ན། སྤྱི་འཐུས་ལྷན་ཚོགས་དེ་ཡུར་བ་རེད། གནས་སྐབས་ལ་དེ་ཙམ་ཡིན།
7) བསྟན་འཛིན་ཉིན་བྱེད།
བདེན་པ་རེད། ཡིན་ནའི་གོང་དུ་མཆན་དང་པོའི་ནང་བཤད་པ་བཞིན། བཀའ་ཤག་གི་འཆར་གཞི་མང་ཆེ་བ་ཞིག་སྤྱི་འཐུས་རྣམ་པས་གཏན་འབེབས་བྱེད་ཀྱི་རེད་དྲན། དཔེར་ན་ཤེས་ཡོན་སྲིད་ཇུས་ལྟ་བུ། དམངས་གཙོའི་ཀ་བ་གསུམ་གྱི་ནང་ནས་དབང་ཆ་ཆེ་ཤོས་དེ་འཛིན་སྐྱོང་ལ་ཡོད་པ་རེད། འཛིན་སྐྱོང་བཀའ་ཤག་དི་གཞུང་མཚོན་གྱི་ཡོད་པ་རེད། རྒྱལ་ཁབ་ཀྱི་སྐུ་ཚབ་མཚོན་གྱི་ཡོད་པ་རེད། ཨ་རིའི་ congress དང་ state department གཉིས་ཀྱི་མཁས་པར་ནང་བཞིན་རེད། དེ་འདྲ་བརྗོད་དུས་སྤྱི་འཐུས་གལ་ཆེན་པོ་མ་རེད་བརྗོད་ཀྱི་མེད། འཛིན་སྐྱོང་གི་འཆར་གཞི་རྣམས་སྤྱི་འཐུས་ནང་བགྲོ་གླེང་གིས་གཏན་འབེབས་བྱེད་དགོས་པ་དེ་དངོས་གནས་རེད།
8) བསོད་ནམས་དབང་འདུས།
མདོ་དོན་རྒན་གཞན་གཉིས་ཀྱིས་ཟུར་འབྲེལ་གནང་དགོས་པ་དེ་བརྗོད་མིན་རེད། སྒོས་སུ་གཞན་སྐྱེས་རྣམས་ལ་འགན་འཁུར་སྟངས་ཐད་གོ་སྐབས་དང་སྦྱོང་བརྡར་རིགས་གནང་ཐུབ་པ་ཡིན་ན་མ་འོངས་གཞུང་སྲ་བརྟན་དང་རྒྱུན་བསྐྱངས་ལ་ཆེས་ཕན་སྙམ།
ཟླ་འགའི་སྔོན་བཙན་བྱོལ་སྒྲིག་གཟུགས་འདི་ཉིད་ལོ་ལྔ་བཅུ་རིང་རྒྱ་གར་ནང་གནས་དགོས་བྱུང་ཡང་སྲ་བརྟན་དང་རྒྱུན་བསྐྱངས་དགོས་པའི་དོན་དག་ལ་ལས་འཆར་དང་འབྲེལ་པའི་ཚོགས་འདུ་ཞིག་འཚོགས་ཡོད། བཙན་བྱོལ་སྤྱི་ཚོགས་འདི་སྲ་བརྟན་དང་བོད་མིའི་འཐབ་རྩེད་དེ་རྒྱུན་བསྐྱངས་དགོས་ན་ད་སང་གི་དུས་འདིར་བཀའ་བློན་ཁྲི་པ་དང་སྤྱི་འཐུས་སོགས་གསར་པ་གང་མང་འོང་ཐབས་སུ་མི་མང་ཚོས་ཤུགས་འཕར་མ་ཞིག་བརྒྱབ་དགོས་དྲན། ད་ནི་མི་རབས་གསར་པར་སྦྱོར་བརྡར་སྤྱོད་དགོས་པའི་དུས་ལ་སླེབས་འདུག།
9) ཨོ་རྒྱུན་ཚེ་རིང་།
བསོད་ནམས་དབང་འདུས་ལགས་ཀྱིས་གསུངས་པ་དེ་ལ་རྒྱབ་བསྐྱོར་གཙང་མ་ཡོད། མི་རབས་གསར་པ་རྣམས་ལ་སྦྱོང་བརྡར་དང་མི་རབས་རྙིང་པ་རྣམས་ཀྱིས་སླར་ཡང་ཐུགས་བསམ་ནན་པོ་ཞིག་གཏོང་དགོས་པའི་དུས་ལ་སླེབ་པར་སེམས། མདོར་ན་མང་གཙོའི་ཁེ་དབང་ཚད་ལྡན་ཞིག་ལོངས་སུ་སྤྱོད་ཐུབ་པ། མ་…འོངས་པའི་མི་རབས་རྣམས་ཀྱི་མདུན་ལམ་བཟང་པོ་བསྐྲུན་ཐུབ་པ་བྱ་རྒྱུ་དེ་གལ་གནད་ཆེ་བར་མཐོང། འདས་པའི་བྱུང་བ་དཔེར་བཞག་ནས་མ་འོངས་པར་དེ་ལྟ་བུ་ཞིག་མི་ཡོང་བ་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་གལ་གནད་དེ་རེད་སེམས། མི་ཕོ་དམ་པ་གདྷིས་རྒྱ་གར་ཡུལ་དེ་རྒྱ་གར་རང་དབྱིན་ཇི་ཕུལ་བ་རེད་གསུངས་པ་ལྟར་འདས་དོན་ལ་གཟིགས་ནང་ཁུལ་མ་མཐུན་པའི་རྒྱུན་རྐྱེན་ལ་བརྟེན་ནས་རྒྱ་མའི་དབང་ཤུགས་བོད་དུ་སླེབ་ཐུབ་པ་བྱུང་ཡོད། མདོར་ན་རྒྱལ་ཁབ་དང་མི་རིགས་ཀྱི་ཇུས་མ་ཤོར་བ་བྱ་རྒྱུ་དེ་བོད་མི་ཡོད་དོ་ཅོག་གི་ལས་འགན་འདོར་དུ་མེད་པ་ཞིག་རེད་སེམས།
10) བསྟན་འཛིན་ཐོས་བསམ།
མི་རབས་གསར་བ་དང་བསམ་བློའི་ནུས་བ་ཡོད་མཁན་ཚོས་འགན་འཁུར་དགོས་འདུག ཁ་ནས་བཤད་པ་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་བཙན་བྱོལ་བོད་གཞུང་གིས་སྒྲིག་འཛུགས་ནང་ཞུགས་ནས་ད་ལྟ་ཡོད་བཞིན་པའི་སྒྲིག་གཙོ་འདི་དང་༄གོང་ས་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་ལ་བརྒྱབ་སྐྱོར་བྱས་ན་ཏན་ཏན་ང་ཚོའི་བདེན་མཐའ་ལ་འབྲས་བུ་བཟང་བོ་ཞིག་ཐོབ་རྒྱུ་ཐེ་ཚོམ་མེད་། གཞན་ཤེས་ཡོན་པ་ག་ཚོད་ཡོད་ཀྱང་ཤེས་ཡོན་པ་ཚོས་ནུས་པ་མཉམ་རུབ་བྱེད་མ་ཐུབ་པ་ཡིན་ན་དཀའ་ལས་ཁག་པོ་རེད་།རང་རང་ས་ནས་ལྟ་བ་རེ་འཁྱེར་ཁ་རྒྱག་པ་རེ་བཤད་སྡད་པ་ཡིན་ན་དེ་ལ་འབྲས་བུ་ཅི་ཡང་ཡོད་མ་རེད་བསམ་གྱི་འདུག
11) བསོད་ནམས་དབང་འདུས།
མདོ་དོན་རྒན་གཞན་གཉིས་ཀྱིས་ཟུར་འབྲེལ་གནང་དགོས་པ་དེ་བརྗོད་མིན་རེད། སྒོས་སུ་གཞན་སྐྱེས་རྣམས་ལ་འགན་འཁུར་སྟངས་ཐད་གོ་སྐབས་དང་སྦྱོང་བརྡར་རིགས་གནང་ཐུབ་པ་ཡིན་ན་མ་འོངས་གཞུང་སྲ་བརྟན་དང་རྒྱུན་བསྐྱངས་ལ་ཆེས་ཕན་སྙམ།
12) ཨོ་རྒྱུན་ཚེ་རིང་།
དོན་འབྲས་སོན་པའི་ལས་དོན་ཞིག་ཡོང་བ་ལ་བོད་གཞུང་གཉིས་དང་རྒན་གཞོན་བར་གསུམ་གྱིས་ཕྱག་གྲུ་མཉམ་འདེགས་གནང་དགོས་པ་ལས་ཉུང་ཤས་ཤིག་འགྱུར་བ་ཤུགས་ཆེ་དང་དོན་འབྲས་སྨིན་པ་ཞིག་ཡོང་ཐུབ་པར་སེམས། ལམ་སྟོན་གནང་གྱི་ལམ་སྟོན་དང་དེ་བཞིན་གསན་འཇོག་གནང་མཁན་གྱི་དེ་ལྟར་མ་ག…ནང་པར་ཁ་རྒྱག་རེད་བསམ་པའི་ལྟ་བ་ཕྲེག་པོ་ཞིག་བཟུང་ནས་བསྡད་ན་སྤྱི་བའི་ལས་དོན་འགྲུབ་དཀའ་བར་སེམས། བོད་ཀྱི་ལས་དོན་སྒྲུབ་ཕྱོགས་གཙོ་བོ་ལམ་སྟོན་གནང་མཁན་དེ་བཀའ་སྤྱི་ལ་སོགས་པར་རགས་ལས་ཡོད། དཔེར་ན་ཡོང་རྒྱུའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་རྣམ་པ་ག་འདྲ་ཞིག་ཡོང་མིན་དེ་མི་མང་ལ་རགས་ལས་ཡོད་པ་ལས་དེ་དག་དང་བླང་བྱས་ནས་ཡོང་བ་མིན་པས། འགན་ཁུར་ཆེན་པོ་མི་རེ་ངོ་རེ་ལ་ཡོད་པ་ལས་ཉུང་ཤས་ལ་རགས་ལས་པ་ཞིག་ནི་མིན་པར་སེམས། དམིག་བསལ་གྱི་མ་འོངས་པའི་བོད་ཀྱི་རྩ་དོན་བསྒྲུབ་ཕྱོགས་ཐད་མི་རབས་གསར་པ་རྣམས་ལ་གཡོལ་དུ་མེད་པའི་ལས་འགན་ལྕི་པོ་ཞིག་ཡིན་པ་ནི་སྨྲོས་མི་དགོས་པ་ཞིག་རེད་སྙམ།
མ་རྒན་aidsནད་གཞི་ཅན་ལ་ན་ཚ་མེད་པའི་བུ་བརྒྱུད་འབྱུང་དཀའ་བ་ཞིག་རེད།
གཙང་ཁའི་བུས།
དེ་རིང་ཕྱི་དྲོར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཟུང་འབྲེལ་གྱིས་མ་འོངས་བོད་ཀྱི་བཀའ་ཁྲི་དང་སྤྱི་འཐུས་སྐོར་གྱི་ཟབ་སྦྱོང་སྤྲོད་ཀྱི་རེད་ཟེར་ནས།གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་བྱེས་སྨད་གྲྭ་ཚང་གཉིས་ཀྱིས་ཆོས་རྭ་ཚོགས་རྒྱུའི་དུས་ཚོད་ཕྱིར་གཤོལ་གྱིས་ཚོགས་འདུ་འཚོགས་སོང་ལ།ཐོག་དང་པོར་ང་རང་ཡང་ཟབ་སྦྱོང་དེའི་ནང་དུ་ཞུགས་འདུན་ཧ་ཅང་ཆེ། འོན་ཏེ། གྲྭ་ཚང་གི་དགུང་མོའི་ཞལ་ལག་གྲུབ་པ་དང་ཚོགས་སོང་བས་ངས་རྒན་ལགས་ལ་ཞལ་ལག་ཕུལ་མ་གྲུབ་པས་དུས་ཚོད་ཡོངས་སུ་ཤོར་སོང་།སྤྱིར་བཏང་ང་ཟབ་སྦྱོང་དེ་ལ་བཅར་ནས་སྦྱོང་འདོད་ཅིག་མེད་ཀྱང་།ངས་སེམས་སུ་ནམ་ཡང་ཤར་བའི་དྲི་བ་ཁག་འགའ་ཞིག་ཡོད་པ་དེ་མཁས་དབང་རྣམ་པར་འབུལ་དགོས་བསམ།
དང་པོ།ང་ཚོའི་ཚོགས་སྡེ་ཁག་སོ་སོས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་གཞི་བཏོན་ནས་མང་ཚོགས་སུ་དྲིལ་བསྒྲགས་ཤུགས་ཆེན་གནང་གི་ཡོད་ཅིང། དཔེར་ན། བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་༤༨༥པའི་ནང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་བཀའ་ཁྲིའི་འོས་གཞིར་མི་གཉིས་དང་།མདོ་སྨད་ནས་སྤྱི་འཐུས་འོས་མི ༥དང་།མདོ་སྟོད་ནས་སྤྱི་འཐུས་འོས་མི༦དང་།དེ་བཞིན་དབུས་གཙང་ནས་སྤྱི་འཐུས་འོས་མི་༡༠བཅས་གསལ་བསྒྲགས་བྱས་པ་ལྟ་བུ་རེད།
ངས་དེ་ལ་བསམ་གཞིག་ཅིག་བྱེད་དུས། ཁོང་ཚོས་འོས་མི་༢༡་ལས་གསལ་བསྒྲགས་མ་བྱས་པ་འདི་མི་མ་རྙེད་ནས་རེད་དམ། ཡང་ན་མི་དེ་ཚོ་ལ་རྐུབ་སྟེགས་ཤིག་ཐོབ་ན་ལྷག་མར་སུ་བསྐོས་ཀྱང་ཁྱད་པར་མེད་པ་ཞིག་རེད། ཕྱི་མ་ལྟར་ན་འོས་གཞི་ནང་ཡོད་པའི་མི་དེ་ཚོ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་མི་དེ་ཚོ་ལ་སྒེར་གྱི་འབྲེལ་བ་ཞིག་མེད་དམ་སྙམ་པའི་བློ་དོགས་ཤིག་ཀྱང་དབང་མེད་དུ་འཁོར་འོང་བར་མ་ཟད།
མི་དེ་ཚོ་ལ་རང་དོན་ལས་སྤྱི་སེམས་སྤུ་རྩེ་ཙམ་ཡང་མེད་པའི་རང་རྟགས་ཤིག་མཐོང་སོང་།
སྔ་མར་ལྟར་ན་གོང་གི་འོས་གཞིའི་མི་དེ་ཚོ་ལ་དམིགས་བསལ་རྒྱ་བོད་དབྱིན་གསུམ་གྱི་ཤེས་ཡོན་དང་། སྤྱི་ཚོགས་ལ་ལྷག་བསམ།འཛིན་སྐྱོང་གི་ཉམས་མྱོང་།རང་གི་ཀུན་སྤྱོད།མི་རིགས་ཀྱི་ལ་རྒྱ་སོགས་གཟེངས་སུ་འཐོན་པའི་ཁྱད་ཆོས་གང་འདྲ་ཡོད་དམ།
གཉིས་པ།སྤྱིར་བཏང་།བཀའ་ཁྲི་དང་སྤྱི་འཐུས་ལབ་དུས་ང་ཚོའི་མགོ་ལ་ཡོད་པའི་ཏོག་དང་། གདོང་ལ་ཡོད་པའི་མིག་དེ་ཡིན་པས་མི་དེ་ཚོ་ལ་རང་ངོས་ནས། ཕྱིའི་ཀུན་སྤྱོད་དང་། ནང་གི་ཡོན་ཏན་སོགས་ཚང་དགོས་པའི་ཁྱད་ཆོས་གང་ཡོད་དམ། གོང་གསལ་གྱི་འོས་མི་དེ་ཚོ་ལ་དམིགས་བསལ་གྱི་ཡོན་ཏན་གང་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། གསུམ་པ། བཀའ་སྤྱི་སུ་ཞིག་ཡིན་ཀྱང་སྤྱི་ཚོགས་ལ་ཉམས་མྱོང་དང་འཛིན་སྐྱོང་གི་ཕྱག་རྗེས་སོགས་དམིགས་བསལ་མེད་ཀྱང་། རྐུ་མ། ཇག་པ།ཁྲམ་པ།ཐ་ན་རངཉིད་གནས་ཡུལ་གྱི་ཚོགས་སྡེ་ཁག་ནསགནས་དབྱུང་བཏང་བའི་མིང་ངན་ཐ་ཆད་མེད་པ་ཞིག་དགོས་གལ་མི་ཆེའམ། གལ་སྲིད་མི་ངན་དེ་འདྲའི་རིགས་ཤིག་ལ་བཀའ་ཁྲི་དང་སྤྱི་འཐུས་ཀྱི་མཚན་སྙན་གསོལ་ན་བོད་རྒྱལ་ཁབ་ཆེན་པོའི་མཚན་སྙན་དང་གཟི་བརྗིད། ཁྱད་པར་དུ་ཡང་མང་ཚོགས་ཀྱིས་མཐོང་དང་ཆ་འཇོག ཡིད་ཆེས་གང་འདྲ་ཞིག་གནང་གི་རེད།
མང་ཚོགས་ཀྱིས་མཐོང་དང་ཆ་འཇོག་མེད་ན་རླབས་ཆེ་བའི་ལས་འགུལ་ཞིག་སྤེལ་ཐུབ་རྒྱུའི་ཡིད་ཆེས་ཡོད་དམ། གོ་ཚུལ་ལྟར་ན་སྔོན་མར་ཡང་བཀའ་བློན་བྱེ་བྲག་པ་ཞིག་ལ་དངུལ་གྱི་རྙོག་གླེང་བྱུང་ནས་བཀའ་བློན་གྱི་ལས་སྣེ་ལས་དགོངས་ཞུ་ཕུལ་དགོས་བྱུང་ཚུལ་འདུག ཕྱིས་དེ་འདྲའི་རིགས་མི་འབྱུང་བའི་སྔོན་འགོག་དང་ཐབས་ཤེས་བྱེད་ཀྱི་ཡོད་དམ།
བཞི་པ། ཉེ་ཆར་མདོ་སྨད་ཆོལ་ཁས་བཀའ་ཁྲིའི་འོས་གཞི་ཞིག་བཏོན་པའི་ནང་། དབུས་གཙང་ནས་འོས་མི་གཅིག་དང་། མདོ་སྟོད་ནས་འོས་མི་གཉིས།དེ་མིན་མདོ་སྨད་ནས་འོས་མི་བརྒྱད་ཙམ་བཏོན་(མདོ་སྨད་ཀྱི་འོས་མི་བརྒྱད་བཞག་པ་དེ་ལ་རྒྱབ་སྐྱོར་ཡོད་ཀྱང་། དབུས་གཙང་ནས་འོས་མི་གཅིག་དང་། མདོ་སྟོད་ནས་གཉིས་ལས་མ་བཞག་པའི་རྒྱུ་མཚན་གང་ལ་ཐུག དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ལ་ཉེར་འཆར་གནས་ཆུང་དགྲ་ལྷའི་རྒྱལ་བོས་ལུང་བསྟན་ཀྱང་བྱུང་རབས་འདུག )འདུག
(དེ་བཞིན་ཉེ་ཆར་དབུས་གཙང་ཆོ་ཁས་བཏོན་པའི་བཀའ་ཁྲིའི་འོས་གཞིའི་ལ་གཟིགས་དང་། དགྲ་དགའ་གཉེན་སྡུག་གི་བྱ་བ་ཞིག་ལས་བོད་མི་དམངས་ལ་ཕན་སེམས་ཀྱི་རྣམ་པ་ཞིག་ཡོད་མེད་མཐོང་ཐུབ་ཀྱི་རེད། མ་ཟད་ཟླ་བ་ཚེ་རིང་སྤྱི་འཐུསཀྱི་འོས་གཞིར་བཏོན་ཅིང་། འོས་མིའི་ཁྱད་ཆོས་གཙོ་བོར་རང་གི་ཆོ་ཁར་ཞེན་ཁོག་ཡོད་མཁན་དགོས་ཚུལ་ཟེར། འདི་ཙམ་གྱིས་ག་ལ་ཚོད་ཁ་སྔོན་དབུས་གཙང་རྒྱུན་ལས་ཚོས་ཤེས་འཇོན་ལྷག་བསམ་ལྡན་པའི་བཀུར་འོས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་དབུས་གཙང་སྤྱི་འཐུས་ནས་དགོངས་ཞུ་དགོས་པའི་བཀའ་གནང་བ་དེ་ཚོར་ལ་ལྟོས་དང་། ཁྲག་དཀྲུག་གི་ཐུར་རུ། རྣག་དཀྲུག་གི་ཡང་འགོ་དེ་ཚོ་བསམ་བཞིན་སྨོན་ལམ་ལོག་ནས་བོད་ཡུལ་ཆོས་ལྡན་གྱི་ཞིང་དུ་སྐྱེས་བ་ཞིག་མིན་ནམ་སྙམ་པ་ཞིག་ཀྱང་དྲན་ལམ་དུ་འཁོར་གྱི། མི་དམངས་ཚོ་ཐུགས་བསམ་རེ་བཞེས་དང་། དུས་ཚོད་འདི་འདྲར་གཉེན་འཕྲང་ཆེ་བའི་སྐབས་འདིར་སྤྱི་འཐུས་འདི་འདྲ་ཞིག་རྩ་བ་ནས་མ་བསྐོས་ན་ཞུ་གི་ཡོད། དེ་བཞིན་བོད་གཞུང་གི་མཛད་གཙོ་རྣམ་པ་ཐུགས་བསམ་རེ་བཞེས་དང་། རང་གཞུང་ཁྲིམས་ཁང་དུ་སྐྱེལ་མཁན་འདི་ད་དུང་སྤྱི་འཐུས་ཤིག་རུང་གི་རེད་དམ། འདི་ཚོ་ལ་བསམ་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་དེ་ཡང་སྔ་མ་ལས་སྡུག་པ་ཞིག་ལས་བཟང་བ་ཞིག་རྩ་་བ་ནས་འཁོས་ཀྱི་མ་རེད་སྙམ། འདི་གསར་དུ་བསྣན་པ་ཡིན)
འདི་ལྟར་སྡེ་ཚན་བྱེ་བྲག་པ་སོ་སོས་བཀའ་བློན་དང་།སྤྱི་འཐུས་ཀྱི་འོས་གཞིར་དམིགས་བསལ་གྱི་ཤེས་ཡོན་སོགས་ཀྱི་ཁྱད་ཆོས་གཙོ་བོར་མི་འཛིན་པར་གང་ཟག་གཙོ་བོར་བཟུང་ནས་འོས་མི་སྣེ་མང་བཏོན་ན་སྤྱི་ཚོགས་ལ་ཕན་ལས་གནོད་འཚབ་ཆེ་རྒྱུ་མ་རེད་དམ།
ལྔ་པ། སྡེ་ཚན་བྱེ་བྲག་པ་ཚོས་འོས་གཞི་བཏོན་པ་དང་། ཟབ་སྦྱོང་གང་འདྲ་ཞིག་སྤྲོད་ཀྱང་མི་དེའི་ཤེས་ཡོན་དང་། འཇོན་ཐང་། སྤྱིར་སེམས། ལྷག་བསམ། བྱས་རྗེས་སོགས་ཀྱི་ཁྱད་ཆོས་རྣམས་དྲང་པོའི་ལམ་ནས་ངོ་སྤྲོད་གནང་དགོས་པ་ལས། ཆོལ་ཁ་དང་། ཆོས་ལུགས། ནང་ཁུལ་ལྟ་གྲུབ་མཐུན་མིན་གྱི་ནད་གཞིའི་འོག་སྲིད་དོན་གྱི་ཁ་གཡང་སྙན་ཞིང་མཛེས་སྡུག་ལྡན་པའི་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་། སྤྱི་ཚོགས་ལ་གནོད་པ་ལས་ཕན་པ་ཅི་ཡང་མེད་པ་ནི། མ་རྒན་aidsནད་གཞི་ཅན་ལ་ན་ཚ་མེད་པའི་བུ་བརྒྱུད་ཅིག་འབྱུང་དཀའ་བ་དང་གཉིས་སུ་མེད་པ་ཞིག་རེད་སྙམ།
མདོར་ན། འདི་ནི་གྲྭ་རྐྱང་ཞིག་གི་མ་འོངས་པའི་བཀའ་ཁྲི་དང་སྤྱི་འཐུས་སྐོར་ལ་བསམ་གཞིག་དང་སེམས་ཁུར་བྱས་པ་ལས་བྱུང་བའི་སྙིང་ནས་བབས་པའི་ཁྲག་ཐིགས་ཤིག
འདི་ནི་སུ་དང་གང་ལ་བསམ་ནས་སྐྱོན་རྗོད་ཀྱི་ཆེད་དུ་མ་བྲིས་ལ།སུ་དང་གང་ཞིག་ལ་ཕོག་འདོད་ཀྱང་ང་ལ་མེད། གལ་སྲིད་སུ་དང་གང་ལ་ཕོག་ནས་ཕན་འབྲས་ཕྲན་བུ་རེ་མཆིས་ཚེ། ངས་ཧ་ཅང་རིན་ཐང་ཆེ་བའི་དུས་ཚོད་བཏང་བར་གོ་ཆོད་པ་ཞིག་དང་། གྲྭ་རྐྱང་ངའི་རེ་འདུན་ཡང་དེ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་སྙམ། ༢༠༡༠ །༥ །༣༡།
སྤྱིར་རྩོམ་ཡིག་བྲིས་ནས་རྒྱུན་རིང་ཡང་དྲ་གྲོགས་འགས་སྤྱི་འཐུས་ལ་བགོ་གླེང་བྱེད་ཀྱི་མེད་པའི་བསམ་ཚུལ་འདུག་པས་སྐབས་འདིར་བཀོད་པ་ཡིན།