ང་ཚོ་ཡར་ཡར་འགྲོ་དུས། །ཁ་བ་མར་མར་བབས་བྱུང་། །
ཁ་བ་བབས་པས་ཡག་བྱུང་། །ཁ་ཤུལ་ཉི་མ་དྲོ་བྱུང་། །
མདང་དགོང་གྲོགས་པོ་ཞིག་ལ་ཁས་ལེན་བྱས་པ་བཞིན་འདི་གའི་མཚོ་ལྗང་ཁུའི་ཁ་བའི་ཁྲོད་ཀྱི་འདྲ་པར་འདི་ད་ལྟ་འདིར་འཇོག་དགོས་བྱུང་སོང་ལ། ས་ཆ་འདི་ལ་ལོ་ངོ་སུམ་ཅུའི་རིང་ལ་འབབ་མ་མྱོང་བའི་ཁ་བ་མཐུག་པོ་ཞིག་བབས་རྐྱེན་མི་རྣམས་ཀྱི་སེམས་ནང་དགའ་འཇིགས་ཀྱི་ཚོར་བ་མི་འདྲ་བ་སྣ་ཚོགས་ཤིག་བསྐྱེད་འདུག་ལ། རྒྱལ་སྤྱིའི་གནམ་ཐང་ཡང་མདང་དགོང་སྒོ་བརྒྱབ་ནས་ལོ་གསར་ཆེད་ཕྱོགས་བསྐྱོད་འགྲུལ་བ་སྟོང་ཕྲག་ཙམ་གནམ་ཐང་ནང་ལོགས་སུ་ལྷགས་པའི་དཀའ་ངལ་ཆེན་པོ་ཞིག་དང་འཕྲད་འདུག ཁ་བའི་འདྲ་པར་སྤེལ་མཚམས་འདི་ནས་འཇོག་གི་ཡིན།
ཉིད་ཀྱིས་ཁ་བའི་འདྲ་པར་སྤེལ་མཚམས་བཞག་པར་རྗེས་སུ་ཡི་རངས་ཡོད་༑ ཁ་བ་འདི་དཀའ་ངལ་ཞིག་ཡིན་ན་༑ ང་ཡང་མདང་དགོང་མེ་འཁོར་བརྒྱུད་ཆུ་ཚོད་བརྒྱད་ལ་འགྲུལ་བཞུད་བྱས༑ རྒྱལ་ས་དང་ཐག་ཉེ་བའི་ས་ཆ་ཞིག་ལ་ཁང་ཆགས་ལྷུང་ནས་མེ་འཁོར་ཆུ་ཚོད་གཉིས་ལ་ལྷག་སོང་ཡ་༑ འོན་ཀྱང་༑
སྙིང་རྗེ། ང་ཚོའི་ས་གནས་སུ་ཁྱིམ་ཚང་༧༧༠༠གློག་ཆད་ནས་ནག་ཁུང་དང་གྲང་ངར་གྱི་ནང་དུ་ལྷགས་འདུག འབྱུང་བའི་གནོད་འཚེའི་nature disasterའོག་ཏུ་ཨ་རི་ཚང་ལ་ཡང་བྱེད་རྒྱུ་ཞེ་དྲགས་མི་འདུག
འབྱུང་བས་གནོད་འཚེ་ཟེར་བ་དེ་ནི་སུས་ཀྱང་ལྡོག་མེད་རེད། ཡིན་ཡང་། འབྱུང་བས་གནོད་འཚེ་དེ་ནི་ལྡོག་མེད་དུ་ཁས་ལངས་དེ་སེམས་ལ་ལྷོད་དུ་འབབ་ཐུབ་མཁན་གྱི་ནུབ་ཕྱོགས་པ་ག་ཚོད་ཡོད་སྲིད་པ་རེད།