བོན་རྒྱ་བསྟན་འཛིན་རབ་རྒྱས།
བོད་ཀྱི་དུས་བབ་ (༤༩༧ )པའི་རྩོམ་སྒྲིག་པའི་གཏམ་གྱི་ཁ་བྱང་ལ་《བཅའ་ཁྲིམས་ཀྱི་ཉེན་ཁ》ཞེས་འཁོད་འདུག དེ་ལས་བདག་གིས་བཅའ་ཁྲིམས་ཀྱི་ཉེན་ཁ་ཞིག་མ་མཐོང་མོད།ད་ནས་བཟུང་རྡོ་ཆག་བཙན་སྒྲིག་གི་རྩོམ་འཆལ་འདི་དང་འདི་འདྲ་བ་དག་གིས་ས་མིག་འདི་བརླག་རྒྱུ་ཡིན་ནམ་སྙམ་པའི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཞིག་དང་ལྷན་རྩོམ་སྒྲིག་པའི་གཏམ་གྱི་ཉེན་ཁ་ཞིག་མཐོང་སོང་། བཅའ་ཁྲིམས་ནི་ང་ཚོ་ཚང་མའི་བཅའ་ཁྲིམས་ཡིན་པས་འགྱིག་བྱི་རིལ་ལྟར་གང་ལ་འཐེན་ཆོག་ཆོག་ཅིག་མིན་ན། བོད་ཀྱི་དུས་བབ་ཀྱང་ང་ཚོ་ཐུན་མོང་གི་བོད་ཀྱི་དུས་བབ་ཡིན་པས་སྡིངས་ཆ་འདི་བལྟས་བལྟས་རིག་རིག་ལ་འདི་ལྟར་ནག་ནོག་ཧྲལ་ཧྲུལ་བཟོས་ཆོག་གམ།
ངས་བལྟས་ན་རྩོམ་སྒྲིག་པས་བཤད་འདོད་པ་ནི།བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ག་གེ་མོའི་ནང་གི་བཀའ་ཁྲིའི་ཡུན་ཚད་ཀྱི་སྐོར་དེ་བཟོ་བཅོས་ཀྱི་གྲོས་འཆར་གཏོ་འདྲ་བ་ཞིག ཐེངས་གཉིས་ལ་གྲོས་ཚོགས་ནང་ཐོན་པ་དེ་ནི།བཅའ་ཁྲིམས་རིན་པོ་ཆེ་བཀའ་ཁྲི་བཟང་ངན་གྱི་རྗེས་སུ་འགྲོ་ལྡོག་བྱེད་སྲིད་པའི་ཉེན་ཁ་ཞིག་ཡིན་པ་དང་། ༸གོང་ས་མཆོག་གི་སྐུ་དྲིན་ལས་ཤ་དང་ཁྲག་གི་འགྲོ་སོང་མ་དགོས་པར་བོད་པ་ཚོ་མང་གཙོའི་ལམ་ཆེན་སྟེང་ཐོལ་བརྒལ་བྱས་རྐྱེན་ཉམས་མྱོང་གིས་མ་འདང་བ་དང་། མཁས་དབང་ཟམ་གདོང་གི་འགྲན་ཡར་ཕོད་མཁན་ཕར་ཞོག ཚོད་ལྟ་བྱེད་མཁན་ཙམ་ཡང་མ་བྱུང་བར་འོས་བསྡུ་ཆེན་མོ་གཉིས་ཁུ་སིམ་སིམ་དང་འུ་ཐུག་གི་སྒྲུང་སྟེ། བཀའ་ཟུར་འཇུ་ཆེན་གྱིས་བཟང་སྤྱོད་ཀྱི་སྒོ་ནས་འོས་གཞིར་དགོངས་པ་མ་ཞུས་པ་ཙམ་ཞིག་གིས་འོས་བསྡུ་འགྲོ་ཐབས་བྱས་པ་དེས་བཙན་བྱོལ་བ་ཚོ་མ་འོངས་པར་བཀའ་ཁྲི་རག་མིན་ཐད་སེམས་ཁྲལ་དང་འཇིགས་སྣང་སྐྱེས་པ་རེད་མོད། ད་ལོ་བོད་གངས་ཅན་གྱི་བུ་རྒོད་སྟག་འདྲ་གཟིག་འདྲ་དག་གིས་ངས་འཇོན།ངས་བྱེད་ཅེས་མདུན་དུ་ཐོན་པ་ནི་མང་གཙོའི་སྟེང་གི་གོམ་ཆེན་ཐེངས་གཅིག་རེད་ཅེས་བཤད་འདོད་པ་རེད་དེ། ཁོས་དེ་འདྲ་ཞིག་མ་ཤོད་པར། ༸གོང་ས་མཆོག་གིས་མང་གཙོའི་ལམ་ཆེན་སྟེང་ཧོལ་རྒྱུགས་དང་ཐོལ་བརྒལ་བྱས་པ་དང་། ན་ནིང་གཞེས་ནིང་ལོར་ང་ཚོས་བཀའ་ཁྲིའི་སྐོར་ལ་སེམས་ཁྲལ་བྱས་པ་ནི་༸གོང་ས་མཆོག་གི་བཀའ་དགོངས་ལྟར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་དེ་མ་འགྲིག་པ་འདྲ་ཞིག་བཤད་འདུག་པ་མ་ཟད། བཀའ་དགོངས་དེའི་དབང་གིས་བཙན་བྱོལ་མི་མང་ལ་འཇིགས་སྐུལ་ཆེན་པོ་ཐེབས་པ་དང་།ཨ་ཆད་འུ་ཐུག་གི་སྒྲུང་མང་པོ་ཞིག་བཟོ་དགོས་བྱུང་བར་བཤད་འདུག འདི་ནི་རྩོམ་སྒྲིག་པས”འདོགས་མ་ཤེས་བྱུ་རུ་སྣ་མགོ། བཤད་མ་ཤེས་དོན་ལོག་ཁྲོམ་བཤད། ”བྱས་པ་མ་ཡིན་ནམ།
ཡང་བཅའ་ཁྲིམས་རིན་པོ་ཆེའི་བཀའ་ཁྲིའི་ཡུན་ཚད་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་འཆར་ལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཐ་སྙད་དང་ཁྲིམས་འཆར་ཟེར་བ་ཞིག་གི་མིང་སྦྱར་བ་དང་།ཚིག་དེ་ལ་བཅའ་ཁྲིམས་ནང་གི་རྩ་ཚིག་ཅེས་བརྡ་སྦྱར་ཡོད་པ་དང་། གྲོས་འཆར་སྔ་ཕྱི་གཉིས་ཀ་ངོ་བོ་འདྲ་ནའང་། སྤྱི་ཟླ་གསུམ་པའི་ནང་སླེབས་པའི་གྲོས་འཆར་གྱི་རྒྱབ་ན་མི་མང་གི་ལྷག་བསམ་སྐུང་ཡོད་པ་དང་།ཐེངས་འདིའི་གྲོས་འཆར་ནི་སྐབས་འཚོལ་བ་སྐོར་ཞིག་གིས་བསམ་བཞིན་བཅའ་ཁྲིམས་རིན་པོ་ཆེ་འགྱིག་བྱི་རིལ་ལྟར་བཟོ་འདོད་པ་ཡིན་ལུགས་ཀྱི་ཞིབ་ཆ་ཁུངས་མི་ཐུབ་པ་འབྱེད་ཡོད་པ་སོགས་ནི་ཞིབ་ཆ་མ་ཐོན་པ་དང་ཆབ་སྲིད་ཀྱི་གནད་ཚིག་ལ་དཔྱད་བརྗོད་སྤེལ་ཤེས་ཀྱི་མེད་པའི་རྟགས་ཆེན་པོ་རེད།
ཡང་རྩོམ་དེ་རུ་དང་པོར་གྲོས་འཆར་དེ་གྲོས་ཚོགས་ནང་ཡོང་སྟངས་སྐོར་བཤད་གྲབས་ཤིག་བྱས་ཏེ་མ་བཤད་པར་ན་ནིང་གཞེས་ནིང་གི་སྐོར་ཞིག་ལ་མཆོང་བ་དང་། དེ་ཡང་ཅུང་ཙམ་བཤད་རྗེས་མུ་མཐུད་དེ་མ་བཤད་པར་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ཀྱི་སྐོར་ཞིག་ལ་ཆས་པ་དང་། དེ་རྗེས་སུའང་བསྐྱར་ཏུ་མང་གཙོའི་ལམ་སྲོལ་དང་ད་ལོའི་བཀའ་ཁྲིའི་འོས་གཞིའི་སྐོར་ཞིག་བཤད་པ་མ་ཟད། བསྐྱར་དུ་སྐབས་སྔ་མའི་འོས་བསྡུའི་སྐོར་ཞིག་བཤད་པ་སོགས་ཡར་སྣེའི་ཚིག་མགོར་འཇུས་ནས་ཟུག་འཐེན་བྱས། མར་སྣེའི་ཚིག་མགོར་འཐམ་ནས་སེན་འདྲད་བྱས་ཏེ་ཡར་བཤད་མར་བཤད་བཅོ་བརྒྱད་བྱས་མཐར་མི་མང་གིས་”བསམ་བློ་རྣལ་དུ་ཕོབས་ལ་འདང་རྒྱོབས་”ཞེས་སྐུལ་ཚིག་ཅིག་དང་ལྷན་བཅའ་ཁྲིམས་མི་སྒེར་གྱི་རྗེས་སུ་འགྲོ་ལྡོག་བྱས་ནས་རྩེ་སྤྱད་བྱས་ན་ཆོག་གམ་ཞེས་ལྡོག་འདྲི་ཞིག་བྱས་ཡོད་པའི་ཁུལ་རེད་དེ། མ་གཞི་ནས་ད་རེས་ཀྱི་འདི་འབྲི་དུས་སེམས་རྣལ་དུ་ཕབ་མེད་པ་གསལ་བོ་ཡིན་པ་མ་ཟད། གཏམ་འདི་བཀླགས་ཚར་རྗེས། ངའི་ཚོར་སྣང་ཞིག་ལ།རྩོམ་སྒྲིག་པ་བར་སྣང་ནས་འཁོར་འཁོར་ཏེ་ས་ལ་ཐར་སེ་བརྡབས་པ་ལྟ་བུ་ཞིག་གི་ཚོར་སྣང་བྱུང་སོང་།
བོན་རྒྱ་བསྟན་འཛིན་རབ་རྒྱས་ཞུ་བ་ཁོང་གི་རྩོམ་ཡིག་འདི་ལྟར་འབྲི་གནང་མཛད་པ་ཡག་པོ་འདུག་མོད། མ་འདང་བའི་ཆ་མང་པོ་འདུག ལྷག་པར་དུ་དུས་བབ་རྩོམ་སྒྲིག་པའི་གཏམ་དེ་གསལ་བོ་ཞིག་གོ་ཐུབ་མེད་པའི་བཟོ་འདྲ་ཞིག་འདུག་ལ། མཚམས་རེར་མཐོ་དྲགས་པ་དང་། མཚམས་རེར་དམའ་དྲགས་པའི་སྐད་ཆ་བཤད་མཁན་ཞིག་གི་བཟོ་ལྟ་ཡང་འདུག
ད་ཆི་རེད། ཅིག་འགྲིག་གི་མེད་རབས་མ་གཏོགས་བཤད་རྒྱུ་གཞན་མེད་པ་ཨེ་རེད། དངོས་ནས་ད་རེས་ཀྱི་རྩོམ་སྒྲིག་པའི་གཏམ་དེ་ཅིག་འགྲིག་མེད་ནི་ཨེ་རེད། གཤམ་གྱི་ཁ བྱང་འདིར་མནན་ནས་ལྟོས་དང་། དེ་ནའང་འདིའི་སྐོར་གླེང་སྟངས་གཞན་པ་ཞིག་གིས་གླེང་བཞིན་འདུག
http://www.tibettimes.net/blogs.php?id=100&post_id=11685
ksjd sdjaje sdj kad
༸གོང་ས་མཆོག་གིས་ཨ་རིའི་གཞུང་ཚབ་པར་དགོངས་སེལ་ཞུས་པ་དང། ཅིའི་ཕྱིར་ཞུས་པ་བོད་ཀྱི་དུས་བབ་རྩོམ་སྒྲིག་པས་མ་མཁྱེན་པ་རེད་དམ། ཡང་ན་ནམ་རྒྱུན་ཁ་བདེ་ལག་བདེ་བྱས་པ་རྣམས་དྲན་པའི་ཡུལ་ནས་བརྗེད་པ་རེད་དམ། ཁོ་པ་ཁེ་ན་དྷ་ནས་ཚུར་མ་ཡོང་བ་དེས་རྗེས་སུ་བོད་རིག་པའི་མཐུན་ཚོགས་ལ་བཞུགས་རྣམས་ལ་མི་གནོད་པའི་ཁས་ལེན་ཟཐུབ་བམ།
བསྟན་འཛིན་རབ་རྒྱས་ལགས་བཙན་བྱོལ་གཞུང་གི་བཅའ་ཁྲིམས་བསྐྱར་བཅོས་མི་ཆོག་པའི་རྒྱུ་མཚན་གང་ཡང་མེད་ལ་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་མི་དམངས་ཀྱི་བློ་ཁ་དང་བསྟུན་ནས་བསྐྱར་བཅོས་བཟོ་ཆོག།
ཁྱེད་ཀྱིས་འདོད་པ་ལྟར་ང་ཚོའི་བཅའ་ཁྲིམས་ནི་སྟོན་པ་ཤཀྱ་ཐུབ་པས་བཟོ་བའི་འདུལ་ཁྲིམས་ནང་བཞིན་ཡིན་མི་དགོས་པ་དེ་ཁྱེད་ཀྱི་ཡིད་ལ་འཇགས་པར་འཚལ་ལོ།།
དུས་བབ་དྲ་ངོས་ན་ཟིན་བྲིས་པ་བསྟན་འཛིན་ཚེ་དཔག་གིས་ཀྱང་འདི་འདྲ་ཞིག་སྤེལ་འདུག
དྲ་བྱང་ http://www.tibettimes.net/blogs.php?id=100&post_id=11685 འདིའི་སྟེང་ན་འདུག
གསལ་བཤད།
༼བསམ་ཚུལ་ཐུང་ངུ་འདི། དུས་བབ་དྲ་ངོས་ཀྱི་རྩོམ་སྒྲིག་པའི་གཏམ་གྱི་མཇུག་དེར་བསམ་ཚུལ་འདོན་ཡུལ་བརྒྱུད་ནས་ཕུལ་བ་ཡིན། འོན་ཏེ། དྲ་ངོས་སུ་འཆར་བཅུག་མ་སོང་། གཅིག་ཏུ་ན། ༼མཆན་ལ་ཞིབ་བཤེར་བྱས་རྗེས་བརྗོད་གཞི་དང་འཚམ་པའི་རིགས་དྲ་ངོས་ལ་འདོན་འཇུག་རྒྱུ་ཡིན།༽ཞེས་པའི་རྩ་འཛིན་དང་འགལ་ཡོད་ཀྱང་སྲིད། ད་ཆ་ཟིན་བྲིས་བརྒྱུད་ནས་ཕུལ་བ་ཡིན།༽
༄༅།། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་མཆོག་ལ་ཞུ་རྒྱུར།
ད་ལན་ངས་ཞུ་འདོད་ལྟེ་བ་ནི། ཚགས་ཤོག་སྤྱིའི་འདོན་ཐེངས་ ༤༩༧ སྟེང་གི་རྩོམ་སྒྲིག་པའི་གཏམ་གྱི་སྐོར་ལ་ཡིན། སྤྱིར་གསར་ཤོག་གང་རུང་གི་རྩོམ་སྒྲིག་པའི་གཏམ་ནི་གསར་ཤོག་གང་དེའི་ལངས་ཕྱོགས་དང་ལྟ་སྟངས་མཚོན་བྱེད་ཅིག་ཏུ་བརྩི་བ་ནི་ཞུ་ཅི་དགོས། དེ་ལྟར་ནའང༌། ལངས་ཕྱོགས་དང་ལྟ་སྟངས་གང་དེས། བདེན་པ་དང༌། གནས་ལུགས་གཉིས་གཙིགས་འཛིན་བྱེད་དགོས་པ་ལས། བདེན་པ་དང་གནས་ལུགས་ཀྱི་རྒྱ་མཚམས་བརྒལ་བ་ཡིན་ན། དེ་ནི་ཆེད་མངགས་ཀློག་མཁན་སྤྱི་ཚོགས་ལ་འགན་མ་འཁུར་བ་ཞིག་ཡིན་སྟབས། གཞི་རྩ་འདིའི་སྟེང་ནས་ཚིག་འགའ་ཞིག་ཞུ་དགོས་ཆགས་སོང་བ་གཤམ་གྱི་འདི་ཡིན། ཀློག་མཁན་དཀྱུས་མ་ཞིག་གིས་དཀྱུས་མའི་བསམ་ཚུལ་ཕུལ་བ་ཙམ་ཡིན་སྟབས། བདག་སྤྲོད་ཡོང་མིན་ཐད་དེ་ནས་བབ་གཟིགས་གནང་རོགས་ཞེས་ཐོག་མ་ནས་ཞུའོ།།
ངས་གོ་བ་ལེན་སྟངས་ནོར་མེད་ན། ང་ཚོའི་དམངས་གཙོ་འདི་ྋགོང་ས་མཆོག་བོད་དུ་བཞུགས་སྐབས་ནས་དགོངས་པ་བཞེས་མྱོང་བ་ཞིག་དང༌། དུས་དང་གནས་ཚུལ་གྱི་འགྱུར་བའི་དབང་གིས། བཙན་བྱོལ་དུ་ཕེབས་བཞུད་ཀྱི་སྐབས་ན། གཟོད་ལག་ལེན་དུ་བསྟར་བ་ཞིག་ཡིན་པ་ཁོང་གི་རང་རྣམ་དང་བཀའ་སློབ་ཁག་ན་གསལ་བཞིན་དུའང༌། ད་ལམ་རྩོམ་སྒྲིག་པ་མཆོག་གིས་བདེན་པའི་གནས་སྟངས་འདིར་འགྲེལ་བཤད་གཞན་ཞིག་བརྒྱབ་འདུག་པ་སྟེ། ༼ཧོལ་རྒྱུགས་ཐོད་བརྒལ་ལྟ་བུའི་དམངས་གཙོའི་ལམ་ཆེན༽་ཞེས་བཀོད་པ་ལ་རྒྱུ་མཚན་ཅི་ཡོད་ངེས་པར་གསལ་ཁ་ཞིག་གནང་རོགས།
ཡང་། ༼མི་ལོ་ལྔ་བཅུའི་རིང་མངོན་འགྱུར་བྱ་མ་ཐུབ་པའི་དམངས་གཙོའི་ལམ་སྲོལ༽ཞེས་ཀྱང་བཀོད་དེ་འདུག མི་ལོ་ལྔ་བཅུ་ཏག་ཏག་འཁོར་བའི་ང་ཚོའི་དམངས་གཙོ་འདི་དམངས་གཙོ་མ་རེད་ཟེར་གྱི་ཡོད་པ་རེད་དམ། ཡང་ན། ད་ཚོད་བཀའ་ཁྲིའི་འོས་མིར་ལངས་མཁན་འཚང་ཁ་ཤིག་ཤིག་གིས་ཕེབས་སྟངས་འདི་མཆོང་བསྐྱོད་ཆེན་པོ་ཞིག་ཡིན་པ་སྟོན་འདོད་ནས་ཡིན་ནམ། ཕྱི་མ་ལྟར་ན། ཚིག་འདིས་དེ་སྐོར་མི་སྟོན་པར་འདུག་སྟབས། མི་ལོ་ལྔ་བཅུའི་རིང་མངོན་འགྱུར་བྱ་མ་ཐུབ་པའི་དམངས་གཙོ་ལབ་ན། དེའི་གཟས་ཕྱོགས་གང་ཞིག་ཡིན་མིན་ཐད་ལའང་གསལ་ཁ་ཞིག་གནང་རོགས་ཞུའོ།།
རྒྱུན་གྱི་གོམས་གཤིས་ལྟ་བུར་འཇགས་ཏེ། ཚགས་ཤོག་གསར་པ་རེ་འབྱོར་མཚམས་རྩོམ་སྒྲིག་པའི་གཏམ་དེ་ཐོག་མར་ཀློག་གིན་ཡོད། དེར་གཟབ་ནན་གྱིས་བལྟ་ཡི་ཡོད། ད་ཐེངས་ཀྱང་གཟབ་ནན་དེ་ག་རང་གིས་བལྟས་པ་ཡིན། གཞེ་ནིང་རེད་དམ་གཞེས་ནིང་རེད། སེམས་འཁུར་རེད་དམ་སེམས་ཁུར་རེད། ད་ནི་རྩོམ་སྒྲིག་པའི་གཏམ་ལའང་ཡིག་ནོར་གྱི་ནད་ཅིག་འགོས་ནས་འདུག་གོ།
བསམ་ཚུལ་འདི། ཚགས་ཤོག་སྟེང་སྤེལ་བའི་རྩོམ་སྒྲིག་པའི་གཏམ་དེ་ག་རང་བཀླགས་ཏེ་བྲིས་པ་ཡིན། ད་ལྟ་དྲ་ངོས་སུ་བཀོད་ནས་འདུག་པ་འདི་དང་ཚགས་ཤོག་ངོས་ཀྱི་དེ་གཉིས་ནི། ཁ་བྱང་མ་འདྲ་བ་གཉིས་སུ་འདུག་ལ། ཚིག་རྗོད་ཁ་ཤས་ཀྱང་མ་འདྲ་བར་འདུག་སྟེ། སྐད་ཆ་མང་ན་ཉོག་འགྲོ་བ་དང་སྐུད་པ་རིང་ན་ཆད་འགྲོ་བའི་དཔེ་ལ་འཇུས་ཏེ། འདི་ཙམ་ནས་ཞུ་མཚམས་འཇོག་གི་ཡིན།
ཨ་ཁུ་བོན་རྒྱའི་ངག་སྒོར་ཡངས་པོས། །
ཟ་དང་ཟུར་ནས་བཙན་བྱོལ་ནང་གི། །
ནག་ཉེས་མཐའ་དག་ཐེར་འདོན་གནང་བ་ལས། །
ཆོས་བརྒྱུད་སྤྱི་འཐུས་སྐོར་ལས་ཡན་ཟིག་མེད། །
མངོན་ལྐོག་ཀུན་ནས་ཁ་ལོག་ཚིག་ལོག་གིས། །
རྣ་བའི་བུ་གར་རེ་ཞིག་ཚ་ན་ཡང་། །
རྒྱུ་མཚན་མེད་པའི་བྱེས་པའི་སྐད་ཆ་ལ། །
ནམ་ཡང་ལེགས་སོ་མ་ཟེར་ཨ་མའི་བུ། །
དྲ་གྲོགས་ལྷན་རྒྱས། གོང་གི་ངའི་མིང་འོག་ནས་མཆན་འདེབས་མཁན་དེ་ང་མིན། དྲ་གྲོགས་རྣམས་ཀྱིས་ཐུགས་གཟབ་གནང་རོགས། འདིས་གང་སར་ངའི་མིང་སྤྱད་ནས་མཆན་འཆལ་འབྲི་གི་འདུག སློབ་གྲྭའི་དྲ་ཁང་དུ་རང་མིང་གསུབ་ཐབས་མི་འདུག་པས། བྱ་ཐབས་གཞན་མི་འདུག མི་འདི་ལ་ལན་གཅིག་འཕྲོད་ན་ཕྲན་ཤ་ཀླན་འཇམ་དབྱངས་གྲགས་པའམ་ཤ་ཀླན་བུ་ད་དུང་ཤི་མེད་པས། ཁོ་ལ་རང་གི་བསམ་བློ་དང་རང་གི་སྐད་ཆ་ཡོད་ལགས་ན། ཁྱེད་ཀྱིས་དགོངས་འཆར་གནང་རོགས་གནང་མི་དགོས་ཞེས་བཤད་རོགས། དེ་མིན་ཕྲན་དང་འགྲན་འདོད་ན། ལུས་ཀྱི་ལ་དང་རྣམ་དཔྱོད་ཀྱི་རལ་སོགས་གང་ཞིག་འགྲན་བསམ་ཡང་། ཐད་ཀར་ཕེབས་ཤོག་དང་ངས་རྒྱལ་ཁ་ལེན་རྒྱུ་ཟེར་མི་ཕེབས་ཏེ་མིན་གཏན་ནས་ཟེར་མི་ཡོང་།
ཡཡཡཡ།