བོད་ཀྱི་གནས་སྟངས་ནི། ད་དུང་ཡང་དཀའ་ངལ་གྱི་འོག་ཏུ་ཡོད། བོད་རྒྱའི་གནད་དོན་ནི། ད་དུང་ཡང་ཐག་མ་ཆོད་པའི་ངོ་བོར་ལྷག་ནས་ཡོད།
༧གོང་ས་མཆོག་་དགུང་ལོ་བགྲེས་ནས་བགྲེས་རུ་འགྲོ་བཞིན་ཡོད། བོད་ནང་གི་རྒྱ་ཆེའི་མི་མང་གིས་རེ་བའི་མིག་ཟུང་དེ་༧གོང་ས་མཆོག་ལ་ཅེར་ནས་ཡོད། བཙན་བྱོལ་གྱི་མི་རབས་རྒན་པ་དག་གིས། བོད་ལ་ལོག་ཐུབ་ན་བསམ་ནས་དབུགས་ཀྱི་རྒྱུ་བ་དེ་མ་འགག་པར་བསྡད་ཡོད།
བཙན་བྱོལ་བོད་མི་རྣམས། འཛམ་གླིང་གི་ཡུལ་གྲུ་གང་སར་འཐོར་ནས་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ན་གནས་བའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས། རང་ཉིད་གནས་སའི་ཡུལ་གྲུ་དེའི་མི་སེར་ཆགས་ཐབས་ལ་འབད་ཀྱི་ཡོད།
མང་པོ་ཞིག་མི་སེར་ཆགས་ནས་ཡོད། ཉུང་ཤས་ཤིག་མི་སེར་ཆགས་བཞིན་ཡོད། མི་སེར་ཡིན་པ་དང་མིན་པ་གཉིས་ཀ། བོད་ལ་ལོག་འདོད་ཡོད། གང་མགྱོགས་བོད་ལ་ལོག་ཐུབ་ན་བསམ་ཀྱི་ཡོད།
བོད་ལ་ལོག་འདོད་ཀྱི་འདུན་པ་དེ་ཚང་མར་གཅིག་མཚུངས་སུ་ཡོད། འོན་ཀྱང་། བོད་ལ་ལོག་སྟངས་ཐད་། བཙན་བྱོལ་བོད་མི་ཚོའི་བསམ་ཚུལ་མི་མཐུན།
༧གོང་ས་མཆོག་གིས། རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་བཟུང་ནས་བོད་དུ་ལོག་འདོད་ཡོད་གསུངས། ངེད་ཀྱི་གྲོགས་པོས། རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་བཟུང་ནས་བོད་དུ་ལོག་གི་མིན་ཟེར།
བོད་ལ་རང་བཙན་མ་ཐོབ་ན། རང་ཉིད་མི་སེར་ཡིན་པའི་རྒྱལ་ཁབ་དེའི་ཕྱི་སྐྱོད་ལག་འཁྱེར་བཟུང་ནས་བོད་དུ་ལོག་གི་ཡིན་ཟེར། ངེད་ཀྱི་གྲོགས་པོས། ཤི་ན་གསོན་ན། རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་འཛིན་རྒྱུ་རྨི་ལམ་ལ་ཡང་མེད་ཟེར།
ྐློག་མཁན་ཁྱེད་རང་། རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་བཟུང་ནས་བོད་དུ་ལོག་འདོད་ཡོད་དམ།
འདི་ལྟར་བསམས་ན་མ་གཞི་ནས་ང་སྐྱབས་བཅོལ་དུ་ཡོང་བ་རྩ་བ་ནས་ནོར་འདུག
རྒྱ་ནག་གི་བཅའ་ཁྲིམས་འོག་གི་རང་སྲིད་རང་སྐྱོང་དང་རྒྱ་ནག་གི་ཕྱི་བསྐྱོད་ལག་ཁྱེར་གཉིས་ཀྱི་བར་དུ་མཚུངས་རྟགས་ལས་འགལ་རྟགས་ཅི་ཡང་མེད། སྐད་ཆ་ཐག་ཉེ་ས་ནས་བཤད་ན་ང་ཚོས་ད་བར་རྒྱ་ནག་གི་ཕྱི་བསྐྱོད་ལག་ཁྱེར་མ་རག་པར་ལོ་ངོ་ལྔ་བཅུ་ལྷག་ལ་དཀའ་ལས་བརྒྱབ་པ་མཁྱེན་པར་མཛོད།
ང་ཡང་རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་རག་ན། བོད་ལ་འགྲོ་འདོད་ཡོད་ཀྱང་། སྡོད་འདོད་མེད། སྡོད་འདོད་ཡང་བྱུང་བའི་དུས་ཚོད་གསར་པ་ཞིག མྱུར་དུ་སྨིན་པའི་སྨོན་འདུན་ཞུ།
བོད་ལ་ལོག་རྒྱུར་སྒུག་ནས་ཡོད། ཕ་ཡུལ་མ་མཐོང་ནས་ལོ་ངོ་མང་པོ་འགྲོ་སོང་།
ཞུ་མཆིད་དང་པོ། འདྲི་བ་འདི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བརྡ་ཐོ་རེད་དམ། རྩོམ་པ་པོའི་མིང་མིན་འདུག
ཞུ་མཆིད་གཉིས་པ། གོང་ས་མཆོག་གི་གསུང་ངོ་མ་འདི་ཅིག་ཁྲོམས་རོགས། ཡིད་ཆེས་ཀྱི་མིན་འདུག རྒྱལ་བ་རིན་པོ་ཆེས་འདི་འདྲ་རྩ་བ་ནས་གསུང་ཨེ་ཡོང་སྙམས་པའི་དྭོགས་པ་སླེབས་ཀྱིན་འདུག
༧གོང་ས་མཆོག་གིས་དེ་འདྲ་གསུངས་འདུག
ང་ནི་བོད་ལ་འགྲོ་འདོད་ཆེ་སྟེ་ཀ་རྡོ་བཞིན་སྡོག་སྙིང་མི་འདོད།
གལ་ཏེ་མིང་དོན་མཐུན་པའི་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྐྱོང་ཐོབ་ན་རང་ཡུལ་ལ་ལོས་སྡོད།
དེ་མིན་ད་ལྟ་རྒྱ་གར་གྱི་མི་སེར་ཡིན་ལ་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་གང་རུང་ཞིག་གི་མི་སེར་ཐོག་སྡོད་འདོད།
སེམས་སྐྱོ་མི་སྐྱོ་ཨ། བོད་ཀྱི་ལས་དབང་། ཨ་མ་་་་་་་་་་་་་་ཨ་མ་་་་་་་་་་་་མམམམ
རྒྱ་ནག་གཞུང་ཚབ་ཁང་གིས་ད་སྐབས་ཕྱིར་ལོག་ཆོག་པའི་ལག་འཁྱེར་སྤྲོད་བཞིན་འདུག ཉིན་མ་རེར་མི་སུམ་བཅུ་རེ་ཐོ་འགོག་གིན་པ་རེད། གཞུང་ཚབ་སྒོ་ཁར་པང་སྒྲིག་མཁན་མང་ཆེ་བ་གྲྭ་བཙུན་རེད་འདུག རྒྱ་གར་སྒོ་སྲུང་བར་སྒོར་བརྒྱ་རེ་བྱིན་ནས་ཐོ་འགོག་ཨང་གྲངས་ལེན་མཁན་ཡང་གྲྭ་བ་རེད། སྔ་ཕྱི་བཙད་ནས་འཛང་རེས་རྒྱག་མཁན་ཡང་མང་ཆེ་བ་གྲྭ་རྒོད་ཚོ་རེད་འདུག ཁྱོད་ཚོ་ཁོམ་པ་རེ་ཡོད་ན་གཞུང་ཚབ་སྒོ་ཁར་ཕེབས་དང་སྟོན་མོ་རིག་རྒྱུ་མང་གི་ཡ།
གང་ལྟར་སྔ་ཕྱི་མ་གཏོགས་བོད་པ་ཕལ་ཆེར་གྱིས་རྒྱ་ནག་གི་ཕྱི་སྐྱོད་ལག་ཁྱེར་བཞེས་ངེས་རེད། དེ་ནི་ད་ལྟ་ང་ཚོའི་གཞུང་གིས་རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱེད་བཞིན་པའི་ཆ་ཤས་གཙོ་བོ་ཞིག་ཀྱང་ཡིན། རང་ཉིད་སྐྱབས་བཅོལ་གྱི་ལག་ཁྱེར་སེར་པོ་སྒང་ནས་བོད་མི་གཙང་མར་མི་འདུག་པར་སྐྱག་རྫུན་དང་ཐབས་ཤེས་སྣ་ཚོགས་སྒོ་ནས་རང་ཉིད་མི་སེར་གཞན་དུ་བསྒྱུར་ནས་ལྷོད་བཞུགས་ཀྱི་ངང་ཚུལ་སྐབས་ཁ་རྒྱག་པ་དེ་འདྲ་ལོས་བཤད།
ད་བླ་མས་བསུང་ན་དེ་འདྲ་ཡིན་གྱི་རེད། གཅན་བཟོད་རྒྱམ་གི་བཤད་པ་བདེན་པ་རེད་།།།།།།།།། བིད་མི་རིགས་དེ་ཨ་ཧཧཧཧཧཧཧཧཧ
བོད་ལ་ལོགས་འདོད་ཆེ་ཡང་། གཞུང་ཚབ་སྒོ་མགྲམ་དུ་ཉལ་འདོད་མེད།