༄༅། །བོད་མི་མང་སྤྱི་སྐབས་བཅོ་ལྔ་པར་འོས་མིག་ད་ཡོད་བོན་སྤྱི་གཉིས་ནས་མ་འོངས་ཁོང་གཉིས་བོན་སྤྱི་གནང་རྒྱུ་མིན་ཞེས་ཁ་གསལ་གསུངས་པས། གཡུང་དྲུང་བོན་གྱི་སྤྱི་འཐུས་འོས་མིག་གཤམ་གསལ།
༡༽དགེ་བཤེས་སྐལ་བཟང༌།ཁྱུང་པོ།བལ་ཡུལ་ཁྲི་བརྟན་ནོར་རྩེ།
༢༽ཟླ་བ་དར་རྒྱས།ཨ་མདོ་ཤར་པ།བོན་གཞིས་སྨན་རིའི་གླིང༌།
༣༽བ་ར་ཚེ་དབང་བཀྲ་ཤིས།ཧོར་པ།བོན་གཞིས་རྡོ་ལན་ཇི།
༤༽དགེ་བཤེས་བསོད་ནམས་རྒྱ་མཚོ།སྡེ་དགེ།བོན་གཞིས་སྨན་རིའི་གླིང༌།
༥༽དགེ་བཤེས་ཐོག་མེད་ཤེས་རབ།ཁྱུང་པོ།བོན་གཞིས་སྨན་རིའི་གླིང༌།
བཅས་རེ་ཆེས་འོས་མིག་འདོན་འབུལ་ྋགཡུང་དྲུང་བོན་གྱི་བསྟན་དོན་ཐོག་འགན་འཁུར་དང༌། ལྷག་བསམ་ཅན་རྣམས་ནས་གོ་བསྡུར་ལན་མང་བྱས་ནས་བཟོས་པ་ཡིན་པས་ཚང་མས་དགོངས་བཞེས་ཡོད་པ་ཞུ།
གུས་མོས་གཡུང་དྲུང་བོན་སྤྱི་འཐུས་ཀྱི་འོས་དམིགས་ཁྲོད་དུ་དགེ་འདུན་པ་སུ་ཡང་ངོ་ཤེས་ཀྱི་མེད་ན་ཡང། ད་ལྟའི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས། མ་འོངས་པའི་སྤྱི་འཐུས་ཀྱི་འོས་ཁོངས་སུ་མེད་པའི་རྒྱུ་མཚན་གང་ཡིན་ནམ། ཁོང་ནི་ད་ལྟའི་སྤྱི་འཐུས་ཁྲོད་ཤེས་ཡོན་གང་འཚམས་ལྡན་པའི་གྲས་སུ་ཚུད་ཡོད་ལ། གཡུང་དྲུང་བོན་པོ་ལ་ཕན་ཐོགས་ལྡན་པར་མཐོང་།
བོན་པོའི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་། མདོ་སྨད་སྤྱི་འཐུས་སྒྲོལ་མ་མཚོ་མོ་གཉིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ནང་དུ་ཡོད་ན་ཡོད་མཉམ་མེད་ན་མེད་མཉམ་ཡིན།
སྨོན་ལམ་མཐར་ཕྱིན་བོན་པོའི་སྤྱི་འཐུས་ནང་སྡོད་ཀྱི་མིན་ཞེས་ག་བར་བཤད་འདུག བཤད་ཡོད་ན། ཕྱི་རྒྱལ་ལ་འགྲོ་རྒྱུ་ངེས་པ་རེད། སྤྱི་འཐུས་བྱེད་རིང་ཕྱི་རྒྱལ་ཝི་ས་ཁ་ཤས་རག་སྟབས། འདི་ཚོའི་དམིགས་ཡུལ་དེ་འདྲ་རང་རེད།
སྤྱིར་ངས་བལྟས་ན། ང་ཚོས་འོལ་ཚོད་ཀྱིས་སྐྱེ་བོ་སྒེར་ལ་དམོད་ཚིག་སོགས་བྱེད་མི་ཉན་ལ། དེ་ནི་ཕལ་ཆེར་ཁ་བརྡ་ཚང་གིས་དགའ་བསུ་མི་ཞུ་བའི་གསལ་བསྒྲགས་ཀྱི་ཁོངས་སུའང་ཡོད། སྤྱིར་བོན་པོའི་དགེ་བཤེས་སྨོན་ལམ་མཐར་ཕྱིན་སྤྱི་འཐུས་བྱེད་ཡུན་རིང་ཕྱི་རྒྱལ་དུ་སོང་བའི་གོ་སྐབས་ལྡན་པས་འབྱུང་འགྱུར་སྤྱི་འཐུས་ཀྱི་འོས་ཁོངས་སུ་མི་འཛུལ་བའི་དོགས་པ་བྱེད་པ་འདི། གངས་ལྷ་ཁྱོད་ཉིད་གངས་འདྲེ་རུ་གྱུར་བའི་རྟགས་ཡིན། ཁོ་གི་འབྱུང་འགྱུར་ཁྱོད་ཀྱིས་ཇི་ལྟར་ཤེས། མ་གཞི་ནས་ཁོང་ཕྱི་རྒྱལ་ལ་སོང་བས་ཁྱོད་ལ་ཅིའི་ཕྱིར་གནོད། སྤྱིར་ངས་བལྟས་ན་ཁོང་ནི་དེ་ལྟ་བུའི་མི་ཞིག་ཡིན་མིན་བཤད་མི་ཤེས་ལ་བཤད་ཀྱང་མི་ཐུབ། དེ་ལྟར་མི་ལ་སྐྱོན་འཛུགས་འདྲ་མིན་མ་བྱས་ན་བཟང་རྒྱུ་རེད། མ་གཞི་གོང་གི་གཡུང་དྲུང་བོན་སྤྱི་འཐུས་འོས་དམིགས་ཏེ་གཞུང་སྒེར་སུ་ཞིག་གིས་བཏོན་པ་རེད། ད་ལྟའི་བོན་སྤྱི་གཉིས་ཀ་འབྱུང་འགྱུར་བོན་སྤྱིའི་འོས་ཁོངས་སུ་མི་འཛུལ་བའི་གསལ་བསྒྲགས་གང་དུ་འདུག གཡུང་དྲུང་རྒྱལ་བ་ཟེར་བ་མདོ་སྟོད་སྤྱིའི་ཁོངས་སུ་འཛུལ་འདུག་ན་ཡང། སྨོན་ལམ་མཐར་ཕྱིན་གྱི་དམིགས་ཡུལ་གང་ཡིན་ངས་མ་ཤེས་སོང། མ་གཞི་བོན་པོ་ཚོས་ཤེས་རྒྱུ་རེད། ང་ཚོར་ཇུས་གཏོགས་ཅང་མེད་ཀི་མོ།
བཅོས། བོན་སྤྱི་གཡུང་དྲུང་རྒྱལ་མཚན།
གང་ལྟར་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཆོས་བརྒྱུད་རང་གི་སྤྱི་འཐུས་ཀྱི་མཚན་དོན་གཉིས་ཀ་ཚང་བའི་སྒོ་ནས་འདུག་དགོས་པ་མ་གཏོགས་ཆོས་བརྒྱུད་སྤྱི་འཐུས་རྣམ་པ་ཚོ་ཆོལ་ཁའི་སྤྱི་འཐུས་ངོ་བོར་ཕར་འཐིམས་སོང་ན་ཁྱོན་མི་འདུག་ལ་སྤྱི་ཚོགས་ནང་ནས་ཆོས་བརྒྱུད་ཁག་ལ་མཚན་སྨད་འབྱུང་གཞི་གཙོ་བོར་འགྱུར་བཞིན་འདུག
བསེ་རོང་འོད་ཟེར་ལགས།
གང་ཡིན་ནམ་ཆོ་མེད་དོན།
ངའི་མདོ་སྟོད་སྤྱི་འཐུས་ཁོངས་སུ་སྨོན་ལམ་ཡོད་པའི་རེ་བྱེད་ཀྱིན་ཡོད།
མདོ་སྟོད་མདོ་སྟོད་ཟེར་ནས་སྐད་ངན་རྐྱང་རྐྱང་རྒྱབ་མ་དགོས་པར་དྲང་ཚུགས་ཡོད་པའི་བཟོ་འདྲ་མཐོང་སོང་།
དེ་མིན་ཆོལ་ཁའི་སྤྱི་འཐུས་ཞེན་ཁོག་ཡོད་པ་དེ་ཚོར་ང་དགའ་པོ་མེད།
གལ་ཏེ་བདེན་ན་དབུས་གཙང་སྤྱི་འཐུས་ཀྱི་འོས་ཆོས་ལ་ཆོལ་ཁར་ཞེན་ཁོག་པ་ཞིག་དགོས་ཟེར་བ་དེ་ནི།
རང་རིགས་ནང་ཁུལ་བར་ལ་བསམ་བློའི་བར་ཐག་རིང་དུ་བཏང་བའི་ལྟ་གོན་བྱས་པ་ཞིགརེད།
ཞེན་ཁོག་་་་་ཞེན་ཁོག་བྱས་ནས་གྲུབ་འབྲས་གང་ཐོབ་ཀྱི་རེད།
འདི་ནི་དཀྲོག་གཏམ་ཞིག་མིན་པའི་རེ་བ་ཡོད། གང་ཡིན་ཟེར་ན། སྨོན་ལམ་མཐར་ཕྱིན་ཐེངས་རྗེས་མའི་སྤྱི་འཐུས་སུ་ལང་གི་མིན་པའི་སྐད་ཆ་དེར་ཁུངས་མེད་ལ། བོན་པོའི་སྤྱི་འཐུས་ཀྱི་འོས་གཞི་དངོས་དེ་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་འདོན་ངེས་ཡིན་པས། འདི་ལྟར་ཟིང་སློང་གི་བརྒྱུད་བསྐུལ་ངན་པ་བྱས་ཀྱང་འབྲས་བུ་ཨེ་ཐོན་སྙམ། བོན་པོའི་སྤྱི་འཐུས་འདེམས་རྒྱུའི་སྐུ་དབང་དེ་བོན་པོའི་གྲྭ་སྔགས་བཙུན་གསུམ་ལ་ཡོད་སྟབས་ངེས་པར་དུ་སྨོན་ལམ་མཐར་ཕྱིན་འདི་ཉིད་འདེམས་དགོས་པར་བསམ། འདི་ང་བོན་པོ་ཞིག་གིས་བསྐུལ་མ་ཡིན། གཡུང་དྲུང་རྒྱལ་མཚན་མདོ་སྟོད་སྤྱི་འཐུས་སུ་ལང་གི་རེད་ལ་རྒྱ་རི་སྒྲོལ་མ་སོགས་ཀྱིས་བཀག་འགོག་ག་ཚད་བྱས་ཀྱང་ཁོ་མདོ་སྟོད་སྤྱི་འཐུས་སུ་འོས་ཐོབ་ངེས་རེད། དེས་ན་སྨོན་ལམ་མཐར་ཕྱིན་གྱི་རོགས་པར་སྤྱི་འཐུས་ཤིག་འདེམས་རྒྱུ་ལྷག་བསྡད་པ་དེའི་འོས་གཞི་ནི་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་བཏོན་ངེས་ཡིན་པས་ཐུགས་ཁྲེལ་གནང་མི་དགོས། གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྨོན་ལམ་མཐར་ཕྱིན་འདེམས་རྒྱུ་ཡིན་ཡིན་པ་རེད་འདུག་པས། སྐུ་མཁྱེན། འབྲེལ་མེད་པ་འདིར་ཇུས་མེད་ཇུས་ཁྲིས་བྱེད་མཁན་ཚོ་དོན་མེད་དཀའ་ལས་རེད། བོན་པོ་ཚོ་ཉམ་ཆུང་རེད་མ་གཏོགས་གླེན་པ་མ་རེད། ཤེས་འཇོན་མྱོང་གསུམ་ལྡན་པའི་སྨོན་ལམ་མཐར་ཕྱིན་གཡུགས་ནས་ཕྲུ་གུ་ཁ་ཤས་ཡར་འཇོག་རྩིས་མེད།
གུས་མོ་ངས་ཀྱང་དེ་ལྟར་བསམ། བོན་ཞེན་གྱིས་གསལ་བཤད་གང་འཚམས་གནང་འདུག་སྟེ། སྨོན་ལམ་མཐར་ཕྱིན་གྱིས་འབྱུང་འགྱུར་་་་་་་བོན་སྤྱི་གནང་རྒྱུ་མིན་ཞེས་ཁ་གསལ་གསུངས་་་་་་་པ་གང་དུ་ཡོད་མེད་ངེས་པར་དུ་བལྟ་དགོས་ལ། ལས་ཐོག་པ་རང་ལ་བཀའ་འདྲི་ཞུས་ཀྱང་འགྲིག་གི་རེད། འདི་ནི་དཀྲོགས་གཏམ་ཞིག་རྫབ་ཆེན་རེད། རྩོམ་ཡིག་དེ་རྡོ་རྗེ་དབང་ཕྱུག་གི་ལག་ཏུ་སུ་ཞིག་གིས་བསྐུར་བའང་རྡོར་དབང་གིས་ང་ཚོར་ཏན་ཏན་གསལ་བཤད་བྱ་དགོས། དཀྲོག་གཏམ་འདི་འདྲའི་རིགས་སྣང་མེད་འཇོག་མི་ཉན། གཅིག་བྱས་ན་བོན་པོ་ནང་ཁུལ་དུ་རྙོག་དྲ་བཟོ་བའི་ཐབས་ཤེས་ངན་པ་ཞིག་ཀྱང་ཡིན་རྒྱུ་རེད། བོན་པོ་འདི་ཚོ་ཆོས་ལུགས་གཞན་ལ་ལྟོས་ཏེ་སྤྱིར་རྡོག་གོང་བུ་གཅིག་ཏུ་བསྒྲིལ་བའི་གྲངས་ཉུང་ཆོས་ལུགས་ཤིག་ཡིན་པ་བཤད་མ་དགོས་པ་ལྟ་བུ་རེད། ཡིན་ན་ཡང་དོན་མེད་ཀྱི་རྙོག་གྲ་སློང་བ་ཡག་རྟགས་ཤིག་གཏན་ནས་མ་རེད་བསམ་སོང་།
སྤྱིར་བོན་པོའི་སྤྱི་འཐུས་ཀྱི་འོས་དམིགས་སུ་བཅའ་ཁྲིམས་དང་བསྟུན་པའི་དགེ་སྔགས་བཙུན་གསུམ་སུ་བཏོན་ཀྱང་འགྲིག་གི་རེད། འོན་ཀྱང་བོན་ཞེན་གྱིས་་་ཤེས་འཇོན་མྱོང་གསུམ་ལྡན་པའི་སྨོན་ལམ་མཐར་ཕྱིན་གཡུགས་ནས་ཕྲུ་གུ་ཁ་ཤས་ཡར་འཇོག་རྩིས་མེད་་་་ཅེས་པ་རང་ཕྱོགས་བཟུང་དྲགས་པའི་ང་རྒྱལ་རང་རེད། ངས་བལྟས་ན་གོང་དུ་གསལ་བའི་འོས་དམིགས་དེ་ཚོ་མང་ཆེ་བ་སྨན་རི་དགོན་དང་བལ་ཡུལ་ཁྲི་བརྟན་བོན་དགོན་གྱི་དགེ་བཤེས་འགའ་རེད་འདུག་པས། ཕྲུ་གུ་ཁ་ཤས་ཀྱི་ཚད་དུ་བཞག་པར་གུས་མོར་ཆེས་བློ་ཕམ་ཡོད། མདོར་ན་ཆོལ་ཁ་དང་ཆོས་ལུགས་གང་གི་ཁོངས་སུ་སྤྱི་འཐུས་ཚན་ལྡན་རེ་ཡོང་བར་སྨོན།
འདིར་གཡུང་དྲུང་བོན་གྱི་སྤྱི་འཐུས་ཀྱི་འོས་མིག་བཏོན་པ་དགའ་བསུ་ཡོད། ཡིན་ན་ཡང་སྨོན་ལམ་མཐར་པྱིན་ནས་བོན་སྤྱི་གནང་རྒྱུ་མིན་ཞེས་ཁ་གསལ་གསུངས་པར་བློ་ཕམ་ཡོད། ཕྱག་ལས་གཞན་ཞིག་གིས་ཡིན་ནམ་ཁོང་གིས་འདིར་ཕེབས་ནས་གསལ་བཤད་ཅིག་གནང་རྒྱུའི་རེ་བ་ཡོད།
སྒྲོན་མ་མཚོ་སོགས་བསམ་བློ་ཞིབ་ཏུ་བྱོས་རྒྱུ་མཚན་མེད་པའི་སྐད་ཅོར་མ་གནང་ན་ཡག་ཚོད་རེད། གོང་དུ་”ཁོང་གཉིས་བོན་སྤྱི་གནང་རྒྱུ་མིན་ཞེས་ཁ་གསལ་གསུངས་པས།” ཞེས་པ་དང་ཡང་འོག་ཏུ་ “བཅས་རེ་ཆེས་འོས་མིག་འདོན་ འབུལ་ྋགཡུང་དྲུང་བོན་གྱི་བསྟན་དོན་ཐོག་འགན་འཁུར་དང༌། ལྷག་བསམ་ཅན་རྣམས་ནས་གོ་བསྡུར་ལན་མང་བྱས་ནས་བཟོས་པ་ཡིན་པས་ ” ཞེས་པ་བཅས་ལ་བསམ་བློ་གཏོང་རན་ཞིག་འདུག
ཚོད་མེད་མི་སྒེར་པ་ཞིག་གིས་ལས་ཀ་མ་ཡིན་པ་འདྲ། གཟབ་གཟབ་མ་གནང་ན་རྗེས་སུ་ངོ་ཚ་ཉོ་ཡོང་ཏག་ཆོད་རེད། སྨོན་ལམ་མཐར་པྱིན་གྱིས་ཁ་གསལ་གསུངས་མ་གསུངས་ཐད་ཀར་ཁོང་ལ་དྲིས་དང་བཀའ་ལན་གསལ་པོ་ཏན་ཏན་གནང་ངེས་རེད། དོན་མེད་བསྙོན་འཛུགས་སྲིད་རྒྱུ་མ་རེད།
སྒྲོན་མ་མཚོ་སོགས་བསམ་བློ་ཞིབ་ཏུ་བྱོས་རྒྱུ་མཚན་མེད་པའི་སྐད་ཅོར་མ་གནང་ན་ཡག་ཚོད་རེད། གོང་དུ་”ཁོང་གཉིས་བོན་སྤྱི་གནང་རྒྱུ་མིན་ཞེས་ཁ་གསལ་གསུངས་པས།” ཞེས་པ་དང་ཡང་འོག་ཏུ་ “བཅས་ རེ་ཆེས་འོས་མིག་འདོན་ འབུལ་ྋགཡུང་དྲུང་བོན་གྱི་བསྟན་དོན་ཐོག་འགན་འཁུར་དང༌། ལྷག་བསམ་ཅན་རྣམས་ནས་གོ་བསྡུར་ལན་མང་བྱས་ནས་བཟོས་པ་ཡིན་པས་ ” ཞེས་པ་བཅས་ལ་བསམ་བློ་གཏོང་རན་ཞིག་འདུག
ཚོད་མེད་མི་སྒེར་པ་ཞིག་ གིས་ལས་ཀ་མ་ཡིན་པ་འདྲ། གཟབ་གཟབ་མ་གནང་ན་རྗེས་སུ་ངོ་ཚ་ཉོ་ཡོང་ཏག་ཆོད་རེད། སྨོན་ལམ་མཐར་པྱིན་གྱིས་ཁ་གསལ་གསུངས་མ་གསུངས་ཐད་ཀར་ཁོང་ལ་དྲིས་དང་བཀའ་ལན་ གསལ་པོ་ཏན་ཏན་གནང་ངེས་རེད། དོན་མེད་བསྙོན་འཛུགས་སྲིད་རྒྱུ་མ་རེད།
གུང་ལུམ་པ་ཚེ་དབང་ཟེར་བ་ཁྱོད་ནི་མི་རྟོགས་གང་ཡང་མེད་པ་གླང་ལྟ་བུ་ཞིག་ཞིག་ཡིན་པ་ཐག་གིས་ཆོད༌སོང་། ངས་གོང་དུ་་་་་་་ཁོང་གཉིས་བོན་སྤྱི་གནང་རྒྱུ་མིན་ཞེས་ཁ་གསལ་གསུངས་པས།་་་་་་་་ཞེས་པར་ཁ་གསལ་གང་དུ་གསུངས་ཡོད་པ་ཅེས་དྲིས་པ་ཡིན། བདེན་པ་རེད་རྒྱུ་མཚན་མེད་པའི་སྐད་ཅོལ་བྱེད་པ་ནི་ཆེས་ཐ་མལ་བའི་སྤྱོད་པ་ཞིག་རེད། གཙོ་བོ་ངའི་བསམ་བློར་གོང་དུ་་་་་གཡུང་དྲུང་བོན་གྱི་བསྟན་དོན་ཐོག་འགན་འཁུར་དང༌། ལྷག་བསམ་ཅན་རྣམས་ནས་གོ་བསྡུར་ལན་མང་བྱས་ནས་བཟོས་པ་ཡིན་པས་ཚང་མས་དགོངས་བཞེས་ཡོད་པ་ཞུ་་་་་་་་་ཞེས་གསལ་ཡང་ངའི་བསམ་བློར་འདི་ནི་ཡིག་འཁྱལ་ཞིག་རྡོ་དབང་ལག་ཏུ་འབྱོར་བའི་དོགས་པ་བྱས་པ་ཡིན། རྒྱུ་མཚན་ནི་དངོས་གནས་བོན་པོ་ལ་ལྷག་བསམ་ཅན་གྱི་ཚོགས་སྡེ་དང་ཡང་ན་མི་སྡེ་གང་ཞིག་གིས་ཀྱང་ད་ལྟའི་བོན་སྤྱི་སྨོན་མཐར་ཕྱིན་གྱི་མིང་ཟུར་དུ་འཇོག་དོན་ཡོད་རྒྱུ་མ་རེད། དེའི་ཐོག་ཏུ་ཁོང་གིས་བོན་སྤྱི་གནང་རྒྱུ་མིན་ཞེས་གསལ་བོར་གསུངས་ཞེས་བྲིས་འདུག་པས། འདིར་བོན་སྤྱི་ཁོ་རང་གིས་ལན་ཞིག་ངེས་པར་དུ་གནང་རོགས། འབྱུང་འགྱུར་བོན་སྤྱིའི་འོས་དམིགས་སུ་བཞུགས་མིན་དང་། ཡང་ན་བསྟན་སྲིད་ཆེད་ཕྱག་ལས་འཕོ་འགྱུར་བྱ་རྒྱུའི་དམིགས་ཡུལ་སོགས་རོབ་ཙམ་བཤད་ན་ཡག་པོ་འདུག ང་ཚོའི་ཕྱོགས་ཀྱི་བོན་པོ་ཁག་ཅིག་གིས་ཁོང་རེ་བ་ཆེན་པོ་འདུག འོན་ཀྱང་འདི་ལྟའི་གནང་སྟངས་གང་ཡང་ཤེས་མམི་འདུག ང་ལ་ཁྱད་པར་ཆེན་པོ་ཅང་མི་འདུག་སྟེ། རྡོ་དབང་གི་ལྟག་སྒོར་སུ་འཛུལ་བ་ཡིན་མིན་གོ་རྟོགས་བྱ་རྒྱུར་ཤུགས་རྒྱག་གི་ཡིན།
ད་དུང་གོང་དུ་་་་་་བཅས་རེ་ཆེས་འོས་མིག་འདོན་འབུལ་་་་་ཞེས་པའི་དོན་ཅི་ཡིན་ནམ། བོད་ཀྱི་བརྡ་དག་གི་འགྲོས་དང་མི་མཐུན་པའི་ཚིག་ཅིག་རེ་སྙམ། གང་ལྟར་གུང་ལུམ་པ་ཚེ་དབང་སོགས་ཁོ་ཚོའི་སྣང་ངོར་དོན་དག་རེ་ཡོད་རྒྱུ་རེད།
བོན་སྤྱིའི་འོས་གཞིའི་ནང་སྐྱ་བོ་འགའ་ཞིག་གི་མིང་ཡང་འདོན་འདོད་ཡོད་ཚེ་རབ་ཡིན་ན་བཀྲ་ཤིས་དབང་འདུས་དང་ཚེ་རིང་གཡང་སྐྱིད་སོགས་ཤེས་འཇོན་མྱོང་གསུམ་ལྡན་ཞིང་གཞུང་ལ་བློ་སེམས་དཀར་བའི་བོན་པོ་ད་དུང་གང་མང་ཡོད་པས་དེ་དག་ཀྱང་མིང་འདོན་གནང་ན་ཡག་པོ་འདུག མ་གཞི་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པས་མཁྱེན།
བོན་པོ་སྤྱི་འཐུས་གཅིག་དགེ་བཤེས་སྨོན་ལམ་མཐུར་ཕྱིན་སླེབས་ན་ཡག་པོ་འདུག
ད་རེ་འོས་མིག་མི་འདོན་པ་འདི་ག་རེ་ཡིན་ནམ།
དངོས་གནས་དགོངས་པ་ཞུས་པ་ཡིན་ནམ།
ངས་ཡིད་ཆེས་མི་འདུག་ཡ།
དགེ་བཤེས་གཡུང་དྲུང་རྒྱལ་མཚན་མདོ་སྟོད་སྤྱི་འཐུས་ལངས་ཀྱིན་འདུག་ཏེ་གསལ་བོ་རེད།
ཡ་ད་དངོས་གནས་དགེ་བཤེས་སྨོན་ལམ་མཐུར་ཕྱིན་ཁྱེད་རང་།
དངོས་གནས་བོན་སྤྱི་ལངས་འདོད་མེད་པ་ཡིན་ནམ། ཁྱེད་རང་གིས་དངོས་སུ་འདིར་མཆན་འགོད་ཅིག་
གནང་དང་ཡག་པོ་འདུག
《བཅས་རེ་ཆེས་འོས་མིག་འདོན་འབུལ་ྋགཡུང་དྲུང་བོན་གྱི་བསྟན་དོན་ཐོག་འགན་འཁུར་དང༌། ལྷག་
བསམ་ཅན་རྣམས་ནས་གོ་བསྡུར་ལན་མང་བྱས་ནས་བཟོས་པ་ཡིན་པས་ཚང་མས་དགོངས་བཞེས་ཡོད་
པ་ཞུ།》
ཞེས་པ་འདི་ལ་ང་ཡིད་ཆེ་མི་འདུག
སྤྱི་སྒེར་སུ་ཞིག་གིས་བྲིས་པ་ཡིན་མིན་མ་ཤེས་ལ། ཁྲི་བརྟེན་ནོར་རྩེ་དང་། སྨན་རིའི་གླིང་གི་དགེ་སྔགས་
བཙན་གསུམ་རྣམས་ནས་ད་དུང་གྲག་འགུལ་མི་འདུག
དངོས་གནས་ད་མི་མང་ལ་དངོས་སུ་གསལ་བསྒྲགས་བྱས་ན་ཡག་པོ་འདུག
གང་ལྟར་སྤྱི་སེམས་ནི་རེད།
གོང་གི་རྡོར་དབང་ཞེས་པའི་མི་དེས་”ད་ཡོད་བོན་སྤྱི་གཉིས་ནས་མ་འོངས་ཁོང་གཉིས་བོན་སྤྱི་གནང་རྒྱུ་མིན་ཞེས་ཁ་གསལ་གསུངས་པས།” བཤད་པ་བལྟས་ན་ཁོང་གིས་ད་ལྟའི་བོན་སྤྱི་གཉིས་ཀྱིས་དེ་ལྟར་གསུངས་པ་གསལ་པོ་ཤེས་ཡོད་ཚོད་འདུག་པས། རྡོར་དབང་ཞེས་པའི་མི་དེས་འདིར་བོན་སྤྱི་གཉིས་ཀྱིས་ག་དུས་གསུངས། ས་ཆ་གང་ཞིག་ཏུ་སོགས་གསལ་བཤད་བྱ་དགོས་འདུག་མ་གཏོགས་དྲན་ཚད་གཡུག་ཆོག་ཆོག་མ་རེད་ལ། འདིའི་ཐད་བོན་པོ་བ་རྣམས་ཀྱིས་རྩད་གཅོད་བྱ་ངེས་གཏན་རེད། ལྷག་དོན་བོན་པོ་ཚང་ལ་ད་ལྟའི་ཆར་ཕྱག་ལས་གནང་བཞིན་པའི་བོན་སྤྱི་ཁོང་རྣམ་གཉིས་འདྲ་བ་ཞིག་སླེབས་ཐུབ་ཡ་ཁག་པོ་རེད། འདི་བོན་པོ་ཚོར་གཅིག་པུར་མ་རེད། ཁོང་རྣམ་གཉིས་ནི་བོད་སྤྱི་བའི་དོན་དུ་ཕྱག་ལས་གནང་མཁན་དང་། བོན་པོ་གྲངས་ཉུང་མི་རིགས་ཁོ་ན་ཙམ་མ་ཡིན་པར་བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་པོ་ཞིག་གིས་གདེངས་འཇོག་དང་རེ་བ་འཆང་ས་ཡིན་པས་དེ་དག་བོན་པོ་རྣམས་ཀྱིས་མཁྱེན་དགོས་གལ་ཆེ།
ཁོ་བོ་མ་འོངས་པར་བོན་པོའི་སྤྱི་འཐུས་ཀྱི་འོས་ཁོངས་སུ་ཞུགས་རྒྱུ་ཡིན་མིན་དང་འབྲེལ་བའི་སྐོར་གསལ་བཤད་དགོས་གལ་བཤད་མཁན་འགའ་ཞིག་འདུག་པ་རྣམས་ལ་ཞུ་རྒྱུ། གུས་རང་ངོས་ནས་མུ་མཐུད་བསྡད་འདོད་མེད་སྐོར་དང་ལམ་སྟོན་གནང་རོགས་ཞེས་མི་རྒན་པ་རེ་ཟུང་ལ་ད་ལོ་ཕྱི་ཟླ་ ༦ པར་ནང་མོལ་ཞུ་མྱོང་། ཡིན་ནའང་གནས་སྟངས་མང་པོ་ཞིག་ལ་བརྟེན་ནས་ད་ལྟ་འོས་ཁོངས་སུ་ཞུགས་རྒྱུ་མིན་པའི་ཕྱིར་བསྒྲགས་གང་ཡང་བྱས་མེད་ཅིང་། ཅི་སྟེ་འདེམས་བྱེད་མི་མང་ནས་དགོས་གལ་གཟིགས་ཚེ་དེ་ལུགས་དང་ལེན་ཞུ་རྒྱུ་ལས་མ་འདས་པ་བཅས། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་པས་ ༢༠༡༠།༩།༢༣ ཉིན།
གྲོགས་པོ་རྫ་ཚེ་རིང་བཀྲ་ཤིས་ལགས། བཀྲ་ཤིས་བདེ་ལེགས། རྩོམ་ཡིག་ཡག་པོ་ཞེ་དྲག་རེད་འདུག འོན་ཀྱང་སྐུ་ཉིད་ཀྱང་ཆབ་སྲིད་ཀྱི་ཤོག་ཁག་ནང་དུ་ཞུགས་ཚར་འདུག་པའི་ཚོར་བ་ལྟེར་ཐུབ་ཀྱི་འདུག
བོན་སྤྱི་སྨོན་ལམ་མཐར་ཕྱིན་ལགས། གསལ་བཤད་གནང་བར་ཐུགས་རྗེ་ཆེ། གང་ལྟར་ཁྱེད་ཀྱིས་མི་མང་གི་མདུན་དུ་བོན་སྤྱི་གནང་རྒྱུ་མིན་ཞེས་ཁ་གསལ་གསུངས་མི་འདུག་ན་ཡང་། བོན་གྱི་རྒན་རབས་པ་ཁག་ཅིག་གི་མདུན་དུ་མུ་མཐུད་ནས་བསྡད་འདོད་མེད་སྐོར་གྱི་ནང་མོལ་གྱི་སྐད་ཆ་དེ་ཁག་ཅིག་གིས་ཕྱིར་བསྒྲགས་པ་རེད་འདུག འོན་ཀྱང་ད་ལན་ཁྱེད་ཀྱིས་ཅི་སྟེ་འདེམས་བྱེད་མི་མང་ནས་དགོས་གལ་གཟིགས་ཚེ་དེ་ལུགས་དང་ལེན་ཞུས་པར་གུས་མོ་སྒྲོན་མས་ཐུགས་རྗེ་ཆེ་ཞུ། ཁྱོད་ཀྱི་རྣམ་དཔྱོད་དམ་བློ་རིག་དེ་སྤྱི་མཐུས་ཀྱི་ར་བའི་ནང་དུ་ངེས་པར་དུ་དགོས་ཀི་བསམ། དེ་ལུགས་བསམ་གཞིགས་མཛོད།
དེ་བཞིན་ད་ཡོད་སྤྱི་མཐུས་ཁག་འོས་དམིགས་སུ་འདེམས་སྟངས་དེ་ང་ཚོ་བཙུན་དགོན་དུ་འང་མི་མཐུད་ནས་རྩོད་པར་འགྱུར་བཞིན་ཡོད། ཁ་ཅིག་གིས་བེ་རི་འཇིགས་མེད་དང་ཐུབ་བསྟན་འཕེལ་རྒྱས་འོས་ཁོངས་སུ་མི་འཇོག་པར་བཤད་པ་ཡོད་མོད། ད་དུང་བསམ་བློ་གཏོང་བའི་སྒང་ཡིན། འདི་ནི་ཞོར་འཕྲོས་ཙམ་ཡིན།
སྨོན་ཐར་ལགས་ཀྱིས་འདེམས་བྱེད་མི་མང་ནས་དགོས་གལ་གཟིགས་ཚེ་དེ་ལུགས་དང་ལེན་ཞུ་རྒྱུ་ཡིན་གསུངས་པ་ལྟར། འདི་ནས་ང་ཚོ་བོན་འབངས་རྣམས་ཀྱིས་ཀྱང་ཁྱེད་རང་ཅི་ནས་འདེམས་ངེས་ཡིན་པས། སྐུ་ཉིད་ཀྱང་བཞུགས་རོགས་མཛོད། མ་རེད་པས། དྲ་ཁྱིམ་འདིར་ནམ་རྒྱུན་བོན་པོ་མང་ཙམ་ཡོད་སྣང་འདྲ་ཞིག་ཡོད། དེ་རིང་ཚང་མ་བརླག་སོང་བ་མིན་ན། ཁ་རེ་གྲག་དང་བསྟན་པའི་དོན་རེད། དངོས་གནས་ལབ་ཀྱི་ཡོད་ད། དམིགས་བསལ་གོང་གི་འོས་དམིགས་འདོན་མཁན་ལྷག་བསམ་ཅན་པོ་ཁྱོད་ཀྱང་ཁ་གྲག་དང་ཁྱེད་ཀྱིས་འདེམས་ན་ཁོང་ཡང་བཞུགས་རྒྱུ་ཡིན་པར་སྨོས་མེད་ལ་སོང་། ད་དུང་ཁྱེད་ཀྱི་ཕྱོགས་གཏོགས་བསྟན་དོན་དང་བླང་འཁུར་ལན་པོ་རྣམས་ཀྱང་ཁ་རེ་གྲག་ཏུ་འཇུག་རོགས། མ་གཞི་སྔར་ཞུས་ལྟར་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་འདོན་ལ་ཉེ་བའི་འོས་དམིགས་ཀྱི་མཚན་གཞུང་གི་ཐོག་མར་ཁྱེད་ཉིད་ཡོད་པས་ཇུས་མེད་ཇུས་འཁྲིས་སུས་ཀྱང་གཡོ་འགུལ་བྱེད་དཀའ། ང་ཚོ་ལ་དགོས་པ་ནི་ཤེས་འཇོན་མྱོང་གསུམ་ལྡན་པའི་བོན་སྤྱི་ཞིག་ཡིན་པས། དེ་ནི་ཁྱེད་ཉིད་རང་ཡིན་སྟབས། རང་གི་སྒེར་གཏོགས་ཆོལ་རིགས་སོགས་བསྐྱུར་ནས་འདེམས་ཐག་ཆོད་འདེམས་ཀྱི་ཡིན་ནོ། །
བརྒྱ་བཤད་སྟོང་གླེང་བྱས་ཀྱང་བོན་པོའི་སྤྱི་འཐུས་ལེགས་ཤོས་སྨོན་ལམ་མཐར་ཕྱིན་རེད།
འདི་ང་ཚོ་བོན་པོ་ཚོས་ཤེས་བཞིན་ཡོད་ཀྱང་། རྡ་སའི་རླུང་བུ་ཁ་ཤས་སྨན་རིའི་གླིང་དུ་ཕྱོགས་ཉེན་འདུག འོན་ཀྱང་རི་བོ་ལྟ་བུའི་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པ་འགུལ་མི་ནུས། ཅོལ་ཆུང་ཁ་ཤས་ནི་ཆོས་ཆོལ་གང་དུའང་ཡོད་ཡོད་པ་རེད། ང་ཚོའི་ནང་དུའང་རེ་ཟུང་ཡོད། དེ་ཚོ་དྲ་ཐོག་ཏུ་ཐོན་འདུག་པ་དེ་ཚོ་རེད། ཁ་གྲགས་ཤོག་ཟེར་དུས་དེ་ཚོར་གྲགས་རྒྱུ་མི་འདུག་པས་ཤེས། དེ་ཚོ་ཁག་མེད་ཆུ་སྣ་གར་འཁྲིད་རེད།
བོན་ཞེན་གྱིས་བོན་གྱི་སྤྱི་འཐུས་གླེང་བ་འོས་ཤིང་འཚམས་པ་ཡིན་ཡང་། གུས་མོར་དེ་ལྟར་མ་བབ་པ་ཞིག་རེད། ཡིན་ན་རང་གི་ཡབ་མེས་ཀྱི་ཁྲག་རྩ་བོན་དང་འབྲེལ་བས་བོན་པོ་ནི་ངའི་མེས་པོ་ལྟ་བུར་ནམ་ཡང་བརྩི་བཞིན་ཡོད་ལ། དད་དམ་ཟེར་བ་མི་ཤེས་ཏེ་དུང་སྣང་ནི་ཤིན་ཏུ་ཆེ། དེ་བཞིན་གསལ་བསྒྲགས་འདི་འགོ་བརྩམས་པ་ནས་བཟུང་སྟེ་འཆན་ཐོག་མར་འགོད་མཁན་ང་ཡིན་ལ། ད་ལྟ་དྲ་རྒྱའི་གདོང་ངོས་ཀྱི་ཤོང་ཚད་ལ་བལྟས་ན་ཕལ་ཆེར་མཐའ་མའང་ང་ཡིན་པའི་ཚད་དུ་སྣང་། སྤྱི་འཐུས་ནི་ཁ་ཡོད་ལག་ཡོད་ཀྱི་བོན་པོའི་ལས་དོན་བསྒྲུབ་མཁན་གྱི་དཔུང་བ་ལྟ་བུར་གྱུར་བའི་སྐབས་འདིར་བོན་གྱི་དྲ་གྲོགས་མཆན་འགོད་པ་མང་ཆེ་བ་གཉིད་དུ་ཡུར་བ་འདིས་བོན་སྤྱི་སྨོན་ལམ་མཐར་ཕྱིན་ལ་ཅུང་མི་འདོད་པའི་རྣམ་འགྱུར་བསྟན་པ་དང་གཅིག་མཚུངས་སུ་སྣང་། སྤྱིར་དྲ་ངོས་འདིར་དེ་ལྟར་བསྒྲགས་པ་ལ་ཕན་ཐོགས་མེད་པའི་བསམ་ཚུལ་འཆང་སྲིད་ན་ཡང་། དེ་ནི་ནོར་བ་རེད། ད་ལྟའི་ཆར་དྲ་རྒྱ་ནི་འཛམ་གླིང་ལ་གོ་རྟོགས་བསྐྲུ་པའི་ཕོ་ཉ་དང་པོ་དེ་ཡིན་པས་མང་ཉུང་ལ་མ་ལྟོས་པར་ཕྱོགས་བཞིའི་བོན་པོ་རྣམས་ལ་བསྐུལ་མ་འགྱུར་བར་ཐེ་ཚོམ་མེད།
ཕལ་ཆེར་གོང་གི་སྤྱི་འཐུས་ཀྱི་འོས་དམིགས་གཅིག་བྱས་ན་གཡུང་དྲུང་འཛིན་སྐྱོང་ཚོགས་པ་ཟེར་བའི་སྟངས་འཛིན་འོག་ཡོད་པ་འདྲ། གང་ལྟར་ང་ཚོའི་ས་གནས་སུ་བཞུགས་པའི་སྐུ་ངོ་གྱུ་མུར་བཀྲ་ཤིས་དབང་འདུས་ལགས་བོན་སྤྱིའི་འོས་ཁོངས་སུ་བཞག་ན་འོས་པར་མཐོང་། ཁོང་གི་རུས་པ་བོན་པོ་ཡིན་ལ། ཤེས་འཇོན་ནི་བཤད་མ་དགོས་པ་རེད། བོན་པོ་རྣམས་བོན་པོས་བདག་པོ་རྒྱབ་ན་ཡག་པོ་འདུག
བཀུར་འོས་པའི་བོན་སྤྱི་མཆོག་ལ་འཚམ་འདྲི་དང་བཅས་ཏེ་ཞུ་རྒྱུ་ཞིག་ནི། སྐུ་ཉིད་ཀྱི་གསུངས་ངོ་མ་འབྱོན་ནས་མ་འོངས་བོན་སྤྱི་ལ་བཞུགས་མིན་གསལ་བོར་གསུངས་པ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེ་མིན་གཡུང་དྲུང་བོན་གྱི་སྤྱི་འཐུས་འོས་མིག་བཏོན་ཚུལ་དེ་དང་མཆན་ཁ་ཤས་ལ་ལྟོས་ནས་ངོ་མ་མགོ་འཚོས་མ་སོང་། ཤེས་འཇོན་གཉིས་ལྡན་གྱི་བོན་སྤྱི་ལགས། མུ་འཐུད་དུ་བཞུགས་རོགས་ཞུ་དགའ་བསུ་བརྒྱ་ཆའི་བརྒྱ་ཡོད།
བཤད་ཀྱིན་བཤད་ཀྱིན་སྒྲོན་མ་མཚོ་འདི་ཕྱི་ལ་མངོན་གྱི་འདུག འོས་དམིགས་འདི་འདོན་པ་ལ་ཁྱོད་ཀྱི་ལག་པ་ཡོད་བཟོའི་ཚིག་ཟུར་ཡང་ཁ་ཤས་ཐོན་ཐལ། ད་ནི་འོས་དམིགས་འདི་ཡང་འཛིན་སྐྱོང་ཚོགས་པས་སྟངས་འཛིན་ཡོད་རབས་ཀྱི་དཀྲོགས་གཏམ་ཞིག་ཀྱང་སྤེལ་འགོ་ཚུགས་སོང་ང་། ཁྱོད་ཀྱིས་ཟེར་ན་འཛིན་སྐྱོང་ཚོགས་པའང་ཁྱོད་འདྲའི་ཅོལ་ཆུང་ཞིག་ཏུ་བསྒྲུབ་འདོད་པ་མིན་ན། ཚོགས་པ་རང་ཉིད་ཀྱི་མིང་འདོན་འདོད་མེད་པར་འོས་དམིགས་འདོན་པ་ཞིག་སྲིད་དམ། ཁྱོད་ཆོས་ཆོལ་གཉིས་ལས་ཆོལ་ཁའི་རླུང་གིས་དེད་མེད་ན། བགྲོ་གླེང་དལ་མོར་བྱེད་ཆོག སྒྲོལ་མ་མཚོ་མོ་དང་སྨོན་ལམ་མཐར་ཕྱིན་གཉིས་ལས་སུ་གཙོ་ཆེ་བ་ཁྱོད་འཕྱུགས་སྲིད་ཀྱང་ང་ཚོ་ནོར་ལེ་མ་རེད། གཙོ་བོ་བོན་པོའི་འོས་རེད་མ་གཏོགས་ཆོལ་ཁའི་དཀྲོགས་གཏམ་མ་རེད། ཤེས་ཨེ་སོང་།
བོན་ཞེན་ལགས། སྟོང་སྐད་ཀྱིས་ནམ་མཁའ་མ་བཀང་། ཕྱོགས་ཞེན་གྱིས་མེ་རི་མ་སྤར། ཁྱོད་ཀྱིས་( ཅོལ་ཆུང་ཁ་ཤས་ནི་ཆོས་ཆོལ་གང་དུའང་ཡོད་ཡོད་པ་རེད།ང་ཚོའི་ནང་དུའང་རེ་ཟུང་ཡོད། དེ་ཚོ་དྲ་ཐོག་ཏུ་ཐོན་འདུག་པ་དེ་ཚོ་རེད། ཁ་གྲགས་ཤོག་ཟེར་དུས་དེ་ཚོར་གྲགས་རྒྱུ་མི་འདུག་པས་ཤེས། དེ་ཚོ་ཁག་མེད་ཆུ་སྣ་གར་འཁྲིད་)རེད་ཟེར། ང་ཚོ་ཅོལ་ཆུང་དང་ཆུ་སྣ་གར་ཁྲིད་ཡིན་ན་ཁྱོད་རང་ཡང་དེ་ཡིན་པར་ཐལ། དྲ་ཐོག་ཏུ་ཐོན་འདུག་པས་བོན་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས་ལོ།
མིའི་རི་མོ་ནང་ལ་ཡོད། སྟག་གི་རི་མོ་ཕྱི་ན་ཡོད་ཟེར་བ་མ་ཤེས་སམ།
སྒྲོན་མ་མཚོ་ལགས། རྭ་བརྒྱབ་ན་རུས་ལ་གནོད་པ་ཁག་མེད་ལོ།
བོན་པོའི་སྤྱི་འཐུས་བོན་པོ་མི་མང་གིས་རང་མོས་བཞིན་འདེམས་ཤོག་བླུགས་རྒྱུ་ཡིན་པས། ཁྱོད་ཀྱིས་ཐོག་མཐའ་ཀུན་ཏུ་ཤ་ཚ་དང་ལྷག་བསམ་གྱིས་བྱུས་གཏོགས་བྱེད་པ་མང་དྲག་འདུག་ལོ།
ཀོ་བའི་གཞུ་བསེར་བུའི་མདའ་འཕེན་རྒྱུ་ས་ལ་འཕང་ཡང་ཕོག་རྒྱུ་སྣ་ལ་ཕོག་སོང་བ་འདྲ་ཞིག་ཡིན་པ་འདྲ་བས་དགོངས་འཇགས་ཞུ།
བོན་པོའི་སྤྱི་འཐུས་གཉིས་རྗེས་མ་བོན་པོའི་སྤྱི་འཐུས་ནང་ལངས་ཀི་མ་རེད། གཞུང་གི་མིང་ཐོག་ནས་ཕྱི་རྒྱལ་ཁག་ཏུ་སོང་བའི་ཡིག་ཆ་དེ་དག་ལ་བརྟེན་ནས་ཁོང་གཉིས་ཕྱི་རྒྱལ་དུ་འགྲོ་འཆར་ཡོད་ལུགས་བཤད་མཁན་འདུག་མོད། སྐད་ཆ་བདེན་པ་རེད་དྲན་གྱི་མེད། བདེན་པའི་དབང་དུ་བཏང་ན་སྨོན་ལམ་མཐར་ཕྱིན་ཟེར་བར་ཤེས་ཡོན་ཕྲན་བུ་ཡོད་རབས་བཤད་མཁན་འདུག་པས་གཅིག་བྱས་ན་ཕྱི་རྒྱལ་དུ་ཆོས་འདྲ་བཤད་ཁུལ་བྱེད་ས་དེ་འདྲ་རག་སྲིད། ཡིན་ཡང་གཡུང་དྲུང་རྒྱལ་མཚན་ཟེར་བ་སྤྱི་འཐུས་ནང་སླེབས་མ་ཐུབ་ན་ཁོའི་མི་ཚེ་ཚར་རེད། སློབ་སྦྱོང་ནི་མེད། ང་རྒྱལ་ནི་ཆེ། ལོ་ནི་རྒས་ཚར་བས་ཕྱི་རྒྱལ་ལ་ཡོང་ན་ཟ་ཁང་ནང་མ་གཡོག་གི་ལས་ཀ་རག་ཁག་པོ་རེད། ཁོས་འཇོན་པའི་ལས་ཀ་གཅིག་རང་གཅིག་ཡོད་པ་ཆོལ་ཁའི་ཞེན་ཁོག་ཡོད་མདོག་གིས་སྤྱི་འཐུས་ནང་ལངས་ནས་རྡ་རམ་ས་ནས་རྙོག་དྲ་འདྲ་བཟོས་འདུག་རྒྱུ་དེ་རེད། ཁོ་རང་ལ་མཚོན་ན་འདི་ལས་ལྷག་ཅིག་ཁེ་བཟང་ཡོད་པ་མ་རེད། དེའི་ཕྱིར་ཁོས་ཁེ་བཟང་འདི་ནམ་ཡང་བློས་གཏོང་གི་མ་རེད། ཆོས་འཐུས་མིན་ན་ཆོལ་འཐུས་ཨེ་ཐོབ་ལྟ་གི་རེད། ཁོ་ལ་རེ་བ་བརྒྱག་སའི་ལས་ཀ་འདི་ལས་ལྷག་ཡོད་མ་རེད། གང་ལྟར་ནང་ཁུལ་གྱི་རྙོག་དྲ་རྫོར་པོ་རྐྱང་ལས་ནས་འདུག་རྒྱུ་ལས་གཞན་ཁོ་ལ་མདུན་ལམ་ཡོད་མ་རེད། འདི་ནི་ཁོ་རང་ལ་མཚོན་ན་ཁེ་བཟང་ཆེ་ཤོས་ཀྱི་ལས་ཀ་དེ་ཆགས་ཡོད་པ་རེད།
གཡག་ལགས། དེ་ལྟར་མི་གསུངས་རོགས། འཕེན་རྒྱུ་ས་ལ་འཕང་ཡང་ཕོག་རྒྱུ་སྣ་ལ་ཕོག་དགོས་པའི་དོན་གང་ཡང་མེད། ངས་ནི་བོད་མི་རིགས་དང་། དེའི་ནང་ནས་ཀྱང་བོད་ཀྱི་ཡབ་མེས་སུ་གྲགས་པའི་གཡུང་དྲུང་བོན་པོའི་བསྟན་སྲིད་ཆེད་རང་ངོས་ནས་ལྷག་བསམ་དང་དྲང་བདེན་གྱི་རྒྱབ་སྐྱོབ་བྱས་པ་ཁྱོད་ཀྱི་སྙིང་ལ་ཕོག་པར་ངས་དགོངས་དག་ཞུ་རྒྱུ་ཡིན། ཁྱོད་ནི་ཅི་འདྲའི་མིང་དོན་མི་མཚུངས་པའི་བོད་ཀྱི་སྒོ་ཟོག་སེམས་ཅན་ཞིག་རེད་འང། །
ག་རེ་བཤད་ཀྱང་མ་བཤད་ཀྱང་། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་གཡུང་དྲུང་བོན་གྱི་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཡིན་པ་ཧ་ཅང་གསལ་པོ་རེད། བཞུགས་ཀྱི་མ་རེད་ཟེར་བ་དང་། བཞུགས་ཀྱི་མིན་གསུངས་འདུག་ཟེར་བ་སོགས་རྫུན་ག་ཚད་བཤད་ཀྱང་དཀྲོག་གཏམ་ག་ཚད་སྤེལ་ཡང་ཁོང་སླེབས་མི་ཐུབ་པ་ཞིག་གཏན་ནས་བཟོ་ཐུབ་ཀྱི་མ་རེད།
ཆོས་བརྒྱུད་ཀྱི་སྤྱི་འཐུས་ནང་ནས་འོས་ཤིང་འཚམས་པ་ཞིག་རེད། ཆོས་ཕྱོགས་ཀྱི་གཞུང་ལུགས་ལ་མཁས་པ། བོད་གཞུང་གི་ལས་དོན་ལ་རྒྱུས་མངའ་ཡོད་པ། སྐད་ཆ་ག་རེ་བཤད་ཀྱང་ཁ་རུ་ཁ་ཐུག་དང་། ཁ་གསལ་གཏིང་གསལ་ཡིན་པ། ལས་དོན་གང་གི་ཐོག་ཏུ་བཞག་ཀྱང་འཐུས་ཤོར་མེད་པར་བྱེད་མཁན་ཞིག་ཡིན་ཚུལ་ཡོངས་གྲགས་ཆགས་འདུག་པས། གཡུང་དྲུང་བོན་གྱི་སྤྱི་འཐུས་གཅིག་ཁོང་རང་རེད།
གཡུང་དྲུང་རྒྱལ་མཚན་མདོ་སྟོད་ཀྱི་འོས་གཞིའི་ནང་དུ་ལངས་པ་དེ་བདེན་པ་རེད། སླེབས་ཀྱང་སྲིད་པ་རེད། ཁོང་བོན་གྱི་འོས་ཁོངས་སུ་ཞུགས་རྒྱུ་མིན་པ་གསལ་པོ་ཆགས་འདུག་པས། ཁོང་གི་ཚབ་བོན་གྱི་སྤྱི་འཐུས་ཤིག་སླེབས་དགོས་པ་རེད། སུ་ཞིག་ཕེབས་རྒྱུ་ཡིན་མིན་དང་། སུ་ཞིག་ཕེབས་དགོས་མིན་བོན་ལ་རྒྱུས་མངའ་གཏན་ནས་མེད་པས་བཤད་མི་ཤེས།
བཀུར་འོས་བོན་ས྄ྤྱི་ལགས་དངོས་སུ་གསལ་བཤད་གནང་བ་ཐུགས་ར྄ྗེ་ཆེ།
སྟག་སྨྱོན་ལགས་ལ་གསལ་བཤད་ཞུ་རྒྱུར། དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལ་ཤེས་ཡོན་གང་ཡང་མེད་པ་ག་་ལ་ཡིན། བོན་པོ་རང་གི་གཞུང་ལུགས་ཀྱི་ཐོག་ལ་གཟིགས་རྒྱ་དང་ཐོས་རྒྱ་ཧ་ཅང་ཆེན་པོ་རེད། སྔོན་མ་༸སྨན་རི་ནས་ཕྱག་དཔེ་ཡག་ཤོས་ཀྱི་གྲས་རེད། ཐུན་མོངས་རིག་གནས་ཀྱི་ཐོག་ལའང་གཞན་ལ་རེ་དགོས་པ་མ་རེད། དེར་མ་ཟད་ཁོང་ཕྱི་རྒྱལ་ཁག་ལ་ཕེབས་ཏེ་ཆོས་བཤད་དང་བཤད་བཞིན་པ་རེད། ཁྱོད་ཀྱིས་འདི་ལྟར་མ་ཤེས་ཤེས་མདོག་བྱེད་པ་འདི་ཡག་པོ་ཞིག་མ་རེད། གཞན་ཡང་ཁོང་གི་མི་གཤིས་ཀྱི་སྐོར་ལ་གང་ཡང་བཤད་རྒྱུ་མིན། བཤད་དགོས་པ་ཞིག་ཀྱང་མ་རེད། འགའ་རེ་དགའ་བ་དང་འགའ་རེ་མི་དགའ་བ་ཡོད་སྲིད་ལ་དེ་རེ་རེའི་ངོར་རང་གི་སྣང་བ་དང་མཐུན་པའི་མཐོང་ཚུལ་རེ་ཡོད་ཡོད་པ་རེད།
དགེ་བཤེས་ལགས་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། སྐབས་འདི་འདྲ་ལ་ལྷ་འདྲེའི་ཆོ་འཕྲུལ་ཤིན་ཏུ་རྒོད། ལྷག་པར་དུ་གསོལ་མཆོད་དང་སྤྲེལ་ལད་ཁོ་ནར་ཐུགས་དགྱེས་པའི་དྲེགས་པའི་ལྷ་འདྲེ་ཚོ་ཤིན་ཏུ་བྲེལ་བའི་སྐབས་རེད། ངས་བལྟ་ཚུལ་ལ་ཉིད་ཀྱིས་ལྷ་འདྲེ་གང་རུང་ཞིག་ལ་བསང་བཏང་མེད་པ་འདྲ། ད་གང་ཡིན་རུང་སྐུ་ཉིད་ཀྱིས་གསལ་བཤད་གནང་བ་དེས་ང་ཚོ་ལྷ་འདྲེའི་ཆོ་འཕྲུལ་གྱི་སྨུག་ཀློང་ནས་ཐར་ཐུབ་པ་སྨྲོས་མི་དགོས། མ་འོངས་པར་ཡང་ཁྱོད་ཉིད་ལྷ་འདྲེ་དྲེགས་པ་ཅན་སུ་ཞིག་གི་ལག་འོག་ཏུའང་་མི་ཤོར་བའི་རེ་བ་ཡོད།
བོན་ཞེན་དང་ས྄ྒྲོལ་མ་ཚོ་ཟུང་ལ་ཞུ་ར྄ྒུར།
ང་ཚོ་བོན་ས྄ྤྱི་འདེམ་ཁ་མ་ནོར་བ་བྱེད་ཤེས་ཀྱིན་ཡོད།
གང་ལ྄ྟར་ཀྱང་ས྄ྐབས་བཅོ་ལ྄ྔ་པའི་ས྄ྤྱི་འཐུས་གཅིག་ནི་དགེ་བཤེས་ས྄ྨོན་ལམ་མཐར་ཕྱིན་ཡིན་ཡིན་པ་རེད།
དེ་འདྲ་སོང་ཙམ་ཐུགས་ལ྄ྷོད་ལ྄ྷོད་ངང་བཞུགས་དང་ཚིག་མདའ་འཕེན་དགོས་དོན་མེད།
མ་གཞི་ས྄ྒྲོན་མ་མཚོ་གལ་སྲིད་ཁྱེད་རང་བོན་པོ་ཞིག་མ་ཡིན་ན།
བོན་པོ་ཚོས་བྱེད་ས྄ྟངས་ལ་ར྄ྒྱང་ནས་ལ྄ྟད་མོར་གཟིགས་དང་དེ་ཡག་གི་རེད།
ང་ཚོ་ས྄ྔོན་ཙམ་ནས་གྲྭ་ས྄ྒྲིག་ཡོ་ད་ལེ་རེད། ཐུགས་ཁུལ་མ་གནང་ལོ།
བོན་པོའི་ཕྱག་ལས་བོན་པོ་རང་གིས་བྱེད་ནི་རེད།
ད་དེ་ཙམ་ཡིན།
མང་ཚོགས་དང་བོན་འབངས་ཚང་མའི་རེ་དོན་བཞིན་བོན་སྤྱི་སྨན་རིའི་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཞལ་གསལ་གྱིས་གསལ་བཤད་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་མིན་དྲ་ཐོག་འདིར་མིང་རྫུན་གྱིས་སྤྲེལ་ལད་འཁྲབ་མཁན་དང་བན་མིན་བོན་མིན་དེ་ཚོར་ཆ་འཇོག་གནང་དགོས་མེད།
གཞན་༧སྨན་རིའི་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་མདོ་སྟོད་མི་མང་གི་རེ་སྨོན་བཞིན་དུ་འོས་འཐོབ་རྒྱུར་རེ་བ་དང་སྨོན་ལམ་ཡོད། དེ་མིན་དེང་སང་ཁོང་ཧྥ་རན་སུ་དང་དབྱིན་ལན་སོགས་ན་བོན་བསྟན་གྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་འབྲེལ་ཡོད་ཚང་མས་མཁྱེན་མཁྱེན་པ་རེད།
སྤྱིར་བོན་པོའི་སྤྱི་འཐུས་འོས་འཕེན་དང་སུ་འོས་སྐོར་ལ་ཐོབ་ཐང་གཉིས་བརྩེགས་མེད་མཁན་དང་གྲུབ་མཐའ་གཞན་པའི་མི་ལ་བྱུས་གཏོགས་སྤུ་ཉག་ཙམ་ཡང་མེད་པས་དེ་ལུགས་དགོངས་འཇགས་གནང་རོགས་ཞུ།
སྒྲོན་མ་མཚོ་ཟེར་བ་དེར་ཁོ་བོས་ཀྱང་ཞུ་དོན་ངེད་གཡུང་དྲུང་བོན་ཚང་གི་དོན་དག་ལ་ཁྱེད་ཀྱིས་སྐལ་མེད་སར་རྐེ་མ་བསྲིང་། བར་མེད་ས་འཚང་མ་ཡོང་། བྱིང་བ་འདྲ་ས་ན་སྡེར་མི་ཅན་ལ་ལས་ཀ་མེད་པའི་དཔེ་རེད་ལགས།
དགོངས་དག་་་་སྡེར་མོ་་་ཞེས་བཅོས་རོགས། སྡེར་མོ་ཅན་ཞེས་པ་དེ་སྒྲོན་མ་མཚོ་ཟེར་བ་དེ་རེད། ཧ་ཧ་ཧ་་་་་་་་་་་་་་
གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་འཐོབ་ན་ཁྱད་པར་མེ་མོད། ཆོལ་ཁའི་ཕྱོགས་ཞེན་མངོན་གྱུར་མི་གནང་མཁན་ཞིག་དགོས། ཆོས་ལུགས་རང་གི་ངོ་ནས་ལངས་པ་ཡིན་པ་དང་སྟོད་རྒྱ་གར་དང་སྨད་རྒྱལ་རོང་ཡན་ཆད་ཀྱི་བོན་པོ་ཡོད་དོ་ཅོག་གི་འཐུས་མ་ཡིན་པ་ངེས་པར་དུ་མཁྱེན་གསལ་ཅན་ཞིག་དགོས་ངེས།
ད་ལྟ་རང་མཆན་བུ་དག་བཀླགས་པ་ཡིན། ད་རག་བར་དུ་ཀློག་པའི་ཁོམ་སྐབས་ཁྱོན་ནས་མ་བྱུང་། དྲ་གྲོགས་ཁག་ཅིག་གིས་གུས་པའི་ངོས་ནས་འདི་སྐོར་ལ་གསལ་བཤད་བྱ་དགོས་སྐོར་གྱི་བསམ་ཚུལ་སྤེལ་འདུག་སྟེ། ང་ནི་གསལ་བསྒྲགས་འདི་དྲ་དེབ་སྟེང་འགོད་མཁན་ཡིན་པ་ལས། དེའི་ཕན་གྱི་གནས་ཚུལ་གང་ཡང་ཤེས་ཀྱི་མེད། རྣམ་པ་ཚོས་དེའི་ཕན་གྱི་གནས་སྟངས་ཤེས་རྟོགས་བྱ་འདོད་ཡོད་ན། གློག་འཕྲིན་ཁ་བྱང་ Yangmo Dolma འདིའི་སྟེང་ལ་འབྲེལ་གཏུགས་གནོངས་དང་། གསལ་བསྒྲགས་འདི་སྐོར་ངེད་དྲ་དེབ་ཏུ་མཚམས་སྦྱོར་གནང་མཁན་དོ་བདག་གིས་དེ་སྐོར་གསལ་བཤད་ཡོང་གི་རེད་དྲན།
སྟག་སྨྱོན་ཟེར་བ་ཁྱོད་ཉོན།
བོན་སྤྱི་གཡུང་དྲུང་རྒྱལ་མཚན་ལ་ཡོན་ཏན་མེད་པ། ཆོས་མི་ཤེས་པ། དཀྲུག་སློང་མཁན་ཟེར་བ་སོགས་ནི་ཁྱོད་གདོན་གྱིས་སྨྱོས་པ་ལོས་ཡིན། དེ་མིན་ན་མདང་དགོངས་ཁྱོད་གཉིད་གཏན་ནས་ཁུག་མེད་པ་ཐག་གིས་ཆོད།
ཁོང་ལ་ཡོན་ཏན་ཡོད་མེད་དང་སྤྱི་ཚོགས་ལ་ཕན་ཐོག་མཁན་དང་གནོད་སྐྱེལ་མཁན་ཇི་ལྟར་ཡིན་མིན་བོད་རྒྱ་ཆེའི་མི་མང་དང་། གཡུང་དྲུང་བོན་གྱི་སེར་སྐྱ་རྣམས་ཀྱིས་མཁྱེན་ཡོད་པ་ལས། ཁྱོད་ལྟ་བུའི་ཧ་མ་གོ་ལུང་སྟོང་ཀུ་ཅོས་རྒྱང་མཁན་ཞིག་མིན།
ཁོང་ནི་གཡུང་དྲུང་བོན་གྱི་གཞུང་ལུགས་ལ་མཁས་བཙུན་བཟང་གསུམ་གྱིས་ཕྱུག་ཅིང། བསྟན་འཛིན་གྱི་བུ་སློབ་བརྒྱ་ཕྲག་མང་པོ་ཡོད་མཁན་ཞིག་ཡིན་ལ། དེང་དུས་དང་འཚམས་པའི་ཕྱི་རྒྱལ་ཡུལ་གྲུ་བཅོ་ལྔ་ལྷག་ཙམ་ཞིག་ལ་བོད་སྤྱི་དོན་དང་རང་རེའི་བསྟན་དོན་སོགས་བསྐྱངས་དང་སྐྱོང་བཞིན་པ་རྒྱ་ཆེའི་སྤྱན་ལྡན་རྣམས་ཀྱིས་གཟིགས་བཞིན་པ་འདི་རེད། ད་དུང་ཁྱོད་ཀྱིས་རྡ་སར་དཀྲུག་རྒྱག་ཁོ་ན་ཞིག་ཇི་ལྟར་སྨྲ་ཐུབ། ཁོང་ནི་མདོ་ཁམས་རྒྱ་ཆེའི་མི་མང་གིས་བསྐོས་པའི་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོའང་ཡིན་པས། ཁྱོད་ཀྱིས་ཁོང་མི་འཇོན་ཐོན་མེད་མཁན་ཞིག་དེ་བས་ཇི་ལྟར་སྨྲ།
ཁྱོད་ཀྱིས་ད་ལན་འདིར་དགེ་སློང་ཞིག་ལ་སྐྱོན་བཙུགས་པའི་ཉེས་པ་དག་མི་ཐུབ་པ་བསགས་ཡོད་པ་ནི་”ཕྱི་རྒྱལ་ལ་ཡོང་ན་ཟ་ཁང་ནང་མ་གཡོག་གི་ལས་ཀ་རག་ཁག་པོ་རེད། “ཅེས་པ་འདི་ཙམ་གྱིས་དཔྱོད་ལྡན་རྣམས་ཀྱིས་ཤེས་ནུས་ལ། ཁྱོད་རང་ལ་གཞིགས་ཚེ་ད་ལན་ཁྱོད་ཀྱི་བྱས་རྗེས་ཞིག་ཀྱང་རེད། །
དྲ་ངོས་ཀྱི་གྲོགས་པོ་སྐོར་ཞིག་གིས་གསལ་བསྒྲགས་འདི་འབྲེལ་གྱི་གསལ་བཤད་བཤད་ཅིག་དགོས་ཀྱི་འདུག་ཅེས་གསུངས་འདུག་སྟེ། ང་ལ་འདི་སྐོར་དྲ་ངོས་འདིར་སྤེལ་འགྲེམས་བྱེད་པོའི་ཆ་ནས་ལས། གཞན་དེའི་ཕན་གྱི་གནས་ཚུལ་གང་ཡང་རྒྱུས་མེད་ཡིན། དེ་བས་ན། འདིའི་ཕན་གྱི་རྒྱབ་ལྗོངས་མཁྱེན་འདོད་ཡོད་མཁན་ཚོས། གློག་འཕྲིན་ཁ་བྱང་ Yangmo Dolma འདིའི་སྟེང་འབྲེལ་གཏུགས་གནོངས་དང་། འདི་སྐོར་ཡོང་ཁུངས་དེ་ཡིན།
རེད་དངོས་གནས་རེད། ད་བོན་པོ་ཚོ་གཉིད་སད་འོང་གིན་འདུག གཡག་དང་སྒྲོན་མ་མཚོ་སོགས་མིང་མང་ཅན་འདི་མི་གཅིག་མིན་ན་ཡག སྨོན་མཐར་འདི་འགྲིག་གི་མི་འདུག་ཟེར་ས་རྒྱུ་མཚན་བརྒྱ་བཤད་ཀྱང་བབས་ས་སྒྲོལ་མ་མཚོ་མོ་དང་ཁ་གཏད་བཅགས་པས་ཡིན་པ་སྨོས་མེད་ལ་སོང་། གོང་གི་མིང་མང་ཅན་རྣམས་ཀྱང་དེའི་ཕྱོགས་གཏོགས་ཤིག་མིན་པར་སྨོན། ཡིན་ནའང་བོན་པོ་གཞན་རྣམས་འགུལ་མི་ཐུབ། ཅོལ་ཆུང་རེ་འགའ་བསླུ་ནུས་ནའང་སྲིད། དུས་བབ་ཟིན་བྲིས་སུ་ཁང་རྡོར་སོགས་ཀྱིས་སྨོན་མཐར་འདི་བཀའ་བློན་ཁྲི་བ་བྱ་བའི་གནས་ཚད་ཡོད་པའང་བསྟོད་ཀྱིན་འདུག་པས། དེ་འདྲའི་གཟུ་བོའི་གཏམ་ཐོས་པའི་མོད་ལ་ང་ཚོ་བོན་པོ་ཚོས་བོན་གྱི་སྡོང་གྲོགས་བོན་གྱིས་བྱེད་པ་ལས། འདྲེ་མོ་ཞིག་གི་ངོ་དབང་དུ་ཤོར་མི་སྲིད། སྨོན་མཐར་ཁྱེད་རང་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ངའི་ནང་གི་སེར་ཐིག་ཡིན་པས། ང་ཚོ་བོན་པོ་རྣམས་ནམ་ཡང་འཕྱུགས་མི་སྲིད།
སྟག་སྨྱོན་གྱིས་གཡུང་དྲུང་རྒྱལ་མཚན་ལ་ཡོན་ཏན་མི་འདུག་ཟེར་རམ། ཧ་ཧ། ཁྱོད་ཀྱིས་བསམ་ན་ཡོན་ཏན་གང་ཡང་མེད་མཁན་ཞིག་ལ་སྨན་རི་དགོན་པས་དགེ་བཤེས་ཀྱི་མིང་སྤྲད་འདུག་གམ། ཡོན་ཏན་ཡོད་རབས་མང་པོ་གོང་དུ་རྨུ་ཐག་སོགས་ཀྱིས་བཤད་པ་ལྟར་རེད། ད་དུང་བཤད་ན་སྨན་རིའི་དགེ་བཤེས་དཔེ་ཆ་བ་ཡག་གྲས་ཀྱི་ནང་ནས་བདམས་ཏེ་ཁྱུང་པོ་སྟེང་ཆེན་དགོན་པའི་མཁན་པོ་ལ་ཁྲི་བཞེངས་བྱས་པ་ཞིག་ཡིན་པའང་ཁྱོད་ལ་གསལ་བཤད་ཡིན། འོ་ན་འཇོན་ཐང་མི་འདུག་ཟེར་ན་ཁྱོད་ཀྱིས་མདོ་སྟོད་ཆུ་བཞི་སྒང་དྲུག་སྨྱོ་འདུག་ཟེར་རམ། ཤེས་འཇོན་གང་ཡང་མེད་མཁན་ཞིག་ཚོགས་པའི་ཚོགས་གཙོར་བསྐོས་ནས། ཁོའི་ཤེས་འཇོན་ལ་ཞེད་ནས་རྒྱ་རི་སྒྲོལ་མས་ལྷོ་ཕྱོགས་སུ་གཡུང་དྲུང་རྒྱལ་མཚན་ལ་ངོ་རྒོལ་བྱ་དགོས་རབས་བཤད་ཀྱི་ཡོད་པའི་གཏམ་དྲ་བ་ནས་མཐོང་མ་སོང་ངམ། ད་ལྟའང་བསུབ་མི་འདུག་པས་ལྟོས། གང་ལྟར་མ་འོངས་པའི་བོན་སྤྱི་དེ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ཡིན་ཡིན་པ་རེད། འདི་སྨན་རིའི་མཁན་སློབ་རྣམ་པའི་དགོངས་གཞིའང་རེད། དེས་ན་ཁོང་གི་ཕྱག་རོགས་སུ་གཞན་ཞིག་འདེམས་རྒྱུ་རེད། གཡུང་དྲུང་རྒྱལ་མཚན་ནི་མདོ་སྟོད་སྤྱི་འཐུས་སུ་ལང་གི་ཡོད་ལ། ཐོབ་རྒྱུའང་ཉག་ཅིག་རེད། གང་ལྟར་ད་ལྟ་བོན་པོའི་མི་རྫོགས་མེད་པའི་མི་རྫིག་པོ་མང་པོའི་མིང་འདོན་རྒྱུ་གཞི་ནས་རེད།
ཨ་རོགས་ཚོ། ད་དུང་སྟ་རེ་མ་གཡུག སྒྲོན་མ་མཚོ་ཟེར་བ་འདི་ཕོ་ཞིག་ཡིན་པར་མ་ཟད་བོན་པོ་ཞིག་ཀྱང་རེད། མིང་ལ་བལྟས་ན་མོ་ཡིན་ཡང་རྐུབ་ལ་བལྟས་ན་ཕོ་རེད། མིང་ལ་བལྟས་ན་བན་ཡིན་ཡང་དོན་ལ་བལྟས་ན་བོན་རེད། རླུང་ལང་ནས་སྟ་རེ་གཡུག་ན་རང་མི་རང་གིས་གསོད་ལེ་རེད།
གཡུང་དྲུང་རྒྱལ་མཚན་ལ་འབྲེལ་བ་མེད། ཁོ་ངོ་ཤེས་ས་དང་མིག་གིས་མཐོང་ས་གྲོས་ཚོགས་ནང་ཡིན། གྲོས་ཚོགས་ནང་གི་འཐུས་མི་དེ་ཚོ་སུ་ཡིན་ཡང་རིན་ཐང་ཅན་དཀོན་པོ་རེད། མི་མང་གྲོས་ཚོགས་ཟེར་དུས་སུན་ཡོང་བ་ཞིག་ཆགས་ཡོད་པ་རེད། དེའི་ནང་ནས་ཀྱང་སྐྱོ་ཤས་གཅིག་གཡུང་དྲུང་རྒྱལ་མཚན་མཐོང་སོང་། ཡིན་ཡང་ཁྱེད་ཚོས་བཤད་པ་བདེན་ན་གཡུང་དྲུང་རྒྱལ་མཚན་ཡོན་ཏན་དང་འཇོན་ཐང་ཡག་པོ་ཡོད་རབས་བཤད་འདུག ཁྱེད་ཚོའི་བསྟོད་པའི་སྐད་ཆ་དེ་དག་ཕྱོགས་རེས་མ་ཡིན་པར་བདེན་པ་ཡིན་པའི་སྨོན་ལམ་འདེབས། དེ་འདྲ་ཞིག་ཡིན་ན་དགའ་བ་ལ། བོད་མི་ཚང་མས་དགའ་མོས་བྱེད་ས་དང་བོད་སྤྱི་དོན་ལ་བྱས་རྗེས་འཇོག་མཁན་ཞིག་ཡིན་དགོས་པ་རེད། མི་མང་གིས་གོ་སྐབས་ཆ་ཚང་ཕུལ་ཡོད་པ་རེད། དེ་མིན་རང་གི་ཕྱོགས་ཁག་ཆུང་ཆུང་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས་ནང་དཀྲུགས་བརྒྱབ་ན་མདོ་སྟོད་མི་མང་དང་བོན་ཆོས་ཀྱི་ཞབས་འདྲེན་དང་། བོད་ཀྱི་བསྟན་སྲིད་སྤྱིའི་དགྲ་བོ་ངོ་མ་དེ་ཆགས་པ་རེད། དེའི་ཕྱིར་ཁོ་ལ་ཡོན་ཏན་དང་འཇོན་ཐང་ཞིག་ཡོད་པ་བདེན་ན་ཛ་དྲག་གི་དུས་འདིར་སྤྱི་སེམས་ལྷད་མེད་ཅིག་མེད་ཐབས་མེད་རེད།
དྲ་གྲོགས་ཚོ་ཁྱེད་རྣམ་པ་ཅི་རྩོད་རྒྱུ་ཡོད་དམ།
ང་བན་དེའི་ནང་དུ་བོན་དང་། བོན་པོའི་ནང་དུ་བན་དེ་ལྟ་བུའི་བཙུན་མ་ཞིག་ཡིན། ང་བོན་ལ་མོས་པའི་གསལ་བཤད་སྔོན་ནས་བྱས་ཟིན། གང་ལྟར་ངས་གཡུང་དྲུང་བོན་པོ་ལ་རང་ངོས་ནས་དངོས་ཤུགས་གཉིས་ཀྱིས་རྒྱབ་སྐྱོར་ཇི་ལྟར་བྱས་ཀྱང་བོན་པོ་ཚོ་སྐལ་ཆད་དེ་ཚོ་གཅིག་གིས་ཀྱང་ངོ་མ་ཤེས་མ་སོང་། ད་དུང་གོང་དུ་ཇུས་མེད་ལ་ཇུས་གཏོགས་མ་བྱེད་ཞེས་སྐྱོན་འཛུགས་དང་འཚང་འབྲུ་མང་པོ་ཞིག་བྱས་པས་ངས་ཅང་ཕན་ཐོགས་མེད་པར་འདྲ། ད་བདེ་མོ་གྱིས།
སྒྲོལ་མ་མཚོ་མོ་ལགས་སྐུ་ཁམས་བཟང་།
ཁྱེད་རང་གསུང་པ་སྟེ་བདེན་པ་རེད་འདུག་ཁྱེད་རང་དངོས་གནས་སྤྱི་འཐུས་ནང་དུ་བུ་མེད་གྲགས་ཆེན་ཞིག་རེད་འདུག་མ་ཟད་ང་ཁྱེད་ལ་ཡིད་ཆེས་ཡོད་དངོས་ནས་ཡིན་དཱ་ཨ།
གསལ་བཤད།
༡ དྲ་གྲོགས་ཁག་ཅིག་གིས་གསལ་བསྒྲགས་འདི་སྐོར་ལ་ངའི་ངོས་ནས་གསལ་བཤད་དགོས་སྐོར་གསུངས་འདུག ང་རང་ཁ བརྡ་དྲ་དེབ་ཀྱི་རྩོམ་སྒྲིག་པའི་གྲས་ཡིན་དབང་གིས། གསལ་བསྒྲགས་འདི་དྲ་དེབ་སྟེང་བཀོད་པ་ཙམ་ལས་། འདིའི་ཕན་ནས་རྒྱབ་ལྗོངས་ཀྱི་སྐོར་ཤོད་ལབ་ན། ཞུ་ཡག་གང་ཡང་མེད། རྣམ་པ་ཚོས་འདིའི་ཕན་ནས་ད་དུང་ཤེས་འདོད་ཅི་ཡོད་གློག་འཕྲིན་ཁ་བྱང་ Yangmo Dolma འདིའི་སྟེང་འབྲེལ་བ་གནོངས་དང་། གསལ་བསྒྲགས་འདི་ང་ཚོར་བསྐུར་མཁན་དོ་བདག་དང་འབྲེལ་བ་གནང་ཐུབ་པ་ཡོད།
༢ གང་ཟག་སྒེར་ལ་དམོད་ཚིག་དང་འཐབ་འཛིང་གི་རིགས་མུ་མཐུད་སྤེལ་བ་ཡིན་ན། འདི་ནས་མཆན་བུ་འགོག་ངེས་པ་ཡིན་ན། རྣམ་པ་ཚོས་དེ་སྐོར་ལ་ཐུགས་སྣང་གནང་རོགས་ཞུ་ཡག་ཡིན།
གསལ་བསྒྲགས་འདི་ངེད་དྲ་དེབ་ལ་མཁོ་འདོན་གནང་མཁན་དོ་བདག་ལ་འབྲེལ་བ་གནང་སའི་གློག་འཕྲིན་ཁ་བྱང་ནི yangmo.dolma@yahoo.com འདི་ཡིན། གོང་དུ་འཆར་མི་འདུག་སྟབས། འདིར་བསྐྱར་འགོད་ཞུས་པ་ཡིན།
གཡུང་དྲུང་རྒྱལ་མཚན་སྐབས་བཅོ་ལྔ་པའི་སྤྱི་འཐུས་སུ་སླེབས་དང་མ་སླེབས་དེ་བོན་པོ་ཚང་དང་མདོ་སྟོད་རྒྱ་ཆེའི་མི་མང་གིས་ཤེས་ལེ་རེད། ཁོང་ཚོས་ཅིས་ཀྱང་ཁོང་འདེམས་ལེ་རེད། བདམས་ནས་གྲོས་ཚོགས་སུ་སླེབས་དུས་ཁྱོད་རང་མ་འདོད་ན་ཁོང་ཚོགས་ར་དེར་མི་འོས་པ་དང་མི་འཚམས་པའི་རྒྱུ་མཚན་སོགས་བཤད་རྒྱུ་ཡོད་ན་དེ་དུས་བཙན་བྱོལ་བོད་གཞུང་གི་ཁྲིམས་རྩོད་ཁང་ཡང་སྒོ་ཕྱེས་ཕྱེས་པ་ཡིན་པས། ཁྱོད་ཀྱི་སྤྱི་དོན་དེ་སྐབས་དེར་སྟོན་ཤིག དེ་མིན་སྐབས་འགར་གཡུང་དྲུང་རྒྱལ་མཚན་ཆ་ཡོད་ཀྱིས་ཁུལ་དུ་ཁོང་གི་མེད་མུག་བགྲངས། སྐབས་འགར་འབྲེལ་མེད་ཤེས་མེད་ཡིན་རབས་དང་སྤྱི་འཐུས་ཚང་མ་རིན་ཐང་མེད་པའི་མི་ཡིན་རབས་བཤད་ན། སྟག་སྨྱོན་ཟེར་བའི་མི་དེའི་ལྗིད་ཚད་ཀྱང་ང་ཚོས་མཐོང་ཟིན་སོང་།
ངའི་ངོས་ནས་གཡུང་དྲུང་རྒྱལ་མཚན་ཟེར་བའི་མི་ཐུང་འདི་རྐུབ་ཕྱིས་སྤྱད་ཀྱི་ཤོག་སྙིགས་ཙམ་ལས་མཐོང་མེད་མོད། ཁྱེད་ཚོས་ཁོང་དེ་འདྲ་མ་ཡིན་པར་མཁས་རབས་འཇོན་རབས་མང་པོ་བཤད་ཀྱི་འདུག་པས། ངའི་མཐོང་སྣང་དེ་མི་བདེན་པར་ཁྱེད་ཚོས་བཤད་པ་ལྟར་ཡིན་ན་དགའ་བ་ལ་བསམ་པ་ཙམ་ལས། ངས་ངོས་ནས་སྤྱི་འཐུས་སྤྱི་དང་ལྷག་པར་གཡུང་རྒྱལ་ནང་བཞིན་མི་ཐ་ཤལ་ཞིག་སྐྱེས་མི་སྲིད་པར་བརྩི་གི་ཡོད། དགྲ་དགའ་གཉེན་སྡུག་གི་ལས་ངན་རྐྱང་བསྒྲུབ་བསྡད་ན་ཁྱེད་ཚོར་ཁེ་བཟང་ཞིག་རག་གི་ཡོད་ན་ཁེ་བཟང་ཁྱད་མཚར་ཞིག་མཐོང་གི་འདུག ཁོས་་ག་ཚོད་དཀྲུགས་ཤིང་བརྒྱབ་ན་ང་ལ་ནི་གནོད་ཀྱི་མེད་ཤེས་དགོས་པ་རེད། མི་རིགས་ལས་ངན་འདིའི་ཆེད་དུ་ཕྱི་ནང་གི་མི་ངན་མང་པོར་དགྲ་བསགས་དགོས་འབྱུང་གི་ཡོད་པ་ལས། ང་མི་སྒེར་ལ་དྲ་ཁང་འདིར་ཚིག་ངན་འདྲ་འབྲི་དགོས་དོན་མེད་པ་མཁྱེད་པར་མཛོད།
བཙན་བྱོལ་བོད་གཞུང་ལ་ཁྲིམས་བཙན་པོ་དང་དམག་དཔུང་སོགས་མེད་སྟབས་གཡུང་དྲུང་རྒྱལ་མཚན་གྱིས་ཞེད་མི་དགོས་པ་ཤེས་ནས་དཀྲུགས་ཤིང་བཟོ་གི་ཡོད་པ་ལས། གལ་སྲིད་ཞེད་དགོས་ས་ཞིག་ཡིན་ཁོས་གང་ཡང་བཤད་ཐུབ་ཀི་མ་རེད། ང་ཚོས་ཀྱང་བོད་མི་རིགས་ལ་བསམ་བློ་བཏང་ནས་ཁྲིམས་བརྩི་གི་ཡོད་པ་ལས། གཡུང་དྲུང་ནང་བཞིན་དཀྲུགས་ཤིང་བརྒྱབ་བསྡད་ན་ཞེད་དགོས་ས་ཡོད་ལེ་མ་རེད། དེ་ཤེས་ལེ་རེད། ངས་ཞེད་མི་དགོས་སར་དཔའ་མདོག་ཁ་བོ་བྱེད་ལེ་མ་རེད།
སྟག་སྨྱོན་ཁྱོད་ཀྱིས་བཙན་བྱོལ་བོད་གཞུང་ལ་ཁྲིམས་བཙན་པོ་མེད་པར་བཤད་པ་ནི། ཁྱོད་ཀྱིས་བོད་གཞུང་ལ་སྣང་ཆུང་རེད། བཙན་ཀྱང་མ་བཙན་རུང་ཁྲིམས་དང་ཁྲིམས་ཁང་ཡོད་པ་དེར་གུས་བཀུར་ཞུ་རྒྱུ་དེ་ཁྱོད་རང་ཉིད་བོད་མི་ཞིག་ཡིན་པའི་ལས་འགན་རེད། ཁྱོད་རང་གཡུང་དྲུང་རྒྱལ་མཚན་ལ་མ་དགའ་བ་དེས་ཁོ་སྤྱི་འཐུས་སུ་སླེབས་མི་སླེབས་ལ་གང་ཡང་འགྱུར་བ་མི་འགྲོ། བོན་པོ་ཚོས་འདེམས་ཐག་ཆོད་ཡིན་པ་ཤེས་ནས་ད་ལྟ་གནས་སྐབས་ཁོང་གིས་མདོ་སྟོད་ཀྱི་ཁོངས་སུའང་ལང་གིན་ཡོད་པ་དེ་ཁོང་རང་ཉིད་མདོ་སྟོད་མི་དམངས་ལའང་ཡིད་ཆེས་ཡོད་པས་རེད། མ་གཞི་གཡུང་དྲུང་རྒྱལ་མཚན་གྱིས་དཀྲུགས་ཤིང་བརྒྱབ་རབས་ཤིག་བགྲངས་ནས་དེ་ལ་ཁྲིམས་གཏུགས་ཀྱང་བྱ་ཕོད་ན་དེ་ནི་ཁྱོད་ཀྱིས་བོད་སྤྱི་བའི་དོན་ཆེན་ཞིག་བསྒྲུབས་པ་མ་རེད་པས། དྲ་ཁང་འདིར་ཚིག་ངན་གྱིས་ཚོགས་ངན་བསགས་པ་ལས་ལས་དོན་དེ་ཁུར་དུ་བླང་ན་མི་ཡག་གམ།
བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་བོད་དབུ་དམངས་བར་གྱི་དམ་ཚིག་དང་ཡིད་ཆེས། མཐའ་ཐུག་གི་དམིགས་ཡུལ་གྱི་རྨང་གཞི་ལ་བརྟེན་ནས་སྲ་བརྟན་གནས་ཡོད་པ་རེད། དེའི་ཕྱིར་གོང་གི་དམ་ཚིག་འདི་དག་མེད་མཁན་ཞིག་ལ་དམིགས་བསལ་ཞེད་དགོས་ས་ཡོད་ལེ་མ་རེད། ཞེད་མི་དགོས་སར་ངས་དཔའ་ངོམ་གི་མ་རེད་ལ། ཁྲིམས་མེད་ཀྱི་ནུས་པ་མི་ཐོན་སར་ཁྲིམས་གཏུགས་ཀྱང་བརྒྱག་གི་མ་རེད། ངས་བྱེད་ངེས་པ་དེ་མི་ངན་འདི་ཚོས་ནམ་ཞིག་བོད་ཀྱི་བསྟན་སྲིད་ལ་གཏོར་བརླག་ཚབས་ཆེན་ཅི་ཞིག་བཟོས་ཀྱང་ང་མི་སྒེར་ལ་གྱོང་མི་ཕོག་པ་བཟོས་ཡོད། ད་ཁྱོད་ཚོས་འཁྲབ་རོགས་ལོ། ནང་དཀྲུགས་རོགས་ལོ། བོད་བསྣུབ་རོགས་ལོ། ང་ལ་ཁྱད་མེད།
བོན་ཞེན་གྱིས་བཤད་པ་ལྟར་གཡུང་དྲུང་སྤྱི་འཐུས་ལ་ཡོང་གི་རེད། གཏོར་བཤིག་ཀྱང་མུ་མཐུད་བརྒྱག་གི་རེད། དེ་ལ་དོགས་པ་ཡོད་མ་རེད། ཁོས་བོད་མི་ནང་ཁུལ་ཁ་བྲལ་གྱི་ལས་ཀ་མཚམས་འཇོག་བྱེད་ཀི་མ་རེད། དེ་ཁྱོད་ཀྱིས་མ་བཤད་ཀྱང་ཤེས་ལེ་རེད། ཁྱོད་ལ་དེ་ཁོ་ན་དེ་ཡོད་ཡོད་པ་རེད། ང་དེ་ཚོར་སུན་ནས་མི་འདི་ཚོ་དང་གྲོང་ཁྱེར་གཅིག་གི་ཆུ་ཡང་འཐུང་མི་དགོས་སར་སོང་ཡོད། ད་ནས་ཁྱེད་ཀྱི་ཆེད་དུ་དུས་ཚོད་མེད། ང་ཚོ་མི་རིགས་གཅིག་པ་མ་རེད། མཐར་ཐུག་གི་དམིགས་ཡུལ་ཡང་སོ་སོ་རེད། བྱས་ཙང་ང་ཚོས་ཡང་ཡང་གླེང་སློང་བྱེད་དོན་མི་གདའ།
སྟག་སྨྱོན་ཟེར་བ་ཁྱོད་ངས་སྔོན་མ་ནས་ཕྱི་རྒྱལ་དུ་ཆབ་ཁང་འཁྲུ་མཁན་ཞིག་ཡིན་པ་ཤེས་ཀྱི་ཡོད་ལ། ཁྱོད་ཀྱི་ལོ་རྒྱུས་ཀྱང་གསལ་པོར་ཤེས་ཀྱི་ཡོད་མོད། འོན་ཀྱང་ང་ཚོ་བོད་མི་སྐྱབས་བཅོལ་བ་རྣམས་རང་གི་རྒྱལ་ཁབ་རྒྱ་ལག་ཏུ་ཤོར་ནས་བྱ་ཐབས་བྲལ་བས་ལས་ཀ་དེ་ཙམ་གྱིས་ཁྱད་མི་འདུག་དྲན་མྱངས།
ད་བྱེད་དུས་གོང་དུ་ཁྱོད་ཀྱིས་བཙན་བྱོལ་བོད་གཞུང་གི་ཁྲིམས་ཁང་ལ་ནུས་པ་མེད་ཚུལ་དང་། “ང་དེ་ཚོར་སུན་ནས་མི་འདི་ཚོ་དང་གྲོང་ཁྱེར་གཅིག་གི་ཆུ་ཡང་འཐུང་མི་དགོས་སར་སོང་ཡོད། ད་ནས་ཁྱེད་ཀྱི་ཆེད་དུ་དུས་ཚོད་མེད། ང་ཚོ་མི་རིགས་གཅིག་པ་མ་རེད།” དང ” གྲོས་ཚོགས་ནང་གི་འཐུས་མི་དེ་ཚོ་སུ་ཡིན་ཡང་རིན་ཐང་ཅན་དཀོན་པོ་རེད། མི་མང་གྲོས་ཚོགས་ཟེར་དུས་སུན་ཡོང་བ་ཞིག་ཆགས་ཡོད་པ་རེད།” སོགས་འདི་དག་གིས་ངོ་མ་ཁྱོད་བོད་གཞུང་མང་རྣམས་ལ་སེམས་ཁུལ་ཅི་ཡང་མེད་མཁན་དང་རང་གི་ཁ་ལྟོའི་ཆེད་དུ་ཁོ་ནར་ཉུལ་བསྡད་མཁན་མི་ཐ་ཤལ་ཞིག་ཡིན་པ་གཞི་ནས་ཤེས་སོང་བས། ད་ནི་བོད་སྤྱི་བའི་འགན་ཁྲི་ཕར་ཞོག་བོད་མི་གཅིག་གི་བསམ་སྤྱོད་ལའང་ཇུས་གཏོགས་ཀྱང་བྱེད་དབང་མི་འདུག་པས། བསྐལ་པ་མ་འཇིག་བར་དུ་མཐའ་ཡི་རྒྱ་མཚོའི་ཕར་རོལ་དུ་སོང་ནས་སྡང་མི་སྲིད་པར་སྨོན། ས་མ་ཡ་རྒྱ་རྒྱ།
སྟག དགྲ་དགའ་གཉེན་སྡུག་གི་ལས་ངན་རྐྱང་བསྒྲུབ་བསྡད་སྨྱོན་ལགས།ངེས་ནས་ཁྱེད་རང་སྟག་སྨྱོན་པ་རང་རེད་བཞག སྤྱི་འཐུས་གཡུང་རྒྱལ་ལ་མཚན་སྨོད་ཚད་མེད་བྱས་ནས་ དགྲ་དགའ་གཉེན་སྡུག་གི་ལས་ངན་རྐྱང་བསྒྲུབ་བསྡད་ནས་འདུག་ཟེར་བས་འདི་འདྲ་ཡིན་ན་མདོ་་སྟོད་ཚང་གིས་ག་འདྲ་བྱས་ནས་ཁོང་འདེམ་པ་རེད། མདོ་སྟོད་ཚང་ལ་མི་ཚར་སོང་བ་ཨེ་རེད།ཧཧཧ།
དྲ་གྲོགས་ཚོ་དེ་རིང་ཕྱི་དྲོ་ཕྱག་ཚོད་བཞི་དང་ཕྱེད་ཀའི་ཐོག དབུས་གཡུང་དྲུང་བོན་འཛིན་ཚོགས་མི་ལ྄ྷན་འཛོམས་ཐོག་བོན་ས྄ྤྱི་ས་བོན་འདེམ་ངེས་རེད་ཞག
ངས་འདི་འདྲ་ཞིག་བསམ་གི སྤྱི་འཐུས་ལ་སྤྱི་འཐུས་འདྲ་བ་ཞིག་མིན་པར་སྤྱི་འཐུས་དངོས་གནས་ཤིག་དགོས་ལ། བོན་པོའི་སྤྱི་འཐུས་ལའང་བོན་པོའི་སྤྱི་འཐུས་འདྲ་བོ་ཞིག་མིན་པར་བོན་པོའི་སྤྱི་འཐུས་དངོས་གནས་ཤིག་དགོས། དེ་བཞིན་བཀའ་ཤག་གི་ལས་འཆར་ཡོད་ཚད་ལ་དགག་པ་རྒྱག་རྐྱང་བྱེད་མཁན་ཞིག་མིན་པར་རྣམ་དཔྱོད་ཀྱིས་འདོར་ལེན་བྱེད་ཐུབ་མཁན་ཞིག་ཡིན་དགོས།
http://www.khabdha.org/?p=12234
ད་ཡིན་ན་གོང་གི་དྲ་ཚིགས་སུ་ཕེབས་གནང་ཞུ། གནས་ཚུལ་ཚ་བོ་དེ་ན་ཡོད།
དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་བཏོན་པའི་གཡུང་དྲུང་བོན་གྱི་སྤྱི་འཐུས་འོས་མི་འདི་རྣམས་རེད།
༡ ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ། བྱ་དུར། བོན་གཞིས།
བོད་ཀྱི་བོན་པོ་ཚོགས་པའི་ཚོགས་གཞོན།
༢ དགེ་བཤེས་སྨོན་ལམ་མཐར་ཕྱིན། ཁྱུང་པོ། རྡ་ས། སྤྱི་འཐུས།
༣ དགེ་བཤེས་རྣམ་དག་གཙུག་ཕུད། ཧོར།། ཝར་ཎ། ཝར་ཎ་དགེ་རྒན།
༤ ཁྲི་གཡུང་དྲུང་། ཆབ་ཆ། བོན་གཞིས། བོན་སྒོ་རྩོམ་སྒྲིག་པ།
༥ ཁྱུང་ལུང་བློ་བཟང་རྒྱ་མཚོ། ཁྱུང་ལུང་། བོན་གཞིས། ས་གནས་འཐུས་
ཚོགས་ཀྱི་ཚོགས་གཙོ།
༦ བ་ར་ཚེ་དབང་བཀྲ་ཤིས། སྦྲ་ཆེན། བོན་གཞིས། ས་གནས་རང་བདེན་ཚོཊ་གཙོ།
༸ དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྤྱི་ལོའི་༢༠༡༠ ཟླ་༩ ཚེས་༢༨ ཉིན་གསལ་བསྒྲགས་གནང་བ་ལྟར་འདིར་བཀོད་པ་ལགས་སོ།།
དངོས་གནས་ཡག་པོ་བསྒྲིགས་འདུག་ཐུགས་རྗེ་ཆེ་གཡུང་དྲུང་བོན་གྱི་སྤྱི་འཐུས་འོས་མི་རྣམ་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ཐེག་ཆེན་གཡུང་དྲུང་བོན་གྱི་སྤྱི་འཐུས་འོས་མི་ལྷུན་རྒྱན་ཚོ་ལ་མཚམས་འདྲི་ཞུ།
ད་གཞི་ནས་གཡུང་དྲུང་བོན་གྱི་སྤྱི་འཐུས་གསལ་བསྒྲགས་བསྐྱངས་པར་སྔོན་གྱི་རྩོད་གླེང་ཐམས་ཅད་རང་བཞིན་གྱིས་འཇམ་ལིང་ངེར་འགྲོ་རྒྱུ་རེད།
བོན་གྱི་སྤྱི་འཐུས་ཀྱི་འོས་འདེམས་སུ་མཚན་འཁོད་པའི་འོས་མི་ཡོངས་ལ་འཚམས་འདྲའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།
ཁྱེད་ཚོ་ཚང་མ་ཐོབ་པའི་རེ་བ་ཡོད།
ད་གཞི་ནས་གཡུང་དྲུང་བོན་གྱི་སྤྱི་འཐུས་ཀྱི་འོས་མི་གསལ་བསྒྲགས་བསྐྱངས་པར་སྔོན་གྱི་རྩོད་གླེང་ཐམས་ཅད་རང་བཞིན་གྱིས་འཇམ་ལིང་ངེར་འགྲོ་རྒྱུ་རེད།
བོན་གྱི་སྤྱི་འཐུས་ཀྱི་འོས་འདེམས་སུ་མཚན་འཁོད་པའི་འོས་མི་ཡོངས་ལ་འཚམས་འདྲའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།
ཁྱེད་ཚོ་ཚང་མ་ཐོབ་པའི་རེ་བ་ཡོད།
དེ་སྔོན་ཁྱེད་ཚོ་ཁྱི་གཞོང་སྟོང་པ་ནང་དུ་ཁྱི་འཛིང་བཏུག་ནས་བསྡད་སོང་བ། ད་གཞི་ནས་འོས་མིག་འདི་ཚོ་དངོས་ནས་སླེབས་ཡོང་དུས་བཤད་རྒྱུ་མེད་པ་ཐག་གིས་ཆོད། རྒྱུ་མཚན་ནི་གོང་གི་མཆན་འདེབས་པ་མང་ཆེ་བས་འདི་དག་ངོ་མི་ཤེས་པས་སོ། ཧ་ཧ་ཧ།
ད་ཅི་ཡིན་ནམ་དྲ་གྲོགས་ཚོ་མཐོང་ཡ་མི་འདུག་ཨ།
༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་བཏོན་པའི་གཡུང་དྲུང་བོན་གྱི་སྤྱི་འཐུས་འོས་མི་རྣམས་ལ་རྟེན་འབྲེལ་ཞུ་བ་དང་ལྷན་དུ་ཁྱེད་རང་ཚོ་འཐོབ་ནས་བསྟན་འགྲོར་སྨན་པའི་་སྨོན་པ་ཡོད།
གཡུང་དྲུང་རྒྱལ་མཚན་ལ་ཤེས་ཡོན་མེད་ཚུལ་བརྗོད་པ་དེ་ཕྱོགས་རིས་ཀྱི་སྐད་ཆ་ཁོ་ན་རེད། ཁོང་ལ་གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་ལ་སྦྱང་པ་ཙམ་དུ་མ་ཟད། བོད་ཀྱི་ཐ་སྙད་རིག་གནས་ཀྱི་སྐོར་ལའང་ཧ་ཅང་ཡག་པོ་ཡོད་པ་གསལ་པོ་རེད། དེ་བཞིན་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་སྔ་རྗེས་སུ་ཡང་ཡང་བཅར་མཁན་གྱི་རྩོམ་པ་པོ་ཞིག་ཡིན་པ་སོགས་ལ་བརྟེན་ནས་ཁོང་ལ་ཤེས་ཡོན་མེད་ཚུལ་བརྗོད་པ་དེ་རྫུན་རང་རེད།
གཡུང་དྲུང་བོན་གྱི་སྤྱི་འཐུས་ཀྱི་འོས་གཞི་རྣམས་ཀྱི་ནང་ནས་ང་གལ་སྲིད་བོན་པོ་ཞིག་ཡིན་ན་དང་པོ་དང་གཉིས་པ་གཉིས་འདེམས་ས་རེད། ཁོང་གཉིས་ལ་ཉམས་མྱོང་དང་ཤེས་ཡོན་ཡོད་པས་ཡིན། འོན་ཀྱང་ང་ལ་གཡུང་དྲུང་བོན་གྱི་འོས་ཤོག་བླུག་རྒྱུའི་ཐོབ་ཐང་མེད།
ལྷ་སྨོན་ལགས། ཁྱེད་རང་བོན་པོའི་གྲྭ་པ་བཟོ་མ་ཐུབ་ནའང་སྔགས་པ་བྱོས་དང་ཆོས་ལུགས་སྤྱི་འཐུས་འདེམས་ཆོག་གི་རེད། ཧ་ཧ་ཧ། སྐུ་རྩེད་ཞུས་པ་ཡིན། དགོངས་འཆར་གནང་བར་ལེགས།
གལ་སྲིད་བོད་སྤྱི་དོན་ལ་བསམ་པ་དཀར་བ་ཞིག་ཡིན་ཚེ་གཡུང་དྲུང་རྒྱལ་མཚན་དང་སྨོན་ལམ་མཐར་ཕྱིན་ཟེར་བ་དེ་གཉིས་བོན་པོའི་སྤྱི་འཐུས་སུ་འདེམས་ཀྱི་མ་རེད་བསམས། བོད་མི་མང་སྤྱི་འཐུས་ནི་ཡོང་ཁུངས་ཆོལ་ཁ་དང་ཆོས་བརྒྱུད་ཡིན་ན་ཡང་སྤྱི་འཐུས་སུ་འདེམས་ཐོན་བྱུང་རྗེས་བོད་མི་མང་གི་སྤྱི་འཐུས་ཡིན་པ་ལས་ཆོལ་ཁའམ་ཆོས་བརྒྱུད་སོ་སོའི་སྤྱི་འཐུས་མ་ཡིན་པ་དེ་ཚང་མས་ཤེས་དགོས། ལྷག་པར་མང་པོ་ཞིག་གིས་བོན་ཞེན་སོགས་ཚིག་ངན་རུལ་དྲི་བྲོ་བ་མང་པོ་སྤྱོད་ཀྱིན་པ་ནི་རང་ཉིད་རུལ་རྟགས་ལས་མ་འདས།
ཧེ་ཧེ། མིག་དམར་རྡོ་རྗེ་ཡིན་ན་གཅིག བོན་པོའི་སྤྱི་འཐུས་འོས་བླུག་མཁན་ནང་དུ་སྨོན་ལམ་མཐར་ཕྱིན་འདེམས་རྒྱུར་ཚང་ཁ་འདུག གང་ལྟར་སྔོན་འགྲོ་འོས་ཤོག་ནང་དུ་ཁོང་འོས་ཤོག་མང་ཤོས་ཀྱི་གྲས་སུ་ཡོད་ཡོད་ཁ་རེད། ད་དུང་གཡུང་དྲུང་རྒྱལ་མཚན་བོན་པོས་འདེམས་མི་དགོས་པར་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་འདེམས་ཀྱི་རེད། མ་གཞི་ཁྱོད་ཀྱི་སྐད་ཆ་འདི་ལ་གོ་རྒྱུ་ཞིག་འདུག་གས། ཆོས་བརྒྱུད་སྤྱི་འཐུས་དེ་ཆོས་བརྒྱུད་ཀྱི་སྤྱི་འཐུས་མ་ཡིན་པར་ཤེས་དགོས་ཟེར། དེ་ག་རེ་ལབ་ཀྱི་ཡོད། ཆོས་བརྒྱུད་ཀྱི་སྤྱི་འཐུས་མ་ཡིན་ན་ཆོས་བརྒྱུད་ཀྱིས་བདམས་ནས་གང་བྱས། ཡང་ན་བོན་པོའི་སྤྱི་འཐུས་དེ་དགེ་ལུགས་ནས་འདེམས་ཟེར་གྱི་ཡོད་དམ། ཁྱོད་ཧོབ་ཏེ་སྒང་ལ་གང་ནས་གཉིད་སད་སོང་། ཨ་ཙི་་་་་མི་ཁྱོད་འདྲའང་ཡོད་ཟིག
བཀའ་སྤྱིའི་འོས་ཤོག་ནང་དུ་རེའུ་མིག་བཞི་རེ་འདུག གལ་ཏེ་གཅིག་མ་བསྐངས་ན་འོས་ཤོག་དེ་རྩིས་མེད་ཡིན་ཟེར། ཁྱོད་ཚོས་རེའུ་མིག་བཞི་ཀ་བསྐང་ཐུབ་སོང་ངམ། གོང་གི་འོས་མི་ངོ་སྤྲོད་པས་རེའུ་མིག་གསུམ་ལ་མ་གཏོགས་ངོ་སྤྲོད་བྱས་མི་འདུག་་ཀ
འདི་འདྲའི་ཁྲིམས་ཤིག་ཡོད་ལུགས་མེད། འདེམས་རྒྱུ་མེད་ན་ག་རེ་བྱེད་དགོས་རེད། བཞི་ཀ་འགེངས་དགོས་པ་དེ་ཡང་ཆབ་སྲིད་ཅིག་ཡིན་གྱི་རེད། ཡང་ན་སྔོན་འགྲོའི་འོས་གཞི་མང་པོ་སླེབས་ཆེད་ཡིན་འགྲོ། ཡང་ན་འོས་ཐོར་ཐབས་ཡིན་འགྲོ། གང་ཤེས།
སྤྱི་འཐུས་ནང་ལ་དུས་རྟག་པ་དཀྲུགས་ཤིང་བརྒྱབ་ནས་མི་མཐུན་པ་བྱེད་ནས་བསྡད་འདུག་མཁན་དེ་ཚོ་ད་དུང་དྲ་ཐོག་ལ་ཕེབས་ཡོན་འདུག་དངོས་གནས་ཡ་མཚན་རེད་ཨ་ཁ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌
བོད་ཞེན་ལགས། སྐྱེ་བོ་གང་ཞིག་ཆོལ་ཁའམ་ཆོས་བརྒྱུད་སོ་སོ་ནས་བདམས་ཐོན་ཡོང་གི་ཡོད་ན་ཡང་་སྤྱི་འཐུས་སུ་སླེབས་མཚམས་བཙན་བྱོལ་བོད་གཞུང་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་རེད། དེ་ཡིན་ཙང་སྤྱི་འཐུས་སུ་འདྲ་ཞིག་ཡིན་རུང་བོད་སྤྱི་པའི་དོན་ལ་བྱུས་གཏོགས་བྱེད་པའི་ཐོབ་ཐང་དང་འགན་ཁྲི་ཡོད། དེར་བརྟེན་བོད་མི་མང་གི་སྤྱི་འཐུས་ཡིན་དགོས་པ་ཞིབ་པར་དཔྱད་ན་མཁྱེན་ངེས།
དེ་བདེན་དུ་ཆུག་ཀྱང་། ཆོས་བརྒྱུད་སྤྱི་འཐུས་དེ་ཆོས་བརྒྱུད་ཀྱི་སྤྱི་འཐུས་མིན་པའི་རྒྱུ་མཚན་ཞིག་བཤད་རོགས། དེ་ལ་ལན་མེད་པར་གཞན་ཞིག་བཤད་མ་བཤད་མི་འདུག ངས་བལྟས་ན་བོད་མི་མང་སྤྱི་འཐུས་ནང་དུ་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་ཀྱི་ཡོད་ཙང་། ཁོ་ཚོ་ལ་དམིགས་བསལ་ཆོས་བརྒྱུད་ཀྱི་འགན་ཡོད་རེད་སྙམ།
ཡོང་ཁུངས་ཀྱི་ཆ་ནས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡིན་པར་རྩོད་པ་ག་ལ་ཡོད། སྤྱི་འཐུས་ཆགས་ཟིན་ནས་གྲོས་ཚོགས་ཀྱི་འཐུས་མི་རེད་ཆེས་ཡང་བསྐྱར་ཞུ་གི་ཡོད། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་ཀྱི་ཡོད་པ་སྤྱི་ཚོགས་ནང་གི་སྡེ་ཚན་འདྲ་མིན་ལ་ཆ་སྙོམས་ཡོང་སླད་རེད། ཆོས་བརྒྱུད་དང་ཆོལ་ཁ་སོགས་མདོར་ན་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ལས་དོན་གང་ལའང་ཡོང་ཁུངས་དབྱེ་བ་མེད་པར་སྤྱི་འཐུས་ཚང་མར་འགན་ཁྲི་ཡོད། གལ་སྲིད་ཆོལ་ཁའམ་ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་རུང་ནས་ང་ཆོལ་ཁའམ་ཆོས་ལུགས་ག་གེ་མོའི་སྤྱི་འཐུས་ཡིན་མ་བསམས་པར་བོད་བཙན་བྱོལ་གཞུང་གི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་བསམ་དགོས་པར་མངོན་ནོ། གལ་སྲིད་དེ་ལྟར་བསམ་ན་ལས་དོན་ཡག་པོ་བསྒྲུབ་མི་ཐུབ་པ་དངོས་མཐོང་རེད། ས་གནས་སུ་བསྡད་མིན་གྱིས་བོན་ཞེན་ལགས་ཀྱི་འདྲི་བར་ལན་འབུལ་རྒྱུ་འགྱང་སོང་བར་དགོངས་འགལ་མེད་པ་ཞུ།
ཡིག་ནོར་གཉིས་ཤོར་འདུག ༡་་ཅེས་ཞེས་པར་ཆེས་དང་། ༢་་ཡིག་ཕྲེང་ལྔ་བའི་དཀྱིལ་ཙམ་དུ་གལ་སྲིད་ཅེས་པ་ཚིག་ལྷག་ཆགས་འདུག་པ་བཟོད་གསོལ་ཞུ།
མིག་རྡོར་ཁྱོད་ཀྱིས་ཉིན་ཁ་ཤས་སྔོན་ནས་”གལ་སྲིད་བོད་སྤྱི་དོན་ལ་བསམ་པ་དཀར་བ་ཞིག་ཡིན་ཚེ་གཡུང་དྲུང་རྒྱལ་མཚན་དང་སྨོན་ལམ་མཐར་ཕྱིན་ཟེར་བ་དེ་གཉིས་བོན་པོའི་སྤྱི་འཐུས་སུ་འདེམས་ཀྱི་མ་རེད་བསམས། “འདི་འདྲ་ཞིག་བཤད་པར་དྲན་གསོས་ཀྱི་འདུག་གམ།
ད་ནི་སྔོན་འགྲོའི་འོས་བསྡུ་འཇུག་གྲུབ་ལ་ཉེ་བར་མ་ཟད་བོན་སྤྱི་སྨོན་ལམ་མཐར་ཕྱིན་ནི་འོས་ཐོབ་བརྒྱ་ཆ་མཐོ་ཤོས་ཀྱི་སྔོན་འགྲོའི་འོས་གཞིར་སླེབས་ཡོད་པ་དང། བོན་སྤྱི་གཡུང་དྲུང་རྒྱལ་མཚན་ནི་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་མཐོ་ཤོས་གྲལ་གྱི་གཅིག་ཡིན་པའི་སྐད་ཆ་གོ་རྒྱུ་འདུག་པས་ཁྱོད་ཀྱི་རེ་བ་དེ་འཇའ་སྣེ་དེད་པ་ནང་བཞིན་ཆགས་ཡོད་པའི་རེ་བ་ཡོད། འོན་ཀྱང་མ་ངུ་རོགས་ཞུ། སྡུག་ན་མཆི་མ་མི་གཏོང་བ། སྐྱེས་པ་ཕོ་ཡི་ངང་ཚུལ་རེད། ཟེར་སྲོལ་ཡོད་རེད། ཧ་ཧ་ཧ།
དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། ཁྱེད་ཉིད་མུ་འཐུད་བོན་སྤྱི་ལ་ཕེབས་ཐུབ་པའི་རེ་བ་དང་འབོད་བསྐུལ་ཞུ་རྒྱུ་ཡིན། འདི་ནི་བོན་པོ་སྒེར་གྱི་གནད་དོན་མ་ཡིན་ལ་ཁྱེད་རང་ཉིད་ཀྱི་སྐུ་དོན་ཡང་མ་ཡིན། ད་ལྟའི་བོད་ཀྱི་གནད་བབ་དང་ཁྱེད་ཉིད་ཀྱི་སློབ་སྦྱོང་དང་དགོངས་སྤྱོད་སོགས་ལ་བལྟས་ཚེ་ཕན་ཐོགས་ངེས་ཅན་དུ་ཡོད་པར་མཐོང་ནས་ནས་ཞུ་བ་ཡིན། ལས་ཀ་མེད་པས་ཁ་འཁྱམས་བཤད་ལ་དགའ་བ་འདི་དག་གིས་ཇི་བཤད་ཉན་དགོས་མེད་པ་ཁྱེད་ཀྱིས་ཀྱང་ལོས་མཁྱེན།
ངས་ལྟས་ན་གྱུང་དེཨུང་རྒྱལ་མཚན་ཟེར་བ་དེ་ངོ་མ་གཡུང་དྲུང་བོན་ལ་ཧ་ཅིང་གི་ཞེན་གོག་ཆེན་པོ་ཡོད་པ་དང་ཕྱོགས་གང་ཐད་ནས་འཇོན་པོ་ཡང་འདུག་བསམ་གི།
ཁོང་མདོ་སྟོད་ཀྱིས་སྤྱི་མཐུའི་བྱེད་པའི་སྐབས་སུ་ཡང་གྱུང་དྲུང་བོན་ལ་བྱས་རྗེས་བརླབས་པོ་ཆེ་ཞིག་ངོ་མ་བཞག་སོང་།
དེ་ལྟར་ཡིན་ཚང་ད་ལྟ་ཡང་བོན་པོ་ཡོངས་ཀྱིས་ཁོང་ལ་བོན་ཀྱིས་སྤྱི་མཐུས་སུ་འོས་ཐོཔབ་པ་ཡིན་ན་བོན་པོ་སྤྱི་ལ་ཕན་པ་ངེས་པར་དུ་ཡོད་པ་གདོད་མི་ཟ།
ང་རང་བོན་པོ་མིན་ཀྱང་བློ་ག༷ཨུ་བོར་གནས་པའི་སྐད་ཆ་ཚམ་ཡིན
དགོངས་དག་གཡུང་དྲུང་རྒྱལ་མཚན
ཉོག་གཏམ་རྐྱང་རེད་་་
ད་ནི་སྤྱི་འཐུས་སྔོན་འགྲོ་འོས་ཤོག་འཕེན་ནས་ཟླ་ཕྱེད་ཙམ་ཟིན་པས།སུ་ལ་སྔོན་འགྲོའི་འོས་ཤོག་མང་བ་ཐོབ་མིན་ཕལ་ཆེར་ཚང་མའི་གོ་ཡོད་ཚོད་རེད།དྲ་གྲོགས་ཚོ་དེ་འདྲ་ཤེས་རྟོགས་བྱུང་ཚེ་འདིར་བཀོད་ན་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཡོང་ངེས་རེད་བསམ།དེ་མིན་ཚོད་དཔགས་དང་རེ་བ་མཉམ་སྦྱར་ཏེ་ཁོ་འོས་དང་མ་འོས་སྐད་ཆ་བཤད་ན་ཕན་ཐོགས་འདྲ་ཨེ་ཡོད།དེ་ལས་ས་གནས་མང་པོའི་ནང་སྔོན་འགྲོའི་འོས་བསྡུའི་གྲ་སྒྲིག་ཡག་པོ་མ་བྱུང་བ་དང་ལྷག་པར་རྡ་སའི་སྔོན་འགྲོའི་འོས་འཕེན་སྐབས་ལྟ་རྟོགས་དང་སྟངས་འཛིན་མེད་པར་འོས་བསྡུའི་སྒྲིག་གཞི་དང་ཡོངས་སུ་འགལ་ཡོད་པའི་ཐོག་དངོས་གཞིའི་འོས་བསྡུའི་སྐབས་ཇི་ལྟར་དགོས་མིན་ལ་བསམ་ཚུལ་བརྗེ་རེས་དང་དབུས་འོས་བསྡུ་ལྷན་ཁང་ནས་ས་གནས་འོས་བསྡུ་ལྷན་ཁང་ཁག་གི་ལས་དོན་གནང་ཕྱོགས་ཚགས་ཚུད་བྱུང་མིན་ལ་སྐྱར་ཞིབ་བྱེད་གལ་སོགས་ལ་ཚང་མའི་འགན་འཁུར་ཐུབ་ན་རྒྱལ་ཡོངས་འོས་བསྡུ་ཆེན་མོར་ཐུགས་ཕན་གསོ་རེ་ལ་དགོངས་བཞེས་གནང་གལ་ཆེའོ།
ཟམ་གདོང་བླ་མར་སྡང་བའི་སེམས་བཟུང་སྟེ།།
ཁུ་ཚུར་གཡས་ལ་འཕྱར་ཞིང་གཡོན་དུ་འཕྱར།།
ཁ་ནས་གང་བྱུང་སྐྱོན་འཛུགས་མེ་ལྕེ་གཏོར།།
དེ་འདྲར་ཞེན་ཁོག་ཟེར་རམ་ངན་པ་ཟེར།།
རྣམ་འབྱེད་བློ་ཡིས་ལེགས་པར་དཔྱད་ན་མཁས།།
གལ་སྲིད་བོད་སྤྱི་དོན་ལ་བསམ་པ་དཀར་བ་ཞིག་ཡིན་ཚེ་གཡུང་དྲུང་རྒྱལ་མཚན་དང་སྨོན་ལམ་མཐར་ཕྱིན་ཟེར་བ་དེ་གཉིས་བོན་པོའི་སྤྱི་འཐུས་སུ་འདེམས་ཀྱི་མ་རེད་བསམས། ཞེས་བྲིས་པ་ཡིན། རྒྱུ་མཚན་ནི་དེ་གོང་སྤྱི་འཐུས་གྲོས་ཚོགས་འཇུག་བསྡོམས་རྒྱག་མ་ཐུབ་པའི་རྐྱེན་རྩ་ཁོང་གཉིས་དང་དེའི་ཕྱོགས་གཏོགས་ཚོར་ཐུག་པས་ཡིན། གྲོས་འཆར་དེ་ནི་སྤྱི་དོན་ལ་ཕན་པ་ཞིག་ལས་གནོད་པ་ཞིག་ངས་ནི་མ་མཐོང་། དགག་པ་རྒྱག་པ་སོ་སོའི་འདོད་མོས་ཡིན་རུང་སྤྱི་དོན་ལ་མ་བསམ་པར་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་པ་ནི་ལེགས་པའི་བྱ་བ་ཞིག་ཨེ་ཡིན། དེ་ལས་ལྷག་པའི་མ་དགའ་ཞེ་འཛིན་བྱེད་དགོས་དོན་གང་ཡང་མེད། གྲོས་ཚོགས་ཀྱི་གློག་བརྙན་མཐོང་བ་ལས་ཁོང་གཉིས་ངོ་ཡང་ཤེས་ཀྱི་མེད། ད་ཆ་སྔོན་འགྲོའི་འོས་གཞིའི་གྲངས་ཚད་མཐོན་པོ་ཐོབ་ཡོད་ན་ཁོང་ཚོར་རྒྱབ་སྐྱོར་གནང་མཁན་ཚོའི་ཐུགས་རེ་འགྲུབ་པ་རེད། འོན་ཀྱང་སྤྱི་འཐུས་སུ་ཕེབས་ཟིན་རྗེས་སྤྱི་པའི་མི་ཞིག་གནང་བའི་རེ་བ་དང་སྨོན་ལམ་རྒྱག་གི་ཡོད།
དྲྭ་གྲོགས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ། ང་འབྲུག་གྲགས་རྒྱལ་པོ་ཡིན། ང་ཁ་བརྡ་དྲྭ་བར་ཡོང་བ་དང་པོ་ཡིན། འདི་ས་སྔར་མ་ཤེས་པ་མང་པོ་ཞིག་ཤེས་པའི་རེ་བ་ཡོད།