བསྟན་འཛིན་ཉིན་བྱེད།
ཉིན་ཤས་སྔོན་ངོ་དེབ་ Facebookསྟེང་བོད་པའི་བུད་མེད་དེང་རབས་ཤེས་ཡོན་ཅན་གཉིས་དབར་མགྲོ་གླེང་བྱས་པ་ཞིག་མཐོང་བྱུང་། གཙོ་བོ་ཁོང་རྣམ་གཉིས་དེང་སང་ཨཕ༹གཧནིསྟན་ནང་རྩ་ཆེའི་ནང་པའི་སྐུ་དངོས་རྣམས་ གཏོར་བཤིགས་གཏོང་བཞིན་པའི་བྱ་ངན་ཐད་གྲོས་སྡུར་བྱས་པ་རེད།
གནད་དོན་འདིའི་ཐད་བུད་མེད་ལོ་ན་ཆུང་བ་འདི་བརྗོད་དོན། དངོས་གནས་གནའ་རབས་ཨཕ༹གཧནིསྟན་ནང་ནང་པ་དང་ཁ་ཆེའི་ཆོས་ལུགས་གཉིས་མཉམ་གནས་ཇི་ལྟར་བྱས་མིན་ཐོག་ལ་ཤེས་དགོས་འདུག འདི་གལ་ཆེན་པོ་རེད།
དེའི་ ལན་འདེབས་སུ་བུད་མེད་ཤེས་ཡོན་ཅན་ལོ་ན་རྒན་པ་དེས། ནང་པའི་སྐུ་འདྲ་དེ་ཚོས་ག་རེ་གཏོན་གྱི་ཡོད་ཅེ་ན། བོད་ཀྱི་བཙན་པོའི་དུས་སྐབས་སུ་བོད་རྒྱལ་ཁབ་དེ་ཧ་ཅང་གི་སྟོབས་ཤུགས་ཅན་ཞིག་ ཡིན་པ་དེ་རེད། བོད་ཀྱི་སྟོབས་ཤུགས་ཁྱིམ་མཚེས་རྒྱལ་ཁབ་ཀཤམིར་དང་དེང་སྐབས་ཀྱི་ཨཕ༹གཧནིསྟན་ དང་། པཀིསྟན་བཅས་ཀྱི་ནང་ལ་ཁྱབ་ཡོད་པ་རེད། ལྷག་པར་དུ་པཀིསྟན་ནང་བོད་རིགས་མི་འབོར་ཕོན་ཆེ་ཡོད་པ་དང་རྗེས་སོར་ཁོང་ཚོ་ཁ་ ཆེར་གྱུར་ཡོད་པའི་ལོ་རྒྱུས་གོ་རྒྱུ་འདུག
དེར་ བུད་མེད་གཞོན་པ་དེས། ཕལ་ཆེར་ཡིན་འགྲོ། ང་ལ་སིང་ག་ལའི་གྲོགས་པོ་ཞིག་ཡོད། ཁོ་པས་བརྗོད་གསལ་ལྟར་ན་སིང་ག་ལའི་ནང་དེང་སྐབས་ནང་པ་མང་པོ་ཞིག་ཁ་ཆེར་འགྱུར་ འགྲོ་ཀྱི་འདུག མ་གཞི་འདས་པའི་ལོ་རྒྱུས་ནང་བོད་ཀྱི་ནང་བསྟན་སྤེལ་རྒྱུའི་ཆེད་དུ་བོད་པས་ཆོས་ དམག་དེ་འདྲ་གྲངས་ཡོད་དམ། སྲོང་བཙན་སྒམ་པོས་བོད་དུ་ནང་ཆོས་སླེབས་རྗེས་དྲག་སྤྱོད་མཚམས་འཇོག་བྱས་འདུག ཁྱེད་ཀྱི་དགོངས་པར་ནང་ཆོས་དང་བོད་ཀྱི་དྲག་པོའི་དམག་ཤུགས་ཚོང་རྒྱག་པ་དེ་ཡག་ པོ་ཞིག་བྱུང་ཡོད་དམ།
བུད་ མེད་རྒན་པ་དེ་ན་རེ། ཨ་ལེ། སིང་ག་ལའི་གནས་ཚུལ་འདི་དངོས་གནས་རེད་དམ། འདི་ང་ལ་གསར་འགྱུར་ཞིག་རེད། བོད་ཀྱི་ཆོས་དམག་དྲངས་ཡོད་པ་མི་ཤེས། འོན་ཀྱང་ལོ་རྒྱུས་སྨྲ་བ་ཚོས་བོད་དུ་ནང་ཆོས་དར་བ་ནས་བཟུང་བོད་ཀྱི་བཙན་པོའི་ སྟོབས་ཤུགས་ཉམས་འགོ་འཚུགས་པ་རེད་ཟེར། ཡིན་ནའང་མཐའ་གཉིས་སུ་ལྷུང་པའི་སྐད་ཆ་དེ་འདྲ་ལ་དགའ་པོ་མེད། མ་གཞི་ཁྱེད་རང་གིས་ག་རེ་བསམ་གྱི་འདུག ནང་ཆོས་དང་དྲག་དམག་གཉིས་ཚོང་བརྒྱབས་པ་དེ་ཡག་པོ་བྱུང་འདུག་གམ།
བུད་ མེད་གཞོན་པ་དེས། ཧ་ཧ་ཧ། ངའི་དྲི་བ་དེ་རང་འཇགས་ངའི་སྒང་ལ་གཡུག་ཡོང་གི་འདུག སིང་ག་ལའི་གནས་ཚུལ་འདི་བདེན་པ་རེད། ལྷག་པར་དུ་ངའི་གྲོགས་པོ་དེས་གནད་དོན་འདི་ཐད་ང་ཚོས་གཅིག་བྱེད་དགོས་རེད་ཅེས་ བརྗོད་ཀྱི་འདུག ངའི་བསམ་ཚུལ་ལ་ཚོང་རྒྱག་པ་དེ་ཡག་པོ་བྱུང་འདུག ད་ལྟའི་ཆར་བོད་དཀའ་ངལ་ནང་ལྷུང་ཡོད་ནའང་བོད་ཀྱི་ནང་བསྟན་དར་རྒྱས་འགྲོ་བཞིན་ པའི་ངང་རེད། ནང་ཆོས་གཅིག་པོས་ཨེ་ཡིན། སྐུ་དྲག་མི་སྣ་ཚོས་བྱ་སྤྱོད་དང་། ཟུར་འབུད་ཁེར་རྐྱང་དུ་བསྡད་པ། རྒྱའི་གཡོ་སྒྱུ། རྒྱ་གར་དབྱིན་ཇིའི་ལྐུགས་རྟགས་བཅས་རྒྱུ་མཚན་གཞན་དག་མང་པོ་ཡོད་སྲིད་ཀྱི་རེད། མ་གཞི་ང་འགྲོ་རན་སོང་། ཕྱི་ཚེས་ ༢༡ ཉིན་ལྡི་ལི་ནེ་རུ་གཙུག་ལག་སློབ་གཉེར་ཁང་དུ་ ༢༠༠༨ ལོའི་བོད་ཀྱི་ཞི་བའི་ལས་འགུལ་ཆེན་པོའི་སྐོར་བགྲོ་གླེང་ཞིག་འདུག ང་དེར་འགྲོ་རྩིས་ཡོད།
དེའི་ལན་འདེབས་སུ་བུད་མེད་རྒན་པ་དེས། ཁྱེད་ཀྱིས་ལན་ཡག་པོ་ཞིག་བཏབས་སོང་། དངོས་གནས་བོད་རང་བཙན་ཤོར་བའི་རྒྱུ་མཚན་དེ་མགོ་རྙོག་རེད། དཀར་པོ་ནག་པོའི་ནང་ལན་འདེབས་ཐུབ་ཐབས་མེད་པ་ཞིག་རེད། ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་བོད་ཀྱི་བགྲོ་གླེང་ལ་བཅར་ཐུབ་མི་ཐུབ་རྗེས་ སུ་ལན་བྱེད་ཡོང་།
མཚམས་ འདིར་ངས་དགོས་མེད་ཐེ་ཇུས་ཤིག་བྱས་པ་ཡིན། ངས་བོད་རྒྱལ་ཁབ་དེ་ནང་ཆོས་རྐྱེན་པས་རང་བཙན་ཤོར་ཡིན་མིན་ཐད་དེ་འདྲ་ཞིག་བྲིས་ པ་ཡིན། དྲག་པོ་དང་འཚེ་བ་གཉིས་རྒྱལ་ཁབ་ཅིག་ལ་ཆ་མཚོན་ན་མེད་དུ་མི་རུང་བ་རེད། དེ་གཉིས་མེད་ན་རྒྱལ་ཁབ་འཚོ་གནས་བྱེད་མི་ཐུབ། རྒྱལ་ཁབ་ཅི་ཞིག་རང་གི་འབངས་མི་སེར་གནོན་པ་དང་། ཕྱིའི་བཙན་འཛུལ་སྟོབས་ཤུགས་ལས་སྐྱོབས་ཆེད་འཚེ་བའི་ལས་དང་དྲག་སྤྱོད་ལ་བརྟེན་ དགོས་ཀྱི་ཡོད། ཡིན་ནའང་ནང་ཆོས་ཀྱིས་འཚེ་བའི་ལས་ལ་དངོས་ཤུགས་བརྒྱུད་གསུམ་ནས་དགག་བྱ་བྱེད་ ཀྱི་ཡོད། ཐ་ན་ཤ་ཡང་ཟ་ཆོག་གི་མེད་པ་རེད། དེ་སྔའི་བོད་ཀྱི་སྤྱི་ཚོགས་ནང་གར་བ་ཚོར་མཐོང་ཆུང་ཁྱད་གསོད་དང་མགོ་གནོན་བྱས་ ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་གཙོ་བོ་ནི། ཁོང་ཚོས་གྲི་དང་མེ་མདའ་སྟ་རེས་ཏེ་འཚེ་བའི་གོ་ལག་བཟོ་གི་ཡོད་པས་ཡིན། དེ་ནང་པོའི་འཚེ་བ་མེད་པའི་ལྟ་གྲུབ་དང་འགལ་གྱི་ཡོད་པ་རེད། མ་གཞི་གར་བ་ཟེར་ཡག་དེ་དུས་རབས་ཉི་ཤུ་རྩ་གཅིག་ནང་གོ་ལག་གསར་གཏོད་བྱེད་མཁན་ གྱི་རྩབ་འདྲ་པོ་དེ་རེད།
འོན་ཀྱང་དམག་གི་སྟོབས་ཤུགས་སམ་གོ་ལག་གྲི་དང་མེ་གདའ་སོགས་གདེང་ ངེས་མེད་པར་བརྟེན་བོད་དེ་ཕྱི་རྒྱལ་ཁབ་མང་པོས་བཙན་འཛུལ་བྱས་ཡོད་པ་རེད། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་རྒྱ་གར་དབྱིན་ཇི། བལ་ཡུལ་ལ་དགས་ཚང་མས་བོད་ལ་བརྙས་བཅོས་བྱས་ཡོད་པ་རེད། གལ་ཏེ་བོད་ལ་དྲག་པོའི་སྟོབས་ཤུགས་ཡོད་ན་དེ་འདྲ་བྱུང་ཐབས་མེད་པ་ཞིག་རེད། སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་རྣམ་གཉིས་ནང་ཆོས་ལ་ཧ་ཅང་དད་པ་ཆེན་པོ་ རེད་ཅེས་པ་དེ་བདེན་པ་མ་རེད། ཏུན་ཧང་བྲག་ཕུག་ནས་ཐོན་པའི་ཡིག་རྙིང་ནང་གཟིགས་ཚེ་ཁོང་གཉིས་ལ་བཙན་པོ་ཞེས་ བརྗོད་པ་ལས་ཆོས་ཀྱི་རྒྱལ་པོ་ཞེས་ནམ་ཡང་ཟེར་གྱི་མེད་པ་རེད། ཆོས་རྒྱལ་ཞེས་པའི་ཐ་སྙད་དེ་ནི་ཕྱིས་སུ་བསྟན་པ་ཕྱི་དར་སྐབས་བཟོ་སྐྲུན་བྱས་པ་ ཞིག་རེད།
བཙན་ པོའི་དུས་སྐབས་སུ་བོད་དེ་ཨེ་ཤ་ཡའི་ནང་དམག་ཀྱི་སྟོབས་ཤུགས་ཆེ་ཤོས་སུ་གྲས་སུ་ ཡིན་པ་རེད། སྐབས་དེར་ནང་ཆོས་ཀྱི་ནུས་པ་དེ་ཙམ་མེད་པ་རེད། ནང་ཆོས་དེ་བཞིན་ཉེ་ཆར་ངོ་སྤྲོད་བྱས་པ་ཞིག་ཡིན་ཅིང་། བཙན་པོའི་སྐུ་འཁོར་དུ་ཡོད་པའི་མི་སྣ་འགའ་ཤས་ཀྱིས་ཉམས་ལེན་བྱས་པ་མ་གཏོགས་ བོད་ཀྱི་ཕྱི་སྲིད་འབྲེལ་ལམ་ཐོག་ཐད་བྱུས་དམིགས་བསལ་མེད་པ་རེད། མའོས་མེ་གདའི་ཁ་རྩེ་ནས་དབང་ཆ་འདོན་ཞེས་པ་དེ་དངོས་གནས་རེད། སྐད་ཆ་དེ་གསར་པ་གང་ཞིག་མ་རེད། དེ་ནུབ་ཕྱོགས་སྲིད་དོན་རིག་པ་བ་མཆིཨབེ༹ལླི་གསུངས་ནས་ཐེར་འདོན་བྱས་པ་ཞིག་ རེད། རྒྱལ་སྤྱིའི་ཆབ་སྲིད་ལམ་ལུགས་ནང་རྒྱལ་ཁབ་ཅིག་འཚོ་གནས་བྱེད་དགོས་ན་དམག་གི་ སྟོབས་ཤུགས་དགོས་པ་རེད། མཐའ་མའི་ཐག་གཅོད་དེ་དམག་གི་སྟོབས་ཤུགས་ཀྱིས་བྱེད་ཀྱི་རེད། འདི་ནི་བློ་ཕམ་པའི་གནད་དོན་ཞིག་རེད། ཡིན་ནའང་བདེན་པ་རེད།
དེར་ བརྟེན་རྩོམ་པ་པོ་དང་། སྒྱུ་རྩལ་བ་ཚད་ལྡན་ཚོས་གཞུང་དང་རྒྱལ་ཁབ་སྒྲིགས་འཛུགས་ནང་ཆ་ཤས་ལེན་གྱི་མེད་ པ་རེད། རང་ཉིད་སྒེར་ཞིག་ཡིན་པའི་ཐོག་རང་དབང་རང་བཙན་བྱས་ཏེ་སྡོད་ཀྱི་ཡོད་པ་དང་། བསམ་བློའི་རང་དབང་བེད་སྤྱོད་གཏོང་སྟེ་འགྲོ་བ་མིའི་རང་དབང་དང་བདེ་སྐྱིད་ རྣམས་དབང་ཆ་ཅན་གྱི་རྒྱལ་ཁབ་དང་གཞུང་སྒྲིག་འཛུགས་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད།
ང་ཚོ་ལུང་མེད་གཞི་བྱེས་བོད་རིགས་རྣམས་ཀྱང་ཚད་ལྡན་རྩོམ་པ་པོ་ཚོ་དང་གཅིག་པ་རེད། ང་ཚོས་དྲག་པོའི་སྲིད་གཞུང་ཚོར་རང་དབང་དང་བདེ་སྐྱེད་ཆེད་དུ་འཐབ་རྩོད་བྱེད་ ཀྱི་ཡོད་པ་རེད། མི་ཚེའི་སྙིང་པོ་དེ་རེད།།
དབྱིན་ ཇིའི་གྲགས་ཅན་རྩོམ་པ་པོ་ཞིག་གིས་གལ་སྲིད་ཉིན་མ་གཅིག་ང་ལ་རྒྱལ་ཁབ་དང་གྲོགས་ པོ་གཉིས་ནས་གཅིག་འདེམས་དགོས་བྱུང་ན་གྲོགས་པོ་དེ་འདེབས་ཐུབ་པའི་ནུས་པ་སྐྱེས་ པ་ཤོག་བཅས་སྨོན་ལམ་འདེབས་ཡོད། སྐད་ཆ་འདི་བསམ་བློ་གཏོང་ཡག་གཅིག་འདུག་བཅས་བརྗོད་པ་ཡིན།།
དཔེ་ཡག་པོ་བྲིས་འདུག
བགྲོ་གླེང་འདི་མུ་མཐུད་ནས་ཉན་འདོད། ཁོང་གཉིས་ཀྱི་ངོ་དེབ་ལ་གཅེར་སྡོད་དང་ཡང་བསྐྱར་བགྲོ་གླེང་བྱ་སྲིད།
ཨ་ཧྥི་གྷ་ནི་ནང་གི་སྟོན་པའི་སྐུ་བརྙན་དེ་བོད་ལ་ཆོས་མ་དར་གོང་བཞེངས་བ་ཞིག་རེད། དེ་བོད་བརྒྱུད་ནང་བསྟན་ནང་བོད་པའི་གནའ་སྔ་མོའི་སྟོབས་ཤུགས་ཀྱི་ལོ་རྒྱུས་ལ་འབྲེལ་དེ་ཙམ་ཨེ་ཡོད་དམ། ཉེ་འཆར་ནས་སྐུ་བརྙན་དེ་གསར་བཞེངས་བྱེད་བཞིན་པའི་སྐོར་ལ་ མ་གཞི་ཁོ་བོས་ཉིན་ཐོ་ཞིག་གི་ནང་དེའི་སྐོར་ཅུང་ཙམ་བྲིས་ཡོད་མོད། དེ་རིང་བཙལ་ཁོམ་མི་འདུག ལས་ཀར་འགྲོ་རན་བྱུང་།
དྲ་གྲོགས་ཚོས་ཤེས་འདོད་ཡོད་ན་ཉིན་ཐོ་བསྔོགས་རྗེས་སླར་ཡང་མཇལ་ཡོང་། བདེ་མོ་བྱོས།